TTDL-ZABTER-05-CA-019: Difference between revisions

From Dudjom Wiki
TTDL-ZABTER-05-CA-019
No edit summary
Tag: Reverted
m (Text replacement - "ཧོཿ" to "ཧོཿ ")
 
(One intermediate revision by the same user not shown)
Line 14: Line 14:
|cycle=dpal chen rdo rje gzhon nu'i yang gsang bde gshegs snying po
|cycle=dpal chen rdo rje gzhon nu'i yang gsang bde gshegs snying po
|cycletib=དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཡང་གསང་བདེ་གཤེགས་སྙིང་པོ་
|cycletib=དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཡང་གསང་བདེ་གཤེགས་སྙིང་པོ་
 
|parentcycle=chos nyid nam mkha'i klong mdzod
|parentcycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་
|language=Tibetan
|language=Tibetan
|volumenumber=05
|volumenumber=05
Line 39: Line 40:
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|ཐྂ༎༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཟབ་གསང་བདེ་གཤེགས་སྙིང་པོའི་དབང་ཆོག་ཡེ་ཤེས་དྲྭ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔  ({{TibChung|བརྡ་ཡིག་}})  ཟབ་གསང་བདེ་གཤེགས་སྙིང་པོ་ཡི༔ སྒོམ་བཟླས་ཉམས་སུ་ལེན་པ་ལ༔ འཇུག་ཆོག་དབང་གི་ཆོ་ག་ལ༔ དབང་ཆས་ལེགས་བསྒྲུབ་ལས་གཞུང་བསྲང་༔ སློབ་མ་གྲལ་དུ་འཁོད་བྱས་ཏེ༔ ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ མཎྜལ་ཕུལ་ཞིང་གསོལ་གདབ་ལ༔ ཀྱེ་ཧོཿདུས་གསུམ་སངས་རྒྱས་འདུས་པའི་སྐུ༔ བླ་མ་རྡོ་རྗེ་འཛིན་ཁྱོད་ཀྱིས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ དབང་མཆོག་ཡོངས་རྫོགས་བདག་ལ་སྩོལ༔ ལན་གསུམ་མཐར༔ བླ་མས༔ ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ གསང་སྔགས་དབང་གི་སྒོར་ཞུགས་ཏེ༔ སྒྲུབ་པ་ལྷུར་ལེན་བྱེད་འདོད་ན༔ རྡོ་རྗེའི་དབང་མཆོག་བསྐུར་བར་བྱ༔ དེ་ནས་སྐྱབས་སེམས་བྱས་ནས་སླར༔ རྡོ་རྗེའི་དམ་ཆུ་སྦྱིན་པ་ནི༔ ཧཱུྃ༔ ཁྲོ་ཆེན་རྡོ་རྗེ་སྲིན་པོ་ཡི༔ གསང་ཆེན་དམ་ཚིག་བདུད་རྩིའི་ཆུ༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ བསྲུང་ན་ཚེ་འདིར་སངས་རྒྱས་ཐོབ༔ ཉམས་ན་རྡོ་རྗེའི་དམྱལ་བར་ལྟུང་༔ དེ་བས་དམ་ཚིག་ལ་གནས་མཛོད༔ ས་མ་ཡ་ན་ར་ཀན༔ དེ་ནས་མིག་རས་བཀབ་ཅིང་༔ ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ༔ མེ་ཏོག་གཏད་ཅིང་༔ ཨ་ཁཾ་ཝི་ར་ཧཱུྃ༔ དེ་ནས་སློབ་མ་ལྷར་བསྐྱེད་ལ༔ ཨོཾ་མ་ཧཱ་ཤུ་ནྱ་ཏྲ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས༔ གཞུང་གི་བསྐྱེད་ཆོག་བྱ༔ སྤྱན་འདྲེན་གྱིས་བསྟིམ༔ ཏིཥྛ་བཛྲས་བརྟན་པར་བསམ༔ དེ་ནས་མེ་ཏོག་དོར་ལ༔ སྔོན་ནས་ལས་ཀྱི་འབྲེལ་བ་ཡི༔ ལྷག་པའི་ལྷ་ཡི་རིགས་དཀྱིལ་འཁོར༔ དེ་ཉིད་དུ་ནི་དབབ་པ་རུ༔ མཆོག་གསུམ་བདེན་པས་བྱིན་གྱིས་རློབས༔ ཨོཾ་བཛྲ་པུཥྤེ་པཱུ་ཛ་ཧོཿདེ་ནས་མིག་དར་བསལ་བ་ནི༔ ཧཱུྃ༔ གདོད་ནས་རང་ཞལ་སྒྲིབ་བྱེད་ཀྱི༔ མ་རིག་བག་ཆགས་ལིང་ཐོག་སྒྲིབ༔ རིག་པ་ཡེ་ཤེས་ཟེར་གྱིས་བསལ༔ སྐུ་དང་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ དེ་ནས་བུམ་པ་ཐོགས་ལ༔ ཧཱུྃ༔ བརྡལ་ཁྱབ་གཞོན་ནུ་བུམ་པའི་སྐུ༔ ལྷུན་གྲུབ་རོལ་པའི་གཞལ་ཡས་ཁང་༔ ཕུར་པ་ཡོངས་རྫོགས་ངོ་བོར་བསྐྱེད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལུས་དང་རྩ་ཡི་སྒྲིབ་པ་དག༔ བསྐྱེད་པ་སྐུ་ཡི་དབང་ཐོབ་ཅིང་༔ རྡོ་རྗེའི་སྐུ་རུ་སྨིན་གྲོལ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྡོ་རྗེ་གཞོན་ནུའི་སྐུ་གཏད་ལ༔ ཧཱུྃ༔ བརྡལ་ཁྱབ་རྡོ་རྗེ་གཞོན་ནུ་དང་༔ བདེ་ཆེན་འཁོར་ལོ་རྒྱས་འདེབས་མས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྡོ་རྗེ་སྐུ་རུ་སྨིན་གྲོལ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྲས་མཆོག་རྣམ་ལྔའི་སྐུ་གཏད་ལ༔ ཧཱུྃ༔ སྐུ་བཞི་ཡེ་ཤེས་ལྔ་ཡི་གདངས༔ ཀཱི་ལ་རིགས་ལྔའི་དབང་བསྐུར་བས༔ ཁམས་གསུམ་འཁོར་བ་ཡོངས་སྒྲོལ་གྱི༔ ཕྲིན་ལས་རབ་འབྱམས་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཁྲོ་བོ་བཅུའི་སྐུ་གཏད་ལ༔ ཧཱུྃ༔ ཆོས་ཉིད་རྡོ་རྗེ་གཞོན་ནུ་ཡི༔ ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་གྱིས༔ འཁོར་བ་ཡོངས་སྒྲོལ་ཁྲོ་བོ་བཅུ༔ ཡུམ་དང་སྤྲུལ་པ་ཟ་གསོད་བཅས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཁམས་གསུམ་སྐུ་གསུམ་རོལ་པ་རུ༔ ཡོངས་སྒྲོལ་ཆེན་པོའི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཧཱུྃ་བཅུ་བརྗོད་ཅིང་༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྒོ་མ་བཞི་ཁྱུང་ལྔ་ཕག་སྡིག་དང་བཅས་པ་གཏད་ལ༔ ཧཱུྃ༔ ཕྲིན་ལས་བཞི་བསྒྲུབ་སྒོ་མ་བཞི༔ ཀླུ་གཉན་ས་བདག་ཀུན་འདུལ་ཁྱུང་༔ རྒྱལ་འགོང་གཉན་རིམས་འཇོམས་བྱེད་པའི༔ ལྕགས་སྡིག་ཟ་བྱེད་དུར་ཕག་གིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལྷ་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས་མཐར༔ ཛཿཧཱུྃ་བཾ་ཧོཿཁྲོཾ་དུ་ཕེ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཕུར་སྲུང་བཅུ་གཉིས་སྐུའམ་མ་ཡིག་བཅུ་གཉིས་དང་གིང་བཞིའི་ཡི་གེ་གཏད་ལ༔ ཧཱུྃ༔ སྲིད་པར་དབང་བསྒྱུར་རེ་ཏཱི་བཞི༔ ཞིང་བཅུ་ཡོངས་སྒྲོལ་ཤྭ་ན་བཞི༔ དྲག་ཤུལ་སྟོབས་ལྡན་བསྭེ་མོ་བཞི༔ སྒྲོལ་བྱེད་སྐྱེས་བུ་ཆེན་པོ་བཞི༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྲུང་མ་མིང་སྲིང་བཅུ་དྲུག་དང་༔ ཕུར་སྲུང་དམ་ཅན་རྒྱ་མཚོ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལ༔ དབང་བསྒྱུར་དབང་མཆོག་ཐོབ་པར་ཤོག༔ ཀ་ཏཾ་ཀ་ཡེ་ཛ་ཡེ་སོགས་ན་ཡེ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གསང་དབང་བསྐུར་བ་ལ༔ བྷནྡྷ་བདུད་རྩི་ཐོགས་ལ༔ ཧཱུྃ༔ སྟོང་ཉིད་དབྱིངས་ཀྱི་ཀ་པཱ་ལར༔ ལྷུན་གྲུབ་བདེ་སྟོང་བདུད་རྩི་འཁྱིལ༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ ཕུར་པ་ཡོངས་རྫོགས་བཀའ་སྡོད་ཀྱི༔ གསང་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོཿཀ་ཏཾ་ཀ་ཡེ་སོགསཧཱུྃ་ཕཊ༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་རྡོ་རྗེ་དང་ཕུར་པ་གཏད་ལ༔ ཧཱུྃ༔ འཁོར་འདས་དབང་བསྒྱུར་གཞིའི་རྡོ་རྗེ༔ ཐོགས་མེད་ཡེ་ཤེས་ཕུར་པ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕུར་པ་ཡོངས་རྫོགས་བཀའ་སྡོད་བཅས༔ ཐུགས་གསང་ཡེ་ཤེས་རྡོ་རྗེ་ཡི༔ དབང་མཆོག་ཡོངས་སུ་རྫོགས་ཐོབ་ཤོག༔ གོང་བཞིན་དྲིལ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཚིག་དབང་བསྐུར་བ་ལ༔ ཤེལ་རྡོ་གཏད་ལ༔ ཧཱུྃ༔ སྐུ་དང་ཡེ་ཤེས་རོལ་པའི་གདངས༔ ལྷུན་གྲུབ་འཇའ་ཤེལ་འདི་གཏད་པས༔ སྣང་བཞི་མཐར་ཕྱིན་སྐུ་བཞིའི་ངང་༔ ཀ་དག་ཚིག་དབང་ཐོབ་པར་ཤོག༔ གོང་ལྟར་དྲིལ་སྔགས་མཐར༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བསྒྲལ་ཆས་གཏད་ལ༔ ཧཱུྃ༔ ཡེ་ཤེས་རང་རྩལ་ལས་བྱུང་བའི༔ བདག་མེད་རྟོགས་པའི་ཐུན་མཚོན་གྱི༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བདག་རྟོག་རཱུ་དྲ་ཡོངས་སྒྲོལ་ཤོག༔ གོང་བཞིན་དྲིལ་སྔགས་མཐར༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གཏོར་མ་གཏད་ལ༔ ཧཱུྃ༔ སྟོང་ཆེན་ཡངས་པའི་གཏོར་གཞོང་དུ༔ ལྷུན་གྲུབ་རོལ་པའི་གཏོར་མ་བཤམས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕུར་པ་ཡོངས་རྫོགས་སྲུང་མར་བཅས༔ དཀྱིལ་འཁོར་འཁོར་ལོའི་དབང་ཐོབ་ཤོག༔ གོང་བཞིན་དྲིལ་སྔགས་མཐར༔ བ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མཐའ་རྟེན་གཏད་ལ་བདེན་བརྗོད་སྨོན་ལམ་གཏད་རྒྱ་བྱ༔ བསྔོ་སྨོན་བྱ་ཞིང་ཤིས་པ་བརྗོད༔ དེ་ལྟར་དབང་གིས་སྨིན་པར་བྱས་ནས་མཐར༔ བསྐྱེད་པའི་ཏིང་འཛིན་བརྟན་པོ་ལ་བརྟེན་ནས༔ ཉམས་སུ་ལེན་ཀུན་བདུད་ཀྱི་གེགས་ལས་གྲོལ༔ ཚེ་འདིར་ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ༔ ལྷ་འདྲེ་མི་གསུམ་དབང་སྡུད་བྲན་དུ་ཁོལ༔ ཕྱི་མ་མངོན་སངས་རྒྱས་པའི་འབྲས་བུ་ཐོབ༔ བླ་མར་མོས་གུས་དམ་ཚིག་སྲོག་ལྟར་བསྲུང་༔ ཕུར་སྲུང་རྒྱ་མཚོའི་བསྐང་གསོལ་རྒྱུན་མི་བཅད༔ རབ་འབྱམས་ཕྲིན་ལས་ཐམས་ཅད་དེས་འགྲུབ་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ གསང་བ་སྐུ་གསུང་ཐུགས་ཀྱི་རྒྱ༔ ཞེས་པ་འདིའང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་སློབ་བུ་བཱིདྱ་བྷ་དྲའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།}}
{{TibP|ཐྂ༎༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཟབ་གསང་བདེ་གཤེགས་སྙིང་པོའི་དབང་ཆོག་ཡེ་ཤེས་དྲྭ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔  ({{TibChung|བརྡ་ཡིག་}})  ཟབ་གསང་བདེ་གཤེགས་སྙིང་པོ་ཡི༔ སྒོམ་བཟླས་ཉམས་སུ་ལེན་པ་ལ༔ འཇུག་ཆོག་དབང་གི་ཆོ་ག་ལ༔ དབང་ཆས་ལེགས་བསྒྲུབ་ལས་གཞུང་བསྲང་༔ སློབ་མ་གྲལ་དུ་འཁོད་བྱས་ཏེ༔ ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ མཎྜལ་ཕུལ་ཞིང་གསོལ་གདབ་ལ༔ ཀྱེ་ཧོཿ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ བླ་མ་རྡོ་རྗེ་འཛིན་ཁྱོད་ཀྱིས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ དབང་མཆོག་ཡོངས་རྫོགས་བདག་ལ་སྩོལ༔ ལན་གསུམ་མཐར༔ བླ་མས༔ ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ གསང་སྔགས་དབང་གི་སྒོར་ཞུགས་ཏེ༔ སྒྲུབ་པ་ལྷུར་ལེན་བྱེད་འདོད་ན༔ རྡོ་རྗེའི་དབང་མཆོག་བསྐུར་བར་བྱ༔ དེ་ནས་སྐྱབས་སེམས་བྱས་ནས་སླར༔ རྡོ་རྗེའི་དམ་ཆུ་སྦྱིན་པ་ནི༔ ཧཱུྃ༔ ཁྲོ་ཆེན་རྡོ་རྗེ་སྲིན་པོ་ཡི༔ གསང་ཆེན་དམ་ཚིག་བདུད་རྩིའི་ཆུ༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ བསྲུང་ན་ཚེ་འདིར་སངས་རྒྱས་ཐོབ༔ ཉམས་ན་རྡོ་རྗེའི་དམྱལ་བར་ལྟུང་༔ དེ་བས་དམ་ཚིག་ལ་གནས་མཛོད༔ ས་མ་ཡ་ན་ར་ཀན༔ དེ་ནས་མིག་རས་བཀབ་ཅིང་༔ ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ༔ མེ་ཏོག་གཏད་ཅིང་༔ ཨ་ཁཾ་ཝི་ར་ཧཱུྃ༔ དེ་ནས་སློབ་མ་ལྷར་བསྐྱེད་ལ༔ ཨོཾ་མ་ཧཱ་ཤུ་ནྱ་ཏྲ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས༔ གཞུང་གི་བསྐྱེད་ཆོག་བྱ༔ སྤྱན་འདྲེན་གྱིས་བསྟིམ༔ ཏིཥྛ་བཛྲས་བརྟན་པར་བསམ༔ དེ་ནས་མེ་ཏོག་དོར་ལ༔ སྔོན་ནས་ལས་ཀྱི་འབྲེལ་བ་ཡི༔ ལྷག་པའི་ལྷ་ཡི་རིགས་དཀྱིལ་འཁོར༔ དེ་ཉིད་དུ་ནི་དབབ་པ་རུ༔ མཆོག་གསུམ་བདེན་པས་བྱིན་གྱིས་རློབས༔ ཨོཾ་བཛྲ་པུཥྤེ་པཱུ་ཛ་ཧོཿ དེ་ནས་མིག་དར་བསལ་བ་ནི༔ ཧཱུྃ༔ གདོད་ནས་རང་ཞལ་སྒྲིབ་བྱེད་ཀྱི༔ མ་རིག་བག་ཆགས་ལིང་ཐོག་སྒྲིབ༔ རིག་པ་ཡེ་ཤེས་ཟེར་གྱིས་བསལ༔ སྐུ་དང་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ དེ་ནས་བུམ་པ་ཐོགས་ལ༔ ཧཱུྃ༔ བརྡལ་ཁྱབ་གཞོན་ནུ་བུམ་པའི་སྐུ༔ ལྷུན་གྲུབ་རོལ་པའི་གཞལ་ཡས་ཁང་༔ ཕུར་པ་ཡོངས་རྫོགས་ངོ་བོར་བསྐྱེད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལུས་དང་རྩ་ཡི་སྒྲིབ་པ་དག༔ བསྐྱེད་པ་སྐུ་ཡི་དབང་ཐོབ་ཅིང་༔ རྡོ་རྗེའི་སྐུ་རུ་སྨིན་གྲོལ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྡོ་རྗེ་གཞོན་ནུའི་སྐུ་གཏད་ལ༔ ཧཱུྃ༔ བརྡལ་ཁྱབ་རྡོ་རྗེ་གཞོན་ནུ་དང་༔ བདེ་ཆེན་འཁོར་ལོ་རྒྱས་འདེབས་མས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྡོ་རྗེ་སྐུ་རུ་སྨིན་གྲོལ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྲས་མཆོག་རྣམ་ལྔའི་སྐུ་གཏད་ལ༔ ཧཱུྃ༔ སྐུ་བཞི་ཡེ་ཤེས་ལྔ་ཡི་གདངས༔ ཀཱི་ལ་རིགས་ལྔའི་དབང་བསྐུར་བས༔ ཁམས་གསུམ་འཁོར་བ་ཡོངས་སྒྲོལ་གྱི༔ ཕྲིན་ལས་རབ་འབྱམས་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཁྲོ་བོ་བཅུའི་སྐུ་གཏད་ལ༔ ཧཱུྃ༔ ཆོས་ཉིད་རྡོ་རྗེ་གཞོན་ནུ་ཡི༔ ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་གྱིས༔ འཁོར་བ་ཡོངས་སྒྲོལ་ཁྲོ་བོ་བཅུ༔ ཡུམ་དང་སྤྲུལ་པ་ཟ་གསོད་བཅས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཁམས་གསུམ་སྐུ་གསུམ་རོལ་པ་རུ༔ ཡོངས་སྒྲོལ་ཆེན་པོའི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཧཱུྃ་བཅུ་བརྗོད་ཅིང་༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྒོ་མ་བཞི་ཁྱུང་ལྔ་ཕག་སྡིག་དང་བཅས་པ་གཏད་ལ༔ ཧཱུྃ༔ ཕྲིན་ལས་བཞི་བསྒྲུབ་སྒོ་མ་བཞི༔ ཀླུ་གཉན་ས་བདག་ཀུན་འདུལ་ཁྱུང་༔ རྒྱལ་འགོང་གཉན་རིམས་འཇོམས་བྱེད་པའི༔ ལྕགས་སྡིག་ཟ་བྱེད་དུར་ཕག་གིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལྷ་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས་མཐར༔ ཛཿཧཱུྃ་བཾ་ཧོཿ ཁྲོཾ་དུ་ཕེ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཕུར་སྲུང་བཅུ་གཉིས་སྐུའམ་མ་ཡིག་བཅུ་གཉིས་དང་གིང་བཞིའི་ཡི་གེ་གཏད་ལ༔ ཧཱུྃ༔ སྲིད་པར་དབང་བསྒྱུར་རེ་ཏཱི་བཞི༔ ཞིང་བཅུ་ཡོངས་སྒྲོལ་ཤྭ་ན་བཞི༔ དྲག་ཤུལ་སྟོབས་ལྡན་བསྭེ་མོ་བཞི༔ སྒྲོལ་བྱེད་སྐྱེས་བུ་ཆེན་པོ་བཞི༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྲུང་མ་མིང་སྲིང་བཅུ་དྲུག་དང་༔ ཕུར་སྲུང་དམ་ཅན་རྒྱ་མཚོ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལ༔ དབང་བསྒྱུར་དབང་མཆོག་ཐོབ་པར་ཤོག༔ ཀ་ཏཾ་ཀ་ཡེ་ཛ་ཡེ་སོགས་ན་ཡེ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གསང་དབང་བསྐུར་བ་ལ༔ བྷནྡྷ་བདུད་རྩི་ཐོགས་ལ༔ ཧཱུྃ༔ སྟོང་ཉིད་དབྱིངས་ཀྱི་ཀ་པཱ་ལར༔ ལྷུན་གྲུབ་བདེ་སྟོང་བདུད་རྩི་འཁྱིལ༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ ཕུར་པ་ཡོངས་རྫོགས་བཀའ་སྡོད་ཀྱི༔ གསང་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོཿ ཀ་ཏཾ་ཀ་ཡེ་སོགསཧཱུྃ་ཕཊ༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་རྡོ་རྗེ་དང་ཕུར་པ་གཏད་ལ༔ ཧཱུྃ༔ འཁོར་འདས་དབང་བསྒྱུར་གཞིའི་རྡོ་རྗེ༔ ཐོགས་མེད་ཡེ་ཤེས་ཕུར་པ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕུར་པ་ཡོངས་རྫོགས་བཀའ་སྡོད་བཅས༔ ཐུགས་གསང་ཡེ་ཤེས་རྡོ་རྗེ་ཡི༔ དབང་མཆོག་ཡོངས་སུ་རྫོགས་ཐོབ་ཤོག༔ གོང་བཞིན་དྲིལ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཚིག་དབང་བསྐུར་བ་ལ༔ ཤེལ་རྡོ་གཏད་ལ༔ ཧཱུྃ༔ སྐུ་དང་ཡེ་ཤེས་རོལ་པའི་གདངས༔ ལྷུན་གྲུབ་འཇའ་ཤེལ་འདི་གཏད་པས༔ སྣང་བཞི་མཐར་ཕྱིན་སྐུ་བཞིའི་ངང་༔ ཀ་དག་ཚིག་དབང་ཐོབ་པར་ཤོག༔ གོང་ལྟར་དྲིལ་སྔགས་མཐར༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བསྒྲལ་ཆས་གཏད་ལ༔ ཧཱུྃ༔ ཡེ་ཤེས་རང་རྩལ་ལས་བྱུང་བའི༔ བདག་མེད་རྟོགས་པའི་ཐུན་མཚོན་གྱི༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བདག་རྟོག་རཱུ་དྲ་ཡོངས་སྒྲོལ་ཤོག༔ གོང་བཞིན་དྲིལ་སྔགས་མཐར༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གཏོར་མ་གཏད་ལ༔ ཧཱུྃ༔ སྟོང་ཆེན་ཡངས་པའི་གཏོར་གཞོང་དུ༔ ལྷུན་གྲུབ་རོལ་པའི་གཏོར་མ་བཤམས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕུར་པ་ཡོངས་རྫོགས་སྲུང་མར་བཅས༔ དཀྱིལ་འཁོར་འཁོར་ལོའི་དབང་ཐོབ་ཤོག༔ གོང་བཞིན་དྲིལ་སྔགས་མཐར༔ བ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མཐའ་རྟེན་གཏད་ལ་བདེན་བརྗོད་སྨོན་ལམ་གཏད་རྒྱ་བྱ༔ བསྔོ་སྨོན་བྱ་ཞིང་ཤིས་པ་བརྗོད༔ དེ་ལྟར་དབང་གིས་སྨིན་པར་བྱས་ནས་མཐར༔ བསྐྱེད་པའི་ཏིང་འཛིན་བརྟན་པོ་ལ་བརྟེན་ནས༔ ཉམས་སུ་ལེན་ཀུན་བདུད་ཀྱི་གེགས་ལས་གྲོལ༔ ཚེ་འདིར་ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ༔ ལྷ་འདྲེ་མི་གསུམ་དབང་སྡུད་བྲན་དུ་ཁོལ༔ ཕྱི་མ་མངོན་སངས་རྒྱས་པའི་འབྲས་བུ་ཐོབ༔ བླ་མར་མོས་གུས་དམ་ཚིག་སྲོག་ལྟར་བསྲུང་༔ ཕུར་སྲུང་རྒྱ་མཚོའི་བསྐང་གསོལ་རྒྱུན་མི་བཅད༔ རབ་འབྱམས་ཕྲིན་ལས་ཐམས་ཅད་དེས་འགྲུབ་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ གསང་བ་སྐུ་གསུང་ཐུགས་ཀྱི་རྒྱ༔ ཞེས་པ་འདིའང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་སློབ་བུ་བཱིདྱ་བྷ་དྲའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 09:22, 4 September 2025

Wylie title chos nyid nam mkha'i klong mdzod las: zab gsang bde gshegs snying po'i dbang chog ye shes drwa ba: TTDL-ZABTER-05-CA-019.pdf
Location bdud 'joms gling pa zab gter
Volume 5, Text 19, Pages 231-236 (Folios 1a1 to 3b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las zab gsang bde gshegs snying po'i dbang chog ye shes drwa ba. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 5: 231-236. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: dbang chog   Verso: bdud 'joms phur pa bde gshegs snying po
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Empowerment Ritual - dbang chog - dbang skur
Cycle དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཡང་གསང་བདེ་གཤེགས་སྙིང་པོ་ (dpal chen rdo rje gzhon nu'i yang gsang bde gshegs snying po)
Parent Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity rdo rje phur pa
Colophon

ཞེས་པ་འདིའང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་སློབ་བུ་བཱིདྱ་བྷ་དྲའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di'ang khrag 'thung bdud 'joms rdo rjes chos nyid nam mkha'i mdzod las bsgyur ba'i yi ge pa ni slob bu bId+ya b+ha dra'o/_/dge'o/_/legs so/_/sarba mang+ga laM//

[edit]
ཐྂ༎༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཟབ་གསང་བདེ་གཤེགས་སྙིང་པོའི་དབང་ཆོག་ཡེ་ཤེས་དྲྭ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) ཟབ་གསང་བདེ་གཤེགས་སྙིང་པོ་ཡི༔ སྒོམ་བཟླས་ཉམས་སུ་ལེན་པ་ལ༔ འཇུག་ཆོག་དབང་གི་ཆོ་ག་ལ༔ དབང་ཆས་ལེགས་བསྒྲུབ་ལས་གཞུང་བསྲང་༔ སློབ་མ་གྲལ་དུ་འཁོད་བྱས་ཏེ༔ ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ མཎྜལ་ཕུལ་ཞིང་གསོལ་གདབ་ལ༔ ཀྱེ་ཧོཿ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ བླ་མ་རྡོ་རྗེ་འཛིན་ཁྱོད་ཀྱིས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ དབང་མཆོག་ཡོངས་རྫོགས་བདག་ལ་སྩོལ༔ ལན་གསུམ་མཐར༔ བླ་མས༔ ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ གསང་སྔགས་དབང་གི་སྒོར་ཞུགས་ཏེ༔ སྒྲུབ་པ་ལྷུར་ལེན་བྱེད་འདོད་ན༔ རྡོ་རྗེའི་དབང་མཆོག་བསྐུར་བར་བྱ༔ དེ་ནས་སྐྱབས་སེམས་བྱས་ནས་སླར༔ རྡོ་རྗེའི་དམ་ཆུ་སྦྱིན་པ་ནི༔ ཧཱུྃ༔ ཁྲོ་ཆེན་རྡོ་རྗེ་སྲིན་པོ་ཡི༔ གསང་ཆེན་དམ་ཚིག་བདུད་རྩིའི་ཆུ༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ བསྲུང་ན་ཚེ་འདིར་སངས་རྒྱས་ཐོབ༔ ཉམས་ན་རྡོ་རྗེའི་དམྱལ་བར་ལྟུང་༔ དེ་བས་དམ་ཚིག་ལ་གནས་མཛོད༔ ས་མ་ཡ་ན་ར་ཀན༔ དེ་ནས་མིག་རས་བཀབ་ཅིང་༔ ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ༔ མེ་ཏོག་གཏད་ཅིང་༔ ཨ་ཁཾ་ཝི་ར་ཧཱུྃ༔ དེ་ནས་སློབ་མ་ལྷར་བསྐྱེད་ལ༔ ཨོཾ་མ་ཧཱ་ཤུ་ནྱ་ཏྲ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས༔ གཞུང་གི་བསྐྱེད་ཆོག་བྱ༔ སྤྱན་འདྲེན་གྱིས་བསྟིམ༔ ཏིཥྛ་བཛྲས་བརྟན་པར་བསམ༔ དེ་ནས་མེ་ཏོག་དོར་ལ༔ སྔོན་ནས་ལས་ཀྱི་འབྲེལ་བ་ཡི༔ ལྷག་པའི་ལྷ་ཡི་རིགས་དཀྱིལ་འཁོར༔ དེ་ཉིད་དུ་ནི་དབབ་པ་རུ༔ མཆོག་གསུམ་བདེན་པས་བྱིན་གྱིས་རློབས༔ ཨོཾ་བཛྲ་པུཥྤེ་པཱུ་ཛ་ཧོཿ དེ་ནས་མིག་དར་བསལ་བ་ནི༔ ཧཱུྃ༔ གདོད་ནས་རང་ཞལ་སྒྲིབ་བྱེད་ཀྱི༔ མ་རིག་བག་ཆགས་ལིང་ཐོག་སྒྲིབ༔ རིག་པ་ཡེ་ཤེས་ཟེར་གྱིས་བསལ༔ སྐུ་དང་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ དེ་ནས་བུམ་པ་ཐོགས་ལ༔ ཧཱུྃ༔ བརྡལ་ཁྱབ་གཞོན་ནུ་བུམ་པའི་སྐུ༔ ལྷུན་གྲུབ་རོལ་པའི་གཞལ་ཡས་ཁང་༔ ཕུར་པ་ཡོངས་རྫོགས་ངོ་བོར་བསྐྱེད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལུས་དང་རྩ་ཡི་སྒྲིབ་པ་དག༔ བསྐྱེད་པ་སྐུ་ཡི་དབང་ཐོབ་ཅིང་༔ རྡོ་རྗེའི་སྐུ་རུ་སྨིན་གྲོལ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྡོ་རྗེ་གཞོན་ནུའི་སྐུ་གཏད་ལ༔ ཧཱུྃ༔ བརྡལ་ཁྱབ་རྡོ་རྗེ་གཞོན་ནུ་དང་༔ བདེ་ཆེན་འཁོར་ལོ་རྒྱས་འདེབས་མས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྡོ་རྗེ་སྐུ་རུ་སྨིན་གྲོལ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྲས་མཆོག་རྣམ་ལྔའི་སྐུ་གཏད་ལ༔ ཧཱུྃ༔ སྐུ་བཞི་ཡེ་ཤེས་ལྔ་ཡི་གདངས༔ ཀཱི་ལ་རིགས་ལྔའི་དབང་བསྐུར་བས༔ ཁམས་གསུམ་འཁོར་བ་ཡོངས་སྒྲོལ་གྱི༔ ཕྲིན་ལས་རབ་འབྱམས་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཁྲོ་བོ་བཅུའི་སྐུ་གཏད་ལ༔ ཧཱུྃ༔ ཆོས་ཉིད་རྡོ་རྗེ་གཞོན་ནུ་ཡི༔ ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་གྱིས༔ འཁོར་བ་ཡོངས་སྒྲོལ་ཁྲོ་བོ་བཅུ༔ ཡུམ་དང་སྤྲུལ་པ་ཟ་གསོད་བཅས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཁམས་གསུམ་སྐུ་གསུམ་རོལ་པ་རུ༔ ཡོངས་སྒྲོལ་ཆེན་པོའི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཧཱུྃ་བཅུ་བརྗོད་ཅིང་༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྒོ་མ་བཞི་ཁྱུང་ལྔ་ཕག་སྡིག་དང་བཅས་པ་གཏད་ལ༔ ཧཱུྃ༔ ཕྲིན་ལས་བཞི་བསྒྲུབ་སྒོ་མ་བཞི༔ ཀླུ་གཉན་ས་བདག་ཀུན་འདུལ་ཁྱུང་༔ རྒྱལ་འགོང་གཉན་རིམས་འཇོམས་བྱེད་པའི༔ ལྕགས་སྡིག་ཟ་བྱེད་དུར་ཕག་གིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལྷ་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས་མཐར༔ ཛཿཧཱུྃ་བཾ་ཧོཿ ཁྲོཾ་དུ་ཕེ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཕུར་སྲུང་བཅུ་གཉིས་སྐུའམ་མ་ཡིག་བཅུ་གཉིས་དང་གིང་བཞིའི་ཡི་གེ་གཏད་ལ༔ ཧཱུྃ༔ སྲིད་པར་དབང་བསྒྱུར་རེ་ཏཱི་བཞི༔ ཞིང་བཅུ་ཡོངས་སྒྲོལ་ཤྭ་ན་བཞི༔ དྲག་ཤུལ་སྟོབས་ལྡན་བསྭེ་མོ་བཞི༔ སྒྲོལ་བྱེད་སྐྱེས་བུ་ཆེན་པོ་བཞི༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྲུང་མ་མིང་སྲིང་བཅུ་དྲུག་དང་༔ ཕུར་སྲུང་དམ་ཅན་རྒྱ་མཚོ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལ༔ དབང་བསྒྱུར་དབང་མཆོག་ཐོབ་པར་ཤོག༔ ཀ་ཏཾ་ཀ་ཡེ་ཛ་ཡེ་སོགས་ན་ཡེ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གསང་དབང་བསྐུར་བ་ལ༔ བྷནྡྷ་བདུད་རྩི་ཐོགས་ལ༔ ཧཱུྃ༔ སྟོང་ཉིད་དབྱིངས་ཀྱི་ཀ་པཱ་ལར༔ ལྷུན་གྲུབ་བདེ་སྟོང་བདུད་རྩི་འཁྱིལ༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ ཕུར་པ་ཡོངས་རྫོགས་བཀའ་སྡོད་ཀྱི༔ གསང་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོཿ ཀ་ཏཾ་ཀ་ཡེ་སོགསཧཱུྃ་ཕཊ༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་རྡོ་རྗེ་དང་ཕུར་པ་གཏད་ལ༔ ཧཱུྃ༔ འཁོར་འདས་དབང་བསྒྱུར་གཞིའི་རྡོ་རྗེ༔ ཐོགས་མེད་ཡེ་ཤེས་ཕུར་པ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕུར་པ་ཡོངས་རྫོགས་བཀའ་སྡོད་བཅས༔ ཐུགས་གསང་ཡེ་ཤེས་རྡོ་རྗེ་ཡི༔ དབང་མཆོག་ཡོངས་སུ་རྫོགས་ཐོབ་ཤོག༔ གོང་བཞིན་དྲིལ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཚིག་དབང་བསྐུར་བ་ལ༔ ཤེལ་རྡོ་གཏད་ལ༔ ཧཱུྃ༔ སྐུ་དང་ཡེ་ཤེས་རོལ་པའི་གདངས༔ ལྷུན་གྲུབ་འཇའ་ཤེལ་འདི་གཏད་པས༔ སྣང་བཞི་མཐར་ཕྱིན་སྐུ་བཞིའི་ངང་༔ ཀ་དག་ཚིག་དབང་ཐོབ་པར་ཤོག༔ གོང་ལྟར་དྲིལ་སྔགས་མཐར༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བསྒྲལ་ཆས་གཏད་ལ༔ ཧཱུྃ༔ ཡེ་ཤེས་རང་རྩལ་ལས་བྱུང་བའི༔ བདག་མེད་རྟོགས་པའི་ཐུན་མཚོན་གྱི༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བདག་རྟོག་རཱུ་དྲ་ཡོངས་སྒྲོལ་ཤོག༔ གོང་བཞིན་དྲིལ་སྔགས་མཐར༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གཏོར་མ་གཏད་ལ༔ ཧཱུྃ༔ སྟོང་ཆེན་ཡངས་པའི་གཏོར་གཞོང་དུ༔ ལྷུན་གྲུབ་རོལ་པའི་གཏོར་མ་བཤམས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕུར་པ་ཡོངས་རྫོགས་སྲུང་མར་བཅས༔ དཀྱིལ་འཁོར་འཁོར་ལོའི་དབང་ཐོབ་ཤོག༔ གོང་བཞིན་དྲིལ་སྔགས་མཐར༔ བ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མཐའ་རྟེན་གཏད་ལ་བདེན་བརྗོད་སྨོན་ལམ་གཏད་རྒྱ་བྱ༔ བསྔོ་སྨོན་བྱ་ཞིང་ཤིས་པ་བརྗོད༔ དེ་ལྟར་དབང་གིས་སྨིན་པར་བྱས་ནས་མཐར༔ བསྐྱེད་པའི་ཏིང་འཛིན་བརྟན་པོ་ལ་བརྟེན་ནས༔ ཉམས་སུ་ལེན་ཀུན་བདུད་ཀྱི་གེགས་ལས་གྲོལ༔ ཚེ་འདིར་ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ༔ ལྷ་འདྲེ་མི་གསུམ་དབང་སྡུད་བྲན་དུ་ཁོལ༔ ཕྱི་མ་མངོན་སངས་རྒྱས་པའི་འབྲས་བུ་ཐོབ༔ བླ་མར་མོས་གུས་དམ་ཚིག་སྲོག་ལྟར་བསྲུང་༔ ཕུར་སྲུང་རྒྱ་མཚོའི་བསྐང་གསོལ་རྒྱུན་མི་བཅད༔ རབ་འབྱམས་ཕྲིན་ལས་ཐམས་ཅད་དེས་འགྲུབ་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ གསང་བ་སྐུ་གསུང་ཐུགས་ཀྱི་རྒྱ༔ ཞེས་པ་འདིའང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་སློབ་བུ་བཱིདྱ་བྷ་དྲའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།