DUDJOM-THROMA-023: Difference between revisions

From Dudjom Wiki
DUDJOM-THROMA-023
(Imported new text files with Wyckibaat for processing)
 
No edit summary
 
(3 intermediate revisions by 2 users not shown)
Line 1: Line 1:
དབུ་ཁྲིད་བརྡ་ཡིག་༢༤༩༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔  བཀའ་སྲུང་གཟའ་མཆོག་ཆེན་པོའི་རྩ་སྒྲུབ་སྲོག་རྩ་དམར་ལེན་བཞུགས་སོ༔   
{{Text
༠༠༠༠༠༠བརྡ་ཡིག་༢༥༠༔  ན་མོ་གུ་རུ་ས་ར་ཧ་པ་ཡེ༔  བཀའ་སྲུང་གཟའ་མཆོག་ཆེན་པོ་ཡི༔  རྩ་སྒྲུབ་སྲོག་རྩ་དམར་ལེན་ནི༔  ལས་ཅན་སྒྲུབ་ལ་སྙིང་རུས་ཅན༔  ཚེ་གཅིག་སྙིང་པོ་ལྷུར་ལེན་པའི༔  རྣལ་འབྱོར་ཅན་གྱི་གྲོགས་སུ་བསྔགས༔  འགྲུབ་སླ་སྙིང་ཉེ་བཀའ་ཡང་གཉན༔  ལས་མྱུར་མཐུ་དང་གདུག་རྩུབ་ཆེ༔  དེ་ལ་བརྟེན་པའི་གཏོར་མ་ནི༔  གདན་ཟླུམ་སྟེང་དུ་གནམ་ལྕགས་ཀྱི༔  འཁོར་ལོ་རྩིབས་བརྒྱད་ལྟེ་བ་རུ༔  དམར་གྱི་གཏོར་མ་སྟོད་ཆ་གཅུས༔  མདུན་དང་ཟུར་གསུམ་བ་ལིང་བཞི༔  རྩིབས་སུ་དམར་གཏོར་བརྒྱད་བཞག་ལ༔  རིལ་བུ་ཉེར་བརྒྱད་གཏོར་ཆུང་བརྒྱད༔  དར་ཟབ་ཤ་ཁྲག་སྟག་གཟིག་རས༔  རྒྱན་གྱིས་བརྒྱན་པ་བརྟེན་པའི་རྫས༔  ཤ་ཁྲག་གཏོར་སྐྱེམས་འབུལ་བའི་རྫས༔  ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ༔  རྟེན་གཏོར་སྟེང་དུ་རྡོ་རྗེ་ཧཱུྃ༔  ནང་དུ་སྲོག་གི་སྙིང་པོ་གཞུག༔  རྩེ་ནས་ཅུང་ཟད་མར་འོག་ཏུ༔  ཧཱུྃ་སྔོན་བྲིས་གཞུག་ལྐོག་མ་བཀག༔  དེས་ནི་ལས་འགྲུབ་ནང་དུ་བྱམས༔  རང་ཉིད་ཁྲོས་མའི་ང་རྒྱལ་གྱིས༔  ཧཱུྃ༔  མདུན་དུ་དུར་ཁྲོད་རབ་འཇིགས་དབུས༔  ས་ཆུ་མེ་རླུང་ནམ་མཁའི་མཚོན༔  མེ་དུད་རླུང་ཆར་ན་བུན་ཀློང་༔  ར་ལས་དྲང་སྲོང་རཱ་ཧུ་ལ༔  ཞལ་དགུའི་སྟེང་དུ་བྱ་རོག་གདོང་༔  སྐུ་སྟོད་སྲིན་པོ་ཕ་ཡི་ལུས༔  ཕྱག་བཞི་མདའ་གཞུ་ཆུ་སྲིན་ཞགས༔  སྐུ་སྨད་སྦྲུལ་མཇུག་ཀླུ་ལྕམ་མ༔  མགོ་ལུས་མེད་པར་མིག་གིས་གང་༔  ལྟོ་བར་ཞལ་ཧོམ་རབ་འཇིགས་གདངས༔  དར་དཔྱང་སྦྲུལ་གདུབ་མེ་དུད་འཁྲིགས༔  གདོང་མོ་མཆེད་བཞི་བསྡོང་ཟླ་བྱེད༔  གཟའ་བརྒྱད་ཕོ་ཉ་རྒྱུ་སྐར་བྲན༔  སྡེ་བརྒྱད་འབངས་བཀོལ་ལས་ལ་འགྱེད༔  སྤྱི་བོར་གསང་བདག་རྡོ་རྗེས་བརྒྱན༔  གནས་གསུམ་འོད་ཟེར་རབ་འཕྲོས་པས༔  ནམ་མཁའ་བར་སྣང་ས་གཞི་དང་༔  དུར་ཁྲོད་གཙུག་ལག་ཆོས་འཁོར་གནས༔  གང་ན་གནས་པའི་གཙོ་འཁོར་བྲན༔  མ་ལུས་སྤྱན་དྲངས་གཉིས་མེད་གྱུར༔  དེ་ནས་སྤྱན་འདྲེན་པ་ནི༔  ཀྵཿ དད་པ་དང་ནི་དམ་ཚིག་གིས༔  གཟའ་མཆོག་ཆེན་པོ་གཤེགས་སུ་གསོལ༔  གདོང་བཞི་གཟའ་བརྒྱད་རྒྱུ་སྐར་སྡེ༔  མ་ལུས་འཁོར་བཅས་གཤེགས་སུ་གསོལ༔  དམ་ཚིག་གཉན་གྱི་གདན་ལ་བཞུགས༔  ཕྲིན་ལས་བསྒྲུབ་ཕྱིར་ཕྱག་ཀྱང་འཚལ༔  ཨོཾ་ནཱ་ག་རཀྴ་རཱ་ཧུ་ལ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ ས་མ་ཡ་སྟྭཾ་ན་མོ་ཧོཿ དེ་ནས་མཆོད་པ་འབུལ་བ་ནི༔  ཛཿ གཟའ་བདུད་དུག་གི་སྤུ་གྲི་ལ༔  ཉེར་སྤྱོད་འདོད་ཡོན་སྨན་གཏོར་རཀ༔  དགྲ་བགེགས་ཤ་ཁྲག་སྲོག་དབུགས་དཀོར༔  འབྲུ་སྣ་དར་ཟབ་གཅན་གཟན་རས༔  མེ་ཏོ་སྣ་ཚོགས་ཆུ་སྣ་ཚོགས༔  ཁྲག་སྣ་སྙིང་སྣ་གཏོར་མ་སྐྱེམས༔  མཐུན་པའི་དམ་རྫས་སྣ་ཚོགས་འབུལ༔  འཁོར་བཅས་དགྱེས་ཤིང་ཚིམ་གྱུར་ནས༔  བདག་ཅག་འཁོར་དང་བཅས་པ་ལ༔  དབྱེར་མེད་གྲོགས་མཛོད་བསམ་དོན་སྒྲུབས༔  དཀོར་ནོར་ལོངས་སྤྱོད་སྲུངས་ཤིང་སྐྱོངས༔  མངོན་སྤྱོད་དྲག་པོས་དགྲ་བགེགས་སོད༔  སརྦ་གྷ་ན་པཉྩ་པཱུ་ཛ་བ་ལིཾ་ཏ་ཁ་ཧི༔  དེ་ནས་བསྟོད་པ་ནི༔  ཧཱུྃ༔  ཕྱག་ན་རྡོ་རྗེའི་བཀའ་ཉན་ཅན༔  ནམ་མཁའི་ཁམས་ལ་མངའ་དབང་མཛད༔  སྲིད་གསུམ་སྲོག་གི་བདག་པོ་ཆེ༔  གདོང་མོ་བཞི་ཡིས་ཀིང་ཀང་འབེབས༔  སྤྲུལ་པའི་གཟའ་བརྒྱད་འཇིག་རྟེན་ཁྱབ༔  རྒྱུ་སྐར་ཉེར་བརྒྱད་བྲན་དུ་བཀོལ༔  ལྷ་སྲིན་སྡེ་བརྒྱད་ལས་ལ་འགྱེད༔  མཐུ་རྩལ་འཇིག་རྟེན་གསུམ་ན་འཕགས༔  རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ༔  དྲག་རྩལ་ནམ་མཁའི་ཐོག་ལས་ཆེ༔  སྨོན་ལམ་སྟོབས་ཀྱིས་བསྟན་པ་བསྲུང་༔  དམ་ཚིག་ཅན་ལ་བུ་བཞིན་སྐྱོངས༔  དམ་ཉམས་སྲོག་གི་གཤེད་པོ་ཆེ༔  དྲང་སྲོང་ཆེན་པོ་ཁྱོད་ལ་བསྟོད༔  རྡོ་རྗེ་ཅན་དང་པདྨ་འབྱུང་༔  རིག་འཛིན་བརྒྱུད་པའི་ཐ་ཚིག་བཞིན༔  སངས་རྒྱས་བསྟན་པ་གཉན་པོ་སྲུངས༔  རྣལ་འབྱོར་བདག་གི་ཕྲིན་ལས་སྒྲུབས༔  ཞི་རྒྱས་དབང་དང་མངོན་སྤྱོད་ལས༔  བསམ་པ་ཙམ་གྱིས་མྱུར་འགྲུབ་མཛོད༔  དམ་ལས་མ་འདའ་ས་མ་ཡ༔  དེ་ནས་སྔགས་ཀྱི་གནད་དམིགས་ནི༔  བདག་ཡི་དམ་ལྷར་གསལ་བའི་མདུན་དུ་དུར་ཁྲོད་རབ་འཇིགས་མེ་རླུང་འཁྲིགས་པའི་དབུས་སུ་དྲང་སྲོང་གཟའ་མཆོག་ཆེན་པོ་སྤྲུལ་འཁོར་བཀའ་སྡོད་དང་བཅས་པ་གསལ་བའི་ཐུགས་ཀར་འོད་ཀྱི་གོང་བུར་ཡི་གེ་ར་དམར་ནག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་བསམ༔  བདག་ཡི་དམ་གྱི་ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ལས་འོད་ཟེར་འཕྲོས་པས་སྲོག་སྔགས་དང་འདྲེས་ནས་བདག་དང་དམ་ཚིག་གཅིག་ཏུ་འདྲེས་ཏེ་ཁོང་རྣམས་ལ་དམ་ཚིག་གཉན་པོའི་སྲོག་ཐོབ་ནས་སྐད་ཅིག་ཀྱང་འདའ་བའི་གནས་མེད་པར་གྱུར༔  བཟླས་པ་ཙམ་གྱིས་ཁོའི་སྲོག་སྙིང་བདག་ལ་ཐོབ་ནས་ཕྲིན་ལས་རབ་འབྱམས་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པར་བསམ༔  ཨོཾ་ནཱ་ག་རཀྴ་རཱ་ཧུ་ལ་ཧཱུྃ་ཛཿ དེ་ཡིས་འབོད་ཅིང་རྦད་པ་ནི༔  ཨོཾ་ནཱ་ག་རཀྴ་རཱ་ཧུ་ལ་ཧ་ལ་ཧ་ལ་དགྲ་ལ་རྦད༔  དེ་ཡིས་རྦད་ཅིང་བསད་པ་ནི༔  ཨོཾ་ནཱ་ག་རཀྴ་རཱ་ཧུ་ལ་ཧ་ལ་ཧ་ལ་དགྲ་བོ་ཆེ་གེ་མོ་ཧུར་ཐུམ་སོད༔  དམིགས་གནད་བསྒྱུར་ཁ་ཞལ་ལས་ཤེས༔  དེ་ནས་གསོལ་མཆོད་བྱ་བ་ལ༔  སྐྱེམས་ཕུད་འབྱོར་ཚོགས་བཤམས་ནས་སུ༔  རཾ་ཡཾ་ཁཾ་གིས་དྲི་མ་སྦྱང་༔  ཨ་མྲྀ་ཏ་ཡིས་བདུད་རྩིར་བསྒྱུར༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ༔  ཛཿ ནམ་མཁའི་ཀློང་དང་ཆོས་འཁོར་དབེན༔  དུར་ཁྲོད་རྩུབ་འགྱུར་ཁྲག་མཚོའི་ཀློང་༔  ཀུན་ཏུ་མ་ངེས་གནས་རྒྱུ་བའི༔  བཀའ་སྲུང་དྲང་སྲོང་རཱ་ཧུ་ལ༔  སྲོག་གི་སྤུ་གྲི་གཤེགས་སུ་གསོལ༔  རྡོ་རྗེ་འཛིན་རྒྱལ་པད་འབྱུང་གི༔  ཐ་ཚིག་གཉན་པོས་འབོད་སྒྲུབ་ཀྱིས༔  མ་ཐོགས་གནས་འདིར་གཤེགས་སུ་གསོལ༔  བདག་གི་སྲུང་མར་མངའ་གསོལ་ལོ༔  ཇ་ཆང་སྐྱེམས་ཕུད་དམར་གཏོར་དང་༔  ཤ་སྣ་སྙིང་སྣ་ཁྲག་སྣ་ཚོགས༔  དར་ཟབ་གཅན་གཟན་རས་མ་དང་༔  བརྟེན་རྫས་སྒྲུབ་རྫས་བསྐང་རྫས་དང་༔  རི་དྭགས་གཡུང་དྭགས་ཆུ་གནས་དང་༔  བྱ་རིགས་གཅན་གཟན་རིན་ཆེན་སྨན༔  མཐུན་རྫས་མཆོད་རྫས་སྣ་ཚོགས་ཀྱིས༔  གཟའ་བདུད་དུག་གི་སྤུ་གྲི་མཆོད༔  སྤྲུལ་པའི་གཟའ་བརྒྱད་གདོང་བཅས་མཆོད༔  རྒྱུ་སྐར་ཉེར་བརྒྱད་སྡེ་བརྒྱད་ཚོགས༔  མ་ལུས་འཁོར་བཅས་གསོལ་ལོ་མཆོད༔  བདག་ཅག་སྒྲུབ་མཆོག་འཁོར་བཅས་ལ༔  དབྱེར་མེད་གྲོགས་མཛོད་བསམ་དོན་སྒྲུབས༔  བཀྲ་ཤིས་བདེ་ལེགས་འཕེལ་རྒྱས་ཤིང་༔  འཁུ་ལྡོག་གདུག་རྩུབ་མ་མཛད་ཅིག༔  དམ་ཚིག་གཉན་ལས་མ་འདའ་བར༔  ཅི་བཅོལ་ཕྲིན་ལས་མྱུར་འགྲུབ་མཛོད༔  འདི་ནི་ཟླ་གཅིག་བསྒྲུབ་པས་འགྲུབ༔  འོད་འཁྱུགས་མེ་སྟག་འཕྲོ་བ་འབྱུང་༔  དམ་བསྒྲག་ཡི་དམ་སྔགས་ཀྱིས་གཟིར༔  རྡོ་རྗེའི་དམ་ཚིག་བདུད་རྩི་བྲན༔  ས་མ་ཡ༔  འདི་བསྒྲུབ་དམ་ལྡན་རྣལ་འབྱོར་གྱིས༔  མངོན་སྤྱོད་ལས་ཀུན་ཐོགས་མེད་འགྲུབ༔  མཐུ་ཡི་གྲགས་པས་ས་སྟེང་ཁྱབ༔  ལོག་པར་འདྲེན་པ་ཚར་གཅོད་འགྱུར༔  ས་མ་ཡ༔  རྒྱ་རྒྱ་རྒྱ༔  བཀའ་སྲུང་དམ་ཅན་རྒྱ་མཚོས་སྲུངས༔  གཤེ་སྐུར་མཁན་ལ་ཆད་པ་ཕོབ༔  ས་མ་ཡ༔  གཏེར་རྒྱ༔  སྦས་རྒྱ༔  གཏད་རྒྱ༔  བརྡ་ཐིམ༔  ཞེས་པ་འདི་ཡང་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་ཡིག་མེད་ནམ་མཁའི་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེ་པ་ནི་ཆོས་ཀྱི་རྡོ་རྗེའོ། །དགེའོ།།  །། དབུ་ཁྲིད་བརྡ་ཡིག་༢༥༦༔  གཟའ་བདུད་རྒྱལ་པོའི་བསྐང་གསོལ་ནི༔  ཛཿ ཆེ་མཆོག་ཕྱག་རྡོར་པད་འབྱུང་སོགས༔  རིག་འཛིན་བརྒྱུད་པའི་ཐ་ཚིག་གིས༔  འབོད་དོ་གཟའ་བདུད་ཡུམ་སྤྲུལ་འཁོར༔  འདིར་བྱོན་སྐྱེམས་གཏོར་མཐུན་རྫས་འབུལ༔  འཁོར་དང་བཅས་པའི་ཐུགས་དམ་བསྐང་༔  རྟེན་འདིར་རྟེན་ཆོས་གྲོགས་མཛོད་ལ༔  བདག་སྲུངས་ཕྲིན་ལས་རབ་འབྱམས་སྒྲུབས༔  དགྲ་བགེགས་སྒྲོལ་ཅིག་ས་མ་ཡ༔  ཅི་མང་བཟླས་པས་འདོད་དོན་འགྲུབ༔  ས་མ་ཡ༔  རྒྱ་རྒྱ་རྒྱ༔  གྲངས་གསོག་རྒྱུར་གཟའ་ནག་ལས་ཁོལ་དུ་ཕྱུངས་པའོ།།  །།[[Category:Wyckibaat]]
|classification=Tibetan Publications
|subclass=Tibetan Texts
|fulltitletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བཀའ་སྲུང་གཟའ་མཆོག་ཆེན་པོའི་རྩ་སྒྲུབ་སྲོག་རྩ་དམར་ལེན༔
|fulltitle=chos nyid nam mkha'i klong mdzod las: bka' srung gza' mchog chen po'i rtsa sgrub srog rtsa dmar len:
|citation=Khrag 'thung [[Bdud 'joms gling pa]]. ''Chos nyid nam mkha'i klong mdzod las bka' srung gza' mchog chen po'i rtsa sgrub srog rtsa dmar len''. In ''Khros ma'i sgrub skor'': 195-201. Kalimpong: Mani Dorji, 1979.
|collectiontitletib=ཁྲོས་མའི་སྒྲུབ་སྐོར་
|collectiontitle=khros ma'i sgrub skor
|author=bdud 'joms gling pa
|sourcerevealer=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|sourcerevealertib=བདུད་འཇོམས་གླིང་པ་
|tibgenre=Protector Rituals - gsol mchod
|terma=Yes
|deity=gza' bdud
|cycle=chos nyid nam mkha'i klong mdzod
|cycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་
|language=Tibetan
|volumenumber=1
|volnumtib=༡
|volyigtib=ཕྚ༔
|totalvolumes=1
|textnuminvol=023
|pagenumbers=195-201
|totalpages=7
|beginfolioline=1a1
|endfolioline=4a6
|totalfolios=4
|multivolumework=No
|rectonotes=gza' gsol
|versonotes=khros ma
|colophontib=* '''First colophon:''' ཞེས་པ་འདི་ཡང་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་ཡིག་མེད་ནམ་མཁའི་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེ་པ་ནི་ཆོས་ཀྱི་རྡོ་རྗེའོ། །དགེའོ།།
* '''Second colophon:''' གྲངས་གསོག་རྒྱུར་གཟའ་ནག་ལས་ཁོལ་དུ་ཕྱུངས་པའོ།།
|colophonwylie=* '''First colophon:''' zhes pa 'di yang rang bzhin rdzogs pa chen po'i rnal 'byor pa bdud 'joms rdo rje gro lod rtsal gyis yig med nam mkha'i brda ris las dag par phab pa'i yi ge pa ni chos kyi rdo rje'o/_/dge'o//
* '''Second colophon:''' grangs gsog rgyur gza' nag las khol du phyungs pa'o//
|pdflink=File:DUDJOM-THROMA-023.pdf
|InitCategories=Dudjom Tersar Project; DUDJOM-THROMA
}}
<h1>Tibetan Text</h1>
<onlyinclude>
{{TibP|ཕྚ༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔  བཀའ་སྲུང་གཟའ་མཆོག་ཆེན་པོའི་རྩ་སྒྲུབ་སྲོག་རྩ་དམར་ལེན་བཞུགས་སོ༔   
 
 
ཕྚ༔ ({{TibChung|བརྡ་ཡིག་}}) ན་མོ་གུ་རུ་ས་ར་ཧ་པ་ཡེ༔  {{TibChung|བཀའ་སྲུང་གཟའ་མཆོག་ཆེན་པོ་ཡི༔  རྩ་སྒྲུབ་སྲོག་རྩ་དམར་ལེན་ནི༔  ལས་ཅན་སྒྲུབ་ལ་སྙིང་རུས་ཅན༔  ཚེ་གཅིག་སྙིང་པོ་ལྷུར་ལེན་པའི༔  རྣལ་འབྱོར་ཅན་གྱི་གྲོགས་སུ་བསྔགས༔  འགྲུབ་སླ་སྙིང་ཉེ་བཀའ་ཡང་གཉན༔  ལས་མྱུར་མཐུ་དང་གདུག་རྩུབ་ཆེ༔  དེ་ལ་བརྟེན་པའི་གཏོར་མ་ནི༔  གདན་ཟླུམ་སྟེང་དུ་གནམ་ལྕགས་ཀྱི༔  འཁོར་ལོ་རྩིབས་བརྒྱད་ལྟེ་བ་རུ༔  དམར་གྱི་གཏོར་མ་སྟོད་ཆ་གཅུས༔  མདུན་དང་ཟུར་གསུམ་བ་ལིང་བཞི༔  རྩིབས་སུ་དམར་གཏོར་བརྒྱད་བཞག་ལ༔  རིལ་བུ་ཉེར་བརྒྱད་གཏོར་ཆུང་བརྒྱད༔  དར་ཟབ་ཤ་ཁྲག་སྟག་གཟིག་རས༔  རྒྱན་གྱིས་བརྒྱན་པ་བརྟེན་པའི་རྫས༔  ཤ་ཁྲག་གཏོར་སྐྱེམས་འབུལ་བའི་རྫས༔  ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ༔  རྟེན་གཏོར་སྟེང་དུ་རྡོ་རྗེ་ཧཱུྃ༔  ནང་དུ་སྲོག་གི་སྙིང་པོ་གཞུག༔  རྩེ་ནས་ཅུང་ཟད་མར་འོག་ཏུ༔  ཧཱུྃ་སྔོན་བྲིས་གཞུག་ལྐོག་མ་བཀག༔  དེས་ནི་ལས་འགྲུབ་ནང་དུ་བྱམས༔  རང་ཉིད་ཁྲོས་མའི་ང་རྒྱལ་གྱིས༔}} ཧཱུྃ༔  མདུན་དུ་དུར་ཁྲོད་རབ་འཇིགས་དབུས༔  ས་ཆུ་མེ་རླུང་ནམ་མཁའི་མཚོན༔  མེ་དུད་རླུང་ཆར་ན་བུན་ཀློང་༔  ར་ལས་དྲང་སྲོང་རཱ་ཧུ་ལ༔  ཞལ་དགུའི་སྟེང་དུ་བྱ་རོག་གདོང་༔  སྐུ་སྟོད་སྲིན་པོ་ཕ་ཡི་ལུས༔  ཕྱག་བཞི་མདའ་གཞུ་ཆུ་སྲིན་ཞགས༔  སྐུ་སྨད་སྦྲུལ་མཇུག་ཀླུ་ལྕམ་མ༔  མགོ་ལུས་མེད་པར་མིག་གིས་གང་༔  ལྟོ་བར་ཞལ་ཧོམ་རབ་འཇིགས་གདངས༔  དར་དཔྱང་སྦྲུལ་གདུབ་མེ་དུད་འཁྲིགས༔  གདོང་མོ་མཆེད་བཞི་བསྡོང་ཟླ་བྱེད༔  གཟའ་བརྒྱད་ཕོ་ཉ་རྒྱུ་སྐར་བྲན༔  སྡེ་བརྒྱད་འབངས་བཀོལ་ལས་ལ་འགྱེད༔  སྤྱི་བོར་གསང་བདག་རྡོ་རྗེས་བརྒྱན༔  གནས་གསུམ་འོད་ཟེར་རབ་འཕྲོས་པས༔  ནམ་མཁའ་བར་སྣང་ས་གཞི་དང་༔  དུར་ཁྲོད་གཙུག་ལག་ཆོས་འཁོར་གནས༔  གང་ན་གནས་པའི་གཙོ་འཁོར་བྲན༔  མ་ལུས་སྤྱན་དྲངས་གཉིས་མེད་གྱུར༔  {{TibChung|དེ་ནས་སྤྱན་འདྲེན་པ་ནི༔}} ཀྵཿ དད་པ་དང་ནི་དམ་ཚིག་གིས༔  གཟའ་མཆོག་ཆེན་པོ་གཤེགས་སུ་གསོལ༔  གདོང་བཞི་གཟའ་བརྒྱད་རྒྱུ་སྐར་སྡེ༔  མ་ལུས་འཁོར་བཅས་གཤེགས་སུ་གསོལ༔  དམ་ཚིག་གཉན་གྱི་གདན་ལ་བཞུགས༔  ཕྲིན་ལས་བསྒྲུབ་ཕྱིར་ཕྱག་ཀྱང་འཚལ༔  ཨོཾ་ནཱ་ག་རཀྴ་རཱ་ཧུ་ལ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ ས་མ་ཡ་སྟྭཾ་ན་མོ་ཧོཿ {{TibChung|དེ་ནས་མཆོད་པ་འབུལ་བ་ནི༔}} ཛཿ གཟའ་བདུད་དུག་གི་སྤུ་གྲི་ལ༔  ཉེར་སྤྱོད་འདོད་ཡོན་སྨན་གཏོར་རཀ༔  དགྲ་བགེགས་ཤ་ཁྲག་སྲོག་དབུགས་དཀོར༔  འབྲུ་སྣ་དར་ཟབ་གཅན་གཟན་རས༔  མེ་ཏོ་སྣ་ཚོགས་ཆུ་སྣ་ཚོགས༔  ཁྲག་སྣ་སྙིང་སྣ་གཏོར་མ་སྐྱེམས༔  མཐུན་པའི་དམ་རྫས་སྣ་ཚོགས་འབུལ༔  འཁོར་བཅས་དགྱེས་ཤིང་ཚིམ་གྱུར་ནས༔  བདག་ཅག་འཁོར་དང་བཅས་པ་ལ༔  དབྱེར་མེད་གྲོགས་མཛོད་བསམ་དོན་སྒྲུབས༔  དཀོར་ནོར་ལོངས་སྤྱོད་སྲུངས་ཤིང་སྐྱོངས༔  མངོན་སྤྱོད་དྲག་པོས་དགྲ་བགེགས་སོད༔  སརྦ་གྷ་ན་པཉྩ་པཱུ་ཛ་བ་ལིཾ་ཏ་ཁ་ཧི༔  {{TibChung|དེ་ནས་བསྟོད་པ་ནི༔}} ཧཱུྃ༔  ཕྱག་ན་རྡོ་རྗེའི་བཀའ་ཉན་ཅན༔  ནམ་མཁའི་ཁམས་ལ་མངའ་དབང་མཛད༔  སྲིད་གསུམ་སྲོག་གི་བདག་པོ་ཆེ༔  གདོང་མོ་བཞི་ཡིས་ཀིང་ཀང་འབེབས༔  སྤྲུལ་པའི་གཟའ་བརྒྱད་འཇིག་རྟེན་ཁྱབ༔  རྒྱུ་སྐར་ཉེར་བརྒྱད་བྲན་དུ་བཀོལ༔  ལྷ་སྲིན་སྡེ་བརྒྱད་ལས་ལ་འགྱེད༔  མཐུ་རྩལ་འཇིག་རྟེན་གསུམ་ན་འཕགས༔  རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ༔  དྲག་རྩལ་ནམ་མཁའི་ཐོག་ལས་ཆེ༔  སྨོན་ལམ་སྟོབས་ཀྱིས་བསྟན་པ་བསྲུང་༔  དམ་ཚིག་ཅན་ལ་བུ་བཞིན་སྐྱོངས༔  དམ་ཉམས་སྲོག་གི་གཤེད་པོ་ཆེ༔  དྲང་སྲོང་ཆེན་པོ་ཁྱོད་ལ་བསྟོད༔  རྡོ་རྗེ་ཅན་དང་པདྨ་འབྱུང་༔  རིག་འཛིན་བརྒྱུད་པའི་ཐ་ཚིག་བཞིན༔  སངས་རྒྱས་བསྟན་པ་གཉན་པོ་སྲུངས༔  རྣལ་འབྱོར་བདག་གི་ཕྲིན་ལས་སྒྲུབས༔  ཞི་རྒྱས་དབང་དང་མངོན་སྤྱོད་ལས༔  བསམ་པ་ཙམ་གྱིས་མྱུར་འགྲུབ་མཛོད༔  དམ་ལས་མ་འདའ་ས་མ་ཡ༔  {{TibChung|དེ་ནས་སྔགས་ཀྱི་གནད་དམིགས་ནི༔  བདག་ཡི་དམ་ལྷར་གསལ་བའི་མདུན་དུ་དུར་ཁྲོད་རབ་འཇིགས་མེ་རླུང་འཁྲིགས་པའི་དབུས་སུ་དྲང་སྲོང་གཟའ་མཆོག་ཆེན་པོ་སྤྲུལ་འཁོར་བཀའ་སྡོད་དང་བཅས་པ་གསལ་བའི་ཐུགས་ཀར་འོད་ཀྱི་གོང་བུར་ཡི་གེ་ར་དམར་ནག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་བསམ༔  བདག་ཡི་དམ་གྱི་ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ལས་འོད་ཟེར་འཕྲོས་པས་སྲོག་སྔགས་དང་འདྲེས་ནས་བདག་དང་དམ་ཚིག་གཅིག་ཏུ་འདྲེས་ཏེ་ཁོང་རྣམས་ལ་དམ་ཚིག་གཉན་པོའི་སྲོག་ཐོབ་ནས་སྐད་ཅིག་ཀྱང་འདའ་བའི་གནས་མེད་པར་གྱུར༔  བཟླས་པ་ཙམ་གྱིས་ཁོའི་སྲོག་སྙིང་བདག་ལ་ཐོབ་ནས་ཕྲིན་ལས་རབ་འབྱམས་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པར་བསམ༔}} ཨོཾ་ནཱ་ག་རཀྴ་རཱ་ཧུ་ལ་ཧཱུྃ་ཛཿ {{TibChung|དེ་ཡིས་འབོད་ཅིང་རྦད་པ་ནི༔}} ཨོཾ་ནཱ་ག་རཀྴ་རཱ་ཧུ་ལ་ཧ་ལ་ཧ་ལ་དགྲ་ལ་རྦད༔  {{TibChung|དེ་ཡིས་རྦད་ཅིང་བསད་པ་ནི༔}} ཨོཾ་ནཱ་ག་རཀྴ་རཱ་ཧུ་ལ་ཧ་ལ་ཧ་ལ་དགྲ་བོ་ཆེ་གེ་མོ་ཧུར་ཐུམ་སོད༔  {{TibChung|དམིགས་གནད་བསྒྱུར་ཁ་ཞལ་ལས་ཤེས༔  དེ་ནས་གསོལ་མཆོད་བྱ་བ་ལ༔  སྐྱེམས་ཕུད་འབྱོར་ཚོགས་བཤམས་ནས་སུ༔}} རཾ་ཡཾ་ཁཾ་གིས་དྲི་མ་སྦྱང་༔  ཨ་མྲྀ་ཏ་{{TibChung|ཡིས་བདུད་རྩིར་བསྒྱུར༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ༔}} ཛཿ ནམ་མཁའི་ཀློང་དང་ཆོས་འཁོར་དབེན༔  དུར་ཁྲོད་རྩུབ་འགྱུར་ཁྲག་མཚོའི་ཀློང་༔  ཀུན་ཏུ་མ་ངེས་གནས་རྒྱུ་བའི༔  བཀའ་སྲུང་དྲང་སྲོང་རཱ་ཧུ་ལ༔  སྲོག་གི་སྤུ་གྲི་གཤེགས་སུ་གསོལ༔  རྡོ་རྗེ་འཛིན་རྒྱལ་པད་འབྱུང་གི༔  ཐ་ཚིག་གཉན་པོས་འབོད་སྒྲུབ་ཀྱིས༔  མ་ཐོགས་གནས་འདིར་གཤེགས་སུ་གསོལ༔  བདག་གི་སྲུང་མར་མངའ་གསོལ་ལོ༔  ཇ་ཆང་སྐྱེམས་ཕུད་དམར་གཏོར་དང་༔  ཤ་སྣ་སྙིང་སྣ་ཁྲག་སྣ་ཚོགས༔  དར་ཟབ་གཅན་གཟན་རས་མ་དང་༔  བརྟེན་རྫས་སྒྲུབ་རྫས་བསྐང་རྫས་དང་༔  རི་དྭགས་གཡུང་དྭགས་ཆུ་གནས་དང་༔  བྱ་རིགས་གཅན་གཟན་རིན་ཆེན་སྨན༔  མཐུན་རྫས་མཆོད་རྫས་སྣ་ཚོགས་ཀྱིས༔  གཟའ་བདུད་དུག་གི་སྤུ་གྲི་མཆོད༔  སྤྲུལ་པའི་གཟའ་བརྒྱད་གདོང་བཅས་མཆོད༔  རྒྱུ་སྐར་ཉེར་བརྒྱད་སྡེ་བརྒྱད་ཚོགས༔  མ་ལུས་འཁོར་བཅས་གསོལ་ལོ་མཆོད༔  བདག་ཅག་སྒྲུབ་མཆོག་འཁོར་བཅས་ལ༔  དབྱེར་མེད་གྲོགས་མཛོད་བསམ་དོན་སྒྲུབས༔  བཀྲ་ཤིས་བདེ་ལེགས་འཕེལ་རྒྱས་ཤིང་༔  འཁུ་ལྡོག་གདུག་རྩུབ་མ་མཛད་ཅིག༔  དམ་ཚིག་གཉན་ལས་མ་འདའ་བར༔  ཅི་བཅོལ་ཕྲིན་ལས་མྱུར་འགྲུབ་མཛོད༔  {{TibChung|འདི་ནི་ཟླ་གཅིག་བསྒྲུབ་པས་འགྲུབ༔  འོད་འཁྱུགས་མེ་སྟག་འཕྲོ་བ་འབྱུང་༔  དམ་བསྒྲག་ཡི་དམ་སྔགས་ཀྱིས་གཟིར༔  རྡོ་རྗེའི་དམ་ཚིག་བདུད་རྩི་བྲན༔  ས་མ་ཡ༔  འདི་བསྒྲུབ་དམ་ལྡན་རྣལ་འབྱོར་གྱིས༔  མངོན་སྤྱོད་ལས་ཀུན་ཐོགས་མེད་འགྲུབ༔  མཐུ་ཡི་གྲགས་པས་ས་སྟེང་ཁྱབ༔  ལོག་པར་འདྲེན་པ་ཚར་གཅོད་འགྱུར༔  ས་མ་ཡ༔  རྒྱ་རྒྱ་རྒྱ༔  བཀའ་སྲུང་དམ་ཅན་རྒྱ་མཚོས་སྲུངས༔  གཤེ་སྐུར་མཁན་ལ་ཆད་པ་ཕོབ༔  ས་མ་ཡ༔  གཏེར་རྒྱ༔  སྦས་རྒྱ༔  གཏད་རྒྱ༔  བརྡ་ཐིམ༔  ཞེས་པ་འདི་ཡང་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་ཡིག་མེད་ནམ་མཁའི་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེ་པ་ནི་ཆོས་ཀྱི་རྡོ་རྗེའོ། །དགེའོ།།  །།}} ནྂ༎༔    {{TibChung|གཟའ་བདུད་རྒྱལ་པོའི་བསྐང་གསོལ་ནི༔}} ཛཿ ཆེ་མཆོག་ཕྱག་རྡོར་པད་འབྱུང་སོགས༔  རིག་འཛིན་བརྒྱུད་པའི་ཐ་ཚིག་གིས༔  འབོད་དོ་གཟའ་བདུད་ཡུམ་སྤྲུལ་འཁོར༔  འདིར་བྱོན་སྐྱེམས་གཏོར་མཐུན་རྫས་འབུལ༔  འཁོར་དང་བཅས་པའི་ཐུགས་དམ་བསྐང་༔  རྟེན་འདིར་རྟེན་ཆོས་གྲོགས་མཛོད་ལ༔  བདག་སྲུངས་ཕྲིན་ལས་རབ་འབྱམས་སྒྲུབས༔  དགྲ་བགེགས་སྒྲོལ་ཅིག་ས་མ་ཡ༔  {{TibChung|ཅི་མང་བཟླས་པས་འདོད་དོན་འགྲུབ༔  ས་མ་ཡ༔  རྒྱ་རྒྱ་རྒྱ༔  གྲངས་གསོག་རྒྱུར་གཟའ་ནག་ལས་ཁོལ་དུ་ཕྱུངས་པའོ།།  །།}} }}
</onlyinclude>
{{TsagliCall}}
<headertabs/>

Latest revision as of 12:47, 30 October 2025

Wylie title chos nyid nam mkha'i klong mdzod las: bka' srung gza' mchog chen po'i rtsa sgrub srog rtsa dmar len: DUDJOM-THROMA-023.pdf
Location khros ma'i sgrub skor
Volume 1, Text 23, Pages 195-201 (Folios 1a1 to 4a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las bka' srung gza' mchog chen po'i rtsa sgrub srog rtsa dmar len. In Khros ma'i sgrub skor: 195-201. Kalimpong: Mani Dorji, 1979.
Side notes Recto: gza' gsol   Verso: khros ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Protector Rituals - gsol mchod
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity gza' bdud
Colophon
  • First colophon: ཞེས་པ་འདི་ཡང་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་ཡིག་མེད་ནམ་མཁའི་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེ་པ་ནི་ཆོས་ཀྱི་རྡོ་རྗེའོ། །དགེའོ།།
  • Second colophon: གྲངས་གསོག་རྒྱུར་གཟའ་ནག་ལས་ཁོལ་དུ་ཕྱུངས་པའོ།།
  • First colophon: zhes pa 'di yang rang bzhin rdzogs pa chen po'i rnal 'byor pa bdud 'joms rdo rje gro lod rtsal gyis yig med nam mkha'i brda ris las dag par phab pa'i yi ge pa ni chos kyi rdo rje'o/_/dge'o//
  • Second colophon: grangs gsog rgyur gza' nag las khol du phyungs pa'o//
[edit]
ཕྚ༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བཀའ་སྲུང་གཟའ་མཆོག་ཆེན་པོའི་རྩ་སྒྲུབ་སྲོག་རྩ་དམར་ལེན་བཞུགས་སོ༔


ཕྚ༔ (བརྡ་ཡིག་) ན་མོ་གུ་རུ་ས་ར་ཧ་པ་ཡེ༔ བཀའ་སྲུང་གཟའ་མཆོག་ཆེན་པོ་ཡི༔ རྩ་སྒྲུབ་སྲོག་རྩ་དམར་ལེན་ནི༔ ལས་ཅན་སྒྲུབ་ལ་སྙིང་རུས་ཅན༔ ཚེ་གཅིག་སྙིང་པོ་ལྷུར་ལེན་པའི༔ རྣལ་འབྱོར་ཅན་གྱི་གྲོགས་སུ་བསྔགས༔ འགྲུབ་སླ་སྙིང་ཉེ་བཀའ་ཡང་གཉན༔ ལས་མྱུར་མཐུ་དང་གདུག་རྩུབ་ཆེ༔ དེ་ལ་བརྟེན་པའི་གཏོར་མ་ནི༔ གདན་ཟླུམ་སྟེང་དུ་གནམ་ལྕགས་ཀྱི༔ འཁོར་ལོ་རྩིབས་བརྒྱད་ལྟེ་བ་རུ༔ དམར་གྱི་གཏོར་མ་སྟོད་ཆ་གཅུས༔ མདུན་དང་ཟུར་གསུམ་བ་ལིང་བཞི༔ རྩིབས་སུ་དམར་གཏོར་བརྒྱད་བཞག་ལ༔ རིལ་བུ་ཉེར་བརྒྱད་གཏོར་ཆུང་བརྒྱད༔ དར་ཟབ་ཤ་ཁྲག་སྟག་གཟིག་རས༔ རྒྱན་གྱིས་བརྒྱན་པ་བརྟེན་པའི་རྫས༔ ཤ་ཁྲག་གཏོར་སྐྱེམས་འབུལ་བའི་རྫས༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ༔ རྟེན་གཏོར་སྟེང་དུ་རྡོ་རྗེ་ཧཱུྃ༔ ནང་དུ་སྲོག་གི་སྙིང་པོ་གཞུག༔ རྩེ་ནས་ཅུང་ཟད་མར་འོག་ཏུ༔ ཧཱུྃ་སྔོན་བྲིས་གཞུག་ལྐོག་མ་བཀག༔ དེས་ནི་ལས་འགྲུབ་ནང་དུ་བྱམས༔ རང་ཉིད་ཁྲོས་མའི་ང་རྒྱལ་གྱིས༔ ཧཱུྃ༔ མདུན་དུ་དུར་ཁྲོད་རབ་འཇིགས་དབུས༔ ས་ཆུ་མེ་རླུང་ནམ་མཁའི་མཚོན༔ མེ་དུད་རླུང་ཆར་ན་བུན་ཀློང་༔ ར་ལས་དྲང་སྲོང་རཱ་ཧུ་ལ༔ ཞལ་དགུའི་སྟེང་དུ་བྱ་རོག་གདོང་༔ སྐུ་སྟོད་སྲིན་པོ་ཕ་ཡི་ལུས༔ ཕྱག་བཞི་མདའ་གཞུ་ཆུ་སྲིན་ཞགས༔ སྐུ་སྨད་སྦྲུལ་མཇུག་ཀླུ་ལྕམ་མ༔ མགོ་ལུས་མེད་པར་མིག་གིས་གང་༔ ལྟོ་བར་ཞལ་ཧོམ་རབ་འཇིགས་གདངས༔ དར་དཔྱང་སྦྲུལ་གདུབ་མེ་དུད་འཁྲིགས༔ གདོང་མོ་མཆེད་བཞི་བསྡོང་ཟླ་བྱེད༔ གཟའ་བརྒྱད་ཕོ་ཉ་རྒྱུ་སྐར་བྲན༔ སྡེ་བརྒྱད་འབངས་བཀོལ་ལས་ལ་འགྱེད༔ སྤྱི་བོར་གསང་བདག་རྡོ་རྗེས་བརྒྱན༔ གནས་གསུམ་འོད་ཟེར་རབ་འཕྲོས་པས༔ ནམ་མཁའ་བར་སྣང་ས་གཞི་དང་༔ དུར་ཁྲོད་གཙུག་ལག་ཆོས་འཁོར་གནས༔ གང་ན་གནས་པའི་གཙོ་འཁོར་བྲན༔ མ་ལུས་སྤྱན་དྲངས་གཉིས་མེད་གྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ ཀྵཿ དད་པ་དང་ནི་དམ་ཚིག་གིས༔ གཟའ་མཆོག་ཆེན་པོ་གཤེགས་སུ་གསོལ༔ གདོང་བཞི་གཟའ་བརྒྱད་རྒྱུ་སྐར་སྡེ༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ དམ་ཚིག་གཉན་གྱི་གདན་ལ་བཞུགས༔ ཕྲིན་ལས་བསྒྲུབ་ཕྱིར་ཕྱག་ཀྱང་འཚལ༔ ཨོཾ་ནཱ་ག་རཀྴ་རཱ་ཧུ་ལ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ ས་མ་ཡ་སྟྭཾ་ན་མོ་ཧོཿ དེ་ནས་མཆོད་པ་འབུལ་བ་ནི༔ ཛཿ གཟའ་བདུད་དུག་གི་སྤུ་གྲི་ལ༔ ཉེར་སྤྱོད་འདོད་ཡོན་སྨན་གཏོར་རཀ༔ དགྲ་བགེགས་ཤ་ཁྲག་སྲོག་དབུགས་དཀོར༔ འབྲུ་སྣ་དར་ཟབ་གཅན་གཟན་རས༔ མེ་ཏོ་སྣ་ཚོགས་ཆུ་སྣ་ཚོགས༔ ཁྲག་སྣ་སྙིང་སྣ་གཏོར་མ་སྐྱེམས༔ མཐུན་པའི་དམ་རྫས་སྣ་ཚོགས་འབུལ༔ འཁོར་བཅས་དགྱེས་ཤིང་ཚིམ་གྱུར་ནས༔ བདག་ཅག་འཁོར་དང་བཅས་པ་ལ༔ དབྱེར་མེད་གྲོགས་མཛོད་བསམ་དོན་སྒྲུབས༔ དཀོར་ནོར་ལོངས་སྤྱོད་སྲུངས་ཤིང་སྐྱོངས༔ མངོན་སྤྱོད་དྲག་པོས་དགྲ་བགེགས་སོད༔ སརྦ་གྷ་ན་པཉྩ་པཱུ་ཛ་བ་ལིཾ་ཏ་ཁ་ཧི༔ དེ་ནས་བསྟོད་པ་ནི༔ ཧཱུྃ༔ ཕྱག་ན་རྡོ་རྗེའི་བཀའ་ཉན་ཅན༔ ནམ་མཁའི་ཁམས་ལ་མངའ་དབང་མཛད༔ སྲིད་གསུམ་སྲོག་གི་བདག་པོ་ཆེ༔ གདོང་མོ་བཞི་ཡིས་ཀིང་ཀང་འབེབས༔ སྤྲུལ་པའི་གཟའ་བརྒྱད་འཇིག་རྟེན་ཁྱབ༔ རྒྱུ་སྐར་ཉེར་བརྒྱད་བྲན་དུ་བཀོལ༔ ལྷ་སྲིན་སྡེ་བརྒྱད་ལས་ལ་འགྱེད༔ མཐུ་རྩལ་འཇིག་རྟེན་གསུམ་ན་འཕགས༔ རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ༔ དྲག་རྩལ་ནམ་མཁའི་ཐོག་ལས་ཆེ༔ སྨོན་ལམ་སྟོབས་ཀྱིས་བསྟན་པ་བསྲུང་༔ དམ་ཚིག་ཅན་ལ་བུ་བཞིན་སྐྱོངས༔ དམ་ཉམས་སྲོག་གི་གཤེད་པོ་ཆེ༔ དྲང་སྲོང་ཆེན་པོ་ཁྱོད་ལ་བསྟོད༔ རྡོ་རྗེ་ཅན་དང་པདྨ་འབྱུང་༔ རིག་འཛིན་བརྒྱུད་པའི་ཐ་ཚིག་བཞིན༔ སངས་རྒྱས་བསྟན་པ་གཉན་པོ་སྲུངས༔ རྣལ་འབྱོར་བདག་གི་ཕྲིན་ལས་སྒྲུབས༔ ཞི་རྒྱས་དབང་དང་མངོན་སྤྱོད་ལས༔ བསམ་པ་ཙམ་གྱིས་མྱུར་འགྲུབ་མཛོད༔ དམ་ལས་མ་འདའ་ས་མ་ཡ༔ དེ་ནས་སྔགས་ཀྱི་གནད་དམིགས་ནི༔ བདག་ཡི་དམ་ལྷར་གསལ་བའི་མདུན་དུ་དུར་ཁྲོད་རབ་འཇིགས་མེ་རླུང་འཁྲིགས་པའི་དབུས་སུ་དྲང་སྲོང་གཟའ་མཆོག་ཆེན་པོ་སྤྲུལ་འཁོར་བཀའ་སྡོད་དང་བཅས་པ་གསལ་བའི་ཐུགས་ཀར་འོད་ཀྱི་གོང་བུར་ཡི་གེ་ར་དམར་ནག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་བསམ༔ བདག་ཡི་དམ་གྱི་ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ལས་འོད་ཟེར་འཕྲོས་པས་སྲོག་སྔགས་དང་འདྲེས་ནས་བདག་དང་དམ་ཚིག་གཅིག་ཏུ་འདྲེས་ཏེ་ཁོང་རྣམས་ལ་དམ་ཚིག་གཉན་པོའི་སྲོག་ཐོབ་ནས་སྐད་ཅིག་ཀྱང་འདའ་བའི་གནས་མེད་པར་གྱུར༔ བཟླས་པ་ཙམ་གྱིས་ཁོའི་སྲོག་སྙིང་བདག་ལ་ཐོབ་ནས་ཕྲིན་ལས་རབ་འབྱམས་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པར་བསམ༔ ཨོཾ་ནཱ་ག་རཀྴ་རཱ་ཧུ་ལ་ཧཱུྃ་ཛཿ དེ་ཡིས་འབོད་ཅིང་རྦད་པ་ནི༔ ཨོཾ་ནཱ་ག་རཀྴ་རཱ་ཧུ་ལ་ཧ་ལ་ཧ་ལ་དགྲ་ལ་རྦད༔ དེ་ཡིས་རྦད་ཅིང་བསད་པ་ནི༔ ཨོཾ་ནཱ་ག་རཀྴ་རཱ་ཧུ་ལ་ཧ་ལ་ཧ་ལ་དགྲ་བོ་ཆེ་གེ་མོ་ཧུར་ཐུམ་སོད༔ དམིགས་གནད་བསྒྱུར་ཁ་ཞལ་ལས་ཤེས༔ དེ་ནས་གསོལ་མཆོད་བྱ་བ་ལ༔ སྐྱེམས་ཕུད་འབྱོར་ཚོགས་བཤམས་ནས་སུ༔ རཾ་ཡཾ་ཁཾ་གིས་དྲི་མ་སྦྱང་༔ ཨ་མྲྀ་ཏ་ཡིས་བདུད་རྩིར་བསྒྱུར༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ༔ ཛཿ ནམ་མཁའི་ཀློང་དང་ཆོས་འཁོར་དབེན༔ དུར་ཁྲོད་རྩུབ་འགྱུར་ཁྲག་མཚོའི་ཀློང་༔ ཀུན་ཏུ་མ་ངེས་གནས་རྒྱུ་བའི༔ བཀའ་སྲུང་དྲང་སྲོང་རཱ་ཧུ་ལ༔ སྲོག་གི་སྤུ་གྲི་གཤེགས་སུ་གསོལ༔ རྡོ་རྗེ་འཛིན་རྒྱལ་པད་འབྱུང་གི༔ ཐ་ཚིག་གཉན་པོས་འབོད་སྒྲུབ་ཀྱིས༔ མ་ཐོགས་གནས་འདིར་གཤེགས་སུ་གསོལ༔ བདག་གི་སྲུང་མར་མངའ་གསོལ་ལོ༔ ཇ་ཆང་སྐྱེམས་ཕུད་དམར་གཏོར་དང་༔ ཤ་སྣ་སྙིང་སྣ་ཁྲག་སྣ་ཚོགས༔ དར་ཟབ་གཅན་གཟན་རས་མ་དང་༔ བརྟེན་རྫས་སྒྲུབ་རྫས་བསྐང་རྫས་དང་༔ རི་དྭགས་གཡུང་དྭགས་ཆུ་གནས་དང་༔ བྱ་རིགས་གཅན་གཟན་རིན་ཆེན་སྨན༔ མཐུན་རྫས་མཆོད་རྫས་སྣ་ཚོགས་ཀྱིས༔ གཟའ་བདུད་དུག་གི་སྤུ་གྲི་མཆོད༔ སྤྲུལ་པའི་གཟའ་བརྒྱད་གདོང་བཅས་མཆོད༔ རྒྱུ་སྐར་ཉེར་བརྒྱད་སྡེ་བརྒྱད་ཚོགས༔ མ་ལུས་འཁོར་བཅས་གསོལ་ལོ་མཆོད༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ལ༔ དབྱེར་མེད་གྲོགས་མཛོད་བསམ་དོན་སྒྲུབས༔ བཀྲ་ཤིས་བདེ་ལེགས་འཕེལ་རྒྱས་ཤིང་༔ འཁུ་ལྡོག་གདུག་རྩུབ་མ་མཛད་ཅིག༔ དམ་ཚིག་གཉན་ལས་མ་འདའ་བར༔ ཅི་བཅོལ་ཕྲིན་ལས་མྱུར་འགྲུབ་མཛོད༔ འདི་ནི་ཟླ་གཅིག་བསྒྲུབ་པས་འགྲུབ༔ འོད་འཁྱུགས་མེ་སྟག་འཕྲོ་བ་འབྱུང་༔ དམ་བསྒྲག་ཡི་དམ་སྔགས་ཀྱིས་གཟིར༔ རྡོ་རྗེའི་དམ་ཚིག་བདུད་རྩི་བྲན༔ ས་མ་ཡ༔ འདི་བསྒྲུབ་དམ་ལྡན་རྣལ་འབྱོར་གྱིས༔ མངོན་སྤྱོད་ལས་ཀུན་ཐོགས་མེད་འགྲུབ༔ མཐུ་ཡི་གྲགས་པས་ས་སྟེང་ཁྱབ༔ ལོག་པར་འདྲེན་པ་ཚར་གཅོད་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཀའ་སྲུང་དམ་ཅན་རྒྱ་མཚོས་སྲུངས༔ གཤེ་སྐུར་མཁན་ལ་ཆད་པ་ཕོབ༔ ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་ཡིག་མེད་ནམ་མཁའི་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེ་པ་ནི་ཆོས་ཀྱི་རྡོ་རྗེའོ། །དགེའོ།། །། ནྂ༎༔ གཟའ་བདུད་རྒྱལ་པོའི་བསྐང་གསོལ་ནི༔ ཛཿ ཆེ་མཆོག་ཕྱག་རྡོར་པད་འབྱུང་སོགས༔ རིག་འཛིན་བརྒྱུད་པའི་ཐ་ཚིག་གིས༔ འབོད་དོ་གཟའ་བདུད་ཡུམ་སྤྲུལ་འཁོར༔ འདིར་བྱོན་སྐྱེམས་གཏོར་མཐུན་རྫས་འབུལ༔ འཁོར་དང་བཅས་པའི་ཐུགས་དམ་བསྐང་༔ རྟེན་འདིར་རྟེན་ཆོས་གྲོགས་མཛོད་ལ༔ བདག་སྲུངས་ཕྲིན་ལས་རབ་འབྱམས་སྒྲུབས༔ དགྲ་བགེགས་སྒྲོལ་ཅིག་ས་མ་ཡ༔ ཅི་མང་བཟླས་པས་འདོད་དོན་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གྲངས་གསོག་རྒྱུར་གཟའ་ནག་ལས་ཁོལ་དུ་ཕྱུངས་པའོ།། །།