DUDJOM-THROMA-040: Difference between revisions
No edit summary |
No edit summary |
||
| (One intermediate revision by the same user not shown) | |||
| Line 19: | Line 19: | ||
|language=Tibetan | |language=Tibetan | ||
|volumenumber=1 | |volumenumber=1 | ||
|volnumtib=༡ | |||
|volyigtib=ཕྚ༔ | |||
|totalvolumes=1 | |||
|textnuminvol=040 | |textnuminvol=040 | ||
|pagenumbers=303-316 | |pagenumbers=303-316 | ||
| Line 38: | Line 41: | ||
ཕྚ༔ ({{TibChung|བརྡ་ཡིག་}}) {{TibChung|དམར་གཏོར་ཤ་ཁྲག་སྣ་ཚོགས་བཤམས༔ འགུག་གཞུག་བསྟིམས་ཤིང་བྱིན་བརླབས་ཏེ༔ མ་མོ་མཁའ་འགྲོ་བསྐུལ་བར་བྱ༔ དུས་ནི་དགྲ་བགེགས་བྱུང་བའི་ཚེ༔ ལས་ཀ་རྣལ་འབྱོར་དག་གི་ལས༔ སུ་ལ་མ་སྤེལ་སྙིང་ལ་སྦོས༔}} ཕཊ་ཕཊ་ཕཊ༔ ཆོས་དབྱིངས་དབུས་མཐའ་བྲལ་བའི་ཞིང་༔ འོག་མིན་བདེ་བ་ཆེན་པོ་ནས༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ཤིག༔ ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ དྲག་པོ་མངོན་སྤྱོད་ལས་མཛད་ཕྱིར༔ མ་ཁྲོས་མ་ནག་མོ་སྐུར་བཞེངས་ཤིག༔ རྣལ་འབྱོར་སྒྲུབ་པའི་གྲོགས་ལ་བྱོན༔ ལྷུན་གྲུབ་འགགས་མེད་ཞིང་ཁམས་ནས༔ རྡོ་རྗེ་ཕག་མོ་སྐུར་བཞེངས་ཤིག༔ ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ གཟུགས་སྐུས་འགྲོ་དོན་མཛད་ཕྱིར་རོལ༔ མ་ཁྲོས་མ་ནག་མོ་སྐུར་བཞེངས་ཤིག༔ ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ ཕྱོགས་མེད་ཐུགས་རྗེའི་ཞིང་ཁམས་ནས༔ དུར་ཁྲོད་རོལ་པའི་གཞལ་ཡས་སུ༔ ཁྲོས་མ་ནག་མོ་སྐུར་བཞེངས་ཤིག༔ ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ དགྲ་བགེགས་རྡུལ་དུ་བརླག་པའི་ཕྱིར༔ མ་འཁོར་དང་བཅས་པ་གཤེགས་སུ་གསོལ༔ ཤ་ཁྲག་དམར་གྱི་གཏོར་མ་རོལ༔ ཕཊ༔ མ་ཤར་ཕྱོགས་རབ་འཇིགས་དུར་ཁྲོད་ནས༔ རྡོ་རྗེ་མཁའ་འགྲོ་བྱེ་བ་འབུམ༔ དབྱིངས་ལས་སྐུར་བཞེངས་འདིར་གཤེགས་ཤིག༔ ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ ཤ་ཁྲག་དམར་གྱི༴ ཕཊ༔ མ་ལྷོ་ཕྱོགས་ལྷུན་གྲུབ་དུར་ཁྲོད་ནས༔ རིན་ཆེན་མཁའ་འགྲོ་སྐུར་བཞེངས་ཤིག༔ མཁའ་འགྲོ་བྱེ་བ་འབུམ་དང་བཅས༔ ཐུགས་དམ་གནད་བསྐུལ་འདིར་གཤེགས་ཤིག༔ ཤ་ཁྲག་དམར་གྱི༴ ཕཊ༔ མ་ནུབ་ཕྱོགས་པད་བརྩེགས་དུར་ཁྲོད་ནས༔ པདྨ་མཁའ་འགྲོ་བྱེ་བ་འབུམ༔ ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ སྐད་ཅིག་གནས་འདིར་གཤེགས་སུ་གསོལ༔ ཤ་ཁྲག་དམར་གྱི༴ ཕཊ༔ མ་བྱང་ཕྱོགས་གསོད་བྱེད་དུར་ཁྲོད་ནས༔ ལས་ཀྱི་མཁའ་འགྲོ་བྱེ་བ་འབུམ༔ མ་གཡེལ་ཐུགས་དམ་གནད་ནས་བསྐུལ༔ ཤ་ཁྲག་དམར་གྱི༴ དྲག་པོ་མངོན་སྤྱོད་དུས་ལ་བབ༔ ཕཊ༔ མ་དབུས་ཕྱོགས་རང་བྱུང་དུར་ཁྲོད་ནས༔ སངས་རྒྱས་མཁའ་འགྲོ་བྱེ་བ་འབུམ༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ དབྱིངས་ལས་དྲག་མོའི་སྐུར་བཞེངས་ཤིག༔ འདིར་གཤེགས་དགྲ་བགེགས་འགུགས་སྒྲོལ་མཛོད༔ ཕྲིན་ལས་མཛོད་ཅིག་གནད་ནས་བསྐུལ༔ ཤ་ཁྲག་དམར་གྱི༴ ཕཊ༔ མ་རིགས་ལྔའི་མཁའ་འགྲོ་དབྱིངས་ཀྱི་ཡུམ༔ བྱེ་བ་དུང་ཕྱུར་སྤྲུལ་པའི་འཁོར༔ མ་ལུས་ཐུགས་དམ་གནད་ནས་བསྐུལ༔ དྲག་པོའི་སྐུར་བཞེངས་འདིར་གཤེགས་ལ༔ ཤ་ཁྲག་དམར་གྱི་གཏོར་མ་རོལ༔ ཡིད་ལ་བརྣག་པའི་དགྲ་དང་བགེགས༔ མ་ཤོར་བརླག་པའི་ཕྲིན་ལས་མཛོད༔ ཕཊ༔ ཤར་ལྷོ་འགུགས་མཛད་ལྕགས་ཀྱུ་མ༔ དཀར་མོ་བྱེ་བ་འབུམ་དང་བཅས༔ ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ འདིར་གཤེགས་ཤ་ཁྲག་དམར་གཏོར་རོལ༔ ཕཊ༔ ལྷོ་ནུབ་འཆིང་བྱེད་ཞགས་པ་མ༔ སེར་མོ་བྱེ་བ་འབུམ་དང་བཅས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ ཤ་ཁྲག་དམར་གྱི་གཏོར་མ་རོལ༔ ཕཊ༔ ནུབ་བྱང་སྡོམ་བྱེད་ལྕགས་སྒྲོག་མ༔ དམར་མོ་བྱེ་བ་འབུམ་དང་བཅས༔ འདིར་གཤེགས་དམར་གྱི་གཏོར་མ་རོལ༔ དགྲ་བགེགས་སྒྲོལ་ཕྱིར་ཐུགས་དམ་བསྐུལ༔ ཕཊ༔ བྱང་ཤར་འབེབས་བྱེད་དྲིལ་བུ་མ༔ ལྗང་མོ་བྱེ་བ་འབུམ་དང་བཅས༔ མ་གཡེལ་ཐུགས་དམ་གནད་ནས་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་རོལ༔ ཕཊ༔ ལས་བཞིའི་མཁའ་འགྲོ་བྱེ་བ་ཕྲག༔ ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ རྣལ་འབྱོར་ཕྲིན་ལས་བསྒྲུབ་པའི་ཕྱིར༔ མ་ཐོགས་མྱུར་དུ་སྐུར་བཞེངས་ཤིག༔ ཤ་ཁྲག་དམར་གྱི་གཏོར་མ་རོལ༔ ཡིད་ལ་བརྣག་པའི་དགྲ་དང་བགེགས༔ མངོན་སྤྱོད་དྲག་པོའི་ལས་ཀྱིས་སྒྲོལ༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ ཕཊ༔ མ་ཁྲོས་མའི་ཐུགས་ལས་སྤྲུལ་པའི་སྲས༔ དཀར་མོ་རྣམ་རྒྱལ་ཤ་ཟ་འབུམ༔ དབྱིངས་ལས་སྐུར་བཞེངས་ཐུགས་དམ་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་རོལ༔ ཕཊ༔ མ་ཁྲོས་མའི་ཡོན་ཏན་སྤྲུལ་པའི་སྲས༔ སེར་མོ་དོན་གྲུབ་ཁྲག་འཐུང་འབུམ༔ དབྱིངས་ལས་སྐུར་བཞེངས་ཐུགས་དམ་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་རོལ༔ ཕཊ༔ མ་ཁྲོས་མའི་གསུང་ལས་སྤྲུལ་པའི་སྲས༔ དམར་མོ་རྐང་ལྡག་རུས་འཆའ་འབུམ༔ དབྱིངས་ལས་སྐུར་བཞེངས་ཐུགས་དམ་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་རོལ༔ ཕཊ༔ མ་ཁྲོས་མའི་ཕྲིན་ལས་སྤྲུལ་པའི་སྲས༔ ལྗང་མོ་དབུགས་ལེན་སྲོག་བཅོད་འབུམ༔ དབྱིངས་ལས་སྐུར་བཞེངས་ཐུགས་དམ་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་རོལ༔ ཕཊ༔ མ་ཕྲིན་ལས་མྱུར་མཛད་ལས་བྱེད་བཞི༔ ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་རོལ༔ སྤྲུལ་པས་སྟོང་གསུམ་ཁྱབ་པར་མཛོད༔ གནོད་པའི་བགེགས་ལ་ལས་མཛོད་ཅིག༔ ཕྲིན་ལས་མཛོད་ཅིག་ས་མ་ཡ༔ ཕཊ༔ ཤར་ཕྱོགས་ཞི་བའི་དཀྱིལ་འཁོར་ནས༔ ཞེ་སྡང་གཟུགས་ཀྱིས་ཞེ་སྡང་འཇོམས༔ དཀར་མོ་མ་བདུན་ཐུགས་དམ་བསྐུལ༔ ཤ་ཁྲག་དམར་གྱི༴ ཤར་ཕྱོགས་དགྲ་བགེགས་རྡུལ་དུ་རློག༔ ཕཊ༔ ལྷོ་ཕྱོགས་རྒྱས་པའི་དཀྱིལ་འཁོར་ནས༔ ང་རྒྱལ་གཟུགས་ཀྱིས་ང་རྒྱལ་འཇོམས༔ སེར་མོ་མ་བདུན་ཐུགས་དམ་བསྐུལ༔ ཤ་ཁྲག་དམར་གྱི༴ ལྷོ་ཕྱོགས་དགྲ་བགེགས༴ ཕཊ༔ ནུབ་ཕྱོགས་དབང་གི་དཀྱིལ་འཁོར་ནས༔ འདོད་ཆགས་གཟུགས་ཀྱིས་འདོད་ཆགས་འཇོམས༔ དམར་མོ་མ་བདུན་ཐུགས་དམ་བསྐུལ༔ ཤ་ཁྲག་དམར་གྱི༴ ནུབ་ཕྱོགས་དགྲ་བགེགས༴ ཕཊ༔ བྱང་ཕྱོགས་དྲག་པོའི་དཀྱིལ་འཁོར་ནས༔ ཕྲག་དོག་གཟུགས་ཀྱིས་ཕྲག་དོག་འཇོམས༔ ལྗང་མོ་མ་བདུན་ཐུགས་དམ་བསྐུལ༔ ཤ་ཁྲག་དམར་གྱི༴ བྱང་ཕྱོགས་དགྲ་བགེགས༴ ཕཊ༔ དབྱིངས་ཀྱི་ཡུམ་ཆེན་སྤྲུལ་པའི་སྲས༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཚོགས༔ བསྟན་དང་འགྲོ་བའི་དོན་མཛད་ཕྱིར༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ལ༔ ཤ་ཁྲག་དམར་གྱི་གཏོར་མ་རོལ༔ ཡིད་ལ་བརྣག་པའི་དགྲ་བགེགས་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ བསྟན་ལ་སྡང་བའི་དགྲ་དར་ན༔ མཐུ་རྩལ་དྲག་པོའི་རྩལ་ཤུགས་ཕྱུང་༔ སྒྲུབ་ལ་བར་ཆད་བྱེད་པའི་བདུད༔ ད་ལྟ་ཉིད་དུ་མི་བསྒྲལ་ན༔ ཆོས་ཉིད་བདེན་པས་བསླུས་སམ་ཅི༔ བསྐུལ་བའི་ལས་ལ་གཡེལ་བ་ན༔ རྒྱུ་འབྲས་བདེན་པ་གསོད་དམ་ཅི༔ སྒྲུབ་ལ་དངོས་གྲུབ་མི་སྟེར་ན༔ རིམ་གཉིས་བསྒོམ་པ་དོན་མེད་དམ༔ དབྱིངས་བཞུགས་ཡེ་ཤེས་མཁའ་འགྲོའི་ཚོགས༔ རང་རྒྱལ་བསེ་རུ་མ་མཛད་པར༔ བརྒྱུད་འཛིན་རྗེས་སུ་བཟུང་རེ་རན༔ ཞི་དང་རྒྱས་དང་དབང་དང་དྲག༔ བཀུག་བསྐྲད་མནན་གཟིར་ལས་ལ་བསྐུལ༔ ཕཊ༔ ཛཿ མཁའ་སྤྱོད་སྤྲུལ་པའི་གནས་མཆོག་ནི༔ ཉི་ཤུ་རྩ་བཞི་ཡུལ་སོ་གཉིས༔ དུར་ཁྲོད་བརྒྱད་དང་ཧེ་རུ་ཀའི༔ གནས་མཆོག་བཅུ་རུ་དབང་བསྒྱུར་བའི༔ མཁའ་འགྲོ་དང་ནི་མཁའ་འགྲོ་མ༔ བྱེ་བ་དུང་ཕྱུར་བསམ་ལས་འདས༔ ལ་ལ་ཡེ་ཤེས་དབྱིངས་ཀྱི་ཡུམ༔ ལ་ལ་ལེགས་ཉེས་སྟངས་འཛིན་མཁན༔ ལ་ལ་དམ་ཚིག་རྗེས་གཅོད་མ༔ ལ་ལ་སྐྱེ་འགྲོའི་སྲོག་ལ་དབང་༔ ལ་ལ་སྲིད་པའི་ལས་གཉེར་འཛིན༔ ལ་ལ་ཤ་ཟ་རྔམ་བྱེད་མ༔ ལ་ལ་ཁྲག་འཐུང་འཇིགས་བྱེད་མ༔ ལ་ལ་དབུགས་ལེན་སྲོག་འཕྲོག་མ༔ ལ་ལ་ཞི་བའི་ངང་ཚུལ་ཅན༔ ལ་ལ་དྲག་མོ་ཁྲོ་གཏུམ་མ༔ ལ་ལ་བུད་མེད་ཚུལ་འཆང་མ༔ སྣང་བ་ཐབས་ཀྱི་རང་བཞིན་ལ༔ བདེ་དང་སྟོང་པའི་རྒྱས་འདེབས་མ༔ མ་འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ བསྐུལ་ལོ་ཐུགས་དམ་གཉན་པོ་བསྐུལ༔ དབྱིངས་ལས་སྐུར་བཞེངས་འདིར་གཤེགས་ལ༔ ཤ་ཁྲག་དམར་གྱི་གཏོར་མ་བཞེས༔ སྡང་བར་བྱེད་པའི་དགྲ་བོ་དང་༔ གནོད་པར་བྱེད་པའི་བགེགས་ཚོགས་ལ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་མཛོད༔ དད་པ་དང་ནི་དམ་ཚིག་གིས༔ བསྐུལ་ཞིང་རྦད་པའི་ལས་ལ་དགོངས༔ ཛཿ དཔལ་མགོན་བདུན་ཅུ་རྩ་ལྔ་དང་༔ ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི༔ དམ་ཚིག་གཉན་གྱིས་ཐུགས་དམ་བསྐུལ༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ སྡང་བའི་དགྲ་ལ་རྟགས་ཕྱུངས་ཤིག༔ གནོད་པའི་བགེགས་ལ་ལས་མཛོད་ཅིག༔ རྣལ་འབྱོར་བདག་གི་དཔུང་མཛོད་ཅིག༔ ཕཊ༔ དྲེགས་པའི་སྡེ་དཔོན་སུམ་ཅུ་དང་༔ དྲེགས་ཆེན་བཅོ་བརྒྱད་སྡེ་བརྒྱད་ཚོགས༔ འཛམ་གླིང་བརྟན་མ་བཅུ་གཉིས་དང་༔ སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ དམ་ཚིག་གཉན་གྱིས་ཐུགས་དམ་བསྐུལ༔ འདིར་གཤེགས་དམར་གྱི་གཏོར་མ་བཞེས༔ དམ་རྫས་རྒྱན་གྱི་གཏོར་མ་རོལ༔ སྡང་བའི་དགྲ་ལ་རྟགས་ཕྱུངས་ཤིག༔ གནོད་པའི་བགེགས་ལ་ལས་མཛོད་ཅིག༔ ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི༔ དགྲ་བགེགས་གནོད་བྱེད་ལོག་འདྲེན་ཚོགས༔ སྟེང་འོག་བར་གསུམ་གར་གནས་ཀྱང་༔ རང་དབང་མེད་པར་ཁུག་ལ་ཤོག༔ གཟུགས་བྱང་རཱུ་པ་འདི་ལ་ཁུག༔ མིང་ཡིག་བྱང་བུ་འདི་ལ་ཁུག༔ བསྟན་ལ་སྡང་བའི་དགྲ་བོ་ཡི༔ འོག་རྟ་ཆུང་མ་བུ་འཁོར་དང་༔ དཀོར་ནོར་ཤ་ཁྲག་སྲོག་དབུགས་བཅས༔ ཁྱེད་ཅག་རྣམས་ལ་ཟས་སྐལ་གཏད༔ རྗེས་ཤུལ་ཙམ་ཡང་མེད་པར་མཛོད༔ ཕཊ་ཕཊ་ཕཊ༔ ཤར་ཕྱོགས་འོ་མའི་རྒྱ་མཚོ་ན༔ འོག་ཕྱོགས་ཀླུ་ལ་དབང་མཛད་པ༔ ཀླུ་རྒྱལ་མི་མགོན་དཀར་པོ་ནི༔ ཀླུ་བརྒྱད་ས་བདག་གཉན་སྡེར་བཅས༔ དམ་ཚིག་གཉན་གྱིས་ཐུགས་དམ་བསྐུལ༔ སྐད་ཅིག་ཡུད་ཀྱིས་འདིར་གཤེགས་ལ༔ དམ་རྫས་རྒྱན་གྱི་གཏོར་མ་བཞེས༔ ཆོས་ཤིག་སྡང་བའི་དགྲ་ལ་ཆོས༔ རྒྱུག་ཅིག་དམ་ཉམས་དགྲ་ལ་རྒྱུག༔ སོད་ཅིག་བརྣག་པའི་དགྲ་བོ་སོད༔ མཚན་ལྡན་བླ་མའི་སྐུ་དགྲ་དང་༔ སངས་རྒྱས་ཆོས་ཀྱི་བསྟན་བཤིག་དང་༔ ལྟ་བ་ལོག་པའི་རཱུ་དྲ་དང་༔ བདག་གི་བརྣག་པའི་དགྲ་འདི་དག༔ འཛམ་གླིང་གང་ན་གནས་གྱུར་ཀྱང་༔ མཛེ་ནད་རེངས་ལྐུག་ལྷོག་རྒོད་ཐོབ༔ རྗེས་ཤུལ་ཙམ་ཡང་མེད་པར་མཛོད༔ འཛམ་གླིང་ས་ལ་ཁྱོད་དབང་ཆེ༔ ས་ཡི་སྟེང་དུ་མ་བཞག་ཅིག༔ རྒྱ་མཚོ་ཆུ་ལ་ཁྱེད་དབང་ཡོད༔ ཆུ་རྣམས་སྐོམ་དུ་བཏུང་མ་བཅུག༔ དམ་ལས་མ་འདའ་དམ་ཚིག་ཅན༔ བསྐུལ་བའི་ལས་ལ་མ་གཡེལ་རེམ༔ བརྣག་པའི་ལས་ལ་མཐུ་མ་ཆུང་༔ བཅོལ་བའི་ལས་ལ་བང་མ་བུལ༔ བསད་རྦད་ལས་ལ་མཐུ་མ་ཆུང་༔ ནཱ་ག་རཱ་ཛ་ས་མ་ཡ༔ ཕཊ༔ ལྷོ་ཕྱོགས་ལྕགས་མཁར་དགུ་རིམ་ནས༔ གཤིན་རྗེ་ཡ་མ་རཱ་ཛ་དང་༔ ལས་མཁན་བཀའ་སྡོད་བྱེ་བ་འབུམ༔ དམ་ཚིག་གཉན་གྱིས་ཐུགས་དམ་བསྐུལ༔ མ་གཡེལ་མ་འགྱངས་འདིར་གཤེགས་ལ༔ ཤ་ཁྲག་དམར་གྱི་གཏོར་མ་བཞེས༔ ཆོས་ཆོས་སྡང་བའི་དགྲ་ལ་ཆོས༔ དགྲ་དཔུང་བདུན་བརྒྱུད་རྩད་ནས་ཆོད༔ རྒྱུག་རྒྱུག་སྡང་བའི་དགྲ་ལ་རྒྱུག༔ རྗེས་ཤུལ་མེད་པར་བརླག་པར་གྱིས༔ སྡང་བའི་དགྲ་བོ་དམ་ཉམས་འདི༔ སྟོང་གསུམ་སྲིད་པ་གར་ཡོད་ཀྱང་༔ མཐའ་རྩ་སྐྱེ་བརྒྱུད་ལས་མཐའ་བསྟུང་༔ སྐྱེ་འགྲོའི་སྲོག་ལ་ཁྱོད་དབང་ཆེ༔ དགྲ་བོ་ལོ་ཟླར་མ་བཞག་པར༔ ཞག་དང་ཟ་མར་མྱུར་དུ་སྒྲོལ༔ ཚེ་སྲོག་ཁ་རྗེ་དབང་ཐང་བཅས༔ སྲུང་མ་ཁྱོད་ཀྱི་ཟས་སྐལ་གྱིས༔ དམ་ལས་མ་འདའ་དམ་ཚིག་ཅན༔ བཅོལ་བའི་ལས་འདི་མྱུར་དུ་སྒྲུབས༔ ཡ་མ་རཱ་ཛ་ས་མ་ཡ༔ ཕཊ༔ ནུབ་ཕྱོགས་བཙན་མཁར་དམར་པོ་ནས༔ བཙན་དམར་སྲོག་གི་ཤན་པ་ཁྱོད༔ དད་དང་དམ་ཚིག་གཉན་གྱིས་བསྐུལ༔ མ་གཡེལ་མ་འགྱངས་འདིར་གཤེགས་ལ༔ ཤ་ཁྲག་དམར་གྱི་གཏོར་མ་བཞེས༔ བདག་ནི་རྣལ་འབྱོར་སྒྲུབ་པ་པོས༔ དམ་ཅན་ཁྱོད་ནི་གྲོགས་སུ་བསྟེན༔ བསྟན་ལ་སྡང་བའི་དགྲ་བོ་དང་༔ ཡིད་ལ་བརྣག་པའི་དམ་ཉམས་ལ༔ མི་སྡུག་རྟགས་དང་མཚན་མ་སྟོན༔ རྒྱུག་ཅིག་ཆོས་ཤིག་ལས་ལ་ཡ༔ རྦད་བསྐུལ་དྲག་པོའི་ལས་ལ་རེམ༔ ཙ་ཏྲི་ཤུ་ལ་ས་མ་ཡ༔ ཕཊ༔ བྱང་ཕྱོགས་ཁྲག་མཚོ་འཁྱིལ་བའི་ཀློང་༔ མ་ཅིག་དཔལ་ལྡན་རེ་མ་ཏཱི༔ སྲིད་པ་མ་མོའི་དཀྱིལ་འཁོར་བཅས༔ དམ་ཚིག་ཐུགས་དམ་གནད་བསྐུལ་གྱི༔ སྐད་ཅིག་ཡུད་ཀྱིས་འདིར་གཤེགས་ལ༔ ཤ་ཁྲག་དམར་གྱི་གཏོར་མ་རོལ༔ ལས་ལ་མ་གཡེལ་བང་མ་བུལ༔ མཐུ་མ་ཆུང་ལ་རྩལ་མ་ཞན༔ བསྟན་པ་གཉན་ལ་དགྲ་དར་ན༔ མ་མོ་མཁའ་འགྲོ་སྙིང་མ་རིང་༔ རྣལ་འབྱོར་སྒྲུབ་ལ་བར་གཅོད་པའི༔ དམ་ཉམས་སྡང་བའི་དགྲ་བོ་ལ༔ མྱུར་དུ་ཆོས་ལ་རབ་ཏུ་རྒྱུག༔ ཆེ་འབྲིང་ཆུང་གསུམ་འཁོར་དཀོར་ནོར༔ མ་ལུས་མིང་ཙམ་མེད་པར་མཛོད༔ བདག་ལ་སྡང་བའི་དགྲ་བོ་འདི༔ སྣང་སྲིད་གར་ཡོད་གར་གནས་ཀྱང་༔ ཁྱོད་ཀྱིས་ཤེས་བཞིན་དགོངས་མཛོད་ལ༔ ནད་དང་རིམས་ཀྱི་དལ་ཁ་ཐོབ༔ ཐལ་བའི་རྡུལ་དུ་བརླག་པར་མཛོད༔ མ་མ་བཛྲ་ས་མ་ཡ༔ ཧཱུྃ་ཛ༔ མ་མོ་ནག་མོའི་དུས་ལ་བབ༔ ཀླུ་རྒྱལ་ཆེན་པོའི་དུས་ལ་བབ༔ ཡ་མ་རཱ་ཛའི་དུས་ལ་བབ༔ བཙན་རྒོད་ཆེན་པོའི་དུས༴ ཁྱེད་ཅག་དམ་ཚིག་དུས༴ དབྱིངས་ནས་བཞེངས་པའི་དུས༴ སྤྲུལ་པ་འགྱེད་པའི་དུས༴ མཐུ་རྩལ་ཕྱུང་བའི་དུས༴ དམག་དཔུང་བསྐྱེད་པའི་དུས་ལ་བབ༔ ངས་ནི་རྩ་གསུམ་དཀྱིལ་འཁོར་བསྒྲུབ༔ ལུས་ངག་ཡིད་གསུམ་དགེ་ལ་སྦྱོར༔ མ་ཉེས་བདེ་བར་འདུག་པ་ལ༔ དགྲ་བོ་འདི་ཡིས་ཆད་པས་མནར༔ ད་ནི་ལྷ་དང་སྲུང་མར་འབོད༔ དཔུང་ཤུགས་རྒྱབ་བརྟེན་ཡོད་དམ་མེད༔ སྔོན་ཚེ་སྤྱི་དཔལ་ཆེན་པོའི་བཀའ༔ བར་དུ་རྡོ་རྗེ་འཆང་གི་བཀའ༔ ཐ་མ་ཨོ་རྒྱན་ཆེན་པོའི་བཀའ༔ དེ་རྗེས་རིག་འཛིན་བརྒྱུད་པའི་བཀའ༔ ད་ལྟ་རྣལ་འབྱོར་བདག་གི་བཀའ༔ བཀའ་དང་དམ་ཚིག་དེ་ཡིས་བསྐུལ༔ ནམ་མཁར་སྤྲིན་བཞིན་གཏིབས་ལ་སོང་༔ བར་སྣང་རླུང་ལྟར་གཡོས་ལ་སོང་༔ ས་གཞིར་སེར་ལྟར་ཕོབ་ལ་སོང་༔ དགྲ་བོའི་ཕོ་རྣམས་སྦུབས་ཏེ་སོད༔ དགྲ་བོའི་མོ་རྣམས་གན་རྐྱལ་སོད༔ ནད་མུག་མཚོན་གྱི་དལ་ཁ་ཐོབ༔ རྗེས་ཤུལ་ལྷག་མ་མེད་པར་མཛོད༔ ཡུལ་དང་ཞིང་ཁང་ནོར་རྫས་ལ༔ ཟ་ངུ་འཐུང་ངུ་དྲག་རྔམས་གྱིས༔ སྲུང་སྐྱོབ་མགོན་བྱེད་དག་དང་ཕྲོལ༔ མ་གཡེལ་མ་འགྱངས་ས་མ་ཡ༔ མཿ ཡཿ ནཿ ཙཿ ས་མ་ཡ་དགྲ་ལ་རྦད་བྷྱོ་ཐུན་བྷྱོ་རྒྱུག་བྷྱོ་ཕཊ་ཕཊ་ཕཊ༔ {{TibChung|ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བསྟན་སྲུང་རྣམ་བཞིའི་དྲག་བསྐུལ་འདི༔ རང་ལ་རྒོལ་བ་མ་བྱུང་ན༔ གཞན་གྱི་དོན་དུ་བྱ་བ་མིན༔ རྡོ་རྗེ་གསུམ་གྱི་དམ་རྒྱ་ཡོད༔ སུ་ལ་མ་སྤེལ་སྙིང་ལ་འཆོངས༔ ནམ་ཕྱེད་གཏོར་མ་དགྲ་ཕྱོགས་བོར༔ དགྲ་དཔུང་རྡོ་རྗེ་ཡིན་ཀྱང་འཇིག༔ རིག་འཛིན་བརྒྱུད་པའི་བཀའ་རྟགས་ཡིན༔ མཁའ་འགྲོ་འབུམ་གྱི་ཁ་རླངས་ཡིན༔ བཀའ་སྲུང་དམ་ཅན་སྙིང་ཁྲག་ཡིན༔ ཟགས་སུ་མ་འཇུག་སྐལ་ལྡན་རྣམས༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ དྲང་སྲོག་གཟའ་བདུད་རྒྱལ་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ བཀའ་དང་ཐ་ཚིག་གཉན་པོའི་རྒྱ༔ བརྡ་ཐིམ༔ ཁྲག་འཐུང་རྡོ་རྗེ་གྲོ་ལོད་ཀྱིས། །འོད་གསལ་ཆོས་སྐུའི་བྲག་ནས་བཏོན། །ཀློང་བརྡོལ་རིག་པའི་སྒྲོམ་ནས་བཤུས། །ཡི་གེ་ཆོས་ཀྱི་རྡོ་རྗེས་བྲིས། །དགེའོ། །དགེའོ།། །།}} }} | ཕྚ༔ ({{TibChung|བརྡ་ཡིག་}}) {{TibChung|དམར་གཏོར་ཤ་ཁྲག་སྣ་ཚོགས་བཤམས༔ འགུག་གཞུག་བསྟིམས་ཤིང་བྱིན་བརླབས་ཏེ༔ མ་མོ་མཁའ་འགྲོ་བསྐུལ་བར་བྱ༔ དུས་ནི་དགྲ་བགེགས་བྱུང་བའི་ཚེ༔ ལས་ཀ་རྣལ་འབྱོར་དག་གི་ལས༔ སུ་ལ་མ་སྤེལ་སྙིང་ལ་སྦོས༔}} ཕཊ་ཕཊ་ཕཊ༔ ཆོས་དབྱིངས་དབུས་མཐའ་བྲལ་བའི་ཞིང་༔ འོག་མིན་བདེ་བ་ཆེན་པོ་ནས༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ཤིག༔ ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ དྲག་པོ་མངོན་སྤྱོད་ལས་མཛད་ཕྱིར༔ མ་ཁྲོས་མ་ནག་མོ་སྐུར་བཞེངས་ཤིག༔ རྣལ་འབྱོར་སྒྲུབ་པའི་གྲོགས་ལ་བྱོན༔ ལྷུན་གྲུབ་འགགས་མེད་ཞིང་ཁམས་ནས༔ རྡོ་རྗེ་ཕག་མོ་སྐུར་བཞེངས་ཤིག༔ ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ གཟུགས་སྐུས་འགྲོ་དོན་མཛད་ཕྱིར་རོལ༔ མ་ཁྲོས་མ་ནག་མོ་སྐུར་བཞེངས་ཤིག༔ ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ ཕྱོགས་མེད་ཐུགས་རྗེའི་ཞིང་ཁམས་ནས༔ དུར་ཁྲོད་རོལ་པའི་གཞལ་ཡས་སུ༔ ཁྲོས་མ་ནག་མོ་སྐུར་བཞེངས་ཤིག༔ ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ དགྲ་བགེགས་རྡུལ་དུ་བརླག་པའི་ཕྱིར༔ མ་འཁོར་དང་བཅས་པ་གཤེགས་སུ་གསོལ༔ ཤ་ཁྲག་དམར་གྱི་གཏོར་མ་རོལ༔ ཕཊ༔ མ་ཤར་ཕྱོགས་རབ་འཇིགས་དུར་ཁྲོད་ནས༔ རྡོ་རྗེ་མཁའ་འགྲོ་བྱེ་བ་འབུམ༔ དབྱིངས་ལས་སྐུར་བཞེངས་འདིར་གཤེགས་ཤིག༔ ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ ཤ་ཁྲག་དམར་གྱི༴ ཕཊ༔ མ་ལྷོ་ཕྱོགས་ལྷུན་གྲུབ་དུར་ཁྲོད་ནས༔ རིན་ཆེན་མཁའ་འགྲོ་སྐུར་བཞེངས་ཤིག༔ མཁའ་འགྲོ་བྱེ་བ་འབུམ་དང་བཅས༔ ཐུགས་དམ་གནད་བསྐུལ་འདིར་གཤེགས་ཤིག༔ ཤ་ཁྲག་དམར་གྱི༴ ཕཊ༔ མ་ནུབ་ཕྱོགས་པད་བརྩེགས་དུར་ཁྲོད་ནས༔ པདྨ་མཁའ་འགྲོ་བྱེ་བ་འབུམ༔ ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ སྐད་ཅིག་གནས་འདིར་གཤེགས་སུ་གསོལ༔ ཤ་ཁྲག་དམར་གྱི༴ ཕཊ༔ མ་བྱང་ཕྱོགས་གསོད་བྱེད་དུར་ཁྲོད་ནས༔ ལས་ཀྱི་མཁའ་འགྲོ་བྱེ་བ་འབུམ༔ མ་གཡེལ་ཐུགས་དམ་གནད་ནས་བསྐུལ༔ ཤ་ཁྲག་དམར་གྱི༴ དྲག་པོ་མངོན་སྤྱོད་དུས་ལ་བབ༔ ཕཊ༔ མ་དབུས་ཕྱོགས་རང་བྱུང་དུར་ཁྲོད་ནས༔ སངས་རྒྱས་མཁའ་འགྲོ་བྱེ་བ་འབུམ༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ དབྱིངས་ལས་དྲག་མོའི་སྐུར་བཞེངས་ཤིག༔ འདིར་གཤེགས་དགྲ་བགེགས་འགུགས་སྒྲོལ་མཛོད༔ ཕྲིན་ལས་མཛོད་ཅིག་གནད་ནས་བསྐུལ༔ ཤ་ཁྲག་དམར་གྱི༴ ཕཊ༔ མ་རིགས་ལྔའི་མཁའ་འགྲོ་དབྱིངས་ཀྱི་ཡུམ༔ བྱེ་བ་དུང་ཕྱུར་སྤྲུལ་པའི་འཁོར༔ མ་ལུས་ཐུགས་དམ་གནད་ནས་བསྐུལ༔ དྲག་པོའི་སྐུར་བཞེངས་འདིར་གཤེགས་ལ༔ ཤ་ཁྲག་དམར་གྱི་གཏོར་མ་རོལ༔ ཡིད་ལ་བརྣག་པའི་དགྲ་དང་བགེགས༔ མ་ཤོར་བརླག་པའི་ཕྲིན་ལས་མཛོད༔ ཕཊ༔ ཤར་ལྷོ་འགུགས་མཛད་ལྕགས་ཀྱུ་མ༔ དཀར་མོ་བྱེ་བ་འབུམ་དང་བཅས༔ ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ འདིར་གཤེགས་ཤ་ཁྲག་དམར་གཏོར་རོལ༔ ཕཊ༔ ལྷོ་ནུབ་འཆིང་བྱེད་ཞགས་པ་མ༔ སེར་མོ་བྱེ་བ་འབུམ་དང་བཅས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ ཤ་ཁྲག་དམར་གྱི་གཏོར་མ་རོལ༔ ཕཊ༔ ནུབ་བྱང་སྡོམ་བྱེད་ལྕགས་སྒྲོག་མ༔ དམར་མོ་བྱེ་བ་འབུམ་དང་བཅས༔ འདིར་གཤེགས་དམར་གྱི་གཏོར་མ་རོལ༔ དགྲ་བགེགས་སྒྲོལ་ཕྱིར་ཐུགས་དམ་བསྐུལ༔ ཕཊ༔ བྱང་ཤར་འབེབས་བྱེད་དྲིལ་བུ་མ༔ ལྗང་མོ་བྱེ་བ་འབུམ་དང་བཅས༔ མ་གཡེལ་ཐུགས་དམ་གནད་ནས་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་རོལ༔ ཕཊ༔ ལས་བཞིའི་མཁའ་འགྲོ་བྱེ་བ་ཕྲག༔ ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ རྣལ་འབྱོར་ཕྲིན་ལས་བསྒྲུབ་པའི་ཕྱིར༔ མ་ཐོགས་མྱུར་དུ་སྐུར་བཞེངས་ཤིག༔ ཤ་ཁྲག་དམར་གྱི་གཏོར་མ་རོལ༔ ཡིད་ལ་བརྣག་པའི་དགྲ་དང་བགེགས༔ མངོན་སྤྱོད་དྲག་པོའི་ལས་ཀྱིས་སྒྲོལ༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ ཕཊ༔ མ་ཁྲོས་མའི་ཐུགས་ལས་སྤྲུལ་པའི་སྲས༔ དཀར་མོ་རྣམ་རྒྱལ་ཤ་ཟ་འབུམ༔ དབྱིངས་ལས་སྐུར་བཞེངས་ཐུགས་དམ་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་རོལ༔ ཕཊ༔ མ་ཁྲོས་མའི་ཡོན་ཏན་སྤྲུལ་པའི་སྲས༔ སེར་མོ་དོན་གྲུབ་ཁྲག་འཐུང་འབུམ༔ དབྱིངས་ལས་སྐུར་བཞེངས་ཐུགས་དམ་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་རོལ༔ ཕཊ༔ མ་ཁྲོས་མའི་གསུང་ལས་སྤྲུལ་པའི་སྲས༔ དམར་མོ་རྐང་ལྡག་རུས་འཆའ་འབུམ༔ དབྱིངས་ལས་སྐུར་བཞེངས་ཐུགས་དམ་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་རོལ༔ ཕཊ༔ མ་ཁྲོས་མའི་ཕྲིན་ལས་སྤྲུལ་པའི་སྲས༔ ལྗང་མོ་དབུགས་ལེན་སྲོག་བཅོད་འབུམ༔ དབྱིངས་ལས་སྐུར་བཞེངས་ཐུགས་དམ་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་རོལ༔ ཕཊ༔ མ་ཕྲིན་ལས་མྱུར་མཛད་ལས་བྱེད་བཞི༔ ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་རོལ༔ སྤྲུལ་པས་སྟོང་གསུམ་ཁྱབ་པར་མཛོད༔ གནོད་པའི་བགེགས་ལ་ལས་མཛོད་ཅིག༔ ཕྲིན་ལས་མཛོད་ཅིག་ས་མ་ཡ༔ ཕཊ༔ ཤར་ཕྱོགས་ཞི་བའི་དཀྱིལ་འཁོར་ནས༔ ཞེ་སྡང་གཟུགས་ཀྱིས་ཞེ་སྡང་འཇོམས༔ དཀར་མོ་མ་བདུན་ཐུགས་དམ་བསྐུལ༔ ཤ་ཁྲག་དམར་གྱི༴ ཤར་ཕྱོགས་དགྲ་བགེགས་རྡུལ་དུ་རློག༔ ཕཊ༔ ལྷོ་ཕྱོགས་རྒྱས་པའི་དཀྱིལ་འཁོར་ནས༔ ང་རྒྱལ་གཟུགས་ཀྱིས་ང་རྒྱལ་འཇོམས༔ སེར་མོ་མ་བདུན་ཐུགས་དམ་བསྐུལ༔ ཤ་ཁྲག་དམར་གྱི༴ ལྷོ་ཕྱོགས་དགྲ་བགེགས༴ ཕཊ༔ ནུབ་ཕྱོགས་དབང་གི་དཀྱིལ་འཁོར་ནས༔ འདོད་ཆགས་གཟུགས་ཀྱིས་འདོད་ཆགས་འཇོམས༔ དམར་མོ་མ་བདུན་ཐུགས་དམ་བསྐུལ༔ ཤ་ཁྲག་དམར་གྱི༴ ནུབ་ཕྱོགས་དགྲ་བགེགས༴ ཕཊ༔ བྱང་ཕྱོགས་དྲག་པོའི་དཀྱིལ་འཁོར་ནས༔ ཕྲག་དོག་གཟུགས་ཀྱིས་ཕྲག་དོག་འཇོམས༔ ལྗང་མོ་མ་བདུན་ཐུགས་དམ་བསྐུལ༔ ཤ་ཁྲག་དམར་གྱི༴ བྱང་ཕྱོགས་དགྲ་བགེགས༴ ཕཊ༔ དབྱིངས་ཀྱི་ཡུམ་ཆེན་སྤྲུལ་པའི་སྲས༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཚོགས༔ བསྟན་དང་འགྲོ་བའི་དོན་མཛད་ཕྱིར༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ལ༔ ཤ་ཁྲག་དམར་གྱི་གཏོར་མ་རོལ༔ ཡིད་ལ་བརྣག་པའི་དགྲ་བགེགས་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ བསྟན་ལ་སྡང་བའི་དགྲ་དར་ན༔ མཐུ་རྩལ་དྲག་པོའི་རྩལ་ཤུགས་ཕྱུང་༔ སྒྲུབ་ལ་བར་ཆད་བྱེད་པའི་བདུད༔ ད་ལྟ་ཉིད་དུ་མི་བསྒྲལ་ན༔ ཆོས་ཉིད་བདེན་པས་བསླུས་སམ་ཅི༔ བསྐུལ་བའི་ལས་ལ་གཡེལ་བ་ན༔ རྒྱུ་འབྲས་བདེན་པ་གསོད་དམ་ཅི༔ སྒྲུབ་ལ་དངོས་གྲུབ་མི་སྟེར་ན༔ རིམ་གཉིས་བསྒོམ་པ་དོན་མེད་དམ༔ དབྱིངས་བཞུགས་ཡེ་ཤེས་མཁའ་འགྲོའི་ཚོགས༔ རང་རྒྱལ་བསེ་རུ་མ་མཛད་པར༔ བརྒྱུད་འཛིན་རྗེས་སུ་བཟུང་རེ་རན༔ ཞི་དང་རྒྱས་དང་དབང་དང་དྲག༔ བཀུག་བསྐྲད་མནན་གཟིར་ལས་ལ་བསྐུལ༔ ཕཊ༔ ཛཿ མཁའ་སྤྱོད་སྤྲུལ་པའི་གནས་མཆོག་ནི༔ ཉི་ཤུ་རྩ་བཞི་ཡུལ་སོ་གཉིས༔ དུར་ཁྲོད་བརྒྱད་དང་ཧེ་རུ་ཀའི༔ གནས་མཆོག་བཅུ་རུ་དབང་བསྒྱུར་བའི༔ མཁའ་འགྲོ་དང་ནི་མཁའ་འགྲོ་མ༔ བྱེ་བ་དུང་ཕྱུར་བསམ་ལས་འདས༔ ལ་ལ་ཡེ་ཤེས་དབྱིངས་ཀྱི་ཡུམ༔ ལ་ལ་ལེགས་ཉེས་སྟངས་འཛིན་མཁན༔ ལ་ལ་དམ་ཚིག་རྗེས་གཅོད་མ༔ ལ་ལ་སྐྱེ་འགྲོའི་སྲོག་ལ་དབང་༔ ལ་ལ་སྲིད་པའི་ལས་གཉེར་འཛིན༔ ལ་ལ་ཤ་ཟ་རྔམ་བྱེད་མ༔ ལ་ལ་ཁྲག་འཐུང་འཇིགས་བྱེད་མ༔ ལ་ལ་དབུགས་ལེན་སྲོག་འཕྲོག་མ༔ ལ་ལ་ཞི་བའི་ངང་ཚུལ་ཅན༔ ལ་ལ་དྲག་མོ་ཁྲོ་གཏུམ་མ༔ ལ་ལ་བུད་མེད་ཚུལ་འཆང་མ༔ སྣང་བ་ཐབས་ཀྱི་རང་བཞིན་ལ༔ བདེ་དང་སྟོང་པའི་རྒྱས་འདེབས་མ༔ མ་འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ བསྐུལ་ལོ་ཐུགས་དམ་གཉན་པོ་བསྐུལ༔ དབྱིངས་ལས་སྐུར་བཞེངས་འདིར་གཤེགས་ལ༔ ཤ་ཁྲག་དམར་གྱི་གཏོར་མ་བཞེས༔ སྡང་བར་བྱེད་པའི་དགྲ་བོ་དང་༔ གནོད་པར་བྱེད་པའི་བགེགས་ཚོགས་ལ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་མཛོད༔ དད་པ་དང་ནི་དམ་ཚིག་གིས༔ བསྐུལ་ཞིང་རྦད་པའི་ལས་ལ་དགོངས༔ ཛཿ དཔལ་མགོན་བདུན་ཅུ་རྩ་ལྔ་དང་༔ ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི༔ དམ་ཚིག་གཉན་གྱིས་ཐུགས་དམ་བསྐུལ༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ སྡང་བའི་དགྲ་ལ་རྟགས་ཕྱུངས་ཤིག༔ གནོད་པའི་བགེགས་ལ་ལས་མཛོད་ཅིག༔ རྣལ་འབྱོར་བདག་གི་དཔུང་མཛོད་ཅིག༔ ཕཊ༔ དྲེགས་པའི་སྡེ་དཔོན་སུམ་ཅུ་དང་༔ དྲེགས་ཆེན་བཅོ་བརྒྱད་སྡེ་བརྒྱད་ཚོགས༔ འཛམ་གླིང་བརྟན་མ་བཅུ་གཉིས་དང་༔ སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ དམ་ཚིག་གཉན་གྱིས་ཐུགས་དམ་བསྐུལ༔ འདིར་གཤེགས་དམར་གྱི་གཏོར་མ་བཞེས༔ དམ་རྫས་རྒྱན་གྱི་གཏོར་མ་རོལ༔ སྡང་བའི་དགྲ་ལ་རྟགས་ཕྱུངས་ཤིག༔ གནོད་པའི་བགེགས་ལ་ལས་མཛོད་ཅིག༔ ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི༔ དགྲ་བགེགས་གནོད་བྱེད་ལོག་འདྲེན་ཚོགས༔ སྟེང་འོག་བར་གསུམ་གར་གནས་ཀྱང་༔ རང་དབང་མེད་པར་ཁུག་ལ་ཤོག༔ གཟུགས་བྱང་རཱུ་པ་འདི་ལ་ཁུག༔ མིང་ཡིག་བྱང་བུ་འདི་ལ་ཁུག༔ བསྟན་ལ་སྡང་བའི་དགྲ་བོ་ཡི༔ འོག་རྟ་ཆུང་མ་བུ་འཁོར་དང་༔ དཀོར་ནོར་ཤ་ཁྲག་སྲོག་དབུགས་བཅས༔ ཁྱེད་ཅག་རྣམས་ལ་ཟས་སྐལ་གཏད༔ རྗེས་ཤུལ་ཙམ་ཡང་མེད་པར་མཛོད༔ ཕཊ་ཕཊ་ཕཊ༔ ཤར་ཕྱོགས་འོ་མའི་རྒྱ་མཚོ་ན༔ འོག་ཕྱོགས་ཀླུ་ལ་དབང་མཛད་པ༔ ཀླུ་རྒྱལ་མི་མགོན་དཀར་པོ་ནི༔ ཀླུ་བརྒྱད་ས་བདག་གཉན་སྡེར་བཅས༔ དམ་ཚིག་གཉན་གྱིས་ཐུགས་དམ་བསྐུལ༔ སྐད་ཅིག་ཡུད་ཀྱིས་འདིར་གཤེགས་ལ༔ དམ་རྫས་རྒྱན་གྱི་གཏོར་མ་བཞེས༔ ཆོས་ཤིག་སྡང་བའི་དགྲ་ལ་ཆོས༔ རྒྱུག་ཅིག་དམ་ཉམས་དགྲ་ལ་རྒྱུག༔ སོད་ཅིག་བརྣག་པའི་དགྲ་བོ་སོད༔ མཚན་ལྡན་བླ་མའི་སྐུ་དགྲ་དང་༔ སངས་རྒྱས་ཆོས་ཀྱི་བསྟན་བཤིག་དང་༔ ལྟ་བ་ལོག་པའི་རཱུ་དྲ་དང་༔ བདག་གི་བརྣག་པའི་དགྲ་འདི་དག༔ འཛམ་གླིང་གང་ན་གནས་གྱུར་ཀྱང་༔ མཛེ་ནད་རེངས་ལྐུག་ལྷོག་རྒོད་ཐོབ༔ རྗེས་ཤུལ་ཙམ་ཡང་མེད་པར་མཛོད༔ འཛམ་གླིང་ས་ལ་ཁྱོད་དབང་ཆེ༔ ས་ཡི་སྟེང་དུ་མ་བཞག་ཅིག༔ རྒྱ་མཚོ་ཆུ་ལ་ཁྱེད་དབང་ཡོད༔ ཆུ་རྣམས་སྐོམ་དུ་བཏུང་མ་བཅུག༔ དམ་ལས་མ་འདའ་དམ་ཚིག་ཅན༔ བསྐུལ་བའི་ལས་ལ་མ་གཡེལ་རེམ༔ བརྣག་པའི་ལས་ལ་མཐུ་མ་ཆུང་༔ བཅོལ་བའི་ལས་ལ་བང་མ་བུལ༔ བསད་རྦད་ལས་ལ་མཐུ་མ་ཆུང་༔ ནཱ་ག་རཱ་ཛ་ས་མ་ཡ༔ ཕཊ༔ ལྷོ་ཕྱོགས་ལྕགས་མཁར་དགུ་རིམ་ནས༔ གཤིན་རྗེ་ཡ་མ་རཱ་ཛ་དང་༔ ལས་མཁན་བཀའ་སྡོད་བྱེ་བ་འབུམ༔ དམ་ཚིག་གཉན་གྱིས་ཐུགས་དམ་བསྐུལ༔ མ་གཡེལ་མ་འགྱངས་འདིར་གཤེགས་ལ༔ ཤ་ཁྲག་དམར་གྱི་གཏོར་མ་བཞེས༔ ཆོས་ཆོས་སྡང་བའི་དགྲ་ལ་ཆོས༔ དགྲ་དཔུང་བདུན་བརྒྱུད་རྩད་ནས་ཆོད༔ རྒྱུག་རྒྱུག་སྡང་བའི་དགྲ་ལ་རྒྱུག༔ རྗེས་ཤུལ་མེད་པར་བརླག་པར་གྱིས༔ སྡང་བའི་དགྲ་བོ་དམ་ཉམས་འདི༔ སྟོང་གསུམ་སྲིད་པ་གར་ཡོད་ཀྱང་༔ མཐའ་རྩ་སྐྱེ་བརྒྱུད་ལས་མཐའ་བསྟུང་༔ སྐྱེ་འགྲོའི་སྲོག་ལ་ཁྱོད་དབང་ཆེ༔ དགྲ་བོ་ལོ་ཟླར་མ་བཞག་པར༔ ཞག་དང་ཟ་མར་མྱུར་དུ་སྒྲོལ༔ ཚེ་སྲོག་ཁ་རྗེ་དབང་ཐང་བཅས༔ སྲུང་མ་ཁྱོད་ཀྱི་ཟས་སྐལ་གྱིས༔ དམ་ལས་མ་འདའ་དམ་ཚིག་ཅན༔ བཅོལ་བའི་ལས་འདི་མྱུར་དུ་སྒྲུབས༔ ཡ་མ་རཱ་ཛ་ས་མ་ཡ༔ ཕཊ༔ ནུབ་ཕྱོགས་བཙན་མཁར་དམར་པོ་ནས༔ བཙན་དམར་སྲོག་གི་ཤན་པ་ཁྱོད༔ དད་དང་དམ་ཚིག་གཉན་གྱིས་བསྐུལ༔ མ་གཡེལ་མ་འགྱངས་འདིར་གཤེགས་ལ༔ ཤ་ཁྲག་དམར་གྱི་གཏོར་མ་བཞེས༔ བདག་ནི་རྣལ་འབྱོར་སྒྲུབ་པ་པོས༔ དམ་ཅན་ཁྱོད་ནི་གྲོགས་སུ་བསྟེན༔ བསྟན་ལ་སྡང་བའི་དགྲ་བོ་དང་༔ ཡིད་ལ་བརྣག་པའི་དམ་ཉམས་ལ༔ མི་སྡུག་རྟགས་དང་མཚན་མ་སྟོན༔ རྒྱུག་ཅིག་ཆོས་ཤིག་ལས་ལ་ཡ༔ རྦད་བསྐུལ་དྲག་པོའི་ལས་ལ་རེམ༔ ཙ་ཏྲི་ཤུ་ལ་ས་མ་ཡ༔ ཕཊ༔ བྱང་ཕྱོགས་ཁྲག་མཚོ་འཁྱིལ་བའི་ཀློང་༔ མ་ཅིག་དཔལ་ལྡན་རེ་མ་ཏཱི༔ སྲིད་པ་མ་མོའི་དཀྱིལ་འཁོར་བཅས༔ དམ་ཚིག་ཐུགས་དམ་གནད་བསྐུལ་གྱི༔ སྐད་ཅིག་ཡུད་ཀྱིས་འདིར་གཤེགས་ལ༔ ཤ་ཁྲག་དམར་གྱི་གཏོར་མ་རོལ༔ ལས་ལ་མ་གཡེལ་བང་མ་བུལ༔ མཐུ་མ་ཆུང་ལ་རྩལ་མ་ཞན༔ བསྟན་པ་གཉན་ལ་དགྲ་དར་ན༔ མ་མོ་མཁའ་འགྲོ་སྙིང་མ་རིང་༔ རྣལ་འབྱོར་སྒྲུབ་ལ་བར་གཅོད་པའི༔ དམ་ཉམས་སྡང་བའི་དགྲ་བོ་ལ༔ མྱུར་དུ་ཆོས་ལ་རབ་ཏུ་རྒྱུག༔ ཆེ་འབྲིང་ཆུང་གསུམ་འཁོར་དཀོར་ནོར༔ མ་ལུས་མིང་ཙམ་མེད་པར་མཛོད༔ བདག་ལ་སྡང་བའི་དགྲ་བོ་འདི༔ སྣང་སྲིད་གར་ཡོད་གར་གནས་ཀྱང་༔ ཁྱོད་ཀྱིས་ཤེས་བཞིན་དགོངས་མཛོད་ལ༔ ནད་དང་རིམས་ཀྱི་དལ་ཁ་ཐོབ༔ ཐལ་བའི་རྡུལ་དུ་བརླག་པར་མཛོད༔ མ་མ་བཛྲ་ས་མ་ཡ༔ ཧཱུྃ་ཛ༔ མ་མོ་ནག་མོའི་དུས་ལ་བབ༔ ཀླུ་རྒྱལ་ཆེན་པོའི་དུས་ལ་བབ༔ ཡ་མ་རཱ་ཛའི་དུས་ལ་བབ༔ བཙན་རྒོད་ཆེན་པོའི་དུས༴ ཁྱེད་ཅག་དམ་ཚིག་དུས༴ དབྱིངས་ནས་བཞེངས་པའི་དུས༴ སྤྲུལ་པ་འགྱེད་པའི་དུས༴ མཐུ་རྩལ་ཕྱུང་བའི་དུས༴ དམག་དཔུང་བསྐྱེད་པའི་དུས་ལ་བབ༔ ངས་ནི་རྩ་གསུམ་དཀྱིལ་འཁོར་བསྒྲུབ༔ ལུས་ངག་ཡིད་གསུམ་དགེ་ལ་སྦྱོར༔ མ་ཉེས་བདེ་བར་འདུག་པ་ལ༔ དགྲ་བོ་འདི་ཡིས་ཆད་པས་མནར༔ ད་ནི་ལྷ་དང་སྲུང་མར་འབོད༔ དཔུང་ཤུགས་རྒྱབ་བརྟེན་ཡོད་དམ་མེད༔ སྔོན་ཚེ་སྤྱི་དཔལ་ཆེན་པོའི་བཀའ༔ བར་དུ་རྡོ་རྗེ་འཆང་གི་བཀའ༔ ཐ་མ་ཨོ་རྒྱན་ཆེན་པོའི་བཀའ༔ དེ་རྗེས་རིག་འཛིན་བརྒྱུད་པའི་བཀའ༔ ད་ལྟ་རྣལ་འབྱོར་བདག་གི་བཀའ༔ བཀའ་དང་དམ་ཚིག་དེ་ཡིས་བསྐུལ༔ ནམ་མཁར་སྤྲིན་བཞིན་གཏིབས་ལ་སོང་༔ བར་སྣང་རླུང་ལྟར་གཡོས་ལ་སོང་༔ ས་གཞིར་སེར་ལྟར་ཕོབ་ལ་སོང་༔ དགྲ་བོའི་ཕོ་རྣམས་སྦུབས་ཏེ་སོད༔ དགྲ་བོའི་མོ་རྣམས་གན་རྐྱལ་སོད༔ ནད་མུག་མཚོན་གྱི་དལ་ཁ་ཐོབ༔ རྗེས་ཤུལ་ལྷག་མ་མེད་པར་མཛོད༔ ཡུལ་དང་ཞིང་ཁང་ནོར་རྫས་ལ༔ ཟ་ངུ་འཐུང་ངུ་དྲག་རྔམས་གྱིས༔ སྲུང་སྐྱོབ་མགོན་བྱེད་དག་དང་ཕྲོལ༔ མ་གཡེལ་མ་འགྱངས་ས་མ་ཡ༔ མཿ ཡཿ ནཿ ཙཿ ས་མ་ཡ་དགྲ་ལ་རྦད་བྷྱོ་ཐུན་བྷྱོ་རྒྱུག་བྷྱོ་ཕཊ་ཕཊ་ཕཊ༔ {{TibChung|ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བསྟན་སྲུང་རྣམ་བཞིའི་དྲག་བསྐུལ་འདི༔ རང་ལ་རྒོལ་བ་མ་བྱུང་ན༔ གཞན་གྱི་དོན་དུ་བྱ་བ་མིན༔ རྡོ་རྗེ་གསུམ་གྱི་དམ་རྒྱ་ཡོད༔ སུ་ལ་མ་སྤེལ་སྙིང་ལ་འཆོངས༔ ནམ་ཕྱེད་གཏོར་མ་དགྲ་ཕྱོགས་བོར༔ དགྲ་དཔུང་རྡོ་རྗེ་ཡིན་ཀྱང་འཇིག༔ རིག་འཛིན་བརྒྱུད་པའི་བཀའ་རྟགས་ཡིན༔ མཁའ་འགྲོ་འབུམ་གྱི་ཁ་རླངས་ཡིན༔ བཀའ་སྲུང་དམ་ཅན་སྙིང་ཁྲག་ཡིན༔ ཟགས་སུ་མ་འཇུག་སྐལ་ལྡན་རྣམས༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ དྲང་སྲོག་གཟའ་བདུད་རྒྱལ་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ བཀའ་དང་ཐ་ཚིག་གཉན་པོའི་རྒྱ༔ བརྡ་ཐིམ༔ ཁྲག་འཐུང་རྡོ་རྗེ་གྲོ་ལོད་ཀྱིས། །འོད་གསལ་ཆོས་སྐུའི་བྲག་ནས་བཏོན། །ཀློང་བརྡོལ་རིག་པའི་སྒྲོམ་ནས་བཤུས། །ཡི་གེ་ཆོས་ཀྱི་རྡོ་རྗེས་བྲིས། །དགེའོ། །དགེའོ།། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Latest revision as of 12:49, 30 October 2025
| Wylie title | chos nyid nam mkha'i klong mdzod las: mkha' 'gro 'bum gyi bskul ba rdo rje'i thog mda': | |
|---|---|---|
| Location | khros ma'i sgrub skor Volume 1, Text 40, Pages 303-316 (Folios 1a1 to 7b1) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las mkha' 'gro 'bum gyi bskul ba rdo rje'i thog mda'. In Khros ma'i sgrub skor: 303-316. Kalimpong: Mani Dorji, 1979. | |
| Side notes | Recto: bskul ba Verso: khros ma | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | Invocations - bskul ba | |
| Cycle | ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod) | |
| Deity | khros ma nag mo | |
| Colophon |
ཁྲག་འཐུང་རྡོ་རྗེ་གྲོ་ལོད་ཀྱིས། །འོད་གསལ་ཆོས་སྐུའི་བྲག་ནས་བཏོན། །ཀློང་བརྡོལ་རིག་པའི་སྒྲོམ་ནས་བཤུས། །ཡི་གེ་ཆོས་ཀྱི་རྡོ་རྗེས་བྲིས། །དགེའོ། །དགེའོ།། | |
|
khrag 'thung rdo rje gro lod kyis/_/'od gsal chos sku'i brag nas bton/_/klong brdol rig pa'i sgrom nas bshus/_/yi ge chos kyi rdo rjes bris/_/dge'o/_/dge'o// | ||