TTDL-ZABTER-14-PHA-002: Difference between revisions

From Dudjom Wiki
TTDL-ZABTER-14-PHA-002
m (Text replacement - "ཨེ་མ་ཧོཿ" to "ཨེ་མ་ཧོཿ ")
m (Text replacement - "༴" to "༴ ")
 
(One intermediate revision by the same user not shown)
Line 36: Line 36:
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|དྡྂ།༔  ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དུས་བཟང་ཡར་ངོའི་ཚེས་བཅུའི་དུས་ཀྱི་མཛད་པ་དྲན་པའི་གསོལ་འདེབས་མཐོང་བ་རང་གྲོལ་གྱི་གདམས་པ་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔  ({{TibChung|བརྡ་ཡིག་}})  མོས་གུས་ལྡན་པའི་སྐྱེས་བུ་ཡིས༔ ཨོ་རྒྱན་ཆེན་པོ་ཡིད་བྱེད་ཅིང་༔ མོས་གུས་གདུང་ཤུགས་གསོལ་བ་བཏབ༔ མཐར་ནི་རང་ལུས་ལ་ཐིམ་པས༔ ཡེ་ཤེས་འཇའ་སྐུ་སྟོང་གསལ་བསྒོམ༔ ཨེ་མ་ཧོཿ བདེ་ཆེན་ཞིང་དུ་མགོན་པོ་འོད་དཔག་མེད༔ རི་བོ་ཏ་ལར་འཕགས་མཆོག་སྤྱན་རས་གཟིགས༔ རྔ་ཡབ་གླིང་དུ་ཨོ་རྒྱན་པདྨ་འབྱུང་༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ དུས་གསུམ་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་དཔལ༔ མཁྱེན་བརྩེ་ནུས་པའི་མངའ་བདག་ཁྱེད་དྲན་གྱིས༔ མི་མངོན་དབྱིངས་ནས་ཐུགས་རྗེའི་སྤྱན་གྱིས་གཟིགས༔ དུས་གསུམ་འཕོ་འགྱུར་མེད་པར་རྗེས་སུ་ཟུངས༔ བྱི་ཟླའི་ཚེས་བཅུར་པད་སྡོང་རྩེ་རུ་འཁྲུངས༔ ཡ་མཚན་རྨད་བྱུང་ཁྱེའུ་སྤྲུལ་པའི་སྐུ༔ མཚན་ནི་མཚོ་སྐྱེས་རྡོ་རྗེ་ཞེས་སུ་གྲགས༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ གླང་ཟླའི་ཚེས་བཅུར་ཨོ་རྒྱན་རྒྱལ་སྲིད་བཟུང་༔ སྐྱེ་འགྲོ་ཕོ་མོའི་བློ་ཡིད་དབང་དུ་བསྡུས༔ མཚན་ནི་གུ་རུ་པདྨ་རྒྱལ་པོར་གྲགས༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ སྟག་ཟླའི་ཚེས་བཅུར་བསིལ་བའི་ཚལ་དུ་བྱོན༔ ཏ་ན་ག་ནའི་སྦྱོར་སྒྲོལ་སྤྱོད་པ་མཛད༔ མཚན་ནི་པདྨ་ཐོད་ཕྲེང་རྩལ་ཞེས་གྲགས༔ གསོལ་བ་འདེབས་སོ༴ཡོས་ཟླའི་ཚེས་བཅུར་ཨ་སུ་ར་རུ་བྱོན༔ སངས་རྒྱས་བསྟན་ལ་རབ་ཏུ་བྱུང་ཚུལ་མཛད༔ མཚན་ནི་གུ་རུ་ཤཱཀྱ་སེང་གེར་གྲགས༔ གསོལ་བ་འདེབས་སོ༴འབྲུག་ཟླའི་ཚེས་བཅུར་ཟ་ཧོར་རྒྱལ་ཁམས་སུ༔ གསོན་བསྲེགས་མཛད་ཚེ་མེ་དཔུང་མཚོ་རུ་བསྒྱུར༔ མཚན་ནི་གུ་རུ་པདྨ་སཾ་བྷར་གྲགས༔ གསོལ་བ་འདེབས་སོ༴སྦྲུལ་གྱི་ཟླ་བའི་ཚེས་བཅུ་ལ་བབ་ཚེ༔ མུ་སྟེགས་སྡེ་དྲུག་བཏུལ་ནས་ཆོས་འཁོར་བསྐོར༔ མཚན་ནི་སེངྒེ་སྒྲ་སྒྲོགས་ཞེས་སུ་གྲགས༔ གསོལ་བ་འདེབས་སོ༴རྟ་ཟླའི་ཚེས་བཅུར་བདེ་ཆེན་བརྡལ་དུ་བྱོན༔ དུར་ཁྲོད་ལྷ་འདྲེ་དབང་བསྡུས་ཆོས་ལ་བཙུད༔ གུ་རུ་ཉི་མ་འོད་ཟེར་ཞེས་སུ་གྲགས༔ གསོལ་བ་འདེབས་སོ༴ལུག་ཟླའི་ཚེས་བཅུར་རྡོ་རྗེ་གདན་དུ་བྱོན༔ མདོ་སྔགས་བསྟན་པ་མི་ནུབ་རྒྱལ་མཚན་བཙུགས༔ མཚན་ནི་བློ་ལྡན་མཆོག་སྲེད་ཞེས་སུ་གྲགས༔ གསོལ་བ་འདེབས་སོ༴སྤྲེལ་ཟླའི་ཚེས་བཅུར་བལ་པོའི་ཡུལ་དུ་བྱོན༔ སྣ་ཚོགས་ཐབས་ཀྱིས་རྒྱལ་ཁམས་ཆོས་ལ་བཀོད༔ མཚན་ནི་གུ་རུ་པདྨ་བཛྲ་གྲགས༔ གསོལ་བ་འདེབས་སོ༴བྱ་ཟླའི་ཚེས་བཅུར་རྒྱ་ནག་ཡུལ་དུ་བྱོན༔ ཀུན་རྫོབ་རྩིས་ཀྱིས་རྒྱ་ནག་རྒྱལ་ཁབ་འདུལ༔ མཚན་ནི་གུ་རུ་མཉྫུ་ཤྲཱི་གྲགས༔ གསོལ་བ་འདེབས་སོ༴ཁྱི་ཡི་ཟླ་བའི་ཚེས་བཅུ་ལ་བབ་དུས༔ མུན་གླིང་བོད་དུ་ཆོས་ཀྱི་སྒྲོན་མེ་སྦར༔ མཚན་ནི་གུ་རུ་པདྨ་འབྱུང་གནས་གྲགས༔ གསོལ་བ་འདེབས་སོ༴ཕག་གི་ཟླ་བའི་ཚེས་བཅུ་ལ་བབ་ཚེ༔ མདོ་ཁམས་ལྷ་འདྲེ་དམ་བཏགས་གནས་བྱིན་རླབས༔ གུ་རུ་རྡོ་རྗེ་ཁྲོ་ལོད་ཞེས་སུ་གྲགས༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ འདི་བཟུང་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སྐད་ཅིག་འདུ་འབྲལ་མེད་པར་ཐུགས་རྗེས་ཟུངས༔ ཐུགས་རྒྱུད་དགོངས་པའི་ཡེ་ཤེས་ཡོན་ཏན་ཀུན༔ ད་ལྟ་ཉིད་དུ་བདག་རྒྱུད་ལ་འཕོས་ཏེ༔ མ་དག་སྒོ་གསུམ་འཛིན་ཞེན་རང་ཞིག་ནས༔ ཀ་དག་ཀུན་ཏུ་བཟང་པོའི་ས་རུ་སྐྱོལ༔ འཕོ་མེད་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི༔ ས་ཐོབ་ཡེ་ཤེས་སྒྱུ་མའི་སྐུར་འགྲུབ་ནས༔ ཚེ་འདིར་འཆི་བའི་ལམ་ལ་མི་ལྟོས་པར༔ འཇའ་ལུས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས༔ བདག་དང་བདག་ལ་བཟང་ངན་འབྲེལ་ཐོགས་ཀུན༔ གཟུང་འཛིན་འཁྲུལ་པའི་སྒྲིབ་གཉིས་དང་བྲལ་ཞིང་༔ འཁོར་འདས་དག་མཉམ་རོལ་པའི་གདིང་ཐོབ་སྟེ༔ ཀ་དག་ཀུན་ཏུ་བཟང་པོར་བྱང་ཆུབ་ཤོག༔ དེ་ལྟར་རྣམ་གསུམ་དད་པས་གསོལ་བཏབ་ན༔ བྱིན་རླབས་རྒྱུད་ལ་འཇུག་པར་གདོན་མི་ཟ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་བུ་མཆོག །ངག་དབང་ཕྲིན་ལས་བསྐུལ་བ་དོན་ཡོད་ཕྱིར། །བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར། །མཐོང་ཐོས་དྲན་རེག་ཡང་དག་སངས་རྒྱས་ཤོག །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།}}
{{TibP|དྡྂ།༔  ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དུས་བཟང་ཡར་ངོའི་ཚེས་བཅུའི་དུས་ཀྱི་མཛད་པ་དྲན་པའི་གསོལ་འདེབས་མཐོང་བ་རང་གྲོལ་གྱི་གདམས་པ་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔  ({{TibChung|བརྡ་ཡིག་}})  མོས་གུས་ལྡན་པའི་སྐྱེས་བུ་ཡིས༔ ཨོ་རྒྱན་ཆེན་པོ་ཡིད་བྱེད་ཅིང་༔ མོས་གུས་གདུང་ཤུགས་གསོལ་བ་བཏབ༔ མཐར་ནི་རང་ལུས་ལ་ཐིམ་པས༔ ཡེ་ཤེས་འཇའ་སྐུ་སྟོང་གསལ་བསྒོམ༔ ཨེ་མ་ཧོཿ བདེ་ཆེན་ཞིང་དུ་མགོན་པོ་འོད་དཔག་མེད༔ རི་བོ་ཏ་ལར་འཕགས་མཆོག་སྤྱན་རས་གཟིགས༔ རྔ་ཡབ་གླིང་དུ་ཨོ་རྒྱན་པདྨ་འབྱུང་༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ དུས་གསུམ་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་དཔལ༔ མཁྱེན་བརྩེ་ནུས་པའི་མངའ་བདག་ཁྱེད་དྲན་གྱིས༔ མི་མངོན་དབྱིངས་ནས་ཐུགས་རྗེའི་སྤྱན་གྱིས་གཟིགས༔ དུས་གསུམ་འཕོ་འགྱུར་མེད་པར་རྗེས་སུ་ཟུངས༔ བྱི་ཟླའི་ཚེས་བཅུར་པད་སྡོང་རྩེ་རུ་འཁྲུངས༔ ཡ་མཚན་རྨད་བྱུང་ཁྱེའུ་སྤྲུལ་པའི་སྐུ༔ མཚན་ནི་མཚོ་སྐྱེས་རྡོ་རྗེ་ཞེས་སུ་གྲགས༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ གླང་ཟླའི་ཚེས་བཅུར་ཨོ་རྒྱན་རྒྱལ་སྲིད་བཟུང་༔ སྐྱེ་འགྲོ་ཕོ་མོའི་བློ་ཡིད་དབང་དུ་བསྡུས༔ མཚན་ནི་གུ་རུ་པདྨ་རྒྱལ་པོར་གྲགས༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ སྟག་ཟླའི་ཚེས་བཅུར་བསིལ་བའི་ཚལ་དུ་བྱོན༔ ཏ་ན་ག་ནའི་སྦྱོར་སྒྲོལ་སྤྱོད་པ་མཛད༔ མཚན་ནི་པདྨ་ཐོད་ཕྲེང་རྩལ་ཞེས་གྲགས༔ གསོལ་བ་འདེབས་སོ༴ ཡོས་ཟླའི་ཚེས་བཅུར་ཨ་སུ་ར་རུ་བྱོན༔ སངས་རྒྱས་བསྟན་ལ་རབ་ཏུ་བྱུང་ཚུལ་མཛད༔ མཚན་ནི་གུ་རུ་ཤཱཀྱ་སེང་གེར་གྲགས༔ གསོལ་བ་འདེབས་སོ༴ འབྲུག་ཟླའི་ཚེས་བཅུར་ཟ་ཧོར་རྒྱལ་ཁམས་སུ༔ གསོན་བསྲེགས་མཛད་ཚེ་མེ་དཔུང་མཚོ་རུ་བསྒྱུར༔ མཚན་ནི་གུ་རུ་པདྨ་སཾ་བྷར་གྲགས༔ གསོལ་བ་འདེབས་སོ༴ སྦྲུལ་གྱི་ཟླ་བའི་ཚེས་བཅུ་ལ་བབ་ཚེ༔ མུ་སྟེགས་སྡེ་དྲུག་བཏུལ་ནས་ཆོས་འཁོར་བསྐོར༔ མཚན་ནི་སེངྒེ་སྒྲ་སྒྲོགས་ཞེས་སུ་གྲགས༔ གསོལ་བ་འདེབས་སོ༴ རྟ་ཟླའི་ཚེས་བཅུར་བདེ་ཆེན་བརྡལ་དུ་བྱོན༔ དུར་ཁྲོད་ལྷ་འདྲེ་དབང་བསྡུས་ཆོས་ལ་བཙུད༔ གུ་རུ་ཉི་མ་འོད་ཟེར་ཞེས་སུ་གྲགས༔ གསོལ་བ་འདེབས་སོ༴ ལུག་ཟླའི་ཚེས་བཅུར་རྡོ་རྗེ་གདན་དུ་བྱོན༔ མདོ་སྔགས་བསྟན་པ་མི་ནུབ་རྒྱལ་མཚན་བཙུགས༔ མཚན་ནི་བློ་ལྡན་མཆོག་སྲེད་ཞེས་སུ་གྲགས༔ གསོལ་བ་འདེབས་སོ༴ སྤྲེལ་ཟླའི་ཚེས་བཅུར་བལ་པོའི་ཡུལ་དུ་བྱོན༔ སྣ་ཚོགས་ཐབས་ཀྱིས་རྒྱལ་ཁམས་ཆོས་ལ་བཀོད༔ མཚན་ནི་གུ་རུ་པདྨ་བཛྲ་གྲགས༔ གསོལ་བ་འདེབས་སོ༴ བྱ་ཟླའི་ཚེས་བཅུར་རྒྱ་ནག་ཡུལ་དུ་བྱོན༔ ཀུན་རྫོབ་རྩིས་ཀྱིས་རྒྱ་ནག་རྒྱལ་ཁབ་འདུལ༔ མཚན་ནི་གུ་རུ་མཉྫུ་ཤྲཱི་གྲགས༔ གསོལ་བ་འདེབས་སོ༴ ཁྱི་ཡི་ཟླ་བའི་ཚེས་བཅུ་ལ་བབ་དུས༔ མུན་གླིང་བོད་དུ་ཆོས་ཀྱི་སྒྲོན་མེ་སྦར༔ མཚན་ནི་གུ་རུ་པདྨ་འབྱུང་གནས་གྲགས༔ གསོལ་བ་འདེབས་སོ༴ ཕག་གི་ཟླ་བའི་ཚེས་བཅུ་ལ་བབ་ཚེ༔ མདོ་ཁམས་ལྷ་འདྲེ་དམ་བཏགས་གནས་བྱིན་རླབས༔ གུ་རུ་རྡོ་རྗེ་ཁྲོ་ལོད་ཞེས་སུ་གྲགས༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ འདི་བཟུང་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སྐད་ཅིག་འདུ་འབྲལ་མེད་པར་ཐུགས་རྗེས་ཟུངས༔ ཐུགས་རྒྱུད་དགོངས་པའི་ཡེ་ཤེས་ཡོན་ཏན་ཀུན༔ ད་ལྟ་ཉིད་དུ་བདག་རྒྱུད་ལ་འཕོས་ཏེ༔ མ་དག་སྒོ་གསུམ་འཛིན་ཞེན་རང་ཞིག་ནས༔ ཀ་དག་ཀུན་ཏུ་བཟང་པོའི་ས་རུ་སྐྱོལ༔ འཕོ་མེད་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི༔ ས་ཐོབ་ཡེ་ཤེས་སྒྱུ་མའི་སྐུར་འགྲུབ་ནས༔ ཚེ་འདིར་འཆི་བའི་ལམ་ལ་མི་ལྟོས་པར༔ འཇའ་ལུས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས༔ བདག་དང་བདག་ལ་བཟང་ངན་འབྲེལ་ཐོགས་ཀུན༔ གཟུང་འཛིན་འཁྲུལ་པའི་སྒྲིབ་གཉིས་དང་བྲལ་ཞིང་༔ འཁོར་འདས་དག་མཉམ་རོལ་པའི་གདིང་ཐོབ་སྟེ༔ ཀ་དག་ཀུན་ཏུ་བཟང་པོར་བྱང་ཆུབ་ཤོག༔ དེ་ལྟར་རྣམ་གསུམ་དད་པས་གསོལ་བཏབ་ན༔ བྱིན་རླབས་རྒྱུད་ལ་འཇུག་པར་གདོན་མི་ཟ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་བུ་མཆོག །ངག་དབང་ཕྲིན་ལས་བསྐུལ་བ་དོན་ཡོད་ཕྱིར། །བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར། །མཐོང་ཐོས་དྲན་རེག་ཡང་དག་སངས་རྒྱས་ཤོག །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 10:20, 4 September 2025

Wylie title chos nyid nam mkha'i klong mdzod las: dus bzang yar ngo'i tshes bcu'i dus kyi mdzad pa dran pa'i gsol 'debs mthong ba rang grol gyi gdams pa: TTDL-ZABTER-14-PHA-002.pdf
Location bdud 'joms gling pa zab gter
Volume 14, Text 2, Pages 3-6 (Folios 1a1 to 2b3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las dus bzang yar ngo'i tshes bcu'i dus kyi mdzad pa dran pa'i gsol 'debs mthong ba rang grol gyi gdams pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 14: 3-6. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: tshes bcu'i gsol 'debs   Verso: bdud 'joms zab gter
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Supplications - gsol 'debs
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Colophon

སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་བུ་མཆོག །ངག་དབང་ཕྲིན་ལས་བསྐུལ་བ་དོན་ཡོད་ཕྱིར། །བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར། །མཐོང་ཐོས་དྲན་རེག་ཡང་དག་སངས་རྒྱས་ཤོག །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

smon lam las kyis 'brel ba'i skyes bu mchog_/ngag dbang phrin las bskul ba don yod phyir/_/bdud 'joms rdo rjes nam mkha'i mdzod las bsgyur/_/mthong thos dran reg yang dag sangs rgyas shog_/dge'o/_/dge'o/_/dge'o/_/legs so/_/sarba mang+ga laM//

[edit]
དྡྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དུས་བཟང་ཡར་ངོའི་ཚེས་བཅུའི་དུས་ཀྱི་མཛད་པ་དྲན་པའི་གསོལ་འདེབས་མཐོང་བ་རང་གྲོལ་གྱི་གདམས་པ་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) མོས་གུས་ལྡན་པའི་སྐྱེས་བུ་ཡིས༔ ཨོ་རྒྱན་ཆེན་པོ་ཡིད་བྱེད་ཅིང་༔ མོས་གུས་གདུང་ཤུགས་གསོལ་བ་བཏབ༔ མཐར་ནི་རང་ལུས་ལ་ཐིམ་པས༔ ཡེ་ཤེས་འཇའ་སྐུ་སྟོང་གསལ་བསྒོམ༔ ཨེ་མ་ཧོཿ བདེ་ཆེན་ཞིང་དུ་མགོན་པོ་འོད་དཔག་མེད༔ རི་བོ་ཏ་ལར་འཕགས་མཆོག་སྤྱན་རས་གཟིགས༔ རྔ་ཡབ་གླིང་དུ་ཨོ་རྒྱན་པདྨ་འབྱུང་༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ དུས་གསུམ་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་དཔལ༔ མཁྱེན་བརྩེ་ནུས་པའི་མངའ་བདག་ཁྱེད་དྲན་གྱིས༔ མི་མངོན་དབྱིངས་ནས་ཐུགས་རྗེའི་སྤྱན་གྱིས་གཟིགས༔ དུས་གསུམ་འཕོ་འགྱུར་མེད་པར་རྗེས་སུ་ཟུངས༔ བྱི་ཟླའི་ཚེས་བཅུར་པད་སྡོང་རྩེ་རུ་འཁྲུངས༔ ཡ་མཚན་རྨད་བྱུང་ཁྱེའུ་སྤྲུལ་པའི་སྐུ༔ མཚན་ནི་མཚོ་སྐྱེས་རྡོ་རྗེ་ཞེས་སུ་གྲགས༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ གླང་ཟླའི་ཚེས་བཅུར་ཨོ་རྒྱན་རྒྱལ་སྲིད་བཟུང་༔ སྐྱེ་འགྲོ་ཕོ་མོའི་བློ་ཡིད་དབང་དུ་བསྡུས༔ མཚན་ནི་གུ་རུ་པདྨ་རྒྱལ་པོར་གྲགས༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ སྟག་ཟླའི་ཚེས་བཅུར་བསིལ་བའི་ཚལ་དུ་བྱོན༔ ཏ་ན་ག་ནའི་སྦྱོར་སྒྲོལ་སྤྱོད་པ་མཛད༔ མཚན་ནི་པདྨ་ཐོད་ཕྲེང་རྩལ་ཞེས་གྲགས༔ གསོལ་བ་འདེབས་སོ༴ ཡོས་ཟླའི་ཚེས་བཅུར་ཨ་སུ་ར་རུ་བྱོན༔ སངས་རྒྱས་བསྟན་ལ་རབ་ཏུ་བྱུང་ཚུལ་མཛད༔ མཚན་ནི་གུ་རུ་ཤཱཀྱ་སེང་གེར་གྲགས༔ གསོལ་བ་འདེབས་སོ༴ འབྲུག་ཟླའི་ཚེས་བཅུར་ཟ་ཧོར་རྒྱལ་ཁམས་སུ༔ གསོན་བསྲེགས་མཛད་ཚེ་མེ་དཔུང་མཚོ་རུ་བསྒྱུར༔ མཚན་ནི་གུ་རུ་པདྨ་སཾ་བྷར་གྲགས༔ གསོལ་བ་འདེབས་སོ༴ སྦྲུལ་གྱི་ཟླ་བའི་ཚེས་བཅུ་ལ་བབ་ཚེ༔ མུ་སྟེགས་སྡེ་དྲུག་བཏུལ་ནས་ཆོས་འཁོར་བསྐོར༔ མཚན་ནི་སེངྒེ་སྒྲ་སྒྲོགས་ཞེས་སུ་གྲགས༔ གསོལ་བ་འདེབས་སོ༴ རྟ་ཟླའི་ཚེས་བཅུར་བདེ་ཆེན་བརྡལ་དུ་བྱོན༔ དུར་ཁྲོད་ལྷ་འདྲེ་དབང་བསྡུས་ཆོས་ལ་བཙུད༔ གུ་རུ་ཉི་མ་འོད་ཟེར་ཞེས་སུ་གྲགས༔ གསོལ་བ་འདེབས་སོ༴ ལུག་ཟླའི་ཚེས་བཅུར་རྡོ་རྗེ་གདན་དུ་བྱོན༔ མདོ་སྔགས་བསྟན་པ་མི་ནུབ་རྒྱལ་མཚན་བཙུགས༔ མཚན་ནི་བློ་ལྡན་མཆོག་སྲེད་ཞེས་སུ་གྲགས༔ གསོལ་བ་འདེབས་སོ༴ སྤྲེལ་ཟླའི་ཚེས་བཅུར་བལ་པོའི་ཡུལ་དུ་བྱོན༔ སྣ་ཚོགས་ཐབས་ཀྱིས་རྒྱལ་ཁམས་ཆོས་ལ་བཀོད༔ མཚན་ནི་གུ་རུ་པདྨ་བཛྲ་གྲགས༔ གསོལ་བ་འདེབས་སོ༴ བྱ་ཟླའི་ཚེས་བཅུར་རྒྱ་ནག་ཡུལ་དུ་བྱོན༔ ཀུན་རྫོབ་རྩིས་ཀྱིས་རྒྱ་ནག་རྒྱལ་ཁབ་འདུལ༔ མཚན་ནི་གུ་རུ་མཉྫུ་ཤྲཱི་གྲགས༔ གསོལ་བ་འདེབས་སོ༴ ཁྱི་ཡི་ཟླ་བའི་ཚེས་བཅུ་ལ་བབ་དུས༔ མུན་གླིང་བོད་དུ་ཆོས་ཀྱི་སྒྲོན་མེ་སྦར༔ མཚན་ནི་གུ་རུ་པདྨ་འབྱུང་གནས་གྲགས༔ གསོལ་བ་འདེབས་སོ༴ ཕག་གི་ཟླ་བའི་ཚེས་བཅུ་ལ་བབ་ཚེ༔ མདོ་ཁམས་ལྷ་འདྲེ་དམ་བཏགས་གནས་བྱིན་རླབས༔ གུ་རུ་རྡོ་རྗེ་ཁྲོ་ལོད་ཞེས་སུ་གྲགས༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ འདི་བཟུང་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སྐད་ཅིག་འདུ་འབྲལ་མེད་པར་ཐུགས་རྗེས་ཟུངས༔ ཐུགས་རྒྱུད་དགོངས་པའི་ཡེ་ཤེས་ཡོན་ཏན་ཀུན༔ ད་ལྟ་ཉིད་དུ་བདག་རྒྱུད་ལ་འཕོས་ཏེ༔ མ་དག་སྒོ་གསུམ་འཛིན་ཞེན་རང་ཞིག་ནས༔ ཀ་དག་ཀུན་ཏུ་བཟང་པོའི་ས་རུ་སྐྱོལ༔ འཕོ་མེད་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི༔ ས་ཐོབ་ཡེ་ཤེས་སྒྱུ་མའི་སྐུར་འགྲུབ་ནས༔ ཚེ་འདིར་འཆི་བའི་ལམ་ལ་མི་ལྟོས་པར༔ འཇའ་ལུས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས༔ བདག་དང་བདག་ལ་བཟང་ངན་འབྲེལ་ཐོགས་ཀུན༔ གཟུང་འཛིན་འཁྲུལ་པའི་སྒྲིབ་གཉིས་དང་བྲལ་ཞིང་༔ འཁོར་འདས་དག་མཉམ་རོལ་པའི་གདིང་ཐོབ་སྟེ༔ ཀ་དག་ཀུན་ཏུ་བཟང་པོར་བྱང་ཆུབ་ཤོག༔ དེ་ལྟར་རྣམ་གསུམ་དད་པས་གསོལ་བཏབ་ན༔ བྱིན་རླབས་རྒྱུད་ལ་འཇུག་པར་གདོན་མི་ཟ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་བུ་མཆོག །ངག་དབང་ཕྲིན་ལས་བསྐུལ་བ་དོན་ཡོད་ཕྱིར། །བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར། །མཐོང་ཐོས་དྲན་རེག་ཡང་དག་སངས་རྒྱས་ཤོག །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།