DJYD-KABUM-18-TSHA-030: Difference between revisions
m (Text replacement - "ཧོཿ" to "ཧོཿ ") |
m (Text replacement - "༈" to " ༈ ") |
||
| Line 33: | Line 33: | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །{{TibChung|གཤིན་པོའི་རུས་ཆོག་དང་འབྲེལ་བའི་སཱཙྪ་རབ་གནས་དང་སྒྲུབ་པའི་ཆོ་ག་སྙིང་པོར་དྲིལ་བ་བཞུགས་སོ། །}} ན་མོ་གུ་རུ་བཛྲ་སཏྭ་ཡེ། {{TibChung|གཤིན་པོ་རྗེས་སུ་འཛིན་པའ་ཆོ་གའི་ཡན་ལག་སཱཙྪ་རབ་གནས་དང་སྒྲུབ་པའི་ཚུལ་ལ། དམིགས་བྱའི་ཕུང་པོ་ཞི་བའི་སྦྱིན་སྲེག་གིས་སྦྱངས་པའི་རུས་བུ་ལས་སཱཙྪ་འདེབས་པའི་ཆོ་ག་ལྟར་ཚུལ་བཞིན་བཏབ་པའི་སཱཙྪ་རྣམས་གཙང་མའི་སྟེགས་ལ་བཀོད་དེ་མཆོད་པ་ཉེར་སྤྱོད་ཀྱིས་བསྐོར། དྲི་ལྡན་གྱི་ལས་བུམ། སྦྱོང་ཆས། གུལ་ཡུངས། རབ་གནས་ཀྱི་མེ་ཏོག་བཅས་འདུ་བྱས་ལ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས།}} ལས་བུམ་དུ་སྐད་ཅིག་གིས་བདུད་རྩི་འཁྱིལ་བ་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་{{TibChung|བསམ་ཞིང་།}} ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ {{TibChung|ཅེས་ཅི་ནུས་བཟླས་མཐར།}} ལྷ་འོད་དུ་ཞུ་བ་ལས་བུམ་པའི་ཆུ་ནུས་པ་དང་ལྡན་པར་གྱུར་{{TibChung|པར་བསམ། བགེགས་སྦྱོང་བའི་སླད་དུ་གཏོར་མ་རྟེན་ལ་གཡས་སུ་བསྐོར་ཞིང་། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་གསུམ་གྱིས་ཞི་བ། ཏིང་ལོ་དང་ཆངས་བུ་གཡོན་དུ་བསྐོར་ཞིང་།}} ཨོཾ་སུམྦྷ་ནི་{{TibChung|སོགས་གསུམ་གྱིས་ཕྱེད་མ།}} བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོཉ་ཧཾ། རང་ཉིད་རྡོ་རྗེ་ཁྲོ་བོའི་སྐུར་གྱུར། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། {{TibChung|[1b]}} ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་རབ་ཏུ་གནས་པའི་ཆོ་ག་སྒྲུབ་པ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། {{TibChung|ཞེས་དང་}} བི་ཤྭ་བཛྲ་{{TibChung|སོགས་དྲག་སྔགས་གུལ་ཡུངས་ཚམ་རྔམས་དང་བཅས་གཏོར་མ་ཕྱི་རོལ་དུ་དོར་བ་ནི་དྲག་པོས་སྦྱོང་བའོ། དེ་ནས་ལས་བུམ་གྱིས་སཱཙྪའི་གཟུགས་བརྙན་མེ་ལོང་དུ་ཤར་བ་ལ་བཀྲུ་ཞིང་།}} ཇི་ལྟར་བལྟམས་པ་སོགས། འདི་ནི་ཁྲུས་མཆོག་སོགས། འདི་ནི་ཕ་རོལ་ཕྱིན་དྲུག་ཆུ། །{{TibChung|སོགས་རེ་རེ་བཞིན།}} སརྦ་ཏ་ཐཱ་ག་ཏ་{{TibChung|སོགས་ཁྲུས་སྔགས་སྦྱར་བས་ཁྲུས་གསོལ།}} དེ་དག་སྐུ་ལ་{{TibChung|སོགས་དང་།}} ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ ཀཱ་ཡ་བི་ཤྭངྷ་ན་ཡེ་སྭཱཧཱ། {{TibChung|ཞེས་སྐུ་ཕྱིས། རྟེན་ཨ་མྲྀ་ཏས་བསང་།}} སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་སེངྒེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། དེ་ལས་འད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། དར་དང་རིན་པོ་ཆེས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་གནས་གསུམ་ {{TibChung|[2a]}} དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་དབང་ལྷ་དང་བཅས་པ་བཛྲ་ས་མཱ་ཛཿ{{TibChung|ས་སྤྱན་དྲངས།}} ཛཿཧཱུཾ་བཾ་ཧོཿ ས། གཉིས་སུ་མེད་པར་ཐིམ། དབང་ལྷས་དབང་བསྐུར། སྐུ་གང་དྲི་མ་དག ། ཆུའི་ལྷག་མ་ཡར་ལུང་པ་ལས་རྡོ་རྗེ་སེམས་དཔའ་བདག་པོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་བསམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་{{TibChung|སོགས་ཀྱིས་མཆོད།}} ཕྱག་བྱར་འོས་པ་{{TibChung|སོགས་ཀྱིས་བསྟོད། རྡོ་རྗེས་སྤྱན་དབྱེ་བའི་ཚུལ་དང་བཅས།}} ཧོ། སངས་རྒྱས་རྣམས་ཀྱི་ཡེ་ཤེས་སྤྱན། །སྒྲིབ་པའི་དྲི་མ་ཀུན་བྲལ་བ། །སེམས་ཅན་དོན་དུ་རབ་དབྱེ་བས། །འགྲོ་ཀུན་ཡེ་ཤེས་སྤྱན་ལྡན་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ། {{TibChung|སླར་ཡང་མཆོད་ཅིང་བསྟོད་དེ།}} བསྐྱེད་པའི་ལྷ་ཡོངས་སུ་གྱར་པ་ལས་རྟེན་རང་རང་གི་རྣམ་པར་གྱུར་{{TibChung|པར་བསམ་ལ།}} སུ་པྲ་ཏིཥྛདང་ཡེ་དྷརྨ་{{TibChung|མང་དུ་བཟླས་པའི་མེ་ཏོག་འཐོར་ཞིང་།}} འདིར་ནི་རྟེན་དང་{{TibChung|སོགས་ཀྱིས་བརྟན་བཞུགས་དང་།}} ཉིན་མོ་བདེ་ལེགས་{{TibChung|སོགས་ཤིས་བརྗོད་རྒྱས་པར་བྱའོ།། །།}} | {{TibP|༄༅། །{{TibChung|གཤིན་པོའི་རུས་ཆོག་དང་འབྲེལ་བའི་སཱཙྪ་རབ་གནས་དང་སྒྲུབ་པའི་ཆོ་ག་སྙིང་པོར་དྲིལ་བ་བཞུགས་སོ། །}} ན་མོ་གུ་རུ་བཛྲ་སཏྭ་ཡེ། {{TibChung|གཤིན་པོ་རྗེས་སུ་འཛིན་པའ་ཆོ་གའི་ཡན་ལག་སཱཙྪ་རབ་གནས་དང་སྒྲུབ་པའི་ཚུལ་ལ། དམིགས་བྱའི་ཕུང་པོ་ཞི་བའི་སྦྱིན་སྲེག་གིས་སྦྱངས་པའི་རུས་བུ་ལས་སཱཙྪ་འདེབས་པའི་ཆོ་ག་ལྟར་ཚུལ་བཞིན་བཏབ་པའི་སཱཙྪ་རྣམས་གཙང་མའི་སྟེགས་ལ་བཀོད་དེ་མཆོད་པ་ཉེར་སྤྱོད་ཀྱིས་བསྐོར། དྲི་ལྡན་གྱི་ལས་བུམ། སྦྱོང་ཆས། གུལ་ཡུངས། རབ་གནས་ཀྱི་མེ་ཏོག་བཅས་འདུ་བྱས་ལ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས།}} ལས་བུམ་དུ་སྐད་ཅིག་གིས་བདུད་རྩི་འཁྱིལ་བ་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་{{TibChung|བསམ་ཞིང་།}} ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ {{TibChung|ཅེས་ཅི་ནུས་བཟླས་མཐར།}} ལྷ་འོད་དུ་ཞུ་བ་ལས་བུམ་པའི་ཆུ་ནུས་པ་དང་ལྡན་པར་གྱུར་{{TibChung|པར་བསམ། བགེགས་སྦྱོང་བའི་སླད་དུ་གཏོར་མ་རྟེན་ལ་གཡས་སུ་བསྐོར་ཞིང་། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་གསུམ་གྱིས་ཞི་བ། ཏིང་ལོ་དང་ཆངས་བུ་གཡོན་དུ་བསྐོར་ཞིང་།}} ཨོཾ་སུམྦྷ་ནི་{{TibChung|སོགས་གསུམ་གྱིས་ཕྱེད་མ།}} བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོཉ་ཧཾ། རང་ཉིད་རྡོ་རྗེ་ཁྲོ་བོའི་སྐུར་གྱུར། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། {{TibChung|[1b]}} ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་རབ་ཏུ་གནས་པའི་ཆོ་ག་སྒྲུབ་པ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། {{TibChung|ཞེས་དང་}} བི་ཤྭ་བཛྲ་{{TibChung|སོགས་དྲག་སྔགས་གུལ་ཡུངས་ཚམ་རྔམས་དང་བཅས་གཏོར་མ་ཕྱི་རོལ་དུ་དོར་བ་ནི་དྲག་པོས་སྦྱོང་བའོ། དེ་ནས་ལས་བུམ་གྱིས་སཱཙྪའི་གཟུགས་བརྙན་མེ་ལོང་དུ་ཤར་བ་ལ་བཀྲུ་ཞིང་།}} ཇི་ལྟར་བལྟམས་པ་སོགས། འདི་ནི་ཁྲུས་མཆོག་སོགས། འདི་ནི་ཕ་རོལ་ཕྱིན་དྲུག་ཆུ། །{{TibChung|སོགས་རེ་རེ་བཞིན།}} སརྦ་ཏ་ཐཱ་ག་ཏ་{{TibChung|སོགས་ཁྲུས་སྔགས་སྦྱར་བས་ཁྲུས་གསོལ།}} དེ་དག་སྐུ་ལ་{{TibChung|སོགས་དང་།}} ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ ཀཱ་ཡ་བི་ཤྭངྷ་ན་ཡེ་སྭཱཧཱ། {{TibChung|ཞེས་སྐུ་ཕྱིས། རྟེན་ཨ་མྲྀ་ཏས་བསང་།}} སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་སེངྒེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། དེ་ལས་འད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། དར་དང་རིན་པོ་ཆེས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་གནས་གསུམ་ {{TibChung|[2a]}} དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་དབང་ལྷ་དང་བཅས་པ་བཛྲ་ས་མཱ་ཛཿ{{TibChung|ས་སྤྱན་དྲངས།}} ཛཿཧཱུཾ་བཾ་ཧོཿ ས། གཉིས་སུ་མེད་པར་ཐིམ། དབང་ལྷས་དབང་བསྐུར། སྐུ་གང་དྲི་མ་དག ། ཆུའི་ལྷག་མ་ཡར་ལུང་པ་ལས་རྡོ་རྗེ་སེམས་དཔའ་བདག་པོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་བསམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་{{TibChung|སོགས་ཀྱིས་མཆོད།}} ཕྱག་བྱར་འོས་པ་{{TibChung|སོགས་ཀྱིས་བསྟོད། རྡོ་རྗེས་སྤྱན་དབྱེ་བའི་ཚུལ་དང་བཅས།}} ཧོ། སངས་རྒྱས་རྣམས་ཀྱི་ཡེ་ཤེས་སྤྱན། །སྒྲིབ་པའི་དྲི་མ་ཀུན་བྲལ་བ། །སེམས་ཅན་དོན་དུ་རབ་དབྱེ་བས། །འགྲོ་ཀུན་ཡེ་ཤེས་སྤྱན་ལྡན་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ། {{TibChung|སླར་ཡང་མཆོད་ཅིང་བསྟོད་དེ།}} བསྐྱེད་པའི་ལྷ་ཡོངས་སུ་གྱར་པ་ལས་རྟེན་རང་རང་གི་རྣམ་པར་གྱུར་{{TibChung|པར་བསམ་ལ།}} སུ་པྲ་ཏིཥྛདང་ཡེ་དྷརྨ་{{TibChung|མང་དུ་བཟླས་པའི་མེ་ཏོག་འཐོར་ཞིང་།}} འདིར་ནི་རྟེན་དང་{{TibChung|སོགས་ཀྱིས་བརྟན་བཞུགས་དང་།}} ཉིན་མོ་བདེ་ལེགས་{{TibChung|སོགས་ཤིས་བརྗོད་རྒྱས་པར་བྱའོ།། །།}} ༈ {{TibChung|དེ་ནས་སྒྲུབ་པའི་ཆོ་ག་ནི། རབ་ཏུ་གནས་པའི་སཱཙྪ་རྣམས་ཀྱི་མདུན་དུ་མཆོད་པ་རྒྱ་ཆེར་བཤམ་ལ།}} རཾ་ཡཾ་ཁཾ་{{TibChung|གིས་བསང་སྦྱང་།}} སྟོང་པའི་ངང་ལས་ལྷ་རྫས་དང་ཏིང་ངེ་འཛིན་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ནམ་མཁའི་མཐའ་ཀླས་པར་གང་བར་{{TibChung|བསམ་ཞིང་།}} ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། {{TibChung|སོགས་ནས་ {{TibChung|[2b]}} ཤཔྡ{{TibChung|འི་བར་དང་།}} བཛྲ་སྥ་ར་ཎ་ཁཾ་{{TibChung|གིས་སྤེལ། སཱཙྪ་རྣམས་ལས་སྔགས་ཀྱིས་བསང་།}} སྭ་བྷཱ་ཝས་སྦྱང་།}} སྟོང་པའ་ངང་ལས་པད་ཟླའི་སྟེང་དུ་རིན་པོ་ཆེའི་མཆོད་རྟེན་ཡངས་ཤིང་རྒྱ་ཆེ་བ་སཱཙྪའི་གྲངས་དང་མཉམ་པའི་བུམ་པའི་དབུས་སུ་ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ལྟེ་བར་སེངྒེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླའི་གདན་གྱི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བར་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་གསལ་ཞི་འཛུམ་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བ། གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་དེ་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པའི་ཚུལ་གྱིས་ཡུམ་ལ་འཁྱུད་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་པང་དུ་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་ཐོད་འཛིན་པས་མགུལ་ནས་འཁྱུད་པ་དང་མཉམ་པརསྦྱོར་བ། གཉིས་ཀའང་དར་དང་རིན་པོ་ཆེས་བརྒྱན་པ། འཇའ་ཟེར་ཐིག་ལེ་དྭངས་མར་འཁྲིགས་པའི་ཀློང་ན་ཡེ་ཤེས་སྒྱུ་མའི་སྐུ་ཅན་དུ་གསལ་བའི་སྤྱི་བོར་ཨོཾ། མགྲིན་པ་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས་འོག་མིན་གྱི་ {{TibChung|[3a]}} ཞིང་ནས་ཡེ་ཤེས་པ་དབང་ལྷ་དང་བཅས་པ་བཛྲ་ས་མཱ་ཛཿ{{TibChung|ས་སྤྱན་དྲངས།}} ཛཿཧཱུཾ་བཾ་ཧོཿ {{TibChung|ས}} གཉིས་སུ་མེད་པར་ཐིམ། དབང་ལྷ་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པ་བདག་པོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་{{TibChung|བསམ།}} ཨོཾ་གུ་རུ་བཛྲ་སཏྭ་ཨརྒྷཾ་{{TibChung|སོགས་ནས་ཤཔྡའི་བར་གྱིས་མཆོད།}} བླ་མ་དཔལ་ལྡན་རྡོ་རྗེ་སེམས། །བདེ་ཆེན་ཡེ་ཤེས་ལྔ་ཡི་བདག །དཀྱིལ་འཁོར་ཀུན་གྱི་བྱེད་པ་མཆོག །དེ་ལ་བདག་ནི་ཕྱག་འཚལ་བསྟོད། །{{TibChung|ཅེས་བསྟོད།}} རང་ཉིད་རྡོ་རྗེ་སེམས་པར་གསལ་བའི་ཞལ་ནས་སྔགས་ཀྱི་སྒྲ་དབྱངས་སྒྲོགས་བཞིན་པས། དམིགས་ཡུལ་གཙོ་བོར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱང་དུ་གསོལ་སྙམ་པའི་ཡིད་ཀྱིས་གསོལ་བ་བཏབ་པས། མདུན་བསྐྱེད་ཀྱི་ལྷའི་ཞལ་ནས་སྔགས་ཀྱི་སྒྲ་དང་ཐུགས་རྗེའི་འོད་ཟེར་དཀར་པོ་བསམ་གྱིས་མི་ཁྱབ་པ་འཕྲོས། དམིགས་ཡུལ་གཙོ་བོར་གྱུར་པའི་སེམས་ཅན་རྣམས་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་སྦྱངས། རྡོ་རྗེ་སེམས་དཔའི་གོ་འཕང་ལ་བཀོད་པར་གྱུར། {{TibChung|ཅེས་དམིགས་ལ།}} ཨོཾ་བཛྲ་སཏྭ་ཨཱཿ {{TibChung|ཞེས་ཡང་སྙིང་དང་ཡི་གེ་བརྒྱ་པ་གཙོ་བོར་བཟླ། བར་མཚམས་ཅི་རིགས་པར།}} ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ {{TibChung|[3b]}} ཏྲུཾ་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་སརྦ་པཱ་པཾ་བི་ཤུདྡྷེ་ཧཱུྃ་ཕཊ། ཚེ་ལས་འདས་པའི་{{TibChung|ཆེ་གེ་མོའི་}} སྡིག་སྒྲིབ་བགཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། {{TibChung|ཞེས་སྤེལ་ཚིག་སྦྱར་བའང་ཅི་ནུས་བཟླ། ཐུན་མཐར་གོང་བཞིན་མཆོད་ཅིང་བསྟོད་ནས།}} བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་དམིགས་ཡུལ་{{TibChung|ཆེ་གེ་མོའི་}} གཙོས་མཐའ་ཡས་པའི་སེམས་ཅན་རྣམས་ཀྱི་ལས་ཉོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་དུ་མྱུར་དུ་བྱང་ཞིང་དག་ནས་ཟུང་འཇུག་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་མངོན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། {{TibChung|ཅེས་འདོད་དོན་གསལ།}} མ་རྙེད་ཡངས་སུ་མ་ཚང་དང་། །{{TibChung|སོགས་དང་ཡིག་བརྒྱས་ནོངས་པ་བཤགས།}} མཆོད་རྟེན་ལྷ་དང་བཅས་པ་ཞུ་བ་ལས་སཱཙྪའི་རྣམ་པ་ཇི་ལྟ་བར་གྱུར་{{TibChung|པར་བསམ་ལ།}} འདིར་ནི་རྟེན་དང་ལྷན་ཅིག་ཏུ། །{{TibChung|ཞེས་སོགས་ཀྱིས་བརྟན་བཞུགས་བྱ། བདག་བསྐྱེད་ཀྱི་ཉེར་བསྡུ་སོགས་མཐར་དབྱུང་། ཚུལ་དེ་ལྟ་བུའི་རིམ་པས་སྔགས་ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག་ནས་བཅུའི་བར་དང་། རབ་ན་མཆོད་རྟེན་ལས་འོད་འབར་བ་ལ་སོགས་པའི་རྟག་མཐོང་གི་བར་དུ་བཟླ་བར་གསུངས་ཤིང་། དེ་ལྟར་བསྒྲུབས་པའི་སཱཙྪ་དེ་ཉིད་གང་ཟག་མཆོག་རྣམས་མཆོད་རྟེན་སོགས་རྟེན་གྱི་ནང་དུ་གཞུག་པ་དང་། ཕལ་པ་རྣམས་གནས་དབེན་པར་བཀུར་བསྟི་དང་བཅས་ཏེ་བཞུགས་པའང་རྒྱ་མཚོར་འབབས་པའི་ཆུ་ཀླུང་ཆེན་པོར་དེ་བཞིན་གཤེགས་པའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ་ལ་སྨོན་ལམ་དང་བཅས་ཏེ་ལེགས་པར་སྤྱན་དྲངས་པར་བྱའོ། །ཚུལ་འདི་ {{TibChung|[4a]}} བཞིན་བསྒྲུབས་པའི་ཕན་ཡོན་ཀྱང་། རྒྱུད་ལས། དེས་ནི་ངེས་པར་དམྱལ་གནས་ནས། །དེ་བྱས་པས་ནི་གྲོལ་བར་འགྱུར། །ཡི་དྭགས་བྱོལ་སོང་སྡུག་བསྔལ་ལས། གྲོལ་ཏེ་ལྷ་ཡི་གནས་སུ་སྐྱེ། །ཞེས་སོགས་རྒྱ་ཆེར་བསྔགས་པ་ལ་ཡིད་ཆེས་པའི་དད་པ་བརྟན་པོས་འབད་པར་བྱ་བར་རིགས་པ་ཉིད་དོ། །གོང་དུ་སྨོས་པའི་རྡོར་སེམས་ཉིད་སྤྱི་ལ་ཁྱབ་པའི་དབང་དུ་བྱས་པ་སྟེ། གཞན་ཐུགས་རྗེ་ཆེན་པོ་སོགས་གང་འདོད་དུ་ཁ་བསྒྱུར་བས་ཆོག་གོ །ཞེས་པའང་སྔགས་སྟོན་འཆི་མེད་རྡོ་རྗེས་དོན་དུ་གཉེར་བའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དོན་ལྡན་དུ་གྱུར་ཅིག། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Latest revision as of 16:41, 23 December 2025
| Wylie title | gshin po'i rus chog dang 'brel ba'i sAts+tsha rab gnas dang sgrub pa'i cho ga snying por dril ba | |
|---|---|---|
| Location | bdud 'joms rin po che bka' 'bum Volume 18, Text 30, Pages 681-687 (Folios 1a1 to 4a3) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. Gshin po'i rus chog dang 'brel ba'i sAts+tsha rab gnas dang sgrub pa'i cho ga snying por dril ba. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 18: 681-687. Kalimpong: Dupjung Lama, 1979-1985. | |
| Side notes | Recto: sAts+tsha rab gnas Verso: bka' gter rdor sems | |
| More details More details | ||
| Genre | Consecration Rituals - rab gnas cho ga · Funerary Rituals - gnas lung - byang chog | |
| Colophon |
།ཞེས་པའང་སྔགས་སྟོན་འཆི་མེད་རྡོ་རྗེས་དོན་དུ་གཉེར་བའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དོན་ལྡན་དུ་གྱུར་ཅིག། | |
|
zhes pa'ang sngags ston 'chi med rdo rjes don du gnyer ba'i ngor 'jigs bral ye shes rdo rjes bris pa don ldan du gyur cig/ | ||