DJYD-KABUM-24-YA-002: Difference between revisions
From Dudjom Wiki
DJYD-KABUM-24-YA-002
m Text replacement - "bdud 'joms rin po che bka' 'bum" to "bdud 'joms rin po che'i bka' 'bum" |
No edit summary |
||
| (4 intermediate revisions by 2 users not shown) | |||
| Line 5: | Line 5: | ||
|fulltitle=pad+ma gsang ba'i thig le las: 'chi med tshe yi phrin las: | |fulltitle=pad+ma gsang ba'i thig le las: 'chi med tshe yi phrin las: | ||
|citation=[[Rje drung phrin las byams pa 'byung gnas]]. ''Pad+ma gsang ba'i thig le las 'chi med tshe yi phrin las''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 24: 3-21. Kalimpong: Dupjung Lama, 1979-1985. | |citation=[[Rje drung phrin las byams pa 'byung gnas]]. ''Pad+ma gsang ba'i thig le las 'chi med tshe yi phrin las''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 24: 3-21. Kalimpong: Dupjung Lama, 1979-1985. | ||
|collectiontitletib= | |collectiontitletib=བདུད་འཇོམས་རིན་པོ་ཆེའི་བཀའ་འབུམ། | ||
|collectiontitle=bdud 'joms rin po che'i bka' 'bum | |collectiontitle=bdud 'joms rin po che'i bka' 'bum | ||
|author=rje drung phrin las byams pa 'byung gnas | |author=rje drung phrin las byams pa 'byung gnas | ||
| Line 38: | Line 38: | ||
དྷི།༔ །{{TibChung|སྐྱེ་འཆི་མི་མངའ་རྟག་པའི་སྐུཿ འཕོ་འགྱུར་མཚན་མས་མི་ཕྱེད་ཅིང་༔ རིག་སྟོང་འོད་གསལ་རྡོ་རྗེའི་སྲོགཿ དགོངས་པའི་ཐིག་ལེར་ཡང་དག་སྒྲུབ༔}} ཀོལོངར༽༔ {{TibChung|སྔོན་འགྲོའི་ཆོས་ལ་རྣམ་གྲངས་བདུན༔ དང་པོ་སྐྱབས་ཡུལ་གསལ་གདབ་པར༔ }} ན་མོ༔ གདོད་ནས་དག་པ་གཉུག་མའི་བབ༔ འོད་གསལ་འདུས་མ་བྱས་པའི་གདངས༔ འཕོ་འགྱུར་མེད་པ་དོན་གྱི་ལྷར༔ གཉིས་མེད་ངང་ནས་སྐྱབས་སུ་མཆི༔ {{TibChung|གཉིས་པ་དོན་དམ་བྱང་སེམས་བསྐྱེད༔}} ཧོཿ མེད་བཞིན་སྣང་བ་འཁྲུལ་པའི་འགྲོ༔ རང་རིག་ཆེན་པོར་རོ་མཉམ་ཀྱང་༔ གསང་ཆེན་ཐབས་ཀྱིས་ཆོད་པ་རྣམས༔ ཡེ་ཤེས་དབྱིངས་སུ་འགོད་པར་ {{ | དྷི།༔ །{{TibChung|སྐྱེ་འཆི་མི་མངའ་རྟག་པའི་སྐུཿ འཕོ་འགྱུར་མཚན་མས་མི་ཕྱེད་ཅིང་༔ རིག་སྟོང་འོད་གསལ་རྡོ་རྗེའི་སྲོགཿ དགོངས་པའི་ཐིག་ལེར་ཡང་དག་སྒྲུབ༔}} ཀོལོངར༽༔ {{TibChung|སྔོན་འགྲོའི་ཆོས་ལ་རྣམ་གྲངས་བདུན༔ དང་པོ་སྐྱབས་ཡུལ་གསལ་གདབ་པར༔ }} ན་མོ༔ གདོད་ནས་དག་པ་གཉུག་མའི་བབ༔ འོད་གསལ་འདུས་མ་བྱས་པའི་གདངས༔ འཕོ་འགྱུར་མེད་པ་དོན་གྱི་ལྷར༔ གཉིས་མེད་ངང་ནས་སྐྱབས་སུ་མཆི༔ {{TibChung|གཉིས་པ་དོན་དམ་བྱང་སེམས་བསྐྱེད༔}} ཧོཿ མེད་བཞིན་སྣང་བ་འཁྲུལ་པའི་འགྲོ༔ རང་རིག་ཆེན་པོར་རོ་མཉམ་ཀྱང་༔ གསང་ཆེན་ཐབས་ཀྱིས་ཆོད་པ་རྣམས༔ ཡེ་ཤེས་དབྱིངས་སུ་འགོད་པར་ {{FolioNumber|[2a]}} བྱ༔ {{TibChung|གསུམ་པ་ཚོགས་བསགས་རྣལ་འབྱར་ནི༔ }} འཆི་མེད་ཚེ་ཡི་ལྷ་ཚོགས་ལ༔ དག་མཉམ་ཆེན་པོར་གུས་ཕྱག་འཚལ༔ ཡུལ་དབང་མཉམ་སྦྱོར་མཆོད་སྤྲིན་འབུལ༔ ཀུན་བརྟགས་འཁྲུལ་པ་དབྱིངས་སུ་བཤགས༔ བློ་བྲལ་ཟབ་མོར་རྗེས་ཡི་རངས༔ བདེ་ཆེན་བརྡ་ཡི་ཆོས་འཁོར་བསྐོར༔ འཕོ་བྲལ་ཆེན་པོར་བཞུགས་གསོལ་འདེབས༔ དགེ་ཚོགས་གཞོན་ནུ་བུམ་སྐུར་བསྔོ༔ {{TibChung|བཞི་པ་སྲུང་མཚམས་རྣལ་འབྱོར་ནི༔ }} ཧཱུཾ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ ཁྲོ་ལ་ཁྲོས་པས་ཞི་མཛད་པའི༔ ཐུགས་རྗེ་ཁྲོས་དཔལ་རྟ་ཡི་རྒྱལ༔ རིག་རྩལ་འཕྲོ་འདུ་འབར་བའི་སྤྲིན༔ ཡེ་ཤེས་ {{FolioNumber|[2b]}} རོལ་པའི་རྒྱན་དུ་ཤར༔ ཉོན་ཅིག་མ་རིག་བདུད་དགྲའི་དཔུང་༔ ཀུན་ཏུ་བརྟག་པའི་གདོན་ཚོགས་ཀུན༔ ཡེ་ཤེས་རྒྱན་གྱི་གཏོར་མ་ལོངས༔ ཡོངས་གྲུབ་ཆོས་སྐུའི་ཀློང་དུ་དེངས༔ འཕོ་འགྱུར་མེད་པར་མཚམས་བཅད་དོ༔ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ {{TibChung|ལྔ་པ་རྡོ་རྗེའི་བྱིན་ཆེན་དབབ༔}} ཧཱུྃ༔ རང་བཞིན་གདོད་ནས་རྣམ་དག་པ༔ ཞི་བ་ཆེན་པོའི་བྱིན་ཕོབ་ཅིག༔ ལོངས་སྤྱོད་ཡོངས་རྫོགས་རོལ་པའི་སྤྲིན༔ བདེ་བ་ཆེན་པོའི་བྱིན་ཕོབ་ཅིག༔ སྣ་ཚོགས་འགྲོ་འདུལ་སྤྲུལ་པའི་གར༔ བསམ་མི་ཁྱབ་པའི་བྱིན་ཕོབ་ཅིག༔ ཧཱུྃ༔ ལྷོ་ནུབ་རྔ་ཡབ་སྤྲུལ་པའི་ཞིང་༔ འཆི་མེད་དག་པའི་གྲོང་ཁྱེར་ནས༔ བདེ་ཆེན་ཆོས་སྐུ་པདྨ་འབྱུང་༔ རབ་འབྱམས་ཚེ་ལྷའི་ཚོགས་དང་བཅས༔ མི་མངོན་དབྱིངས་ནས་སྐུར་བཞེངས་ལ༔ གསང་བའི་གནས་འདིར་བྱིན་ཆེན་ཕོབ༔ ཚེ་མདའ་འདི་ལ་ཚད་ཅིག་སྟོན༔ སྒྲུབ་རྫས་འདི་ལ་ཞག་ཅིག་བསྐྱིལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དཱེ་ཝ་དྷཱ་ཀི་ནི་ཛྙཱ་ནས་མ་ཡ་ཨ་བེ་ཤ་ཡ་ཨ་ཨ་ཨཱཿ {{TibChung|དྲུག་པ་ཕྱི་ནང་མཆོད་པ་བརླབ༔}} ཨོཾ་ཨཱཿཧཱུྃ༔ སྣང་བ་རྣམ་དག་མཆོད་པའི་སྤྲིན༔ སྟོང་པ་འོད་གསལ་བདུད་རྩི་ཆེ༔ བདེ་ཆེན་རང་བྱུང་དམར་ཆེན་པོ༔ འདོད་ཡོན་དམ་རྫས་ {{FolioNumber|[3a]}} རྨད་དུ་བྱུང་༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཱུ་ཛ་ཨ་མྲྀ་ཏ་རཀྟ་བ་ལིངྷ་གུ་ཧྱ་ས་མ་ཡ་ཧཱུཾ་ཧྲཱིཿཋཱ༔ {{TibChung|བདུན་པ་རང་རིག་གསལ་གདབ་པ༔}} ཧཱུྃ༔ གདོད་ནས་མ་སྐྱེས་སྤྲོས་དང་བྲལ༔ རྡོ་རྗེ་ཕུང་པོའི་ཡན་ལག་རྣམས༔ བདེན་དོན་འོད་གསལ་ཆེན་པོའི་ངང་༔ རང་རིག་དབྱིངས་སུ་རང་གསལ་གདབ༔ ཨོཾ་ཨཱཿཧཱུྃ༔ {{TibChung|གསང་གསུམ་རྡོ་རྗེའི་ངོ་བོར་བྱས༔ རབ་འབྱམས་སྒྲུབ་པའི་ཕྲིན་ལས་ཀྱིཿ སྔོན་འགྲོའི་རིམ་པ་ཟབ་མོའོ༔ }} ཀ༽མ༽ས༽ རྒྱ་རྒྱ་རྒྱ༔ དྷི།༔ རབླ་ཤ༔ {{TibChung|བདེ་ཆེན་ཆོས་སྐུའི་གྲོང་ཁྱེར་པ༔ མངོན་སུམ་ལམ་དུ་ཁྱེར་བའི་ཐབས༔ ཕྲིན་ལས་དངོས་གཞིའི་རིམ་པ༔ རྡོ་རྗེའི་གནས་མཆོག་བརྒྱད་ཀྱིས་བསྟན༔ དང་པོ་བསྐྱེད་པའི་རྣམ་འབྱོར་ནི༔ }} ཨཱཿ ཆོས་སྐུ་སྐྱེ་བ་མེད་པ་ལས༔ འགགས་མེད་རང་བྱུང་སྙིང་རྗེའི་སྤྲིན༔ ཐུགས་རྗེ་ཆེན་པོའི་རོལ་པ་ལས༔ རྒྱུ་ཡི་ཧྲཱིཿཡིག་འོད་དུ་འབར༔ འོད་འཕྲོས་སྣོད་བཅུད་དངོས་འཛིན་སྦྱངས༔ ཚུར་འདུས་འབྱུང་བའི་དྭངས་བཅུད་སྟེང་༔ ནོར་བུ་ཆུ་ཤེལ་ལས་གྲུབ་པའི༔ བདེ་ཆེན་དག་པའི་གྲོང་ཁྱེར་ཆེ༔ ཚད་དང་མཚན་ཉིད་ཡོངས་རྫོགས་པའི༔ དབུས་མཁར་སྣ་ཚོགས་པདྨ་ནི༔ འདབ་བརྒྱད་གྱེས་པའི་ལྟེ་བ་རུ༔ ཐབས་ཤེས་ཉི་ཟླ་པདྨའི་སྟེང་༔ རང་རིག་ཧྲཱིཿཡིག་ཡོངས་གྱུར་ལས༔ འཆི་མེད་མཚོ་སྐྱེས་པདྨ་འབྱུང་༔ ཟག་ {{FolioNumber|[3b]}} མེད་དཀར་དམར་ལང་ཚོས་གང་༔ བདེ་ཆེན་ཐིག་ལེར་འཁྱིལ་བའི་ཞལ༔ རྗེས་ཆགས་སྤྱན་ཟུང་འཛུམ་པའི་མདངས༔ སྣང་སྟོང་ཟུང་འཇུག་ཕྱག་གཉིས་ཀྱིས༔ རྡོ་རྗེ་ཚེ་ཡི་བུམ་པ་འཛིན༔ པང་དུ་རང་འོད་ལས་སྐྱེས་པའི༔ འཆི་མེད་ཡེ་ཤེས་མནྡྷ་ར༔ མདའ་ར་ཚེ་བུམ་བསྣམས་པས་འཁྲིལ༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གིས༔ དགྱེས་མཉམ་ཆེན་པོའི་དབྱིངས་སུ་སྦྱོར༔ ལོངས་སྤྱོད་རྫོགས་སྐུ་ཞི་བའི་ཆས༔ འོད་ཟེར་དྲུག་ཕྲག་བསམ་ཡས་འཕྲོ༔ ཕྱོགས་མཚམས་པདྨའི་འདབ་མ་ལ༔ ཤར་ཕྱོགས་ཀུན་ཏུ་དགའ་བའི་བདག༔ རྡོ་རྗེ་ལཱ་སྱ་སྐུ་མདོག་དཀར༔ ཕྱག་གཡས་སྣང་སྟོང་མེ་ལོང་འཛིན༔ ལྷོ་ཕྱོགས་མཆོག་ཏུ་དགའ་བའི་བདག༔ རྡོ་རྗེ་མཱ་ལྱ་སྐུ་མདོག་སེར༔ རྡོ་རྗེ་དཀུར་བརྟེན་སྒེག་པའི་ཉམས༔ ནུབ་ཕྱོགས་ཁྱད་པར་དགའ་བའི་བདག༔ རྡོ་རྗེ་གཱི་རྟི་སྐུ་མདག་དམར༔ ཕྱག་གཉིས་སྐྱེ་མེད་གླིང་བུ་བསྒྱུར༔ བྱང་ཕྱོགས་དགའ་བྲལ་ངོ་བོ་ཉིད༔ རྡོ་རྗེ་ནཱིརྟི་སྐུ་མདོག་ལྗང་༔ བདེ་ཆེན་བརྡའ་ཡི་གར་ལ་བརྩོན༔ ཤར་ལྷོར་སྣང་སྟོང་པུཥྤེ་དཀར༔ ལྷོ་ནུབ་ཚོར་སྟོང་དྷུ་པེ་སེར༔ ནུབ་བྱང་བདེ་སྟོང་མར་མེ་དམར༔ བྱང་ཤར་རེག་སྟོང་དྲི་ཆབ་མཐིང་༔ སྒོ་བཞིར་ལས་བཞིའི་མགྱོགས་མ་ནི༔ དཀར་ {{FolioNumber|[4a]}} སེར་དམར་ལྗང་མདའ་དར་དང་༔ ཚེ་བུམ་བསྣམས་ཤིང་གར་སྟབས་བསྒྱུར༔ གཞན་ཡང་ཕྱོགས་མཚམས་སྟེང་འོག་ཀུན༔ འཇའ་ཟེར་དྭངས་མར་འཁྱིལ་བའི་ཀློང་༔ ཕུང་ཁམས་སྐྱེ་མཆེད་ལས་དབང་ཡུལ༔ འོད་གསལ་དབྱིངས་སུ་རྣམ་དག་པའི༔ ལྷ་ཡི་འཁོར་ལོ་ཡོངས་རྫོགས་པ༔ མ་བསྐྱེད་ཡེ་ནས་རང་ཤར་བའི་༔ དཀྱིལ་འཁོར་ཆེན་པོར་ལྷུན་གྲུབ་གྱུར༔ {{TibChung|གཉིས་པ་ཡེ་ཤེས་ལྔའི་དབང་བསྐུར༔}} གདོད་ནས་དག་པའི་ཡེ་ཤེས་པ༔ རིགས་མཆོག་རྣམ་པ་ལྔ་ཡི་བདག༔ འོད་གསལ་ཆེན་པོའི་ཐིག་ལེ་རུ༔ རང་བཞིན་ངོ་བོར་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ {{TibChung|གསུམ་པ་ཡེ་ཤེས་སྤྱན་དྲངས་བསྟིམ༔}} ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཚོགས་བརྒྱད་གནས་དག་སྲིན་པོའི་གྲོང་༔ ཕྱི་ནང་རོ་མཉམ་ཡེ་ཤེས་ཞིང་༔ བདེ་ཆེན་རྔ་ཡབ་པདྨ་འོད༔ སྐུ་གསུམ་དབྱིངས་ཀྱི་ཞིང་ཁམས་ནས༔ འཆི་མེད་མཚོ་སྐྱེས་པདྨ་འབྱུང་༔ མཁའ་འགྲོ་ {{FolioNumber|[4b]}} རྒྱ་མཚོའི་ཚོགས་དང་བཅས༔ དག་པ་དབྱིངས་ཀྱི་ཟེར་ཐག་ལས༔ རིག་གདངས་ཚོམ་བུའི་སྣང་ཆར་བཞེངས༔ འཕོ་བཅས་ལས་རླུང་རྩད་ནས་ཆོད༔ གཉིས་འཛིན་བདུད་དཔུང་གཞོམ་པའི་ཕྱིར༔ རང་རིག་རང་གསལ་ངང་ནས་གཤེགས༔ ཡེ་ཤེས་སྣང་ཆ་གོང་དུ་སྤོར༔ བློ་འདས་ཆོས་ཟད་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཨ་ཝཻ་ཤ་ཡ་ཨ་ཨ་ཨཱཿདབྱིངས་ནས་སྤྱན་དྲངས་ཡེ་ཤེས་ལྷ༔ དམ་ཚིག་དཀྱིལ་འཁོར་ཕྱག་རྒྱ་དང་༔ དབྱེར་མེད་དགྱེས་མཉམ་ཆེན་པོའི་ངང་༔ རྡོ་རྗེའི་ཡེ་ཤེས་བརྟན་པར་བསམ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ {{TibChung|བཞི་པ་ཕྱག་དང་མཆོད་པས་མཉེས༔ }} ན་མོཿ ཡེ་ནས་མ་བཅོས་ཆོས་ཀྱི་སྐུ༔ རང་སྣང་ཡེ་ཤེས་དཔལ་གྱི་ལྷ༔ གང་ལ་གང་འདུལ་སྤྲུལ་པའི་ཚུལ༔ དཀྱིལ་འཁོར་ལྷ་ལ་གུས་ཕྱག་འཚལ༔ ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ {{TibChung|ཕྱི་ནང་གསང་བའི་མཆོད་པས་མཆོད༔}} ཧཱུྃ༔ ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན༔ དབྱངས་གསལ་སྣ་ཚོགས་འདུ་འཕྲོ་འབར༔ མཁའ་ཁྱབ་མཆོད་པའི་ཕྱག་རྒྱར་ཤར༔ དགྱེས་མཉམ་རོལ་པའི་ཞིང་དུ་གྱུར༔ སརྦ་པཱུ་ཛ་ཧོཿ {{TibChung|ཞེས་པས་མཆོད་སྤྲིན་རྒྱས་པར་སྤེལ༔}} ཨོཾ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་སྤྲོ༔ ཉེར་སྤྱོད་འདོད་ཡོན་ {{FolioNumber|[5a]}} བསམ་ཡས་པ༔ བདེ་བ་ཆེན་པོའི་རྒྱན་དུ་རོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པཻ་དྷཱུ༔ པུཥྤེ་པུ༔ ཨ་ལོ་ཀ་ཧྲཱིཿ གནྡྷེ་གན༔ ཨོཾ༔ ཤ་ལྔ་བདུད་རྩིའི་དམ་ཚིག་རྫས༔ ཡེ་ཤེས་རིགས་ལྔ་ཞུ་བའི་བཅུད༔ རྒྱུ་དྲུག་སེམས་ཅན་ཀུན་སྒྲོལ་བ༔ བླ་ན་མེད་པའི་མཆོད་པས་མཆོད༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ ཨོཾ༔ སྟོང་པ་དབྱིངས་ཀྱི་གཏོར་གཞོང་དུ༔ སྣང་བ་རྣམ་དག་མཆོད་གཏོར་བཤམས༔ ཞེན་མེད་རང་གྲོལ་འདོད་ཡོན་འཕྲོ༔ རྒྱལ་བ་དགྱེས་པའི་སྤྲིན་དུ་འབུལ༔ མ་ཧཱ་བ་ལིཾ་ཁཱ་ཧི༔ ཧཱུྃ༔ སྲིད་གསུམ་ཆགས་པ་བསྒྲལ་བའི་ཁྲག༔ བདེ་བ་ཆེན་པོའི་རྦ་རླབས་འཕྲོ༔ འདོད་ཡོན་ལྷ་མོས་ནམ་མཁའ་གང་༔ བདེ་ཆེན་གསང་བ་རྫས་སུ་བཞེས༔ མ་ཧཱ་རཀྟ་ཁཱ་ཧི༔ ཧོཿ སྒྱུ་འཕྲུལཆེན་མོ་ཆགས་པ་ཆེ༔ གཟུགས་མཛེས་འཁྲིལ་ལྡེམ་ཀུན་ཏུ་སྤྱོད༔ མི་མོ་རྣམས་ཀྱི་རེག་བྱའི་དངོས༔ བྱིན་རླབས་ཐིམ་པའི་མཆོད་པར་བཞེས༔ མ་ཧཱ་ཡོ་གི་པཱུ་ཛ་ཧོཿ ཨཿ བདེ་བ་ཆེན་པོ་སྟོང་པ་ཆེ༔ འོད་གསལ་ཆེན་པོ་ཟུང་འཇུག་ཆེ༔ གཉིས་མེད་ཆེན་པོ་མཉམ་པ་ཆེ༔ དགྱེས་པ་ཆེན་པའི་དབྱིངས་ཆེ་ཧོཿ {{TibChung|ལྔ་པ་རྡོ་རྗེའི་གླུ་ཡིས་བསྟོད༔}} ཧཱུྃ༔ མ་བཅོས་སྤྲོས་བྲལ་ཆོས་ཀྱི་སྐུ༔ བདེ་ཆེན་ལྷུན་གྲུབ་ {{FolioNumber|[5b]}} ལོངས་སྤྱོད་རྫོགས༔ སྐྱེ་འཆི་སྤངས་པ་སྤྲུལ་པའི་སྐུ༔ དབྱེར་མེད་མཚོ་སྐྱེས་རྒྱལ་བར་བསྟོད༔ མཚན་དཔེའི་ལུས་ལྡན་རྡོ་རྗེའི་སྐུ༔ སྣང་སྟོང་གཉིས་མེད་ཡུམ་དང་སྦྱོར༔ ཐབས་ཤེས་རྡོ་རྗེ་བུམ་པ་འཛིན༔ རིག་འཛིན་རྒྱལ་བའི་གཙོལ་བསྟོད༔ བརྗོད་དུ་མེད་ཀྱང་བརྗོད་པའི་གཞི༔ ཡི་གེ་འཁོར་ལོ་སྤྲུལ་པའི་སྤྲིན༔ གསང་ཆེན་གསང་བའི་འདུ་འཕྲོ་ཆེ༔ སྐྱེ་འགག་མེད་པའི་གསུང་ལ་བསྟོད༔ སྣང་སྲིད་གདོད་ནས་མཉམ་པ་ཆེ༔ ཡིད་དཔྱོད་ཚིག་གིས་མཚོན་མིན་པ༔ མི་འགྱུར་འོད་གསལ་བདེ་བ་ཆེ༔ རིག་སྟོང་རྡོ་རྗེའི་ཐུགས་ལ་བསྟོད༔ སངས་རྒྱས་ཁོ་ནའི་མ་འདྲེས་ཆོས༔ ཡོན་ཏན་ཉེར་ལྔ་ལྷུན་གྱིས་གྲུབ༔ དག་པ་རབ་འབྱམས་དབྱིངས་ཀྱི་རྒྱན༔ ཡོན་ཏན་བསམ་མི་ཁྱབ་ལ་བསྟོད༔ ཉི་མ་དང་ནི་འོད་ཟེར་བཞིན༔ འདུས་མ་བྱས་པའི་ཕྲིན་ལས་ནི༔ རྩོལ་མེད་འགྲོ་བའི་ཁ་ལ་འཇུག༔ ཕྲིན་ལས་མ་མཐའ་ཡས་ལ་བསྟོད༔ དགའ་བ་བཞི་དང་སྟོང་བཞིའི་བདག༔ རྣམ་ཤེས་ཚོགས་བརྒྱད་གནས་དག་ཅིང་༔ མཆོག་ཐུབ་ཕྲིན་ལས་མྱུར་སྩོལ་བའི༔ ལྷ་མོ་མགྱོགས་མའི་ཚོགས་ལ་བསྟོད༔ ཚད་མེད་བཞི་ལྡན་སྒོ་མ་བཞི༔ ཡེ་ཤེས་རབ་འབྱམས་གཞལ་ཡས་ཁང་༔ དག་མཉམ་དབྱེར་མེད་ལྷའི་འཁོར་ལོ༔ ཕ་མཐའ་ཡས་ལ་གུས་པས་བསྟོད༔ རྡོ་རྗེའི་གླུ་ཡིས་བསྟོད་པ་ཡིས༔ {{FolioNumber|[6a]}} སྲིད་ལམ་དུབ་པའི་སེམས་ཅན་རྣམས༔ མ་རྟོག་གསང་བའི་སྒོ་ཕྱེས་ཏེ༔ བརྗོད་མེད་གཞི་དོན་རིག་པར་ཤོག༔ {{TibChung|དྲུག་པ་ཐུགས་དམ་གནད་ནས་བསྐུལ༔ }} ཧཱུྃ༔ མ་བཅོས་རིག་པ་འདུས་མ་བྱས༔ བདེ་ཆེན་བརྡ་ཡི་གྲོང་ཁྱེར་ནས༔ འཆི་མེད་ཆོས་སྐུ་སྣང་མཐའ་ཡས༔ སྒྲུབ་ལ་འཆི་མེད་མཆོག་སྩོལ་ཕྱིར༔ ཐུགས་དམ་བསྐུལ་ལོ་དངོས་གྲུབ་སྩོལ༔ དག་པ་རབ་འབྱམས་དབྱིངས་ཀྱི་རྒྱན༔ ངེས་པ་ལྔ་ལྡན་ཞིང་ཁམས་ནས༔ ལོངས་སྤྱོད་རྫོགས་སྐུ་སྤྱན་རས་གཟིགས༔ སྒྲུབ་ལ་འཆི་མེད༴ ཐུགས་དམ་བསྐུལ༴ འཆི་མེད་གྲོང་ཁྱེར་པདྨ་འོད༔ རྔ་ཡབ་སྤྲུལ་པའི་ཞིང་ཁམས་ནས༔ པདྨ་འབྱུང་གནས་སྤྲུལ་པའི་སྐུ༔ སྒྲུབ་ལ་འཆི་མེད་༴ ཐུགས་དམ་བསྐུལ་༴ སྒྲོན་དྲུག་དྭངས་མའི་ཞིང་ཁམས་ནས༔ འཆི་མེད་ཚེ་ཡི་མངའ་བདག་མོ༔ བདེ་ཆེན་ཡེ་ཤེས་མཚོ་རྒྱལ་མ༔ སྒྲུབ་ལ་འཆི་མེད་༴ ཐུགས་དམ་བསྐུལ་༴ སྣང་སྲིད་དག་པ་རབ་འབྱམས་ཞིང་༔ ཕྲིན་ལས་ཕ་མཐའ་ཡས་པ་ནས༔ ཟབ་གཏེར་སྒོ་འབྱེད་སྤྲུལ་པའི་སྐུ༔ སྒྲུབ་ལ་འཆི་མེད་༴ ཐུགས་དམ་བསྐུལ་༴ འཆི་མེད་ཕྱག་རྒྱའི་དཀྱིལ་འཁོར་པ༔ ཡེ་ཤེས་ཕ་མཐའ་ཡས་པའི་བདག༔ ཕྲིན་ལས་བསམ་མི་ཁྱབ་པ་རྣམས༔ སྒྲུབ་ {{FolioNumber|[6b]}} ལ་འཆི་མེད་༴ ཐུགས་དམ་བསྐུལ་༴ བཛྲ་ས་མ་ཡ་སིདྡྷི་ཕ་ལ་ཧཱུྃ་ཨ༔ {{TibChung|བདུན་པ་ཛཔྲ་ཀྱི་རྣལ་འབྱོར་ནི༔}} རང་ཉིད་ལྷ་ཡི་སྐུར་གསལ་བའི༔ སྙིང་དབུས་དག་པའི་ཐིག་ལེ་རུ༔ བདེ་ཆེན་ཆོས་སྐུ་ཚེ་དཔག་མེད༔ དམར་གསལ་མཉམ་བཞག་ཚེ་བུམ་མཛེས༔ དེ་ཡི་ཐུགས་ཀར་ཉི་ཟླ་ཡི༔ ཐབས་ཤེས་གྭའུ་འབར་བའི་དབུས༔ མི་འགྱུར་ཐུགས་སྲོག་ཧྲཱིཿཡིག་མཐར༔ རྡོ་རྗེ་སྔགས་ཀྱིས་བསྐོར་བ་ལས༔ གསལ་ཞིང་འབར་བའི་འོད་ཟེར་གྱིས༔ སྣོད་བཅུད་སྐྱེ་འགྲོའི་རྒུད་པ་སྦྱངས༔ འཁོར་འདས་དྭངས་བཅུད་ཚུར་འདུས་པས༔ བདེ་ཆེན་རྡོ་རྗེའི་སྐུ་རུ་{{TibChung|བསམ༔}} ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཛྙཱ་ན་ཨ་ཡཱུ་ཥེ་ཧཱུྃ་བྷྲཱུྃ་ནྲི་ཛ༔ {{TibChung|ཞེས་པ་ཁོངས་པའི་དབུགས་བཞིན་བཟླས༔ ཏིང་འཛིན་ལྡན་པའི་རྣལ་འབྱོར་གྱིས༔ རྩེ་གཅིག་ཟླ་བ་བདུན་བསྒོམ་ན༔ འཆི་མེད་རིག་འཛིན་ངེས་པར་འགྲུབ༔ བརྒྱད་པ་གྲུབ་པའི་རྟགས་མཐོང་ནས༔ རྡོ་རྗེའི་དངོས་གྲུབ་ཡང་དག་བླངས༔}} ཧཱུྃ༔ བདེ་ཆེན་ཆོས་སྐུའི་ལྷ་ཚོགས་པ༔ དང་པོ་བསྙེན་ཅིང་བར་དུ་སྒྲུབ༔ ད་ལྟ་བདག་དང་གཉིས་སུ་མེད༔ གཉིས་མེད་རོལ་པའི་དཀྱིལ་འཁོར་པའི༔ མི་འགྱུར་སྐུ་ཡི་གསང་བ་རྣམས༔ རྣལ་འབྱོར་ལུས་ལ་བྱིན་གྱིས་རློབས༔ འགགས་མེད་གསུང་གི་གསང་བ་ནས༔ རྣལ་འབྱོར་ངག་ལ་བྱིན་གྱིས་རློབས༔ འཁྲུལ་ {{FolioNumber|[7a]}} མེད་ཐུགས་ཀྱི་དཀྱལ་འཁོར་ནས༔ རྣལ་འབྱོར་ཡིད་ལ་བྱིན་གྱིས་རློབས༔ ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ༔ ཁྱད་པར་དབང་བཅུའི་ཡེ་ཤེས་སྤེལ༔ མཆག་ཏུ་ཆོས་ཉིད་ཟད་སར་སྐྱོལ༔ འོད་གསལ་འཕོ་ཆེན་དངོས་གྲུབ་སྩོལ༔ {{TibChung|ཞེས་བརྗོད་དངོས་གྲུབ་རྫས་ལ་རོལ༔ འཆི་མེད་འདུས་པ་རྩ་བའི་རྒྱུད༔ བྱེ་བའི་ཡང་བཅུད་གནད་དུ་དྲིལ༔ མ་འོངས་དབང་ཆེན་དཀྱིལ་འཁོར་ལས༔ གྲགས་པའི་མིང་གིས་གཏེར་དུ་བླངས༔ རང་གཞན་སྐལ་ལྡན་དོན་བྱས་ཏེ༔ བཛྲ་ཀ་ཤ་ཉིད་ལ་གཏད༔ སླར་ཡང་མ་འོངས་རྩུབ་འགྱུར་དུས༔ བོད་ཁམས་ཀླ་ཀློས་སྐབས་ཚོལ་ཞིང་༔ བསྟན་པའི་ལྷག་མ་སྡུད་ཉེའི་སྐབས༔ འཇམ་དཔལ་ཆོས་ཀྱི་བཤེས་གཉེན་གྱིས༔ རྗེས་བཟུང་སྔགས་ཀྱི་རྣལ་འབྱོར་པ༔ བཛྲ་མིང་ཅན་རིག་རྩལ་ཅན༔ དེ་ཡི་སྤྱོད་ཡུལ་དུ་གྱུར་ཏེ༔ མཉམ་གཉིས་ཟུང་སོགས་བཅུ་ཕྲག་ལ༔ ཕན་པ་བླ་ན་མེད་པར་གྱུར༔}} ས༽ ༼མཡཿ༽ རྒྱ་རྒྱ་རྒྱ༔ ངྷ༔ ཡོན་ངྷ་ངྷོཿ{{TibChung|ཡེ་ཤེས་གསང་བ་བསམ་མི་ཁྱབ༔ རང་རིག་ངོ་བོ་རོ་མཉམ་ཀྱང་༔ རྣམ་པའི་ཚུལ་དུ་ལྷའི་འཁོར་ལོ༔ ཡན་ལག་བཞི་ལྡན་བསྙེན་ཅིང་སྒྲུབ༔ མཇུག་ཏུ་བསོད་ནམས་ཡེ་ཤེས་ཀྱི༔ ཚོགས་གཉིས་ཡོངས་སུ་རྫོགས་པའི་ཕྱིར༔ ཕྱི་ནང་གསང་བའི་ཚོགས་འཁོར་ནི༔ རྡོ་རྗེ་གནས་མཆོག་བཅུ་རུ་བསྟན༔ དང་པོ་བྱིན་རླབས་ཡེ་ཤེས་འགུགས༔ ཐབས་ཤེས་དམ་ཚིག་རྗས་རྣམས་བསགས༔ འདུ་བར་འོས་རྣམས་གྲལ་དུ་འཁོད༔ }} རྃ་ཁྃ་ཡྃ༔ བདག་ཉིད་ལྷ་ཡི་ཐུགས་ {{FolioNumber|[7b]}} ཀ་ནས༔ ཡི་གེ་རྃ་ཡྃ་ཁྃ་གསུམ་འཕྲོས༔ དངོས་འཛིན་བག་ཆགས་བསྲེག་གཏོར་སྦྱང་༔ སླར་ཡང་སྙིང་པོ་འབྲུ་གསུམ་འཕྲོས༔ ཡེ་ཤེས་བདུད་རྩིའི་ཕུང་པོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ རྩ་གསུམ་ཀུན་འདུས་པདྨ་འབྱུང་༔ རབ་འབྱམས་ཚེ་ལྷའི་ཚོགས་དང་བཅས༔ གཞོན་ནུ་བུམ་སྐུའི་གཞལ་ཡས་ནས༔ གཞི་སྣང་ཡེ་ཤེས་ཆེན་པོར་བཞེངས༔ འཇའ་ཟེར་འོད་ཕུང་འཁྲིགས་པའི་དབུས༔ དག་པ་ལྷ་ཡི་སྣང་ཆར་གཤེགས༔ ཡེ་ཤེས་ཚོགས་ཀྱི་འདུ་བར་སྤྱོན༔ དབུ་སྐྲ་ཟུར་ཕུད་ལྡེམས་སེ་ལྡེམ༔ ལྕང་ལོའི་ཟར་བུ་ཏ་ལ་ལ༔ སྐྱེ་མེད་ཧཱུྃ་གླུ་དི་རི་རི༔ ཕཊ་ཀྱི་བརྡ་སྐད་སངས་སེ་སང་༔ གླུ་ལེན་གར་སྟབས་ཁྱུགས་སེ་ཁྱུག༔ རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ༔ མཆོད་པའི་གནས་འདིར་གཤེགས་སུ་གསོལ༔ ཨེ་ཨེ་ལི་ཧྲིང་ཧྲིང་ཕེཾ་ཕེཾ་ཛ་ཛཿ {{TibChung|གཉིས་པ་ཚོགས་ཀྱི་མཆོད་པ་འབུལ༔}} ཨོཾ་ཨཱཿཧཱུྃ༔ སྣང་བ་སྣོད་ཀྱི་ཀ་པཱ་ལར༔ སྲིད་པ་བཅུད་ཀྱི་ཚོགས་གཏོར་བཤམས༔ རྟེན་འབྱུང་སྒྱུ་མའི་འོད་ཟེར་འཕྲོ༔ བླ་མ་སྤྲུལ་པའི་སྐུ་ལ་འབུལ༔ རྡོ་རྗེ་ཕུང་པོའི་ཀ་པཱ་ལར༔ རྩ་རླུང་ཐིག་ལེའི་ཚོགས་གཏོར་བཤམས༔ དག་པ་ལྷ་ཡི་འདུ་འཕྲོ་འབར༔ བླ་མ་ {{FolioNumber|[8a]}} ལོངས་སྤྱོད་རྗོགས་སྐུར་འབུལ༔ མི་འགྱུར་དབྱིངས་ཀྱི་ཀ་པཱ་ལར༔ ཡེ་ཤེས་རབ་འབྱམས་ཚོགས་༴ གཉིས་མེད་མཉམ་པའི་འོད་ཟེར་འཕྲོ༔ བླ་མ་ཆོས་ཀྱི་སྐུ་ལ་འབུལ༔ སྒྲོན་དྲུག་ཐིག་ལེའི་ཀ་པཱ་ལར༔ འོད་གསལ་སྣང་བཞིའི་ཚོགས་༴ བདེ་བ་ཆེན་པོའི་འོད་ཟེར་འཕྲོ༔ བླ་མ་ངོ་བོ་ཉིད་སྐུར་འབུལ༔ པདྨ་བྷཉྫའི་བཟེད་ཁོངས་སུ༔ ཤ་ལྔ་བདུད་རྩིའི་དམ་ཚིག་རྫས༔ ཡེ་ཤེས་རབ་འབྱམས་འོད་ཟེར་འཕྲོ༔ འདོད་ཡོན་ལྷ་མོས་ནམ་མཁའ་གང་༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ སརྦ་གྷཎ་ཙཀྲ་པཱུ་ཛ་ཧོཿ {{TibChung|གསུམ་པ་ཐུགས་དམ་བསྐང་ཞིང་བཤགས་པ་ནི༔}} ཧོཿ དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ བདག་ཅག་མ་རིག་གཏི་མུག་པས༔ ཐུན་མོང་དང་ནི་ཁྱད་པར་གྱི༔ རྩ་བ་ཡན་ལག་དམ་ཚིག་ལས༔ འགལ་ཞིང་ཉམས་པར་གྱུར་པ་ཀུན༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ ཕྱི་ནང་གསང་བའི་དམ་ཚིག་གི༔ ཐུགས་དམ་ཆོས་ཀྱི་དབྱིངས་སུ་བསྐང་༔ ས་མ་ཡ་ཤུདྡྷེ་ཨ༔ {{TibChung|བཞི་པ་ཉམས་པ་འགུགས་ཤིང་བསྒྲལ༔}} ཧཱུྃ༔ ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ གཏུམ་ཆེན་རྔམས་པ་ཁྲོས་པའི་ལྷ༔ འབར་བ་ཆེན་པོའི་སྐུར་བཞེངས་ལ༔ བདག་ལྟ་གཉིས་ {{FolioNumber|[8b]}} འཛིན་བདུད་སྡེའི་དཔུང་༔ མཚན་མ་རྫས་ཀྱི་རྟེན་ལ་ཁུག༔ ཤེས་རབ་རྡོ་རྗེའི་མཚོན་ཆེན་གྱིས༔ ལོག་རྟོག་འཁོར་བ་རྡུལ་དུ་རློག༔ དུག་ལྔའི་རང་བཞིན་ཤ་ཁྲག་རུས༔ དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབ༔ ཨ་ལི་ཨུ་ལི་ཏ་ལི་ཏ་པ་ལིགྷ་ཎ་རཽ་ཌི་ཁ་རཾ་ཡོ་གི་ཁཱ་ཧི་ཧོཿ {{TibChung|ལྔ་པ་དམ་ཚིག་རྡོ་རྗེའི་རྫས༔ བརྡ་དང་བརྡ་ཡི་འབུལ་ལེན་གྱིས༔ ནང་གི་བསྲེག་བླུག་མཆོག་ཏུ་རོལ༔ དྲུག་པ་གསང་བ་བདེ་ཆེན་གྱི༔ ཚོགས་འཁོར་རྒྱུད་ལས་འབྱུང་བཞིན་བྱཿ དེ་དག་ཀུན་ཏུ་ཟབ་པའི་རྒྱུད༔ བཀླག་དང་ཁྱད་པར་ངོ་མཚར་བའི༔ ཚིག་ཆེན་བརྒྱད་དང་རྡོ་རྗེ་ཡི༔ གད་མོ་བཅུ་གཉིས་ལ་སོགས་པ༔ གླུར་བླངས་ཉམས་རྟོགས་གོང་དུ་སྤོར༔ བདུན་པ་བསོག་འཇོགས་སྤངས་པ་ཡི༔ ལྷག་གཏོར་ཞིང་གི་ལྤགས་པར་བཀྲམ༔ རྐང་གླིང་བཤུག་པའི་བརྡས་མཚོན་ཏེ༔ }} ཧྲཱིཾ་ཕེཾ༔ མཁའ་འགྲོ་གིང་དང་ལངྐ་དང་༔ འབར་མ་དབང་ཕྱུག་གནས་ཉུལ་ཀུན༔ དམ་ཚིག་གསང་བའི་གནས་སུ་བྱོན༔ སྔོན་ཚེ་ཁྲག་འཐུང་སྤྱན་སྔ་རུ༔ ཞལ་བཞེས་ཐ་ཚིག་ཇི་བཞིན་དུ༔ ལྷག་གཏོར་བདུད་རྩིའི་མཆོད་པ་བཞེས༔ བར་ཆད་ཀུན་སོལ་ཕྲིན་ལས་སྒྲུབས༔ མ་མ་ཧྲིཾ་ཧྲིཾ་བ་ལིངྟ་ཁཱ་ཧི༔ {{TibChung|བརྒྱད་པ་ཐ་ཚིག་བསྒྲགས་པ་ནི༔}} ཧཱུྃ༔ ཆོས་དབྱིངས་ཞི་བ་ཆེན་པོ་རུ༔ རང་བྱུང་ཆོས་སྐུའི་སྟོན་པ་ཡིས༔ རང་སྣང་འཁོར་ལ་ཆོས་སྟོན་ཚེ༔ དབྱིངས་ལས་ཤར་ {{FolioNumber|[9a]}} བའི་མཁའ་འགྲོ་ཡིས༔ རྟོག་ཚོགས་སྒྲོལ་བར་མ་ཆད་དམ༔ དེ་འོག་ལོངས་སྤྱོད་ཡོངས་རྫོགས་པར༔ བདེ་ཆེན་ཚེ་དཔག་མེད་མགོན་གྱིས༔ འོད་གསལ་བརྡ་ཡི་ཆོས་བསྟན་ཚེ༔ རང་རྩལ་རོལ་པའི་མཁའ་འགྲོ་མས༔ གཉིས་འཛིན་སྒྲོལ་བར་མ་ཆད་དམ༔ དེ་འོག་སྤྲུལ་པའི་ཞིང་ཁམས་སུ༔ འཆི་མེད་མཚོ་སྐྱེས་རྒྱལ་བ་ཡིས༔ ཟབ་དོན་ཆོས་འཁོར་བསྐོར་བའི་ཚེ༔ དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱིས༔ བདག་ལྟའི་དགྲ་བོ་སྒྲོལ་བ་དང་༔ ཡེ་ཤེས་གོང་དུ་སྤོར་བ་ཡི༔ ཞལ་བཞེས་ཐ་ཚིག་རྗེས་དགོངས་ལ༔ རང་སྣང་རོལ་པའི་མཆོད་གཏོར་བཞེས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ བཛྲ་ས་མ་ཡ་རཀྵནྟུ༔ {{TibChung|དགུ་པ་བརྟན་མའི་ཚོགས་རྣམས་ལ༔ བཤལ་ཆུའི་བདུད་རྩིས་ཡང་དག་མཆོད༔}} ཧཱུྃ༔ འཕོ་བ་བཅུ་གཉིས་གནས་དག་ཅིང་༔ བདེན་དོན་ཡན་ལག་ཆེན་པོའི་ཀློང་༔ དཔལ་གནས་མ་དང་ཡང་དག་ཤེས༔ ཁྱུང་བཙུན་ཀོང་ལྷ་གཡུ་བུན་མ༔ མེ་ཏོག་ཟླ་འོད་བྱང་གི་རྒྱལ༔ གསེར་ཐང་ཀུན་བཟང་ཤཱིནྟཾ་སོགས༔ བརྟན་མ་བཅུ་གཉིས་འཁོར་དང་བཅས༔ བཤལ་ཆུའི་བདུད་རྩི་འདི་བཞེས་ལ༔ ཕྱི་རུ་འཇིག་རྟེན་བདེ་བ་དང་༔ ནང་དུ་རྣལ་འབྱོར་བར་ཆད་སོལ༔ གསང་བ་རྩ་རླུང་ཐིག་ལེ་ {{FolioNumber|[9b]}} བདེ༔ དོན་དམ་ལྷན་སྐྱེས་ཡེ་ཤེས་སྤར༔ ཨོཾ་མ་མ་ལ་ལ་ལེ་ལེ་ཏཾ་ཏཾ་ཏེ་ཏེ་ཁ་རག་མ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ༔ {{TibChung|བཅུ་པ་རྡོ་རྗེའི་བྲོ་བརྡུང་བ༔ }} རྣམ་ཐར་གསུམ་གྱི་ཨེ་ཀློང་དུ༔ ཉོན་མོངས་བདག་ལྟའི་དགྲ་ཚོགས་རྣམས༔ ཡེ་ཤེས་རོལ་པའི་རྩལ་གྱིས་མནན༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ནན༔ {{TibChung|ཞེས་པས་ཐར་མེད་ཨེ་རུ་མནན༔ འབད་རྩོལ་མེད་པའི་ངང་ལ་བླངས༔ རིག་གདངས་རྡོ་རྗེ་ལུ་གུ་རྒྱུད༔ སྒྲོན་དྲུག་དབྱིངས་ཀྱི་ཟེར་ཐག་ལས༔ འཇའ་ལུས་ཆོས་སྐུར་དེངས་པའི་རྩལ༔ ལྷུན་གྲུབ་ཐེག་པའི་ལམ་མཆོག་ནས༔ རྣལ་འབྱོར་ལྡན་པས་ཡང་དག་བླངས༔}} ཧོཿ མ་བསྐྱེད་ཡེ་ནས་རྫོགས་པའི་ལྷ༔ ཆོ་འཕྲུལ་ཆེན་པོའི་དཀྱིལ་འཁོར་པ༔ མཁའ་ལ་འཇའ་ཚོན་ཡལ་བ་ལྟར༔ འོད་གསལ་ཆོས་སྐུའི་ཀློང་དུ་ཐིམ༔ ཨ་ཨ་ཨ༔ སླར་ཡང་རང་དང་སྣང་བ་ཀུན༔ ཆུ་ལས་ཆུ་བུར་རྡོལ་བ་ལྟར༔ ཡེ་ཤེས་ཆེན་པོའི་ཕྱག་རྒྱར་ཤར༔ རྡོ་རྗེ་གསུམ་གྱི་ངོ་བོར་གྱུར༔ ཨོཾ་ཨཱཿཧཱུྃ༔ དགེ་བ་འདི་དང་དགེ་བ་གཞན༔ ཐམས་ཅད་གཅིག་ཏུ་བསྡོམས་བྱས་ནས༔ ཟག་མེད་ཆོས་སྐུའི་དབྱིངས་ {{FolioNumber|[10a]}} སུ་བསྔོ༔ འདུ་འབྲལ་མེད་པར་སངས་རྒྱས་ཤོག༔ ཨོཾ་ཨཱཿཧཱིྃ༔ ངོ་བོ་སྟོང་ཞིང་རང་བཞིན་གསལ༔ ཐུགས་རྗེ་སྣ་ཚོགས་སྣང་བའི་རྩལ༔ འགགས་པ་མེད་པར་རོལ་པའི་སྤྲིན༔ བདེ་བ་ཆེན་པོའི་བཀྲ་ཤིས་ཤོག༔ གཞི་གྲོལ་རིག་པ་ཀ་ནས་དག༔ གཞི་སྣང་ཡེ་ཤེས་ཕྱག་རྒྱ་ཆེ༔ ལྷུན་གྲུབ་ཐིག་ལེ་ཆེན་པོའི་སྦུབས༔ ཆོས་ཟད་བློ་འདས་བཀྲ་ཤིས་ཤོག༔ གང༧༔ ༡༡༠༠༡༥༠༠༠༔{{TibChung|ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉེར་རྒྱ༔ དྷཱ་ཐིམ༔ ཁོ་བོ་རྡོ་རྗེའི་མིང་ཅན་ལ་ཁམས་ཀྱི་གླ་བ་རྐང་གཅིག་ཡེ་རྒྱལ་ནམ་མཁའ་མཛོད་ནས་དངོས་གྲུབ་ཏུ་ཐོབ་པ་ལས༔ ལས་བྱང་རྣམས་ཁྲིགས་སུ་བསྡེབས་ཏེ་བཀོད་པ་འདི་ལ་འབྲེལ་ཚད་རྣམས་གདོད་མའི་དབྱིངས་སུ་གྲོལ་བར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༔}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
Latest revision as of 09:34, 19 March 2026
| Wylie title | pad+ma gsang ba'i thig le las: 'chi med tshe yi phrin las: | |
|---|---|---|
| Location | bdud 'joms rin po che'i bka' 'bum Volume 24, Text 2, Pages 3-21 (Folios 1a1 to 10a4) | |
| Author | རྗེ་དྲུང་ཕྲིན་ལས་བྱམས་པ་འབྱུང་གནས་ | |
| Citation | Rje drung phrin las byams pa 'byung gnas. Pad+ma gsang ba'i thig le las 'chi med tshe yi phrin las. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 24: 3-21. Kalimpong: Dupjung Lama, 1979-1985. | |
| Side notes | Recto: phrin las Verso: pad+ma gsang thig | |
| More details More details | ||
| Tertön | རྗེ་དྲུང་ཕྲིན་ལས་བྱམས་པ་འབྱུང་གནས་ (rje drung phrin las byams pa 'byung gnas) | |
| Genre | Activity Manual - las byang | |
| Cycle | པདྨ་གསང་བའི་ཐིག་ལེ་ (pad+ma gsang ba'i thig le) | |
}}