TTDL-ZABTER-08-NYA-037: Difference between revisions

From Dudjom Wiki
TTDL-ZABTER-08-NYA-037
(Imported new text files with Wyckibaat for processing)
 
m (Text replacement - "ཧོཿ" to "ཧོཿ ")
 
(5 intermediate revisions by 2 users not shown)
Line 1: Line 1:
བརྡ་ཡིག་༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་གཙུག་ན་ཟླ་བའི་དབང་གི་བསྐུལ་བ་ཐུགས་རྗེའི་ལྕགས་ཀྱུ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༣༡༥༔ མ་འོངས་པདྨའི་བརྒྱུད་འཛིན་བུ༔ ལྷ་ཆེན་དབང་ཕྱུག་བསྒྲུབ་པའི་ཚེ༔ བསྐུལ་བ་འདི་ཉིད་ཉིན་རེ་བཞིན༔ དུས་གསུམ་དུ་ནི་བརྗོད་པར་བྱ༔ འདི་ཉིད་བསྒྲུབ་པའི་སྐྱེས་བུ་རྣམས༔ ལྷར་གསལ་གཟེར་དང་མི་འབྲལ་ཞིང་༔ བསྙེན་པ་ཆུ་བོའི་གཞུང་བཞིན་བཟླ༔ དུས་བཞིར་གསོལ་མཆོད་ཅི་མང་བྱ༔ ཚོགས་དང་གཏོར་མ་འབྱོར་ཆེ་ཆུང་༔ བསོད་ནམས་འཕེལ་རྒྱས་ཡང་དེ་བཞིན༔ ལོངས་སྤྱོད་ཆེ་ན་མཆོད་རྫས་ཡང་༔ རྒྱ་ཆེ་གྲངས་མང་མ་བཏང་ན༔ ཚོགས་ནི་རྫོགས་པར་མི་འགྱུར་ཏེ༔ ལོངས་སྤྱོད་ཆུང་ན་མཆོད་རྫས་ཡང་༔ འབྱོར་ཚད་ཙམ་གྱིས་ཚོགས་རྫོགས་འགྱུར༔ བསྐང་བཤགས་ཚོགས་མཆོད་མ་བྱས་ན༔ དམ་ཚིག་ཉམས་ཆག་འཆོལ་རྐྱེན་གྱིས༔ དམ་ཅན་འགྲུབ་པར་མི་འགྱུར་གྱི༔ དེ་ཕྱིར་བཤགས་སྦྱང་གནད་དུ་གཅེས༔ དེ་དག་གནད་ཀྱི་ཡང་གཅེས་ཡིན༔ ད་ནི་དབང་གིས་བསྐུལ་བ་ནི༔ ཧཱུྃ་ཛཿདད་པ་དང་ནི་དམ་ཚིག་གིས༔ ལྷ་ཆེན་དབང་ཕྱུག་ཆེན་པོ་བསྐུལ༔ འདོད་པའི་རྒྱལ་པོ་འཁོར་བཅས་བསྐུལ༔ ཚོགས་ཀྱི་བདག་པོ་འཁོར་བཅས་བསྐུལ༔ ཡུམ་མཆོག་ཨུ་མ་དཱེ་ཝི་བསྐུལ༔ སྤྲུལ་པའི་ལྷ་མོ་རྣམ་བཞི་བསྐུལ༔ མ་གཡེལ་མ་འགྱངས་ས་མ་ཡ༔ སྟེང་གི་ལྷ་ཁམས་དབང་བསྡུས་ལ༔ ང་ཡི་བྲན་དུ་བཀོལ་བར་མཛོད༔ བར་ནས་སྐྱེ་འགྲོ་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ འོག་ནས་ཀླུ་ཁམས་དབང་དུ་བསྡུས༔ ང་ཡི་བྲན་དུ་ཁོལ་བར་མཛོད༔ གནོད་སྦྱིན་ནོར་ལྷ་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ དཔལ་མགོན་བདུན་ཅུ་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ ལྷ་སྲིད་སྡེ་བརྒྱད་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ སྣང་སྲིད་དྲེགས་པ་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ ཡུལ་ལྷ་གཞི་བདག་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ གནས་སྲུང་གཏེར་བདག་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ ས་བདག་རྒྱལ་པོ་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ རྗེ་དཔོན་མི་ཆེན་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ ཆེ་མཐོ་ཐོབ་ལྡན་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ བཙན་དང་དྲག་ཅན་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ ཡ་རབས་བཟང་རྒུ་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ ལྷ་བཙན་མཁས་མཆོག་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ རྟོགས་ལྡན་འདྲེན་སྟོན་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ ནོར་ལྡན་ཕྱུག་པོ་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ དཔའ་རྩལ་སྐྱེན་ལྡན་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ སྲིད་པ་ཕོ་རྒྱུད་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ སྲིད་པ་མོ་རྒྱུད་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ རྟ་ཕྱུགས་གཟུགས་འགྲོས་དབང་དུ་བསྡུས༔ ང་ཡི་ལོངས་སྤྱོད་དཔལ་དུ་སྩོལ༔ རིན་ཆེན་ནོར་རྣམས་དབང་དུ་བསྡུས༔ ང་ཡི་ལོངས་སྤྱོད་དཔལ་དུ་སྩོལ༔ བཟའ་བཏུང་ཟས་ཚོགས་དབང་དུ་བསྡུས༔ ང་ཡི་ལོངས་སྤྱོད་དཔལ་དུ་སྩོལ༔ རྒྱན་ཆ་སྣ་ཚོགས་དབང་དུ་བསྡུས༔ ང་ཡི་ལོངས་སྤྱོད་དཔལ་དུ་སྩོལ༔ དར་གོས་སྣ་ཚོགས་དབང་དུ་བསྡུས༔ ང་ཡི་ལོངས་སྤྱོད་དཔལ་དུ་སྩོལ༔ གོ་ཁྲབ་རྣོ་མཚོན་དབང་དུ་བསྡུས༔ ང་ཡི་ལོངས་སྤྱོད་དཔལ་དུ་སྩོལ༔ རྟེན་གནས་ཞིང་ཁང་དབང་དུ་བསྡུས༔ ང་ཡི་ལོངས་སྤྱོད་དཔལ་དུ་སྩོལ༔ བཅུད་གཡང་ཕྱྭ་གཡང་དབང་དུ་བསྡུས༔ ང་ཡི་ལོངས་སྤྱོད་དཔལ་དུ་སྩོལ༔ འདོད་རྒུའི་དཔལ་ཡོན་དབང་དུ་བསྡུས༔ ང་ཡི་ལོངས་སྤྱོད་དཔལ་དུ་སྩོལ༔ བཟོ་རིགས་མཁས་ཚོགས་དབང་དུ་བསྡུས༔ ང་ཡི་ལོངས་སྤྱོད་དཔལ་དུ་སྩོལ༔ དགྲ་བླ་བཅུ་གསུམ་དབང་དུ་བསྡུས༔ ང་ཡི་ཕྲིན་ལས་ཕོ་ཉར་ཁོལ༔ མདོར་ན་ཡིད་ལ་འདོད་པའི་དོན༔ ཐམས་ཅད་མ་ལུས་དབང་དུ་བསྡུས༔ བདག་གི་ལོངས་སྤྱོད་དཔལ་དུ་སྩོལ༔ སྐྱེ་འགྲོ་དབང་དུ་འདུས་པའི་ཚེ༔ བསྟན་སྐྱོང་སྤེལ་ལ་མཁས་པ་རུ༔ ལྷ་ཆེན་ཁྱོད་ཀྱིས་ཁ་འཛིན་མཛོད༔ བདག་ལ་གནོད་གདུག་དྲག་ཤུལ་གྱིས༔ སེམས་ལྡན་མི་དང་མི་མ་ཡིན༔ འཁུ་ཞིང་གཤུང་བ་གང་སུ་དག༔ ཐུལ་ནས་འོག་ནོན་མངའ་འོག་བསྡུས༔ མི་ཐུལ་བ་རྣམས་ཐམས་ཅད་ཀུན༔ མིང་གི་ལྷག་མ་མེད་པར་རློག༔ ང་ལ་བསམ་སྦྱོར་བརྣག་པའི་རིགས༔ ངས་མ་ཤེས་ཀྱང་ཁྱོད་ཀྱིས་ཤེས༔ ཕྱི་ནང་བར་གསུམ་གར་ཡོད་ཀྱང་༔ ལོ་ཟླར་འགྱངས་སུ་མ་ཤོར་བར༔ སྐད་ཅིག་ཉིད་དུ་བརླག་པར་མཛོད༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ བཅོལ་བའི་ལས་དེ་མྱུར་འགྲུབ་མཛོད༔ འདི་དུས་དུས་གསུམ་སངས་རྒྱས་ཀྱི༔ བཀའ་དམ་དཔང་དུ་དྲན་པ་གནད༔ དབང་སྡུད་སྔགས་ལ་བརྩོན་པར་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་གསུམ་བར་དུ་བཀའ་རྒྱ་བྱས་མཐར་རང་སློབ་དམ་པ་འཇིགས་མེད་བློ་གྲོས་དབང་པོ་དང་བསོད་ནམས་བཀྲ་ཤིས་གཉིས་ཀྱིས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་བློ་བཟང་ཡེ་ཤེས་རྡོ་རྗེས་སོ།།དགེའོ།།།།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|fulltitletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་གཙུག་ན་ཟླ་བའི་བླ་རྡོ་སྲོག་གི་འཁོར་ལོ༔
|fulltitle=zab gsang mkha' 'gro'i snying thig las: lha chen gtsug na zla ba'i bla rdo srog gi 'khor lo:
|citation=Khrag 'thung [[Bdud 'joms gling pa]]. ''Zab gsang mkha' 'gro'i snying thig las lha chen gtsug na zla ba'i bla rdo srog gi 'khor lo''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 8: 319-321. Thimphu, Bhutan: Lama Kuenzang Wangdue, 2004.
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|collectiontitle=bdud 'joms gling pa zab gter
|author=bdud 'joms gling pa
|sourcerevealer=bdud 'joms gling pa
|tibgenre=Cakra and Amulet Designs - 'khor lo - srung 'khor
|terma=Yes
|cycle=zab gsang mkha' 'gro'i snying thig
|cycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|language=Tibetan
|volumenumber=08
|volnumtib=༨
|volyigtib=ཉ
|totalvolumes=21
|textnuminvol=037
|pagenumbers=319-321
|totalpages=3
|beginfolioline=1a1
|endfolioline=2a3
|totalfolios=2
|multivolumework=No
|rectonotes=srog 'khor
|versonotes=bdud 'joms bka' srung tshogs bdag
|colophontib=ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་གསུམ་བར་དུ་བཀའ་རྒྱ་བྱས་མཐར་རང་སློབ་དམ་པ་རྣལ་འབྱོར་བསོད་ནམས་བཀྲ་ཤིས་ཀྱིས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་བློ་བཟང་རྡོ་རྗེའོ། །དགེའོ། །དགེའོ། །དགེའོ།།
|colophonwylie=zhes pa 'di yang khrag 'thung bdud 'joms rdo rjes gter nas bton te mi lo nyer gsum bar du bka' rgya byas mthar rang slob dam pa rnal 'byor bsod nams bkra shis kyis bskul ngor gtan la phab pa'i yi ge pa ni blo bzang rdo rje'o/_/dge'o/_/dge'o/_/dge'o//
|pdflink=File:TTDL-ZABTER-08-NYA-037.pdf
|authortib=བདུད་འཇོམས་གླིང་པ་
|sourcerevealertib=བདུད་འཇོམས་གླིང་པ་
|volumeLetter=NYA
|InitCategories=Dudjom Tersar Project; TTDL-ZABTER-Volume-08-NYA
}}
<h1>Tibetan Text</h1>
<onlyinclude>
{{TibP|ཐྂ༎༔  ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་གཙུག་ན་ཟླ་བའི་བླ་རྡོ་སྲོག་གི་འཁོར་ལོ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ({{TibChung|བརྡ་ཡིག་}})  མ་འོངས་པདྨའི་བརྒྱུད་འཛིན་རྣམས༔ དབུ་འཕང་མཐོ་ཞིང་འབྱོར་ལྡན་ཕྱིར༔ ལྷ་ཆེན་གཙུག་ན་ཟླ་བ་བསྟེན༔ དེ་ལ་བླ་རྡོ་སྲོག་འཁོར་གཅེས༔ དར་རམ་རས་དཀར་ཤོག་གུ་ལ༔ མུ་ཁྱུད་རིམ་པ་དྲུག་ཏུ་བསྐོར༔ དབུས་སུ་ཚོགས་བདག་སྐུ་གཟུགས་ནི༔ གཞུང་གི་བསྐྱེད་ཆོག་ཇི་བཞིན་བྲིས༔ ཐུགས་ཀར་སྲོག་ཡིག་ཧྲཱིཿདམར་བཀོད༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ག་ཎ་པ་ཏི་ཧྲཱིཿལྷ་ཆེན་ཚོགས་ཀྱི་བདག་པོའི་བླ་གནས་ཤིང་སྲོག་ཆགས་པར་གྱུར་ཅིག༔ དེ་ཡི་ཕྱི་རིམ་པདྨ་འདབ་བརྒྱད་ལ༔ ཧྲཱིཿཡིག་བརྒྱད་བྲིས་ཕྱི་རིམ་རྩིབས་བརྒྱད་ལ༔ ཨཱཿཡིག་བརྒྱད་བྲིས་རྩིབས་མཆན་རྣམས་སུ་ཡང་༔ ཨཱཿཔཱ་ཤཾ་སིདྡྷི་ཧཱུྃ༔ ཡཿཔཱ་ཤཾ་སིདྡྷི་ཧཱུྃ༔ མཿཔཱ་ཤཾ་སིདྡྷི་ཧཱུྃ༔ དུཿཔཱ་ཤཾ་སིདྡྷི་ཧཱུྃཿརུཿཔཱ་ཤཾ་སིདྡྷི་ཧཱུྃ༔ ཙཿཔཱ་ཤཾ་སིདྡྷི་ཧཱུྃ༔ ཤཿཔཱ་ཤཾ་སིདྡྷི་ཧཱུྃཿནཿཔཱ་ཤཾ་སིདྡྷི་ཧཱུྃཿདེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ནོར་སྒྲུབ་སྔགས་བྲིས་ཕྱི་རིམ་མུ་ཁྱུད་ལ༔ ཨ་ལི་ཀ་ལི་རྟེན་སྙིང་བྲིས༔ ཕྱོགས་སུ་ལྕགས་ཀྱུ་བཞི་དང་ཞགས་པ་བཞི༔ དེ་ལ་བཟང་པོ་དྲུག་བྱུག་ཕོ་འཁོར་རོ༔ ས་མ་ཡ༔ ༈མོ་འཁོར་ཨུ་མ་ལ་ཡང་མུ་ཁྱུད་དྲུག༔ ལྟེ་བའི་ཁྱོན་ནི་ཡབ་འཁོར་དང་མཉམ་གནད༔ ལྟེ་བར་ཨུ་མ་དཱེ་ཝིའི་གཟུགས་བྲིས་ལ༔ ཐུགས་ཀར་ཧྲཱིཿཡིག་དམར་པོ་གཅིག་བྲིས་ཏེ༔ མུ་ཁྱུད་དང་པོར༔ ཨོཾ་མ་མ་ཨུ་མ་དཱེ་ཝི་ཧྲཱིང་ཿལྷ་མོ་ཨུ་མ་དཱེ་ཝིའི་བླ་གནས་ཤིང་སྲོག་བརྟན་པར་གྱུར་ཅིག༔ ཅེས་བྲིས༔ དེ་མཐར་པདྨ་འདབ་བརྒྱད་ལ༔ ཤར་པད་ཛཿདང་ལྷོ་རུ་ཧཱུྃ༔ ནུབ་འདབ་བཾཿདང་བྱང་དུ་ཧོཿ མཚམས་བཞིར་རིམ་བཞིན༔ ཤཱིནྟཾ༔ པུཥྚིཾ༔ ཝཱ་ཤཾ༔ མཱ་ར་ཡ༔ ཞེས་བྲིས་དེ་མཐར་འཁོར་ལོ་རྩིབས་བརྒྱད་ལ༔ ཧྲཱིངཿཡིག་བརྒྱད་བྲིས་རྩིབས་མཆན་བརྒྱད་ལའང་༔ ཨོཾ་ནྲྀཿཨ་ཀཪྵ་ཡ་ཛཿཅེས་དང༔ མི་སྙིང་སྒུལ་སྒུལ༔ མི་ལག་སྒུལ་སྒུལ༔ མི་འགྲམ་ཆོག་ཆོག༔ སརྦ་རཏྣ་པཱ་ཤཾ་ཀུ་རུ་ཧཱུྃ༔ མ་མ་ཁ་ཤི་སིདྡྷི༔ མ་མ་ཁ་དྷེ་སིདྡྷི༔ འདུས་འདུས་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མ་མ་ཨུ་མ་དཱེ་ཝི་ཧྲིང་༔ མི་མཐུན་ཕྱོགས་ངན་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སྣང་ཞིང་སྲིད་པ་ཐམས་ཅད་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ༔ ཅེས་བྲིས་དེ་མཐར་མུ་ཁྱུད་ལ༔ ཨ་ལི་ཀ་ལི་རྟེན་འབྲེལ་སྙིང་པོ་བྲིས༔ དེ་མཐར་ནོར་བུ་བཞི་དང་པདྨ་བཞི༔ བྲིས་ལ་རིན་ཆེན་ཕྱེ་མ་མཚལ་ལི་ཁྲི༔ ཙནྡན་དཀར་དམར་ཅུ་གང་སིནྡྷུ་ར༔ བྱུགས་ནས་ཡབ་ཡུམ་ཞལ་གསང་སྦྱོར་བྱས་ནས༔ ལྟེ་བ་མི་བཅག་ཙནྡན་དཀར་དམར་གྱི༔ ཕུར་པ་དར་སྐུད་ལྔས་དྲིལ་དབུས་སུ་བཞུགས༔ སྒྲུབ་པའི་རྟེན་དུ་བཙུག་ནས་ལྷར་གསལ་བསྒྲུབ༔ རྟག་ཏུ་ལྷ་ཆེན་ཡབ་ཡུམ་མངོན་སུམ་བསྒོམ༔ སྔགས་བཟླས་གསོལ་མཆོད་ལ་བརྩོན་ངེས་པར་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་གསུམ་བར་དུ་བཀའ་རྒྱ་བྱས་མཐར་རང་སློབ་དམ་པ་རྣལ་འབྱོར་བསོད་ནམས་བཀྲ་ཤིས་ཀྱིས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་བློ་བཟང་རྡོ་རྗེའོ། །དགེའོ། །དགེའོ། །དགེའོ།། །།}}
</onlyinclude>
{{TsagliCall}}
<headertabs/>

Latest revision as of 09:30, 4 September 2025

Wylie title zab gsang mkha' 'gro'i snying thig las: lha chen gtsug na zla ba'i bla rdo srog gi 'khor lo: TTDL-ZABTER-08-NYA-037.pdf
Location bdud 'joms gling pa zab gter
Volume 8, Text 37, Pages 319-321 (Folios 1a1 to 2a3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las lha chen gtsug na zla ba'i bla rdo srog gi 'khor lo. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: 319-321. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: srog 'khor   Verso: bdud 'joms bka' srung tshogs bdag
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Cakra and Amulet Designs - 'khor lo - srung 'khor
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་གསུམ་བར་དུ་བཀའ་རྒྱ་བྱས་མཐར་རང་སློབ་དམ་པ་རྣལ་འབྱོར་བསོད་ནམས་བཀྲ་ཤིས་ཀྱིས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་བློ་བཟང་རྡོ་རྗེའོ། །དགེའོ། །དགེའོ། །དགེའོ།།

zhes pa 'di yang khrag 'thung bdud 'joms rdo rjes gter nas bton te mi lo nyer gsum bar du bka' rgya byas mthar rang slob dam pa rnal 'byor bsod nams bkra shis kyis bskul ngor gtan la phab pa'i yi ge pa ni blo bzang rdo rje'o/_/dge'o/_/dge'o/_/dge'o//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་གཙུག་ན་ཟླ་བའི་བླ་རྡོ་སྲོག་གི་འཁོར་ལོ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) མ་འོངས་པདྨའི་བརྒྱུད་འཛིན་རྣམས༔ དབུ་འཕང་མཐོ་ཞིང་འབྱོར་ལྡན་ཕྱིར༔ ལྷ་ཆེན་གཙུག་ན་ཟླ་བ་བསྟེན༔ དེ་ལ་བླ་རྡོ་སྲོག་འཁོར་གཅེས༔ དར་རམ་རས་དཀར་ཤོག་གུ་ལ༔ མུ་ཁྱུད་རིམ་པ་དྲུག་ཏུ་བསྐོར༔ དབུས་སུ་ཚོགས་བདག་སྐུ་གཟུགས་ནི༔ གཞུང་གི་བསྐྱེད་ཆོག་ཇི་བཞིན་བྲིས༔ ཐུགས་ཀར་སྲོག་ཡིག་ཧྲཱིཿདམར་བཀོད༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ག་ཎ་པ་ཏི་ཧྲཱིཿལྷ་ཆེན་ཚོགས་ཀྱི་བདག་པོའི་བླ་གནས་ཤིང་སྲོག་ཆགས་པར་གྱུར་ཅིག༔ དེ་ཡི་ཕྱི་རིམ་པདྨ་འདབ་བརྒྱད་ལ༔ ཧྲཱིཿཡིག་བརྒྱད་བྲིས་ཕྱི་རིམ་རྩིབས་བརྒྱད་ལ༔ ཨཱཿཡིག་བརྒྱད་བྲིས་རྩིབས་མཆན་རྣམས་སུ་ཡང་༔ ཨཱཿཔཱ་ཤཾ་སིདྡྷི་ཧཱུྃ༔ ཡཿཔཱ་ཤཾ་སིདྡྷི་ཧཱུྃ༔ མཿཔཱ་ཤཾ་སིདྡྷི་ཧཱུྃ༔ དུཿཔཱ་ཤཾ་སིདྡྷི་ཧཱུྃཿརུཿཔཱ་ཤཾ་སིདྡྷི་ཧཱུྃ༔ ཙཿཔཱ་ཤཾ་སིདྡྷི་ཧཱུྃ༔ ཤཿཔཱ་ཤཾ་སིདྡྷི་ཧཱུྃཿནཿཔཱ་ཤཾ་སིདྡྷི་ཧཱུྃཿདེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ནོར་སྒྲུབ་སྔགས་བྲིས་ཕྱི་རིམ་མུ་ཁྱུད་ལ༔ ཨ་ལི་ཀ་ལི་རྟེན་སྙིང་བྲིས༔ ཕྱོགས་སུ་ལྕགས་ཀྱུ་བཞི་དང་ཞགས་པ་བཞི༔ དེ་ལ་བཟང་པོ་དྲུག་བྱུག་ཕོ་འཁོར་རོ༔ ས་མ་ཡ༔ ༈མོ་འཁོར་ཨུ་མ་ལ་ཡང་མུ་ཁྱུད་དྲུག༔ ལྟེ་བའི་ཁྱོན་ནི་ཡབ་འཁོར་དང་མཉམ་གནད༔ ལྟེ་བར་ཨུ་མ་དཱེ་ཝིའི་གཟུགས་བྲིས་ལ༔ ཐུགས་ཀར་ཧྲཱིཿཡིག་དམར་པོ་གཅིག་བྲིས་ཏེ༔ མུ་ཁྱུད་དང་པོར༔ ཨོཾ་མ་མ་ཨུ་མ་དཱེ་ཝི་ཧྲཱིང་ཿལྷ་མོ་ཨུ་མ་དཱེ་ཝིའི་བླ་གནས་ཤིང་སྲོག་བརྟན་པར་གྱུར་ཅིག༔ ཅེས་བྲིས༔ དེ་མཐར་པདྨ་འདབ་བརྒྱད་ལ༔ ཤར་པད་ཛཿདང་ལྷོ་རུ་ཧཱུྃ༔ ནུབ་འདབ་བཾཿདང་བྱང་དུ་ཧོཿ མཚམས་བཞིར་རིམ་བཞིན༔ ཤཱིནྟཾ༔ པུཥྚིཾ༔ ཝཱ་ཤཾ༔ མཱ་ར་ཡ༔ ཞེས་བྲིས་དེ་མཐར་འཁོར་ལོ་རྩིབས་བརྒྱད་ལ༔ ཧྲཱིངཿཡིག་བརྒྱད་བྲིས་རྩིབས་མཆན་བརྒྱད་ལའང་༔ ཨོཾ་ནྲྀཿཨ་ཀཪྵ་ཡ་ཛཿཅེས་དང༔ མི་སྙིང་སྒུལ་སྒུལ༔ མི་ལག་སྒུལ་སྒུལ༔ མི་འགྲམ་ཆོག་ཆོག༔ སརྦ་རཏྣ་པཱ་ཤཾ་ཀུ་རུ་ཧཱུྃ༔ མ་མ་ཁ་ཤི་སིདྡྷི༔ མ་མ་ཁ་དྷེ་སིདྡྷི༔ འདུས་འདུས་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མ་མ་ཨུ་མ་དཱེ་ཝི་ཧྲིང་༔ མི་མཐུན་ཕྱོགས་ངན་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སྣང་ཞིང་སྲིད་པ་ཐམས་ཅད་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ༔ ཅེས་བྲིས་དེ་མཐར་མུ་ཁྱུད་ལ༔ ཨ་ལི་ཀ་ལི་རྟེན་འབྲེལ་སྙིང་པོ་བྲིས༔ དེ་མཐར་ནོར་བུ་བཞི་དང་པདྨ་བཞི༔ བྲིས་ལ་རིན་ཆེན་ཕྱེ་མ་མཚལ་ལི་ཁྲི༔ ཙནྡན་དཀར་དམར་ཅུ་གང་སིནྡྷུ་ར༔ བྱུགས་ནས་ཡབ་ཡུམ་ཞལ་གསང་སྦྱོར་བྱས་ནས༔ ལྟེ་བ་མི་བཅག་ཙནྡན་དཀར་དམར་གྱི༔ ཕུར་པ་དར་སྐུད་ལྔས་དྲིལ་དབུས་སུ་བཞུགས༔ སྒྲུབ་པའི་རྟེན་དུ་བཙུག་ནས་ལྷར་གསལ་བསྒྲུབ༔ རྟག་ཏུ་ལྷ་ཆེན་ཡབ་ཡུམ་མངོན་སུམ་བསྒོམ༔ སྔགས་བཟླས་གསོལ་མཆོད་ལ་བརྩོན་ངེས་པར་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་གསུམ་བར་དུ་བཀའ་རྒྱ་བྱས་མཐར་རང་སློབ་དམ་པ་རྣལ་འབྱོར་བསོད་ནམས་བཀྲ་ཤིས་ཀྱིས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་བློ་བཟང་རྡོ་རྗེའོ། །དགེའོ། །དགེའོ། །དགེའོ།། །།