TTDL-ZABTER-13-PA-022: Difference between revisions

From Dudjom Wiki
TTDL-ZABTER-13-PA-022
(Imported new text files with Wyckibaat for processing)
 
m (Text replacement - "༴" to "༴ ")
 
(3 intermediate revisions by 2 users not shown)
Line 1: Line 1:
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་བསང་མཆོད་བསྡུས་པ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ དབང་ཕྱུག་ཆེན་པོ་གཤེགས་སུ་གསོལ༔ ཨུ་མ་དཱེ་ཝི་གཤེགས་སུ་གསོལ༔ སྤྲུལ་པའི་མ་བཞི་གཤེགས་སུ་གསོལ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ བཟང་ཤིང་ཕྱེ་མར་གསུར་དུད་དང་༔ བཟང་དྲུག་སྨན་གྱི་ནུས་པ་དང་༔ བཙོས་དང་རྗེན་ཤ་ཁུ་བ་རྐང་༔ ལ་དུ་མྱོས་བྱེད་ཡིད་བཞིན་ཟས༔ ཕྱི་ནང་གསང་མཆོད་འདོད་ཡོན་སྤྲིན༔ འདོད་རྒུའི་དཔལ་ཡོན་ནམ་མཁའ་མཛོད༔ དངོས་སུ་འབྱོར་དང་ཡིད་སྤྲུལ་ཏེ༔ དབང་ཕྱུག་མ་ཧཱ་དཱེ་ཝ་ལ༔ བསང་ཞིང་བརྔན་ནོ་ཐུགས་དམ་བསྐང་༔ ཡུམ་མཆོག་ཨུ་མ་དཱེ་ཝི་ལ༔ བསང་ཞིང་བརྔན་ནོ་ཐུགས་དམ་བསྐང་༔ སྤྲུལ་པའི་ལྷ་མོ་རྣམ་བཞི་ལ༔ བསང་ཞིང་བརྔན༴དཔལ་མགོན་བདུན་ཅུ་རྩ་ལྔ་ལ༔ བསང་ཞིང་བརྔན༴སྣང་སྲིད་དྲེགས་པའི་འཁོར་ཚོགས་ལ༔ བསང་ཞིང་བརྔན་ནོ་ཐུགས་དམ་བསྐང་༔ ཐུགས་དང་འགལ་བའི་ཉེས་ཀུན་བཤགས༔ དེ་ལྟར་བསང་མཆོད་ཕུལ་བའི་མཐུས༔ མི་འདོད་ཉེར་འཚེ་ཀུན་ཞི་ཞིང་༔ ཚེ་བསོད་དཔལ་འབྱོར་མཐུ་ནུས་བསྐྱེད༔ སྣང་སྲིད་དབང་དུ་འདུ་བ་དང་༔ དགྲ་བགེགས་ཚར་གཅོད་ཕྲིན་ལས་མཛོད༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ ཕྲིན་ལས་སྒྲུབས་ཤིག་ས་མ་ཡ༔ དབང་ཕྱུག་ཆེན་པོ་བསྒྲུབ་པ་ཡི༔ སྐྱེས་བུ་རྣམས་ཀྱིས་འདིར་བརྩོན་ན༔ བཀྲ་ཤིས་བདེ་ལེགས་དཔལ་རྒྱས་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སྐྱེས་བུ་ངག་དར་གྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།།།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|fulltitletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་བསང་མཆོད་བསྡུས་པ༔
|fulltitle=chos nyid nam mkha'i klong mdzod las: lha chen dbang phyug chen po'i bsang mchod bsdus pa:
|citation=Khrag 'thung [[Bdud 'joms gling pa]]. ''Chos nyid nam mkha'i klong mdzod las lha chen dbang phyug chen po'i bsang mchod bsdus pa''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 13: 77-78. Thimphu, Bhutan: Lama Kuenzang Wangdue, 2004.
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|collectiontitle=bdud 'joms gling pa zab gter
|author=bdud 'joms gling pa
|sourcerevealer=bdud 'joms gling pa
|tibgenre=Smoke Offerings - bsangs mchod - lha bsang
|terma=Yes
|deity=Lha chen
|cycle=chos nyid nam mkha'i klong mdzod
|cycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་
|volumenumber=13
|volnumtib=༡༣
|volyigtib=པ
|totalvolumes=21
|textnuminvol=022
|pagenumbers=77-78
|totalpages=2
|beginfolioline=1a1
|endfolioline=1b3
|totalfolios=1
|multivolumework=No
|rectonotes=bsang mchod
|versonotes=bdud 'joms srung ma lha chen dbang phyug
|colophontib=ཞེས་པ་འདི་ཡང་སྐྱེས་བུ་ངག་དར་གྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ།།
|colophonwylie=zhes pa 'di yang skyes bu ngag dar gyis nan du bskul ngor khrag 'thung bdud 'joms rdo rjes chos nyid nam mkha'i mdzod las bsgyur ba'o/_/dge'o//
|pdflink=File:TTDL-ZABTER-13-PA-022.pdf
|authortib=བདུད་འཇོམས་གླིང་པ་
|sourcerevealertib=བདུད་འཇོམས་གླིང་པ་
|volumeLetter=PA
|InitCategories=Dudjom Tersar Project; TTDL-ZABTER-Volume-13-PA
}}
<h1>Tibetan Text</h1>
<onlyinclude>
{{TibP|ཕྚ༔  ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་བསང་མཆོད་བསྡུས་པ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ དབང་ཕྱུག་ཆེན་པོ་གཤེགས་སུ་གསོལ༔ ཨུ་མ་དཱེ་ཝི་གཤེགས་སུ་གསོལ༔ སྤྲུལ་པའི་མ་བཞི་གཤེགས་སུ་གསོལ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ བཟང་ཤིང་ཕྱེ་མར་གསུར་དུད་དང་༔ བཟང་དྲུག་སྨན་གྱི་ནུས་པ་དང་༔ བཙོས་དང་རྗེན་ཤ་ཁུ་བ་རྐང་༔ ལ་དུ་མྱོས་བྱེད་ཡིད་བཞིན་ཟས༔ ཕྱི་ནང་གསང་མཆོད་འདོད་ཡོན་སྤྲིན༔ འདོད་རྒུའི་དཔལ་ཡོན་ནམ་མཁའ་མཛོད༔ དངོས་སུ་འབྱོར་དང་ཡིད་སྤྲུལ་ཏེ༔ དབང་ཕྱུག་མ་ཧཱ་དཱེ་ཝ་ལ༔ བསང་ཞིང་བརྔན་ནོ་ཐུགས་དམ་བསྐང་༔ ཡུམ་མཆོག་ཨུ་མ་དཱེ་ཝི་ལ༔ བསང་ཞིང་བརྔན་ནོ་ཐུགས་དམ་བསྐང་༔ སྤྲུལ་པའི་ལྷ་མོ་རྣམ་བཞི་ལ༔ བསང་ཞིང་བརྔན༴ དཔལ་མགོན་བདུན་ཅུ་རྩ་ལྔ་ལ༔ བསང་ཞིང་བརྔན༴ སྣང་སྲིད་དྲེགས་པའི་འཁོར་ཚོགས་ལ༔ བསང་ཞིང་བརྔན་ནོ་ཐུགས་དམ་བསྐང་༔ ཐུགས་དང་འགལ་བའི་ཉེས་ཀུན་བཤགས༔ དེ་ལྟར་བསང་མཆོད་ཕུལ་བའི་མཐུས༔ མི་འདོད་ཉེར་འཚེ་ཀུན་ཞི་ཞིང་༔ ཚེ་བསོད་དཔལ་འབྱོར་མཐུ་ནུས་བསྐྱེད༔ སྣང་སྲིད་དབང་དུ་འདུ་བ་དང་༔ དགྲ་བགེགས་ཚར་གཅོད་ཕྲིན་ལས་མཛོད༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ ཕྲིན་ལས་སྒྲུབས་ཤིག་ས་མ་ཡ༔ དབང་ཕྱུག་ཆེན་པོ་བསྒྲུབ་པ་ཡི༔ སྐྱེས་བུ་རྣམས་ཀྱིས་འདིར་བརྩོན་ན༔ བཀྲ་ཤིས་བདེ་ལེགས་དཔལ་རྒྱས་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སྐྱེས་བུ་ངག་དར་གྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ།། །།}}
</onlyinclude>
{{TsagliCall}}
<headertabs/>

Latest revision as of 10:11, 4 September 2025

Wylie title chos nyid nam mkha'i klong mdzod las: lha chen dbang phyug chen po'i bsang mchod bsdus pa: TTDL-ZABTER-13-PA-022.pdf
Location bdud 'joms gling pa zab gter
Volume 13, Text 22, Pages 77-78 (Folios 1a1 to 1b3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las lha chen dbang phyug chen po'i bsang mchod bsdus pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: 77-78. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bsang mchod   Verso: bdud 'joms srung ma lha chen dbang phyug
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Smoke Offerings - bsangs mchod - lha bsang
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity Lha chen
Colophon

ཞེས་པ་འདི་ཡང་སྐྱེས་བུ་ངག་དར་གྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ།།

zhes pa 'di yang skyes bu ngag dar gyis nan du bskul ngor khrag 'thung bdud 'joms rdo rjes chos nyid nam mkha'i mdzod las bsgyur ba'o/_/dge'o//

[edit]
ཕྚ༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་བསང་མཆོད་བསྡུས་པ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ དབང་ཕྱུག་ཆེན་པོ་གཤེགས་སུ་གསོལ༔ ཨུ་མ་དཱེ་ཝི་གཤེགས་སུ་གསོལ༔ སྤྲུལ་པའི་མ་བཞི་གཤེགས་སུ་གསོལ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ བཟང་ཤིང་ཕྱེ་མར་གསུར་དུད་དང་༔ བཟང་དྲུག་སྨན་གྱི་ནུས་པ་དང་༔ བཙོས་དང་རྗེན་ཤ་ཁུ་བ་རྐང་༔ ལ་དུ་མྱོས་བྱེད་ཡིད་བཞིན་ཟས༔ ཕྱི་ནང་གསང་མཆོད་འདོད་ཡོན་སྤྲིན༔ འདོད་རྒུའི་དཔལ་ཡོན་ནམ་མཁའ་མཛོད༔ དངོས་སུ་འབྱོར་དང་ཡིད་སྤྲུལ་ཏེ༔ དབང་ཕྱུག་མ་ཧཱ་དཱེ་ཝ་ལ༔ བསང་ཞིང་བརྔན་ནོ་ཐུགས་དམ་བསྐང་༔ ཡུམ་མཆོག་ཨུ་མ་དཱེ་ཝི་ལ༔ བསང་ཞིང་བརྔན་ནོ་ཐུགས་དམ་བསྐང་༔ སྤྲུལ་པའི་ལྷ་མོ་རྣམ་བཞི་ལ༔ བསང་ཞིང་བརྔན༴ དཔལ་མགོན་བདུན་ཅུ་རྩ་ལྔ་ལ༔ བསང་ཞིང་བརྔན༴ སྣང་སྲིད་དྲེགས་པའི་འཁོར་ཚོགས་ལ༔ བསང་ཞིང་བརྔན་ནོ་ཐུགས་དམ་བསྐང་༔ ཐུགས་དང་འགལ་བའི་ཉེས་ཀུན་བཤགས༔ དེ་ལྟར་བསང་མཆོད་ཕུལ་བའི་མཐུས༔ མི་འདོད་ཉེར་འཚེ་ཀུན་ཞི་ཞིང་༔ ཚེ་བསོད་དཔལ་འབྱོར་མཐུ་ནུས་བསྐྱེད༔ སྣང་སྲིད་དབང་དུ་འདུ་བ་དང་༔ དགྲ་བགེགས་ཚར་གཅོད་ཕྲིན་ལས་མཛོད༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ ཕྲིན་ལས་སྒྲུབས་ཤིག་ས་མ་ཡ༔ དབང་ཕྱུག་ཆེན་པོ་བསྒྲུབ་པ་ཡི༔ སྐྱེས་བུ་རྣམས་ཀྱིས་འདིར་བརྩོན་ན༔ བཀྲ་ཤིས་བདེ་ལེགས་དཔལ་རྒྱས་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སྐྱེས་བུ་ངག་དར་གྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ།། །།