TTDL-ZABTER-14-PHA-006: Difference between revisions

From Dudjom Wiki
TTDL-ZABTER-14-PHA-006
(Imported new text files with Wyckibaat for processing)
 
No edit summary
 
(2 intermediate revisions by 2 users not shown)
Line 1: Line 1:
བརྡ་ཡིག༠༠༠༠༠༠༡༧༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ངག་སྦྱང་ནུས་པ་སྟོབས་འབྱིན་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ངག་སྦྱང་ནུས་པ་སྟོབས་འབྱིན་ལ༔ ནངས་པར་མལ་ནས་ལངས་མ་ཐག༔ བྱིན་རླབས་རིམ་པ་འདི་ལྟར་བྱ༔ ཨོཾ་སྭ་བྷཱ་ཝ་སོགས༔ ལྕེ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ལྕེ་ཡི་དབང་པོ་གནས་སུ་གྱུར་པ་ལས་དྷཱིཿཡིག་དམར་སེར་འོད་ཟེར་འབར་བ་ཞིག་ཏུ་གྱུར༔ དེ་ལས་འོད་ཟེར་འཕྲོས༔ དོན་གཉིས་བྱས་ཚུར་འདུས་དྷཱིཿཡིག་ཡོངས་སུ་གྱུར་པ་ལས་འཇམ་དཔལ་གཞོན་ནུར་གྱུར་པ་ཞི་འཛུམ་མཚན་དཔེའི་ལང་ཚོ་འབར་བ་ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་སྤྲས་པ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་གནས་གསུམ་ལས་འོད་ཟེར་འཕྲོས་པས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་གསུང་གསང་བའི་དབང་བྱིན་དངོས་གྲུབ་ཐམས་ཅད་འོད་ཕུང་དམར་པོའི་རྣམ་པར་བསྡུས་ཏེ་ལྗགས་ཀྱི་དབང་པོ་ལ་ཐིམ་པས་གནས་སུ་གྱུར་ཏེ་ལྗགས་ཤེས་རབ་ཀྱི་རལ་གྲི་འོད་དང་འོད་ཟེར་དཔག་ཏུ་མེད་པ་འབར་བའི་རྩེ་ནས་ཆོས་ཉིད་ཀྱི་རང་སྒྲ་འབྲུག་ལྟར་གྲགས་པར་གྱུར༔ ཨོཾ་ཨ་ཨཱ་ཨི་ཨཱི་སོགས་དབྱངས་གསལ་རྟེན་སྙིང་དང་བཅས་པ་ལན་བདུན་རེ་བརྗོད༔ འགྱུར་སྔགས་ཀྱི་རིགས་ཅུང་ཟད་བཟླས་མཐར༔ ན་མོ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ ཆོས་ཉིད་རྣམ་པར་དག་པ་དང་༔ རྟེན་འབྲེལ་ཟབ་མོའི་བདེན་པའི་མཐུས༔ ངག་གི་ནུས་སྟོབས་རབ་འབར་ཞིང་༔ རྒྱལ་བ་རྣམས་ཀྱི་གསུང་གསང་བཅུད༔ མ་ལུས་བདག་གི་ངག་ལ་ཐིམ༔ ངག་ལ་བདེན་པ་གྲུབ་པ་དང་༔ གཅིག་བཟླས་གྲངས་མེད་འགྱུར་བར་ཤོག༔ དག་དང་མ་དག་ཚིག་རྣམས་ཀུན༔ དམ་ཚིག་གསུང་གསང་རྡོ་རྗེའི་ཚིག༔ གསུང་གསང་ཆེན་པོར་འགྱུར་བར་ཤོག༔ དྷཱི་དྷཱིཿབརྒྱ་རྩ་བཟླས༔ ཧྲཱིཾ་ཧྲཱིཾ༔ ཅི་མང་བཟླའོ༔ དེ་ཡིས་ངག་སྒྲིབ་ཀུན་དག་ནས༔ དག་པ་གསུང་གི་འཁོར་ལོ་རུ༔ ནུས་སྟོབས་འབྱིན་པར་ཐེ་ཚོམ་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཡང་སློབ་བུ་པཎ་ཆེན་ནས་བསྐུལ་ངོར་རིག་འཛིན་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡི་གེ་པ་ནི་ངག་དབང་ཕྲིན་ལས་ཀྱིས་བྲིས་པ་ཡོངས་སུ་དགེ་བར་གྱུར་ཅིགདགེའོ།།སརྦ་མངྒ་ལཾ།།།།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|fulltitletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ངག་སྦྱང་ནུས་པ་སྟོབས་འབྱིན༔
|fulltitle=chos nyid nam mkha'i klong mdzod las: ngag sbyang nus pa stobs 'byin:
|citation=Khrag 'thung [[Bdud 'joms gling pa]]. ''Chos nyid nam mkha'i klong mdzod las ngag sbyang nus pa stobs 'byin''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 14: 17-18. Thimphu, Bhutan: Lama Kuenzang Wangdue, 2004.
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|collectiontitle=bdud 'joms gling pa zab gter
|author=bdud 'joms gling pa
|sourcerevealer=bdud 'joms gling pa
|tibgenre=Liturgy - ngag 'don
|terma=Yes
|cycle=chos nyid nam mkha'i klong mdzod
|cycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་
|volumenumber=14
|volnumtib=༡༤
|volyigtib=ཕ
|totalvolumes=21
|textnuminvol=006
|pagenumbers=17-18
|totalpages=2
|beginfolioline=1a1
|endfolioline=1b4
|totalfolios=1
|multivolumework=No
|rectonotes=ngag sbyang
|versonotes=bdud 'joms zab gter
|colophontib=ཞེས་པ་འདི་ཡང་སློབ་བུ་པཎ་ཆེན་ནས་བསྐུལ་ངོར་རིག་འཛིན་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡི་གེ་པ་ནི་ངག་དབང་ཕྲིན་ལས་ཀྱིས་བྲིས་པ་ཡོངས་སུ་དགེ་བར་གྱུར་ཅིག །དགེའོ། །སརྦ་མངྒ་ལཾ།།
|colophonwylie=zhes pa 'di yang slob bu paN chen nas bskul ngor rig 'dzin bdud 'joms rdo rjes smras pa yi ge pa ni ngag dbang phrin las kyis bris pa yongs su dge bar gyur cig_/dge'o/_/sarba mang+ga laM//
|pdflink=File:TTDL-ZABTER-14-PHA-006.pdf
|authortib=བདུད་འཇོམས་གླིང་པ་
|sourcerevealertib=བདུད་འཇོམས་གླིང་པ་
|volumeLetter=PHA
|InitCategories=Dudjom Tersar Project; TTDL-ZABTER-Volume-14-PHA
}}
<h1>Tibetan Text</h1>
<onlyinclude>
{{TibP|དྡྂ།༔  ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ངག་སྦྱང་ནུས་པ་སྟོབས་འབྱིན་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ངག་སྦྱང་ནུས་པ་སྟོབས་འབྱིན་ལ༔ ནངས་པར་མལ་ནས་ལངས་མ་ཐག༔ བྱིན་རླབས་རིམ་པ་འདི་ལྟར་བྱ༔ ཨོཾ་སྭ་བྷཱ་ཝ་སོགས༔ ལྕེ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ལྕེ་ཡི་དབང་པོ་གནས་སུ་གྱུར་པ་ལས་དྷཱིཿ ཡིག་དམར་སེར་འོད་ཟེར་འབར་བ་ཞིག་ཏུ་གྱུར༔ དེ་ལས་འོད་ཟེར་འཕྲོས༔ དོན་གཉིས་བྱས་ཚུར་འདུས་དྷཱིཿཡིག་ཡོངས་སུ་གྱུར་པ་ལས་འཇམ་དཔལ་གཞོན་ནུར་གྱུར་པ་ཞི་འཛུམ་མཚན་དཔེའི་ལང་ཚོ་འབར་བ་ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་སྤྲས་པ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་གནས་གསུམ་ལས་འོད་ཟེར་འཕྲོས་པས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་གསུང་གསང་བའི་དབང་བྱིན་དངོས་གྲུབ་ཐམས་ཅད་འོད་ཕུང་དམར་པོའི་རྣམ་པར་བསྡུས་ཏེ་ལྗགས་ཀྱི་དབང་པོ་ལ་ཐིམ་པས་གནས་སུ་གྱུར་ཏེ་ལྗགས་ཤེས་རབ་ཀྱི་རལ་གྲི་འོད་དང་འོད་ཟེར་དཔག་ཏུ་མེད་པ་འབར་བའི་རྩེ་ནས་ཆོས་ཉིད་ཀྱི་རང་སྒྲ་འབྲུག་ལྟར་གྲགས་པར་གྱུར༔ ཨོཾ་ཨ་ཨཱ་ཨི་ཨཱི་སོགས་དབྱངས་གསལ་རྟེན་སྙིང་དང་བཅས་པ་ལན་བདུན་རེ་བརྗོད༔ འགྱུར་སྔགས་ཀྱི་རིགས་ཅུང་ཟད་བཟླས་མཐར༔ ན་མོ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ ཆོས་ཉིད་རྣམ་པར་དག་པ་དང་༔ རྟེན་འབྲེལ་ཟབ་མོའི་བདེན་པའི་མཐུས༔ ངག་གི་ནུས་སྟོབས་རབ་འབར་ཞིང་༔ རྒྱལ་བ་རྣམས་ཀྱི་གསུང་གསང་བཅུད༔ མ་ལུས་བདག་གི་ངག་ལ་ཐིམ༔ ངག་ལ་བདེན་པ་གྲུབ་པ་དང་༔ གཅིག་བཟླས་གྲངས་མེད་འགྱུར་བར་ཤོག༔ དག་དང་མ་དག་ཚིག་རྣམས་ཀུན༔ དམ་ཚིག་གསུང་གསང་རྡོ་རྗེའི་ཚིག༔ གསུང་གསང་ཆེན་པོར་འགྱུར་བར་ཤོག༔ དྷཱི་དྷཱིཿ བརྒྱ་རྩ་བཟླས༔ ཧྲཱིཾ་ཧྲཱིཾ༔ ཅི་མང་བཟླའོ༔ དེ་ཡིས་ངག་སྒྲིབ་ཀུན་དག་ནས༔ དག་པ་གསུང་གི་འཁོར་ལོ་རུ༔ ནུས་སྟོབས་འབྱིན་པར་ཐེ་ཚོམ་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཡང་སློབ་བུ་པཎ་ཆེན་ནས་བསྐུལ་ངོར་རིག་འཛིན་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡི་གེ་པ་ནི་ངག་དབང་ཕྲིན་ལས་ཀྱིས་བྲིས་པ་ཡོངས་སུ་དགེ་བར་གྱུར་ཅིག །དགེའོ། །སརྦ་མངྒ་ལཾ།། །།}}
</onlyinclude>
{{TsagliCall}}
<headertabs/>

Latest revision as of 14:59, 21 August 2024

Wylie title chos nyid nam mkha'i klong mdzod las: ngag sbyang nus pa stobs 'byin: TTDL-ZABTER-14-PHA-006.pdf
Location bdud 'joms gling pa zab gter
Volume 14, Text 6, Pages 17-18 (Folios 1a1 to 1b4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las ngag sbyang nus pa stobs 'byin. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 14: 17-18. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: ngag sbyang   Verso: bdud 'joms zab gter
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Liturgy - ngag 'don
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Colophon

ཞེས་པ་འདི་ཡང་སློབ་བུ་པཎ་ཆེན་ནས་བསྐུལ་ངོར་རིག་འཛིན་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡི་གེ་པ་ནི་ངག་དབང་ཕྲིན་ལས་ཀྱིས་བྲིས་པ་ཡོངས་སུ་དགེ་བར་གྱུར་ཅིག །དགེའོ། །སརྦ་མངྒ་ལཾ།།

zhes pa 'di yang slob bu paN chen nas bskul ngor rig 'dzin bdud 'joms rdo rjes smras pa yi ge pa ni ngag dbang phrin las kyis bris pa yongs su dge bar gyur cig_/dge'o/_/sarba mang+ga laM//

[edit]
དྡྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ངག་སྦྱང་ནུས་པ་སྟོབས་འབྱིན་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ངག་སྦྱང་ནུས་པ་སྟོབས་འབྱིན་ལ༔ ནངས་པར་མལ་ནས་ལངས་མ་ཐག༔ བྱིན་རླབས་རིམ་པ་འདི་ལྟར་བྱ༔ ཨོཾ་སྭ་བྷཱ་ཝ་སོགས༔ ལྕེ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ལྕེ་ཡི་དབང་པོ་གནས་སུ་གྱུར་པ་ལས་དྷཱིཿ ཡིག་དམར་སེར་འོད་ཟེར་འབར་བ་ཞིག་ཏུ་གྱུར༔ དེ་ལས་འོད་ཟེར་འཕྲོས༔ དོན་གཉིས་བྱས་ཚུར་འདུས་དྷཱིཿཡིག་ཡོངས་སུ་གྱུར་པ་ལས་འཇམ་དཔལ་གཞོན་ནུར་གྱུར་པ་ཞི་འཛུམ་མཚན་དཔེའི་ལང་ཚོ་འབར་བ་ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་སྤྲས་པ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་གནས་གསུམ་ལས་འོད་ཟེར་འཕྲོས་པས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་གསུང་གསང་བའི་དབང་བྱིན་དངོས་གྲུབ་ཐམས་ཅད་འོད་ཕུང་དམར་པོའི་རྣམ་པར་བསྡུས་ཏེ་ལྗགས་ཀྱི་དབང་པོ་ལ་ཐིམ་པས་གནས་སུ་གྱུར་ཏེ་ལྗགས་ཤེས་རབ་ཀྱི་རལ་གྲི་འོད་དང་འོད་ཟེར་དཔག་ཏུ་མེད་པ་འབར་བའི་རྩེ་ནས་ཆོས་ཉིད་ཀྱི་རང་སྒྲ་འབྲུག་ལྟར་གྲགས་པར་གྱུར༔ ཨོཾ་ཨ་ཨཱ་ཨི་ཨཱི་སོགས་དབྱངས་གསལ་རྟེན་སྙིང་དང་བཅས་པ་ལན་བདུན་རེ་བརྗོད༔ འགྱུར་སྔགས་ཀྱི་རིགས་ཅུང་ཟད་བཟླས་མཐར༔ ན་མོ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ ཆོས་ཉིད་རྣམ་པར་དག་པ་དང་༔ རྟེན་འབྲེལ་ཟབ་མོའི་བདེན་པའི་མཐུས༔ ངག་གི་ནུས་སྟོབས་རབ་འབར་ཞིང་༔ རྒྱལ་བ་རྣམས་ཀྱི་གསུང་གསང་བཅུད༔ མ་ལུས་བདག་གི་ངག་ལ་ཐིམ༔ ངག་ལ་བདེན་པ་གྲུབ་པ་དང་༔ གཅིག་བཟླས་གྲངས་མེད་འགྱུར་བར་ཤོག༔ དག་དང་མ་དག་ཚིག་རྣམས་ཀུན༔ དམ་ཚིག་གསུང་གསང་རྡོ་རྗེའི་ཚིག༔ གསུང་གསང་ཆེན་པོར་འགྱུར་བར་ཤོག༔ དྷཱི་དྷཱིཿ བརྒྱ་རྩ་བཟླས༔ ཧྲཱིཾ་ཧྲཱིཾ༔ ཅི་མང་བཟླའོ༔ དེ་ཡིས་ངག་སྒྲིབ་ཀུན་དག་ནས༔ དག་པ་གསུང་གི་འཁོར་ལོ་རུ༔ ནུས་སྟོབས་འབྱིན་པར་ཐེ་ཚོམ་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཡང་སློབ་བུ་པཎ་ཆེན་ནས་བསྐུལ་ངོར་རིག་འཛིན་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡི་གེ་པ་ནི་ངག་དབང་ཕྲིན་ལས་ཀྱིས་བྲིས་པ་ཡོངས་སུ་དགེ་བར་གྱུར་ཅིག །དགེའོ། །སརྦ་མངྒ་ལཾ།། །།