TTDL-ZABTER-14-PHA-008: Difference between revisions

From Dudjom Wiki
TTDL-ZABTER-14-PHA-008
(Imported new text files with Wyckibaat for processing)
 
m (Text replacement - "ཧོཿ" to "ཧོཿ ")
 
(3 intermediate revisions by 2 users not shown)
Line 1: Line 1:
བརྡ་ཡིག༠༠༠༠༠༠༢༣༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རྨི་ལམ་འོད་གསལ་དུ་འཆར་བའི་གསོལ་འདེབས་བྱིན་རླབས་ཆར་འབེབས་བཞུགས་སོ༔ ན་མོ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿབརྡ་ཡིག༠༠༠༠༠༠༔ གསོལ་བ་འདེབས་པའི་ཡུལ་གྱུར་རྣམས༔ ཡིད་ལ་གསལ་ཞིང་མོས་གུས་ཀྱིས༔ ཀྱཻ་ཧོཿདུས་གསུམ་རྒྱལ་བའི་སྤྱི་གཟུགས་བླ་མ་དེ་མཁྱེན་ནོ༔ རྨི་ལམ་སྣང་བ་འོད་གསལ་ཆོས་ཉིད་དུ་དག་ནས༔ འཁྲུལ་མེད་ཆོས་སྐུའི་ཡོ་ལངས་འཁོར་ཡུག་ཏུ་འདྲེས་པར༔ བརྒྱུད་གསུམ་རིག་འཛིན་བླ་མས་བྱིན་གྱིས་རང་རློབས་ཤིག༔ ཀ་དག་ཡུམ་ཆེན་ཀུན་ཏུ་བཟང་མོ་དེ་མཁྱེན་ནོ༔ འཁོར་འདས་དག་མཉམ་ཆེན་པོའི་རོལ་པ་རུ་རྟོགས་ནས༔ རྨི་ལམ་སྣང་བ་འོད་གསལ་ཆོས་ཉིད་ཀྱི་རོལ་པར༔ དག་ཅིང་འཁོར་ཡུག་འདྲེས་པར་བྱིན་གྱིས་རང་རློབས་ཤིག༔ སྐུ་བཞིའི་ཀློང་མཛོད་རྡོ་རྗེ་ཕག་མོ་དེ་མཁྱེན་ནོ༔ མ་དག་སྣང་བ་དག་དབྱིངས་དྭངས་མ་རུ་འཕོས་ཏེ༔ རྨི་ལམ་སྣང་བ་འོད་གསལ་ཆོས་ཉིད་ཀྱི་རོལ་པར༔ ཤར་ནས་འཁོར་ཡུག་འདྲེས་པར་བྱིན་གྱིས་རང་རློབས་ཤིག༔ དབྱིངས་ཡེ་མཉམ་བརྡལ་ཁྲོས་མ་ནག་མོ་དེ་མཁྱེན་ནོ༔ མ་རིག་མུན་པ་རིག་སྟོང་ཆེན་པོ་རུ་སངས་ནས༔ རྨི་ལམ་གནས་དག་འོད་གསལ་ཆོས་ཉིད་དུ་ཤར་ཏེ༔ བར་མེད་འཁོར་ཡུག་འདྲེས་པར་བྱིན་གྱིས་རང་རློབས་ཤིག༔ ཆོས་དབྱིངས་ཡེ་ཤེས་སངས་རྒྱས་མཁའ་འགྲོ་དེ་མཁྱེན་ནོ༔ སྣང་མེད་སྟོང་ཉིད་ཆེན་པོའི་གནས་ལུགས་དེ་རྟོགས་ཤིང་༔ རྨི་ལམ་སྣང་བ་གནས་དག་འོད་གསལ་དུ་ཤར་ཏེ༔ བར་མེད་འཁོར་ཡུག་འདྲེས་པར་བྱིན་གྱིས་རང་རློབས་ཤིག༔ མེ་ལོང་ཡེ་ཤེས་རྡོ་རྗེ་མཁའ་འགྲོ་དེ་མཁྱེན་ནོ༔ གསལ་སྟོང་གཉིས་མེད་ཡེ་ཤེས་ཆེན་པོ་ཉིད་རྟོགས་ཏེ༔ རྨི་ལམ་སྣང་བ་གནས་དག་འོད་གསལ་དུ་ཤར་ནས༔ བར་མེད་འཁོར་ཡུག་འདྲེས་པར་བྱིན་གྱིས་རང་རློབས་ཤིག༔ མཉམ་ཉིད་ཡེ་ཤེས་རིན་ཆེན་མཁའ་འགྲོ་དེ་མཁྱེན་ནོ༔ གཟུང་དང་འཛིན་པའི་འཕྱང་ཐག་ཐད་ཀ་རུ་ཆད་དེ༔ རྨི་ལམ་སྣང་བ་གནས་དག་འོད་གསལ་དུ་ཤར་ནས༔ བར་མེད་འཁོར་ཡུག་འདྲེས་པར་བྱིན་གྱིས་རང་རློབས་ཤིག༔ སོར་རྟོག་ཡེ་ཤེས་པདྨ་མཁའ་འགྲོ་དེ་མཁྱེན་ནོ༔ ཇི་ལྟ་ཇི་སྙེད་མཁྱེན་གཟིགས་ཡེ་ཤེས་ལ་དབང་འབྱོར༔ རྨི་ལམ་སྣང་བ་གནས་དག་འོད་གསལ་དུ་ཤར་ཏེ༔ བར་མེད་འཁོར་ཡུག་འདྲེས་པར་བྱིན་གྱིས་རང་རློབས་ཤིག༔ བྱ་གྲུབ་ཡེ་ཤེས་ལས་ཀྱི་མཁའ་འགྲོ་དེ་མཁྱེན་ནོ༔ དག་སྒྲོལ་མཉམ་རྫོགས་རང་བྱུང་ཡེ་ཤེས་སུ་གདིང་ཐོབ༔ རྨི་ལམ་སྣང་བ་འོད་གསལ་ཆོས་ཉིད་ཀྱི་རོལ་པར༔ བར་མེད་འཁོར་ཡུག་འདྲེས་པར་བྱིན་གྱིས་རང་རློབས་ཤིག༔ མཁྱེན་ནོ་མཁྱེན་ནོ་མ་དང་མཁའ་འགྲོའི་ཚོགས་མཁྱེན་ནོ༔ ཆོས་ཉིད་བདེན་པ་མངོན་སུམ་འབད་མེད་དུ་མཐོང་ནས༔ ཉམས་སྣང་གོང་འཕེལ་འར་མ་འུར་མ་རུ་འབྱུང་ཞིང་༔ རིག་པ་བཅུད་སྨིན་ལོངས་སྐུའི་ཚོམ་བུ་རུ་ཚད་ཕེབས༔ མི་འཇིགས་གདིང་ཐོབ་ཆོས་ཟད་བློ་འདས་སུ་གྲོལ་ཏེ༔ གཞོན་ནུ་བུམ་སྐུ་འཇའ་ལུས་འཕོ་ཆེན་དེ་འགྲུབ་པར༔ བྱིན་གྱིས་རློབས་ཤིག་མ་ཅིག་ཡེ་ཤེས་ཀྱི་མཁའ་འགྲོ༔ གསོལ་བ་འདེབས་སོ་ཐུགས་རྗེའི་བྱིན་རླབས་རྣམས་མ་ཆུང་༔ སྒྱུ་མའི་ལུས་འདི་ལྟོས་མེད་ཨ་མ་ལ་འབུལ་ལོ༔ ཡེ་ཤེས་སྒྱུ་མའི་སྐུ་རུ་བྱིན་གྱིས་རང་རློབས་ཤིག༔ ད་ལྟ་མྱུར་བ་ཉིད་དུ་བྱིན་གྱིས་རང་རློབས་ཤིག༔ འདུག་ས་གདན་ཐོག་འདི་རུ་བྱིན་གྱིས་རང་རློབས་ཤིག༔ འབྱུང་བ་ཐིམ་རིམ་འཆི་བའི་སྲིད་པ་ལ་མི་ལྟོས༔ ཚེ་འདིར་མཁའ་སྤྱོད་བདེ་བ་ཆེན་པོ་རུ་དྲོངས་ཤིག༔ རང་སྣང་དོན་གྱི་འོག་མིན་ཀ་དག་གི་དབྱིངས་སུ༔ སྟོན་འཁོར་དགོངས་པ་དབྱེར་མེད་རོ་གཅིག་གི་རོལ་པར༔ བྱང་ཆུབ་ཆེན་པོར་མཉམ་གྲོལ་སངས་རྒྱས་སུ་སྨོན་ནོ༔ འགྲུབ་པར་གྱུར་ཅིག་དཀོན་མཆོག་གསུམ་པོ་རང་མཁྱེན་ནོ༔ དེ་ལྟར་མོས་གུས་དྲག་པོ་ཡིས༔ དུས་གསུམ་ཀུན་ཏུ་འདི་བརྗོད་པས༔ བྱིན་རླབས་རྒྱུད་ལ་འཇུག་པ་དང་༔ ཉམས་དང་རྟོགས་པའི་ཡོན་ཏན་འཕེལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཨྠིྀ༔ ཞེས་པ་འདི་ཡང་རང་སློབ་དམ་པ་འཛམ་གླིང་རྡོ་རྗེ་ཞེས་བྱ་བས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བ་ཡོངས་སུ་དགེ་བར་གྱུར་ཅིག།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|fulltitletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རྨི་ལམ་འོད་གསལ་དུ་འཆར་བའི་གསོལ་འདེབས་བྱིན་རླབས་ཆར་འབེབས༔
|fulltitle=chos nyid nam mkha'i klong mdzod las: rmi lam 'od gsal du 'char ba'i gsol 'debs byin rlabs char 'bebs:
|citation=Khrag 'thung [[Bdud 'joms gling pa]]. ''Chos nyid nam mkha'i klong mdzod las rmi lam 'od gsal du 'char ba'i gsol 'debs byin rlabs char 'bebs''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 14: 23-26. Thimphu, Bhutan: Lama Kuenzang Wangdue, 2004.
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|collectiontitle=bdud 'joms gling pa zab gter
|author=bdud 'joms gling pa
|sourcerevealer=bdud 'joms gling pa
|tibgenre=Supplications - gsol 'debs
|terma=Yes
|cycle=chos nyid nam mkha'i klong mdzod
|cycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་
|volumenumber=14
|volnumtib=༡༤
|volyigtib=ཕ
|totalvolumes=21
|textnuminvol=008
|pagenumbers=23-26
|totalpages=4
|beginfolioline=1a1
|endfolioline=2b2
|totalfolios=2
|multivolumework=No
|rectonotes=gsol 'debs
|versonotes=bdud 'joms zab gter
|colophontib=ཞེས་པ་འདི་ཡང་རང་སློབ་དམ་པ་འཛམ་གླིང་རྡོ་རྗེ་ཞེས་བྱ་བས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བ་ཡོངས་སུ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།
|colophonwylie=zhes pa 'di yang rang slob dam pa 'dzam gling rdo rje zhes bya bas nan du bskul ngor bdud 'joms rdo rjes chos nyid nam mkha'i klong mdzod las bsgyur ba yongs su dge bar gyur cig_/dge'o/_/dge'o/_/dge'o/_/sarba mang+ga laM//
|pdflink=File:TTDL-ZABTER-14-PHA-008.pdf
|authortib=བདུད་འཇོམས་གླིང་པ་
|sourcerevealertib=བདུད་འཇོམས་གླིང་པ་
|volumeLetter=PHA
|InitCategories=Dudjom Tersar Project; TTDL-ZABTER-Volume-14-PHA
}}
<h1>Tibetan Text</h1>
<onlyinclude>
{{TibP|དྡྂ།༔  ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རྨི་ལམ་འོད་གསལ་དུ་འཆར་བའི་གསོལ་འདེབས་བྱིན་རླབས་ཆར་འབེབས་བཞུགས་སོ༔ ན་མོ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ  ({{TibChung|བརྡ་ཡིག་}})  གསོལ་བ་འདེབས་པའི་ཡུལ་གྱུར་རྣམས༔ ཡིད་ལ་གསལ་ཞིང་མོས་གུས་ཀྱིས༔ ཀྱཻ་ཧོཿ དུས་གསུམ་རྒྱལ་བའི་སྤྱི་གཟུགས་བླ་མ་དེ་མཁྱེན་ནོ༔ རྨི་ལམ་སྣང་བ་འོད་གསལ་ཆོས་ཉིད་དུ་དག་ནས༔ འཁྲུལ་མེད་ཆོས་སྐུའི་ཡོ་ལངས་འཁོར་ཡུག་ཏུ་འདྲེས་པར༔ བརྒྱུད་གསུམ་རིག་འཛིན་བླ་མས་བྱིན་གྱིས་རང་རློབས་ཤིག༔ ཀ་དག་ཡུམ་ཆེན་ཀུན་ཏུ་བཟང་མོ་དེ་མཁྱེན་ནོ༔ འཁོར་འདས་དག་མཉམ་ཆེན་པོའི་རོལ་པ་རུ་རྟོགས་ནས༔ རྨི་ལམ་སྣང་བ་འོད་གསལ་ཆོས་ཉིད་ཀྱི་རོལ་པར༔ དག་ཅིང་འཁོར་ཡུག་འདྲེས་པར་བྱིན་གྱིས་རང་རློབས་ཤིག༔ སྐུ་བཞིའི་ཀློང་མཛོད་རྡོ་རྗེ་ཕག་མོ་དེ་མཁྱེན་ནོ༔ མ་དག་སྣང་བ་དག་དབྱིངས་དྭངས་མ་རུ་འཕོས་ཏེ༔ རྨི་ལམ་སྣང་བ་འོད་གསལ་ཆོས་ཉིད་ཀྱི་རོལ་པར༔ ཤར་ནས་འཁོར་ཡུག་འདྲེས་པར་བྱིན་གྱིས་རང་རློབས་ཤིག༔ དབྱིངས་ཡེ་མཉམ་བརྡལ་ཁྲོས་མ་ནག་མོ་དེ་མཁྱེན་ནོ༔ མ་རིག་མུན་པ་རིག་སྟོང་ཆེན་པོ་རུ་སངས་ནས༔ རྨི་ལམ་གནས་དག་འོད་གསལ་ཆོས་ཉིད་དུ་ཤར་ཏེ༔ བར་མེད་འཁོར་ཡུག་འདྲེས་པར་བྱིན་གྱིས་རང་རློབས་ཤིག༔ ཆོས་དབྱིངས་ཡེ་ཤེས་སངས་རྒྱས་མཁའ་འགྲོ་དེ་མཁྱེན་ནོ༔ སྣང་མེད་སྟོང་ཉིད་ཆེན་པོའི་གནས་ལུགས་དེ་རྟོགས་ཤིང་༔ རྨི་ལམ་སྣང་བ་གནས་དག་འོད་གསལ་དུ་ཤར་ཏེ༔ བར་མེད་འཁོར་ཡུག་འདྲེས་པར་བྱིན་གྱིས་རང་རློབས་ཤིག༔ མེ་ལོང་ཡེ་ཤེས་རྡོ་རྗེ་མཁའ་འགྲོ་དེ་མཁྱེན་ནོ༔ གསལ་སྟོང་གཉིས་མེད་ཡེ་ཤེས་ཆེན་པོ་ཉིད་རྟོགས་ཏེ༔ རྨི་ལམ་སྣང་བ་གནས་དག་འོད་གསལ་དུ་ཤར་ནས༔ བར་མེད་འཁོར་ཡུག་འདྲེས་པར་བྱིན་གྱིས་རང་རློབས་ཤིག༔ མཉམ་ཉིད་ཡེ་ཤེས་རིན་ཆེན་མཁའ་འགྲོ་དེ་མཁྱེན་ནོ༔ གཟུང་དང་འཛིན་པའི་འཕྱང་ཐག་ཐད་ཀ་རུ་ཆད་དེ༔ རྨི་ལམ་སྣང་བ་གནས་དག་འོད་གསལ་དུ་ཤར་ནས༔ བར་མེད་འཁོར་ཡུག་འདྲེས་པར་བྱིན་གྱིས་རང་རློབས་ཤིག༔ སོར་རྟོག་ཡེ་ཤེས་པདྨ་མཁའ་འགྲོ་དེ་མཁྱེན་ནོ༔ ཇི་ལྟ་ཇི་སྙེད་མཁྱེན་གཟིགས་ཡེ་ཤེས་ལ་དབང་འབྱོར༔ རྨི་ལམ་སྣང་བ་གནས་དག་འོད་གསལ་དུ་ཤར་ཏེ༔ བར་མེད་འཁོར་ཡུག་འདྲེས་པར་བྱིན་གྱིས་རང་རློབས་ཤིག༔ བྱ་གྲུབ་ཡེ་ཤེས་ལས་ཀྱི་མཁའ་འགྲོ་དེ་མཁྱེན་ནོ༔ དག་སྒྲོལ་མཉམ་རྫོགས་རང་བྱུང་ཡེ་ཤེས་སུ་གདིང་ཐོབ༔ རྨི་ལམ་སྣང་བ་འོད་གསལ་ཆོས་ཉིད་ཀྱི་རོལ་པར༔ བར་མེད་འཁོར་ཡུག་འདྲེས་པར་བྱིན་གྱིས་རང་རློབས་ཤིག༔ མཁྱེན་ནོ་མཁྱེན་ནོ་མ་དང་མཁའ་འགྲོའི་ཚོགས་མཁྱེན་ནོ༔ ཆོས་ཉིད་བདེན་པ་མངོན་སུམ་འབད་མེད་དུ་མཐོང་ནས༔ ཉམས་སྣང་གོང་འཕེལ་འར་མ་འུར་མ་རུ་འབྱུང་ཞིང་༔ རིག་པ་བཅུད་སྨིན་ལོངས་སྐུའི་ཚོམ་བུ་རུ་ཚད་ཕེབས༔ མི་འཇིགས་གདིང་ཐོབ་ཆོས་ཟད་བློ་འདས་སུ་གྲོལ་ཏེ༔ གཞོན་ནུ་བུམ་སྐུ་འཇའ་ལུས་འཕོ་ཆེན་དེ་འགྲུབ་པར༔ བྱིན་གྱིས་རློབས་ཤིག་མ་ཅིག་ཡེ་ཤེས་ཀྱི་མཁའ་འགྲོ༔ གསོལ་བ་འདེབས་སོ་ཐུགས་རྗེའི་བྱིན་རླབས་རྣམས་མ་ཆུང་༔ སྒྱུ་མའི་ལུས་འདི་ལྟོས་མེད་ཨ་མ་ལ་འབུལ་ལོ༔ ཡེ་ཤེས་སྒྱུ་མའི་སྐུ་རུ་བྱིན་གྱིས་རང་རློབས་ཤིག༔ ད་ལྟ་མྱུར་བ་ཉིད་དུ་བྱིན་གྱིས་རང་རློབས་ཤིག༔ འདུག་ས་གདན་ཐོག་འདི་རུ་བྱིན་གྱིས་རང་རློབས་ཤིག༔ འབྱུང་བ་ཐིམ་རིམ་འཆི་བའི་སྲིད་པ་ལ་མི་ལྟོས༔ ཚེ་འདིར་མཁའ་སྤྱོད་བདེ་བ་ཆེན་པོ་རུ་དྲོངས་ཤིག༔ རང་སྣང་དོན་གྱི་འོག་མིན་ཀ་དག་གི་དབྱིངས་སུ༔ སྟོན་འཁོར་དགོངས་པ་དབྱེར་མེད་རོ་གཅིག་གི་རོལ་པར༔ བྱང་ཆུབ་ཆེན་པོར་མཉམ་གྲོལ་སངས་རྒྱས་སུ་སྨོན་ནོ༔ འགྲུབ་པར་གྱུར་ཅིག་དཀོན་མཆོག་གསུམ་པོ་རང་མཁྱེན་ནོ༔ དེ་ལྟར་མོས་གུས་དྲག་པོ་ཡིས༔ དུས་གསུམ་ཀུན་ཏུ་འདི་བརྗོད་པས༔ བྱིན་རླབས་རྒྱུད་ལ་འཇུག་པ་དང་༔ ཉམས་དང་རྟོགས་པའི་ཡོན་ཏན་འཕེལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཨྠིྀ༔ ཞེས་པ་འདི་ཡང་རང་སློབ་དམ་པ་འཛམ་གླིང་རྡོ་རྗེ་ཞེས་བྱ་བས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བ་ཡོངས་སུ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།}}
</onlyinclude>
{{TsagliCall}}
<headertabs/>

Latest revision as of 09:33, 4 September 2025

Wylie title chos nyid nam mkha'i klong mdzod las: rmi lam 'od gsal du 'char ba'i gsol 'debs byin rlabs char 'bebs: TTDL-ZABTER-14-PHA-008.pdf
Location bdud 'joms gling pa zab gter
Volume 14, Text 8, Pages 23-26 (Folios 1a1 to 2b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las rmi lam 'od gsal du 'char ba'i gsol 'debs byin rlabs char 'bebs. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 14: 23-26. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gsol 'debs   Verso: bdud 'joms zab gter
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Supplications - gsol 'debs
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Colophon

ཞེས་པ་འདི་ཡང་རང་སློབ་དམ་པ་འཛམ་གླིང་རྡོ་རྗེ་ཞེས་བྱ་བས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བ་ཡོངས་སུ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di yang rang slob dam pa 'dzam gling rdo rje zhes bya bas nan du bskul ngor bdud 'joms rdo rjes chos nyid nam mkha'i klong mdzod las bsgyur ba yongs su dge bar gyur cig_/dge'o/_/dge'o/_/dge'o/_/sarba mang+ga laM//

[edit]
དྡྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རྨི་ལམ་འོད་གསལ་དུ་འཆར་བའི་གསོལ་འདེབས་བྱིན་རླབས་ཆར་འབེབས་བཞུགས་སོ༔ ན་མོ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ (བརྡ་ཡིག་) གསོལ་བ་འདེབས་པའི་ཡུལ་གྱུར་རྣམས༔ ཡིད་ལ་གསལ་ཞིང་མོས་གུས་ཀྱིས༔ ཀྱཻ་ཧོཿ དུས་གསུམ་རྒྱལ་བའི་སྤྱི་གཟུགས་བླ་མ་དེ་མཁྱེན་ནོ༔ རྨི་ལམ་སྣང་བ་འོད་གསལ་ཆོས་ཉིད་དུ་དག་ནས༔ འཁྲུལ་མེད་ཆོས་སྐུའི་ཡོ་ལངས་འཁོར་ཡུག་ཏུ་འདྲེས་པར༔ བརྒྱུད་གསུམ་རིག་འཛིན་བླ་མས་བྱིན་གྱིས་རང་རློབས་ཤིག༔ ཀ་དག་ཡུམ་ཆེན་ཀུན་ཏུ་བཟང་མོ་དེ་མཁྱེན་ནོ༔ འཁོར་འདས་དག་མཉམ་ཆེན་པོའི་རོལ་པ་རུ་རྟོགས་ནས༔ རྨི་ལམ་སྣང་བ་འོད་གསལ་ཆོས་ཉིད་ཀྱི་རོལ་པར༔ དག་ཅིང་འཁོར་ཡུག་འདྲེས་པར་བྱིན་གྱིས་རང་རློབས་ཤིག༔ སྐུ་བཞིའི་ཀློང་མཛོད་རྡོ་རྗེ་ཕག་མོ་དེ་མཁྱེན་ནོ༔ མ་དག་སྣང་བ་དག་དབྱིངས་དྭངས་མ་རུ་འཕོས་ཏེ༔ རྨི་ལམ་སྣང་བ་འོད་གསལ་ཆོས་ཉིད་ཀྱི་རོལ་པར༔ ཤར་ནས་འཁོར་ཡུག་འདྲེས་པར་བྱིན་གྱིས་རང་རློབས་ཤིག༔ དབྱིངས་ཡེ་མཉམ་བརྡལ་ཁྲོས་མ་ནག་མོ་དེ་མཁྱེན་ནོ༔ མ་རིག་མུན་པ་རིག་སྟོང་ཆེན་པོ་རུ་སངས་ནས༔ རྨི་ལམ་གནས་དག་འོད་གསལ་ཆོས་ཉིད་དུ་ཤར་ཏེ༔ བར་མེད་འཁོར་ཡུག་འདྲེས་པར་བྱིན་གྱིས་རང་རློབས་ཤིག༔ ཆོས་དབྱིངས་ཡེ་ཤེས་སངས་རྒྱས་མཁའ་འགྲོ་དེ་མཁྱེན་ནོ༔ སྣང་མེད་སྟོང་ཉིད་ཆེན་པོའི་གནས་ལུགས་དེ་རྟོགས་ཤིང་༔ རྨི་ལམ་སྣང་བ་གནས་དག་འོད་གསལ་དུ་ཤར་ཏེ༔ བར་མེད་འཁོར་ཡུག་འདྲེས་པར་བྱིན་གྱིས་རང་རློབས་ཤིག༔ མེ་ལོང་ཡེ་ཤེས་རྡོ་རྗེ་མཁའ་འགྲོ་དེ་མཁྱེན་ནོ༔ གསལ་སྟོང་གཉིས་མེད་ཡེ་ཤེས་ཆེན་པོ་ཉིད་རྟོགས་ཏེ༔ རྨི་ལམ་སྣང་བ་གནས་དག་འོད་གསལ་དུ་ཤར་ནས༔ བར་མེད་འཁོར་ཡུག་འདྲེས་པར་བྱིན་གྱིས་རང་རློབས་ཤིག༔ མཉམ་ཉིད་ཡེ་ཤེས་རིན་ཆེན་མཁའ་འགྲོ་དེ་མཁྱེན་ནོ༔ གཟུང་དང་འཛིན་པའི་འཕྱང་ཐག་ཐད་ཀ་རུ་ཆད་དེ༔ རྨི་ལམ་སྣང་བ་གནས་དག་འོད་གསལ་དུ་ཤར་ནས༔ བར་མེད་འཁོར་ཡུག་འདྲེས་པར་བྱིན་གྱིས་རང་རློབས་ཤིག༔ སོར་རྟོག་ཡེ་ཤེས་པདྨ་མཁའ་འགྲོ་དེ་མཁྱེན་ནོ༔ ཇི་ལྟ་ཇི་སྙེད་མཁྱེན་གཟིགས་ཡེ་ཤེས་ལ་དབང་འབྱོར༔ རྨི་ལམ་སྣང་བ་གནས་དག་འོད་གསལ་དུ་ཤར་ཏེ༔ བར་མེད་འཁོར་ཡུག་འདྲེས་པར་བྱིན་གྱིས་རང་རློབས་ཤིག༔ བྱ་གྲུབ་ཡེ་ཤེས་ལས་ཀྱི་མཁའ་འགྲོ་དེ་མཁྱེན་ནོ༔ དག་སྒྲོལ་མཉམ་རྫོགས་རང་བྱུང་ཡེ་ཤེས་སུ་གདིང་ཐོབ༔ རྨི་ལམ་སྣང་བ་འོད་གསལ་ཆོས་ཉིད་ཀྱི་རོལ་པར༔ བར་མེད་འཁོར་ཡུག་འདྲེས་པར་བྱིན་གྱིས་རང་རློབས་ཤིག༔ མཁྱེན་ནོ་མཁྱེན་ནོ་མ་དང་མཁའ་འགྲོའི་ཚོགས་མཁྱེན་ནོ༔ ཆོས་ཉིད་བདེན་པ་མངོན་སུམ་འབད་མེད་དུ་མཐོང་ནས༔ ཉམས་སྣང་གོང་འཕེལ་འར་མ་འུར་མ་རུ་འབྱུང་ཞིང་༔ རིག་པ་བཅུད་སྨིན་ལོངས་སྐུའི་ཚོམ་བུ་རུ་ཚད་ཕེབས༔ མི་འཇིགས་གདིང་ཐོབ་ཆོས་ཟད་བློ་འདས་སུ་གྲོལ་ཏེ༔ གཞོན་ནུ་བུམ་སྐུ་འཇའ་ལུས་འཕོ་ཆེན་དེ་འགྲུབ་པར༔ བྱིན་གྱིས་རློབས་ཤིག་མ་ཅིག་ཡེ་ཤེས་ཀྱི་མཁའ་འགྲོ༔ གསོལ་བ་འདེབས་སོ་ཐུགས་རྗེའི་བྱིན་རླབས་རྣམས་མ་ཆུང་༔ སྒྱུ་མའི་ལུས་འདི་ལྟོས་མེད་ཨ་མ་ལ་འབུལ་ལོ༔ ཡེ་ཤེས་སྒྱུ་མའི་སྐུ་རུ་བྱིན་གྱིས་རང་རློབས་ཤིག༔ ད་ལྟ་མྱུར་བ་ཉིད་དུ་བྱིན་གྱིས་རང་རློབས་ཤིག༔ འདུག་ས་གདན་ཐོག་འདི་རུ་བྱིན་གྱིས་རང་རློབས་ཤིག༔ འབྱུང་བ་ཐིམ་རིམ་འཆི་བའི་སྲིད་པ་ལ་མི་ལྟོས༔ ཚེ་འདིར་མཁའ་སྤྱོད་བདེ་བ་ཆེན་པོ་རུ་དྲོངས་ཤིག༔ རང་སྣང་དོན་གྱི་འོག་མིན་ཀ་དག་གི་དབྱིངས་སུ༔ སྟོན་འཁོར་དགོངས་པ་དབྱེར་མེད་རོ་གཅིག་གི་རོལ་པར༔ བྱང་ཆུབ་ཆེན་པོར་མཉམ་གྲོལ་སངས་རྒྱས་སུ་སྨོན་ནོ༔ འགྲུབ་པར་གྱུར་ཅིག་དཀོན་མཆོག་གསུམ་པོ་རང་མཁྱེན་ནོ༔ དེ་ལྟར་མོས་གུས་དྲག་པོ་ཡིས༔ དུས་གསུམ་ཀུན་ཏུ་འདི་བརྗོད་པས༔ བྱིན་རླབས་རྒྱུད་ལ་འཇུག་པ་དང་༔ ཉམས་དང་རྟོགས་པའི་ཡོན་ཏན་འཕེལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཨྠིྀ༔ ཞེས་པ་འདི་ཡང་རང་སློབ་དམ་པ་འཛམ་གླིང་རྡོ་རྗེ་ཞེས་བྱ་བས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བ་ཡོངས་སུ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།