TTDL-ZABTER-14-PHA-017: Difference between revisions
(Imported new text files with Wyckibaat for processing) |
m (Text replacement - "ཧོཿ" to "ཧོཿ ") |
||
| (5 intermediate revisions by 2 users not shown) | |||
| Line 1: | Line 1: | ||
{{Text | |||
|classification=Tibetan Publications | |||
|subclass=Tibetan Texts | |||
|fulltitletib=དག་སྣང་ཡེ་ཤེས་དྲྭ་བ་ལས༔ སྒྲུབ་པའི་དམ་རྒྱ་སྒོ་དྲུག་བསྲུང་བའི་ཆོ་ག༔ | |||
|fulltitle=dag snang ye shes drwa ba las: sgrub pa'i dam rgya sgo drug bsrung ba'i cho ga: | |||
|citation=Khrag 'thung [[Bdud 'joms gling pa]]. ''Dag snang ye shes drwa ba las sgrub pa'i dam rgya sgo drug bsrung ba'i cho ga''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 14: 109-133. Thimphu, Bhutan: Lama Kuenzang Wangdue, 2004. | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|collectiontitle=bdud 'joms gling pa zab gter | |||
|author=bdud 'joms gling pa | |||
|sourcerevealer=bdud 'joms gling pa | |||
|tibgenre=Sadhanas - Evocation Ritual - sgrub thabs | |||
|terma=Yes | |||
|cycle=chos nyid nam mkha'i klong mdzod | |||
|cycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་ | |||
|volumenumber=14 | |||
|volnumtib=༡༤ | |||
|volyigtib=ཕ | |||
|totalvolumes=21 | |||
|textnuminvol=017 | |||
|pagenumbers=109-133 | |||
|totalpages=25 | |||
|beginfolioline=1a1 | |||
|endfolioline=13a6 | |||
|totalfolios=13 | |||
|multivolumework=No | |||
|rectonotes=sgrub pa | |||
|versonotes=bdud 'joms sgrub pa'i cha lag | |||
|colophontib=ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའི་ཡི་གེ་པ་ནི་མཁྱེན་བརྩེའི་མྱུ་གུས་སོ། །དགེའོ། །དགེའོ། །དགེའོ།། | |||
|colophonwylie=zhes pa 'di ni khrag 'thung bdud 'joms rdo rjes dag snang ye shes drwa ba las bsgyur ba'i yi ge pa ni mkhyen brtse'i myu gus so/_/dge'o/_/dge'o/_/dge'o// | |||
|pdflink=File:TTDL-ZABTER-14-PHA-017.pdf | |||
|authortib=བདུད་འཇོམས་གླིང་པ་ | |||
|sourcerevealertib=བདུད་འཇོམས་གླིང་པ་ | |||
|volumeLetter=PHA | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-14-PHA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༁ྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ སྒྲུབ་པའི་དམ་རྒྱ་སྒོ་དྲུག་བསྲུང་བའི་ཆོ་ག་བཞུགས་སོ༔ | |||
༁ྃ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ({{TibChung|བརྡ་ཡིག་}}) སྒྲུབ་པ་ཟབ་མོའི་སྒོར་འཇུག་ཚེ༔ ཕྱི་ནང་བར་ཆད་གེགས་སེལ་ཕྱིར༔ ཕྱོགས་བཞི་རྒྱལ་ཆེན་སྡེ་བཞི་ལ༔ བར་ཆད་བསྲུང་བའི་གཉེར་ཀ་བཅོལ༔ བགེགས་འདུལ་ཁྲོ་ཆེན་རྣམ་གཉིས་ལ༔ ཕྱི་ནང་བར་ཆད་བསྲུང་བཟློག་གི༔ ཕྲིན་ལས་བཅོལ་བས་བསམ་དོན་འགྲུབ༔ ཐོ་བཞིའི་དང་པོ་ཤར་ཕྱོགས་སུ༔ རྒྱལ་ཆེན་ཡུལ་འཁོར་སྲུང་བ་ལ༔ འབུལ་བའི་མཆོད་རྫས་བྱིན་བརླབས་ནི༔ ཨོཾ་སྭ་བྷཱ་ཝ་སོགས༔ མཆོད་རྫས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཏྲཾཿལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདུད་རྩི་ཨོཾ་དཀར་པོ་ཨཱཿདམར་པོ་ཧཱུྃ་མཐིང་ག་གསུམ་གྱི་རྣམ་པར་འདུས་ཤིང་ཤར་བ་འོད་དུ་ཞུ་ནས་མཆོད་རྫས་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་ནམ་མཁའི་མཐའ་དང་མཉམ་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ནམ་མཁའ་མཛོད་སྔགས་མཐར༔ རྟེན་ལྷར་བསྐྱེད་པ་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས༔ མདུན་གྱི་ཐོ་བྱང་མི་དམིགས་པ་ལས༔ སྐད་ཅིག་གིས་ལོངས་སྤྱོད་བཀོད་པ་རབ་ཏུ་རྫོགས་པའི་རིན་པོ་ཆེའི་ཁང་བཟང་བཀོད་ལེགས་ཤིང་དབྱིབས་མཛེས་པ་ཁྱོན་ཡངས་ལ་རྒྱ་ཆེ་བའི་དབུས་སུ་རིན་པོ་ཆེ་ཤེལ་གྱི་ཁྲི་ལ་བཻཿཡིག་ཡོངས་སུ་གྱུར་པ་ལས༔ ཆོས་སྐྱོང་བའི་རྒྱལ་པོ་ཡུལ་འཁོར་སྲུང་སྐུ་མདོག་དཀར་པོ་ཞི་མ་ཁྲོ་འཛུམ་གྱི་ཉམས་དང་ལྡན་པ་ཕྱག་གཉིས་པི་ཝཾ་བསྒྱུར་བ་དངུལ་ཁྲབ་དང་དངུལ་རྨོག་གསོལ་ཞིང་རྒྱལ་པོ་རོལ་པའི་སྟབས་སུ་བཞུགས་པ་གཟི་བརྗིད་འོད་ཕུང་དཔག་ཏུ་མེད་པ་འབར་བར་གསལ་བའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་དང་༔ རང་ཉིད་དཔལ་ཆེན་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཤར་ཕྱོགས་དྲི་ཟའི་དེད་དཔོན་ཆེན་པོ་འཁོར་ཚོགས་བྱེ་བ་འབུམ་གྱིས་བསྐོར་བ་དང་བཅས་པ་སྤྱན་དྲངས་ཏེ་མདུན་དུ་འཁོད་པར་གྱུར༔ སྤྱན་འདྲེན་པ་ལ༔ ཀྱཻ༔ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ཉི་མ་ཤར་ཕྱོགས་ཕ་གི་ན༔ དྲི་ཟའི་ཡུལ་ལ་དབང་བསྒྱུར་བ༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལ༔ སྨོན་ལམ་མཐུ་ལས་གྲུབ་པ་ཡི༔ ཆོས་སྐྱོང་རྒྱལ་པོ་ཡུལ་འཁོར་སྲུང་༔ འཁོར་དང་བཅས་པ་མ་ལུས་ཀུན༔ དམ་ཚིག་དབང་གིས་སྤྱན་འདྲེན་ན༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ ཨོཾ་བཻ་རུ་རཀྵ་ཡེ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿབཞུགས་སུ་གསོལ་བ་ལ༔ ཧོཿ ཆོས་སྐྱོང་རྒྱལ་པོ་འཁོར་དང་བཅས༔ དམིགས་པའི་རྟེན་འདིར་བཞུགས་སུ་གསོལ༔ དམིགས་པའི་རྟེན་འདིར་བཞུགས་ནས་ཀྱང་༔ སྒྲུབ་པའི་དམ་རྒྱ་མ་གྲོལ་བར༔ བར་ཆད་བསྲུང་བའི་ལས་མཛོད་ཅིག༔ ས་མ་ཡ་ཏིཥྛ་ལྷན༔ མཆོད་པ་འབུལ་ཞིང་བསྟོད་པ་ལ༔ ཧོཿ ཆོས་སྐྱོང་རྒྱལ་ཆེན་ཡུལ་འཁོར་སྲུང་༔ དྲི་ཟའི་སྡེ་དང་རྒྱུ་སྐར་འབངས༔ ཤར་ཕྱོགས་སྐྱོང་བའི་མགོན་པོ་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ ཨོཾ་བཻ་རུ་རཀྵ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྡའི་བར་གྱིས་མཆོད་ལ༔ གཏོར་མ་འབུལ་བ་ནི༔ རཾ་ཡཾ་ཁཾ༔ གཏོར་མ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་མི་ཟད་པའི་གཏེར་དུ་གྱུར༔ ཨོཾ་ཨ་ཀཱ་རོ་སོགས་ཀྱིས་བརླབས་ལ༔ ཧོཿ རྒྱལ་ཆེན་འཁོར་དང་བཅས་རྣམས་ཀྱིས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ ཞི་རྒྱས་དབང་དྲག་ལ་སོགས་པ༔ རབ་འབྱམས་ཕྲིན་ལས་ཡོངས་གྲུབ་ཅིང་༔ སྒྲུབ་པའི་བར་ཆད་རྐྱེན་བཟློག་ཅིག༔ ཨོཾ་བཻ་རུ་རཀྵ་ས་པ་རི་ཝཱ་ར་ཨེ་དཾ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧི༔ ཞེས་ལན་གསུམ་གྱིས་ཕུལ་རྗེས་ཕྲིན་ལས་བཅོལ་ཞིང་བརྟན་བཞུགས་ནི༔ ཧོཿ ཤར་ཕྱོགས་སྐྱོང་བའི་མགོན་པོ་ཁྱེད༔ སྔོན་གྱི་དམ་བཅའ་ཇི་བཞིན་དུ༔ སྒྲུབ་པ་ཆེན་པོའི་སྒོ་སྲུང་ཞིང་༔ ཕྱི་ནང་གསང་བའི་བར་ཆད་ཀུན༔ བཟློག་བསྒྱུར་ལས་ཀ་མཛད་ནས་སུ༔ དམིགས་པའི་རྟེན་འདིར་བརྟན་པར་བཞུགས༔ ཨོཾ་བཻ་རུ་རཀྵ་ཡེ་ས་པ་རི་ཝཱ་ར་ས་མ་ཡ་རཀྵ་རཀྵ༔ ལན་གསུམ་གྱི་མཐར༔ ཨོཾ་སུ་པྲ་ཏིཥྛ་སོགས༔ ཧོཿ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་སྒྲུབ་པའི་དམ་རྒྱ་མ་བཀྲོལ་བར་དུ༔ ཕྱིའི་བར་ཆད་ནང་དུ་མི་གཏོང་ཞིང་༔ ནང་གི་དངོས་གྲུབ་ཕྱིར་མི་ཡལ་བས་འཁོར་ལ་བཀའ་ནན་དྲག་པོ་མཛོད་ཅིག༔ མཐར་བཀྲ་ཤིས་བྱ་བ་ནི༔ ཧོཿ ཤར་ནས་བཀྲ་ཤིས་དོན་གྱི་ལྷ༔ རྡོ་རྗེ་སེམས་དཔའ་བཀྲ་ཤིས་དོན་གྱི་ལྷ༔ རྡོ་རྗེ་རིགས་ཀྱི་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཞེས་བརྗོད་མེ་ཏོག་འཐོར༔ གཉིས་པ་ལྷོ་ཕྱོགས་འཕགས་སྐྱེས་པོར༔ འབུལ་བའི་མཆོད་རྫས་བྱིན་བརླབས་ནི༔ ཨོཾ་སྭ་བྷཱ་ཝ་སོགས༔ མཆོད་རྫས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཏྲཾཿལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདུད་རྩི་ཨོཾ་དཀར་པོ་ཨཱཿདམར་པོ་ཧཱུྃ་མཐིང་ག་གསུམ་གྱི་རྣམ་པར་འདུས་ཤིང་ཤར་བ་འོད་དུ་ཞུ་ནས་མཆོད་རྫས་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་ནམ་མཁའི་མཐའ་དང་མཉམ་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ནམ་མཁའ་མཛོད་སྔགས་མཐར༔ རྟེན་ལྷར་བསྐྱེད་པ་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས༔ མདུན་གྱི་ཐོ་བྱང་མི་དམིགས་པ་ལས༔ སྐད་ཅིག་གིས་ལོངས་སྤྱོད་བཀོད་པ་རབ་ཏུ་རྫོགས་པའི་རིན་པོ་ཆེའི་ཁང་བཟང་བཀོད་ལེགས་ཤིང་དབྱིབས་མཛེས་པ་ཁྱོན་ཡངས་ལ་རྒྱ་ཆེ་བའི་དབུས་སུ་རིན་པོ་ཆེ་གསེར་གྱི་ཁྲི་ལ་བཻཿཡོངས་སུ་གྱུར་པ་ལས་ཆོས་སྐྱོང་བའི་རྒྱལ་པོ་འཕགས་སྐྱེས་པོ་སྐུ་མདོག་མཐིང་ནག་རབ་ཏུ་ཁྲོས་པའི་ཉམས་ཅན་སྤྱན་བགྲད་ཁྲོ་གཉེར་འཁྲིགས་ཤིང་ཨམ་གཙིགས་བསྡམ་པ༔ ཕྱག་གཉིས་བསམ་གཅོད་སྤུ་གྲི་ངར་མ་ཕྱེད་ཕྱུང་མཛད་ཅིང་བསྭེ་ཁྲབ་དང་བསྭེ་རྨོག་གསོལ་བ་རྒྱལ་པོ་རོལ་པའི་སྟབས་སུ་བཞུགས་ཤིང་གཟི་བརྗིད་འོད་ཕུང་དཔག་ཏུ་མེད་པ་འབར་བར་གསལ་བའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་དང་༔ རང་ཉིད་དཔལ་ཆེན་པོ་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ལྷོ་ཕྱོགས་གཤིན་རྗེའི་དེད་དཔོན་ཆེན་པོ་འཁོར་ཚོགས་བྱེ་བ་འབུམ་གྱིས་བསྐོར་བ་དང་བཅས་པ་སྤྱན་དྲངས་ཏེ་མདུན་དུ་འཁོད་པར་གྱུར༔ སྤྱན་འདྲེན་པ་ལ༔ ཀྱཻ༔ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ཉི་མ་ལྷོ་ཕྱོགས་ཕ་གི་ན༔ གཤིན་རྗེའི་ཡུལ་ལ་དབང་བསྒྱུར་བ༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལ༔ སྨོན་ལམ་མཐུ་ལས་གྲུབ་པ་ཡི༔ ཆོས་སྐྱོང་རྒྱལ་པོ་འཕགས་སྐྱེས་པོ༔ འཁོར་དང་བཅས་པ་མ་ལུས་ཀུན༔ དམ་ཚིག་དབང་གིས་སྤྱན་འདྲེན་ན༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ ཨོཾ་བཻ་རུ་ཏ་ཀ་ཡེ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿབཞུགས་སུ་གསོལ་བ་ལ༔ ཧོཿ ཆོས་སྐྱོང་རྒྱལ་པོ་འཁོར་དང་བཅས༔ དམིགས་པའི་རྟེན་འདིར་བཞུགས་སུ་གསོལ༔ དམིགས་པའི་རྟེན་འདིར་བཞུགས་ནས་ཀྱང་༔ སྒྲུབ་པའི་དམ་རྒྱ་མ་གྲོལ་བར༔ བར་ཆད་བསྲུང་བའི་ལས་མཛོད་ཅིག༔ ས་མ་ཡ་ཏིཥྛ་ལྷན༔ མཆོད་པ་འབུལ་ཞིང་བསྟོད་པ་ལ༔ ཧོཿ ཆོས་སྐྱོང་རྒྱལ་ཆེན་འཕགས་སྐྱེས་པོ༔ གཤིན་རྗེའི་སྡེ་དང་རྒྱུ་སྐར་འབངས༔ ལྷོ་ཕྱོགས་སྐྱོང་བའི་མགོན་པོ་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ ཨོཾ་བཻ་རུ་ཏ་ཀ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས་ཤཔྡའི་བར་གྱིས་མཆོད་ལ༔ གཏོར་མ་འབུལ་བ་ནི༔ རཾ་ཡཾ་ཁཾ༔ གཏོར་མ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་མི་ཟད་པའི་གཏེར་དུ་གྱུར༔ ཨོཾ་ཨ་ཀཱ་རོ་སོགས་ཀྱིས་བརླབས་ལ༔ ཧོཿ རྒྱལ་ཆེན་འཁོར་དང་བཅས་རྣམས་ཀྱིས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ ཞི་རྒྱས་དབང་དྲག་ལ་སོགས་པ༔ རབ་འབྱམས་ཕྲིན་ལས་ཡོངས་འགྲུབ་ཅིང་༔ སྒྲུབ་པའི་བར་ཆད་རྐྱེན་བཟློག་ཅིག༔ ཨོཾ་བཻ་རུ་ཏ་ཀ་ཡེ་ས་པ་རི་ཝཱ་ར་ཨེ་དཾ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧི༔ ཞེས་ལན་གསུམ་གྱིས་ཕུལ་རྗེས་ཕྲིན་ལས་བཅོལ་ཞིང་བརྟན་བཞུགས་ནི༔ ཧོཿ ལྷོ་ཕྱོགས་སྐྱོང་བའི་མགོན་པོ་ཁྱོད༔ སྔོན་གྱི་དམ་བཅའ་ཇི་བཞིན་དུ༔ སྒྲུབ་པ་ཆེན་པོའི་སྒོ་བསྲུང་ཞིང་༔ ཕྱི་ནང་གསང་བའི་བར་ཆད་ཀུན༔ བཟློག་བསྒྱུར་ལས་ཀ་མཛད་ནས་སུ༔ དམིགས་པའི་རྟེན་འདིར་བརྟན་པར་བཞུགས༔ ཨོཾ་བཻ་རུ་ཏ་ཀ་ཡེ་ས་པ་རི་ཝཱ་ར་ས་མ་ཡ་རཀྵ་རཀྵ༔ ལན་གསུམ་གྱི་མཐར༔ ཨོཾ་སུ་པྲ་ཏིཥྛ་སོགས༔ ཧོཿ རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་བསྒྲུབ་པའི་དམ་རྒྱ་མ་བཀྲོལ་བར་དུ་ཕྱིའི་བར་ཆད་ནང་དུ་མི་གཏོང་ཞིང་༔ ནང་གི་དངོས་གྲུབ་ཕྱིར་མི་ཡལ་བས་འཁོར་ལ་བཀའ་ནན་དྲག་པོ་མཛོད་ཅིག༔ མཐར་བཀྲ་ཤིས་བྱ་བ་ནི༔ ཧོཿ ལྷོ་ནས་བཀྲ་ཤིས་དོན་གྱི་ལྷ༔ རིན་ཆེན་འབྱུང་ལྡན་བཀྲ་ཤིས་དོན་གྱི་ལྷ༔ རིན་ཆེན་རིགས་ཀྱི་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཅེས་བརྗོད་མེ་ཏོག་འཐོར༔ གསུམ་པ་ནུབ་ཕྱོགས་སྤྱན་མི་བཟང་༔ འབུལ་བའི་མཆོད་རྫས་བྱིན་བརླབས་ནི༔ ཨོཾ་སྭ་བྷཱ་ཝ་སོགས༔ མཆོད་རྫས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཏྲཾཿལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདུད་རྩི་ཨོཾ་དཀར་པོ་ཨཱཿདམར་པོ་ཧཱུྃ་མཐིང་ག་གསུམ་གྱི་རྣམ་པར་འདུས་ཤིང་ཤར་བ་འོད་དུ་ཞུ་ནས་མཆོད་རྫས་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་ནམ་མཁའི་མཐའ་དང་མཉམ་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ནམ་མཁའ་མཛོད་སྔགས་མཐར༔ རྟེན་ལྷར་བསྐྱེད་པ་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས༔ མདུན་གྱི་ཐོ་བྱང་མི་དམིགས་པ་ལས༔ སྐད་ཅིག་གིས་ལོངས་སྤྱོད་བཀོད་པ་རབ་ཏུ་རྫོགས་པའི་རིན་པོ་ཆེའི་ཁང་བཟང་བཀོད་ལེགས་ཤིང་དབྱིབས་མཛེས་པ་ཁྱོན་ཡངས་ལ་རྒྱ་ཆེ་བའི་དབུས་སུ་རིན་པོ་ཆེ་པདྨ་རཱ་གའི་ཁྲི་ལ་བཻཿཡོངས་སུ་གྱུར་པ་ལས་ཆོས་སྐྱོང་བའི་རྒྱལ་པོ་སྤྱན་མི་བཟང་སྐུ་མདོག་དམར་གསལ་ཞི་མ་ཁྲོ་འཛུམ་གྱི་ཉམས་དང་ལྡན་ཞིང་ཟངས་ཁྲབ་དང་ཟངས་རྨོག་གསོལ་བ་ཕྱག་གཡས་ཤེལ་གྱི་མཆོད་རྟེན་དང་གཡོན་སྦྲུལ་ཞགས་ཐོགས་པ་རྒྱལ་པོ་རོལ་པའི་སྟབས་སུ་བཞུགས་ཤིང་གཟི་བརྗིད་འོད་ཕུང་དཔག་ཏུ་མེད་པ་འབར་བར་གསལ་བའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་དང་༔ རང་ཉིད་དཔལ་ཆེན་པོ་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་ཀླུ་ཡི་དེད་དཔོན་ཆེན་པོ་འཁོར་ཚོགས་བྱེ་བ་འབུམ་གྱིས་བསྐོར་བ་དང་བཅས་པ་སྤྱན་དྲངས་ཏེ་མདུན་དུ་འཁོད་པར་གྱུར༔ སྤྱན་འདྲེན་པ་ལ༔ ཀྱཻ༔ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ཉི་མ་ནུབ་ཕྱོགས་ཕ་གི་ན༔ ཀླུ་དབང་ཡུལ་ལ་མངའ་མཛད་པ༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལ༔ སྨོན་ལམ་མཐུ་ལས་གྲུབ་པ་ཡི༔ ཆོས་སྐྱོང་རྒྱལ་པོ་སྤྱན་མི་བཟང་༔ འཁོར་དང་བཅས་པ་མ་ལུས་ཀུན༔ དམ་ཚིག་དབང་གིས་སྤྱན་འདྲེན་ན༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ ཨོཾ་བཻ་རུ་བྷ་ཤི་ཡེ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿབཞུགས་སུ་གསོལ་བ་ནི༔ ཧོཿ ཆོས་སྐྱོང་རྒྱལ་པོ་འཁོར་དང་བཅས༔ དམིགས་པའི་རྟེན་འདིར་བཞུགས་སུ་གསོལ༔ དམིགས་པའི་རྟེན་འདིར་བཞུགས་ནས་ཀྱང་༔ སྒྲུབ་པའི་དམ་རྒྱ་མ་གྲོལ་བར༔ བར་ཆད་བསྲུང་བའི་ལས་མཛོད་ཅིག༔ ས་མ་ཡ་ཏིཥྛ་ལྷན༔ མཆོད་པ་འབུལ་ཞིང་བསྟོད་པ་ལ༔ ཧོཿ ཆོས་སྐྱོང་རྒྱལ་ཆེན་སྤྱན་མི་བཟང་༔ ཀླུ་དབང་འཁོར་དང་རྒྱུ་སྐར་འབངས༔ ནུབ་ཕྱོགས་སྐྱོང་བའི་མགོན་པོ་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ ཨོཾ་བཻ་རུ་བྷ་ཤི་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཤཔྡའི་བར་གྱིས་མཆོད་ལ༔ གཏོར་མ་འབུལ་བ་ནི༔ རཾ་ཡཾ་ཁཾ༔ གཏོར་མ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་མི་ཟད་པའི་གཏེར་དུ་གྱུར༔ ཨོཾ་ཨ་ཀཱ་རོ་སོགས་ཀྱིས་བརླབས་ལ༔ ཧོཿ རྒྱལ་ཆེན་འཁོར་དང་བཅས་རྣམས་ཀྱིས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ ཞི་རྒྱས་དབང་དྲག་ལ་སོགས་པ༔ རབ་འབྱམས་ཕྲིན་ལས་ཡོངས་གྲུབ་ཅིང་༔ སྒྲུབ་པའི་བར་ཆད་རྐྱེན་བཟློག་ཅིག༔ ཨོཾ་བཻ་རུ་བྷ་ཤི་ས་པ་རི་ཝཱ་ར་ཨེ་དཾ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧི༔ ཞེས་ལན་གསུམ་གྱིས་ཕུལ་རྗེས་ཕྲིན་ལས་བཅོལ་ཞིང་བརྟན་བཞུགས་ནི༔ ཧོཿ ནུབ་ཕྱོགས་སྐྱོང་བའི་མགོན་པོ་ཁྱོད༔ སྔོན་གྱི་དམ་བཅའ་ཇི་བཞིན་དུ༔ སྒྲུབ་པ་ཆེན་པོའི་སྒོ་བསྲུང་ཞིང་༔ ཕྱི་ནང་གསང་བའི་བར་ཆད་ཀུན༔ བཟློག་བསྒྱུར་ལས་ཀ་མཛད་ནས་སུ༔ དམིགས་པའི་རྟེན་འདིར་བརྟན་པར་བཞུགས༔ ཨོཾ་བཻ་རུ་བྷ་ཤི་ཡེ་ས་པ་རི་ཝཱ་ར་ས་མ་ཡ་རཀྵ་རཀྵ༔ ལན་གསུམ་གྱི་མཐར༔ ཨོཾ་སུ་པྲ་ཏིཥྛ་སོགས༔ ཧོཿ རྒྱལ་པོ་ཆེན་པོ་སྤྱན་མི་བཟང་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་སྒྲུབ་པའི་དམ་རྒྱ་མ་བཀྲོལ་བར་དུ་ཕྱིའི་བར་ཆད་ནང་དུ་མི་གཏོང་ཞིང་༔ ནང་གི་དངོས་གྲུབ་ཕྱིར་མི་ཡལ་བས་འཁོར་ལ་བཀའ་ནན་དྲག་པོ་མཛོད་ཅིག༔ མཐར་བཀྲ་ཤིས་བྱ་བ་ནི༔ ཧོཿ ནུབ་ནས་བཀྲ་ཤིས་དོན་གྱི་ལྷ༔ སྣང་བ་མཐའ་ཡས་བཀྲ་ཤིས་དོན་གྱི་ལྷ༔ པདྨ་རིགས་ཀྱི་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཅེས་བརྗོད་མེ་ཏོག་འཐོར༔ བཞི་པ་བྱང་ཕྱོགས་རྣམ་སྲས་ལ༔ འབུལ་བའི་མཆོད་རྫས་བྱིན་བརླབས་ནི༔ ཨོཾ་སྭ་བྷཱ་ཝ་སོགས༔ མཆོད་རྫས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཏྲཾཿལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདུད་རྩི་ཨོཾ་དཀར་པོ་ཨཱཿདམར་པོ་ཧཱུྃ་མཐིང་ག་གསུམ་གྱི་རྣམ་པར་འདུས་ཤིང་ཤར་བ་འོད་དུ་ཞུ་ནས་མཆོད་རྫས་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་ནམ་མཁའི་མཐའ་དང་མཉམ་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ནམ་མཁའ་མཛོད་སྔགས་མཐར༔ རྟེན་ལྷར་བསྐྱེད་པ་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས༔ མདུན་གྱི་ཐོ་བྱང་མི་དམིགས་པ་ལས༔ སྐད་ཅིག་གིས་ལོངས་སྤྱོད་བཀོད་པ་རབ་ཏུ་རྫོགས་པའི་རིན་པོ་ཆེའི་ཁང་བཟང་བཀོད་ལེགས་ཤིང་དབྱིབས་མཛེས་པ་ཁྱོན་ཡངས་པ་རྒྱ་ཆེ་བའི་དབུས་སུ་རིན་པོ་ཆེ་ཨིནྡྲ་ནཱི་ལ་ལས་གྲུབ་པའི་ཁྲི་ལ་བཻཿཡོངས་སུ་གྱུར་པ་ལས་ཆོས་སྐྱོང་བའི་རྒྱལ་པོ་རྣམ་ཐོས་སྲས་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞི་མ་ཁྲོ་འཛུམ་གྱི་ཉམས་དང་ལྡན་ཞིང་གསེར་ཁྲབ་དང་གསེར་རྨོག་གསོལ་བ་ཕྱག་གཡས་རྒྱལ་མཚན་དང་གཡོན་ནཻའུ་ལེ་འཛིན་པ་རྒྱལ་པོ་རོལ་པའི་སྟབས་སུ་བཞུགས་པ་གཟི་བརྗིད་འོད་ཕུང་དཔག་ཏུ་མེད་པ་འབར་བར་གསལ་བའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་དང་༔ རང་ཉིད་དཔལ་ཆེན་པོ་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བྱང་ཕྱོགས་གནོད་སྦྱིན་གྱི་དེད་དཔོན་ཆེན་པོ་འཁོར་ཚོགས་བྱེ་བ་འབུམ་གྱིས་བསྐོར་བ་དང་བཅས་པ་སྤྱན་དྲངས་ཏེ་མདུན་དུ་འཁོད་པར་གྱུར༔ སྤྱན་འདྲེན་ལ༔ ཀྱཻ༔ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ཉི་མ་བྱང་ཕྱོགས་ཕ་གི་ན༔ གནོད་སྦྱིན་ཡུལ་ལ་དབང་བསྒྱུར་བ༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལ༔ སྨོན་ལམ་མཐུ་ལས་གྲུབ་པ་ཡི༔ ཆོས་སྐྱོང་རྒྱལ་པོ་རྣམ་ཐོས་སྲས༔ འཁོར་དང་བཅས་པ་མ་ལུས་ཀུན༔ དམ་ཚིག་དབང་གིས་སྤྱན་འདྲེན་ན༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ ཨོཾ་བཻ་ཤྲ་མ་ཎ་ཡེ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿབཞུགས་སུ་གསོལ་བ་ལ༔ ཧོཿ ཆོས་སྐྱོང་རྒྱལ་པོ་འཁོར་དང་བཅས༔ དམིགས་པའི་རྟེན་འདིར་བཞུགས་སུ་གསོལ༔ དམིགས་པའི་རྟེན་འདིར་བཞུགས་ནས་ཀྱང་༔ སྒྲུབ་པའི་དམ་རྒྱ་མ་གྲོལ་བར༔ བར་ཆད་བསྲུང་བའི་ལས་མཛོད་ཅིག༔ ས་མ་ཡ་ཏིཥྛ་ལྷན༔ མཆོད་པ་འབུལ་ཞིང་བསྟོད་པ་ལ༔ ཧོཿ ཆོས་སྐྱོང་རྒྱལ་ཆེན་རྣམ་ཐོས་སྲས༔ གནོད་སྦྱིན་སྡེ་དང་རྒྱུ་སྐར་འབངས༔ བྱང་ཕྱོགས་སྐྱོང་བའི་མགོན་པོ་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ ཨོཾ་བཻ་ཤྲ་མ་ཎ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྡའི་བར་གྱིས་མཆོད༔ གཏོར་མ་འབུལ་བ་ནི༔ རཾ་ཡཾ་ཁཾ༔ གཏོར་མ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་མི་ཟད་པའི་གཏེར་དུ་གྱུར༔ ཨོཾ་ཨ་ཀཱ་རོ་སོགས་ཀྱིས་བརླབས་ལ༔ ཧོཿ རྒྱལ་ཆེན་འཁོར་དང་བཅས་རྣམས་ཀྱིས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ ཞི་རྒྱས་དབང་དྲག་ལ་སོགས་པ༔ རབ་འབྱམས་ཕྲིན་ལས་ཡོངས་གྲུབ་ཅིང་༔ སྒྲུབ་པའི་བར་ཆད་རྐྱེན་བཟློག་ཅིག༔ ཨོཾ་བཻ་ཤྲ་མ་ཎ་ཡེ་ས་པ་རི་ཝཱ་ར་ཨེ་དཾ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧི༔ ཞེས་ལན་གསུམ་གྱིས་ཕུལ་རྗེས་ཕྲིན་ལས་བཅོལ་ཞིང་བརྟན་བཞུགས་ནི༔ ཧོཿ བྱང་ཕྱོགས་སྐྱོང་བའི་མགོན་པོ་ཁྱོད༔ སྔོན་གྱི་དམ་བཅའ་ཇི་བཞིན་དུ༔ སྒྲུབ་པ་ཆེན་པོའི་སྒོ་བསྲུང་ཞིང་༔ ཕྱི་ནང་གསང་བའི་བར་ཆད་ཀུན༔ བཟློག་བསྒྱུར་ལས་ཀ་མཛད་ནས་སུ༔ དམིགས་པའི་རྟེན་འདིར་བརྟན་པར་བཞུགས༔ ཨོཾ་བཻ་ཤྲ་མ་ཎ་ཡེ་ས་པ་རི་ཝཱ་ར་ས་མ་ཡ་རཀྵ་རཀྵ༔ ལན་གསུམ་གྱི་མཐར༔ ཨོཾ་སུ་པྲ་ཏིཥྛ་སོགས༔ ཧོཿ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་སྒྲུབ་པའི་དམ་རྒྱ་མ་བཀྲོལ་བར་དུ༔ ཕྱིའི་བར་ཆད་ནང་དུ་མི་གཏོང་ཞིང་༔ ནང་གི་དངོས་གྲུབ་ཕྱིར་མི་ཡལ་བས་འཁོར་ལ་བཀའ་ནན་དྲག་པོ་མཛོད་ཅིག༔ མཐར་བཀྲ་ཤིས་བྱ་བ་ནི༔ ཧོཿ བྱང་ནས་བཀྲ་ཤིས་དོན་གྱི་ལྷ༔ དོན་ཡོད་གྲུབ་པ་བཀྲ་ཤིས་དོན་གྱི་ལྷ༔ ལས་ཀྱི་རིགས་ཀྱི་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཅེས་བརྗོད་མེ་ཏོག་འཐོར༔ དེ་ནས་ཕྱི་ཡི་སྒོ་བྱང་ལ༔ མཆོད་རྫས་དང་གཏོར་མ་བྱིན་བརླབས་ནི༔ ཨོཾ་སྭ་བྷཱ་ཝ་སོགས༔ སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་ཉེར་སྤྱོད་བདུན་གྱི་མཆོད་པ་དང་ཨཿལས་བྷནྡྷ་ལྕང་ལོ་ཅན་གྱི་ནང་དུ་ཤ་ཁྲག་དམར་གྱི་གཏོར་མ་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར༔ ནམ་མཁའ་མཛོད་སྔགས་ཀྱིས་སྤེལ༔ རྟེན་བསྐྱེད་པ་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས༔ རྟེན་མི་དམིགས་པ་ལས༔ ཡེ་ཤེས་ཀྱི་མེ་རི་འབར་བའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་པདྨ་དང་ཉི་མ་ལ་གཤིན་རྗེ་ཕོ་མོ་བསྣོལ་བའི་སྟེང་དུ་ཡཿལས་ཁྲོ་རྒྱལ་གཤིན་རྗེའི་གཤེད་སྐུ་མདོག་མཐིང་ནག་གཡས་དགྲ་སྟྭ་དང་གཡོན་ཞགས་པ་བསྣམས་པ༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བགྲད་ཅིང་དུར་ཁྲོད་ཀྱི་ཆས་རྫོགས་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་སྤྲུལ་པའི་ཁྲོ་ཆུང་དཔག་ཏུ་མེད་པ་འཕྲོ་ཞིང་འགྱེད་པའི་གནས་གསུམ་ལས་འོད་ཟེར་འཕྲོས་པས་དབྱིངས་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་ཐིམ་པར་གྱུར༔ དེ་ནས་སྤྱན་འདྲེན་པ་ལ༔ ཧཱུྃ༔ རང་བཞིན་རྣམ་དག་གཞལ་ཡས་ནས༔ འཆི་བདག་ཟིལ་གནོན་ཁྲོ་བོའི་རྒྱལ༔ གཤིན་རྗེ་གཤེད་པོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་༔ དམིགས་པའི་རྟེན་ལ་བཞུགས་སོ་འཚལ༔ ཨོཾ་ཡ་མཱནྟ་ཀ་ས་མ་ཡ་ཛ་ཛཿས་མ་ཡ་ཏིཥྛ་ལྷན༔ མཆོད་པ་འབུལ་བ་ལ༔ མཆོད་ཡོན་དང་ནི་ཞབས་བསིལ་དང་༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་ལ་སོགས་པའི༔ མཆོད་སྤྲིན་ནམ་མཁའ་མཛོད་དུ་འབུལ༔ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྡའི་བར་གྱིས་མཆོད༔ གཏོར་མ་འབུལ་བ་ལ༔ ཧཱུྃ༔ བྷནྡྷ་ཡངས་པའི་སྣོད་ནང་དུ༔ ཤ་ཁྲག་དམར་གཏོར་རི་ལྟར་སྤུངས༔ ཁྲོ་བོ་ཆེན་པོ་དགྱེས་ཕྱིར་འབུལ༔ དགྱེས་པར་དགོངས་ཤིང་བཞེས་ནས་ཀྱང་༔ བར་ཆད་བསྲུང་བཟློག་ལས་མཛད་ཅིང་༔ རྣམ་བཞིའི་ཕྲིན་ལས་ཡོངས་འགྲུབ་མཛོད༔ ཨོཾ་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་ཨེ་དཾ་བ་ལིཾ་ཏ་ཁཱ་ཧི༔ ཞེས་ལན་གསུམ་གྱིས་ཕུལ༔ དེ་ནས་བསྟོད་དང་བརྟན་བཞུགས་ལ༔ ཧཱུྃ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ འཁོར་བ་དབྱིངས་སུ་འཇིགས་བྱེད་ཅིང་༔ རྔམས་བརྗིད་འབར་བའི་སྐུར་སྟོན་པ༔ སྟོབས་ཆེན་ཁྲོ་རྒྱལ་ཁྱོད་ལ་བསྟོད༔ སྒྲུབ་པའི་དམ་རྒྱ་མ་བཀྲོལ་བར༔ རྟེན་འདིར་རྟེན་ཆོས་བརྟན་བཞུགས་ནས༔ ཕྱི་ཡི་བར་ཆད་རྐྱེན་བཟློག་ཅིང་༔ ནང་གི་དངོས་གྲུབ་ཕྱིར་མ་གཏོང་༔ དུས་དྲུག་ཉུལ་ཞིང་འཁོར་བའི་བགེགས༔ ཆོས་ཀྱི་དབྱིངས་སུ་སྒྲོལ་བར་མཛོད༔ ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་ས་མ་ཡ་སྟྭཾ༔ ས་མ་ཡ་རཀྵ༔ ལན་གསུམ་དང༔ སུ་པྲ་ཏིཥྛ་སོགས་རྟེན་འབྲེལ་སྙིང་པོས་བརྟན་བཞུགས་གསོལ་ལ་བཀྲ་ཤིས་བྱ་བ་ནི༔ ཧཱུྃ༔ ཁྲོ་བོ་རོལ་པའི་དཀྱིལ་འཁོར་དུ༔ སྲིད་ལས་རྣམ་རྒྱལ་ཧེ་རུ་ཀའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ བཀྲ་ཤིས་གང་ལགས་དེང་འདིར་སྩོལ༔ ཞེས་བརྗོད་མེ་ཏོག་འཐོར༔ དྲུག་པ་ནང་སྒོ་བསྲུང་བ་ལ༔ འབུལ་བའི་མཆོད་རྫས་དང་༔ གཏོར་མ་བྱིན་བརླབས་ནི༔ ཨོཾ་སྭ་བྷཱ་ཝ་སོགས༔ སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་ཉེར་སྤྱོད་བདུན་གྱི་མཆོད་པ་དང་ཨཿལས་བྷནྡྷ་ལྕང་ལོ་ཅན་གྱི་ནང་དུ་ཤ་ཁྲག་དམར་གྱི་གཏོར་མ་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར༔ ནམ་མཁའ་མཛོད་སྔགས་ཀྱིས་སྤེལ༔ རྟེན་བསྐྱེད་པ་ནི༔ ཨོཾ་མ་ཧཱ་ཤུནྱ་ཏཱ་སོགས༔ སྟོང་པ་ཉིད་དུ་གྱུར༔ རྟེན་མི་དམིགས་པའི་ངང་ལས་སྐད་ཅིག་གིས་ཧཱུྃ་ཡིག་ལྗང་ནག་གསལ་བ་ལས་འོད་འཕྲོས་པས་དོན་གཉིས་བྱས་འཁོར་འདས་ཀྱི་གཟི་བྱིན་ཐམས་ཅད་བསྡུས་ཏེ་ཡོངས་སུ་གྱུར་པ་ལས་པདྨ་དང་ཉི་མ་རཱུ་ཏྲ་ཕོ་མོའི་སྟེང་དུ་ཁྲོ་ཆེན་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ་རྣོ་དཀར་གྱི་མཆེ་བ་གཙིགས་ཤིང་སྤྱན་གསུམ་སྡང་མིག་ཏུ་གཡོ་བ་སྨ་ར་སྨིན་མ་མེ་ལྟར་འབར་ཞིང་མེའི་ཚྭ་ཚྭ་འཕྲོ་བ༔ སྤྱན་རྩ་ལས་གློག་འཁྱུག་ཅིང་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་གཡས་རྒྱ་གྲམ་དང་གཡོན་དྲིལ་བུ་བསྣམས་པ༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བགྲད་ཅིང་དུར་ཁྲོད་ཀྱི་ཆས་ཐམས་ཅད་རྫོགས་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་བཞུགས་པར་གསལ་བའི་གནས་གསུམ་ལས་འོད་ཟེར་འཕྲོས་པས་རང་འདྲ་བའི་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ལ་བསྟིམ་མོ༔ སྤྱན་འདྲེན་པ་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་མངའ་བདག་དཔལ་ཆེན་པོ༔ ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ འདིར་གཤེགས་དགྱེས་པའི་གདན་ལ་བཞུགས༔ བསམ་དོན་ལྷུན་གྱིས་འགྲུབ་པར་མཛོད༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལཱི་ས་པ་རི་ཝཱ་ར་ས་མ་ཡ་ཛ་ཛཿཛཿཧཱུྃ་བཾ་ཧོཿ ཏིཥྛ་བཛྲ་ས་མ་ཡ་སྟྭཾ༔ མཆོད་པ་འབུལ་བ་ལ༔ མཆོད་ཡོན་དང་ནི་ཞབས་བསིལ་དང་༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་ལ་སོགས་པའི༔ མཆོད་སྤྲིན་ནམ་མཁའ་མཛོད་དུ་འབུལ༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤཔྡའི་བར་གྱིས་མཆོད༔ གཏོར་མ་འབུལ་བ་ལ༔ ཧཱུྃ༔ བྷནྡྷ་ཡངས་པའི་སྣོད་ནང་དུ༔ ཤ་ཁྲག་དམར་གཏོར་རི་ལྟར་སྤུངས༔ ཁྲོ་བོ་ཆེན་པོ་དགྱེས་ཕྱིར་འབུལ༔ དགྱེས་པར་དགོངས་ཤིང་བཞེས་ནས་ཀྱང་༔ བར་ཆད་བསྲུང་བཟློག་ལས་མཛོད་ཅིང་༔ རྣམ་བཞིའི་ཕྲིན་ལས་ཡོངས་འགྲུབ་མཛོད༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལཱི་ས་པ་རི་ཝཱ་ར་ཨེ་དཾ་བ་ལིཾ་ཏ་ཁཱ་ཧི༔ ཞེས་ལན་གསུམ་གྱིས་ཕུལ༔ དེ་ནས་བསྟོད་དང་བརྟན་བཞུགས་ལ༔ ཧཱུྃ༔ འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང་༔ བགེགས་རྣམས་མ་ལུས་འཇོམས་མཛད་པ༔ དངོས་གྲུབ་མ་ལུས་སྩོལ་བའི་ལྷ༔ བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད༔ དཀྱིལ་འཁོར་ནང་གི་སྒོ་སྲུང་བ༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཡིས༔ སྣ་ཚོགས་མངོན་སྤྱོད་ཕྲིན་ལས་ཀྱིས༔ གཞལ་ཡས་ཆེན་པོའི་སྒོ་བསྲུང་ཞིང་༔ དངོས་གྲུབ་རྐུ་ཞིང་འཕྲོག་པའི་རིགས༔ མ་ལུས་ཐལ་བའི་རྡུལ་བཞིན་རློགས༔ དམ་རྫས་བདུད་རྩིར་བསྒྱུར་བ་དང་༔ སྒྲུབ་ལ་དངོས་གྲུབ་འབད་མེད་སྩོལ༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ ས་མ་ཡ་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ལན་གསུམ་བརྗོད་ལ༔ སུ་པྲ་ཏིཥྛ་དང་རྟེན་འབྲེལ་སྙིང་པོས་བརྟན་བཞུགས་གསོལ་ལ་བཀྲ་ཤིས་བྱ་བ་ནི༔ ཧཱུྃ༔ ཁྲོ་བོ་རོལ་པའི་དཀྱིལ་འཁོར་དུ༔ སྲིད་ལས་རྣམ་རྒྱལ་ཧེ་རུ་ཀའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ བཀྲ་ཤིས་གང་ལགས་དེང་འདིར་སྩོལ༔ ཞེས་བརྗོད་མེ་ཏོག་འཐོར༔ མཐར་སྒྲུབ་པ་ཐོན་ནས་རྒྱལ་ཐོ་བཀྲོལ་བ་ལ༔ དེ་ནས་ནང་གི་སྒོ་སྲུང་ནི༔ མཆོད་གཏོར་བྱིན་བརླབས་གོང་ལྟར་བྱ༔ ཧཱུྃ༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཡི༔ སྤྲུལ་འཁོར་བཀའ་སྡོད་བཅས་པ་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ བདག་ནི་མ་རིག་བག་མེད་པའི༔ དབང་གྱུར་ཐུགས་དང་འགལ་བའི་ལས༔ ཅི་མཆིས་བཤགས་སོ་བཟོད་པར་བཞེས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་བརྗོད་ལ་གཤེགས་གསོལ་ནི༔ ཧོཿ ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཡི༔ བཀའ་སྡོད་བྲན་འབངས་བཅས་པ་རྣམས༔ ཡེ་ཤེས་དབྱིངས་སུ་གཤེགས་སུ་གསོལ༔ ཡེ་ཤེས་དབྱིངས་སུ་གཤེགས་ནས་ཀྱང་༔ རྟག་ཏུ་ཐུགས་རྗེས་བདག་སྐྱོངས་མཛོད༔ བཛྲ་མུཿདེ་ནས་ཕྱི་སྒོ་སྲུང་བ་ལ༔ མཆོད་གཏོར་བྱིན་བརླབས་གོང་ལྟར་བྱ༔ ཧཱུྃ༔ ཁྲོ་རྒྱལ་ཆེན་པོ་གཤིན་རྗེའི་གཤེད༔ རྡོ་རྗེའི་འཇིགས་བྱེད་ཆེན་པོ་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ ཁྱེད་ཀྱི་ཐུགས་དང་ཅི་འགལ་བ༔ གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས༔ བསྟན་འགྲོ་བདེ་ལ་འགོད་པར་མཛོད༔ ཡི་གེ་བརྒྱ་པ་བརྗོད་མཐར་གཤེགས་གསོལ་ནི༔ ཧཱུྃ༔ ཡེ་ཤེས་ཁྲོ་རྒྱལ་ཆེན་པོ་ཡི༔ འཁོར་དང་བཅས་པ་ཐམས་ཅད་ཀུན༔ རང་བཞིན་གནས་སུ་གཤེགས་སུ་གསོལ༔ རང་བཞིན་གནས་སུ་གཤེགས་ནས་ཀྱང་༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ བཛྲ་མུཿདེ་ནས་ཤར་ཕྱོགས་རྒྱལ་ཆེན་ལ༔ ཧཱུྃ༔ ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང་༔ དྲི་ཟའི་སྡེ་དང་བཅས་པ་ལ༔ མཆོད་པ་དམ་པ་འདི་འབུལ་གྱིས༔ དགྱེས་པར་དགོངས་ཤིང་བཞེས་སུ་གསོལ༔ ཨོཾ་བཻ་རུ་རཀྵ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྡའི་བར་གྱིས་མཆོད་ལ་གཏོར་མ་འབུལ་མཐར༔ བཤགས་པ་བྱ་བ་ནི༔ ཧོཿ རྒྱལ་ཆེན་འཁོར་བཅས་དགོངས་སུ་གསོལ༔ བདག་ནི་བག་མེད་དབང་གྱུར་ཏེ༔ ཁྱོད་ཀྱི་ཐུགས་དང་འགལ་བའི་ལས༔ ཅི་མཆིས་བཤགས་ཤིང་བཟོད་པར་བཞེས༔ དགེ་ལེགས་ཡོན་ཏན་ཀུན་སྩོལ་ཅིག༔ ཡི་གེ་བརྒྱ་པ་བརྗོད༔ གཤེགས་གསོལ་ནི༔ ཧོཿ རྒྱལ་ཆེན་འཁོར་བཅས་དགོངས་སུ་གསོལ༔ སྒྲུབ་པའི་དམ་རྒྱ་ད་གྲོལ་གྱིས༔ རང་བཞིན་གནས་སུ་གཤེགས་སུ་གསོལ༔ རང་བཞིན་གནས་སུ་གཤེགས་ནས་ཀྱང་༔ ནམ་ཡང་སྒྲུབ་ལ་ཞུགས་པའི་ཚེ༔ བར་ཆད་བསྲུང་བཟློག་ཕྲིན་ལས་མཛོད༔ བཛྲ་མུཿདེ་ནས་ལྷོ་ཕྱོགས་རྒྱལ་ཆེན་ལ༔ ཧཱུྃ༔ ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ༔ གཤིན་རྗེའི་འཁོར་ཚོགས་བཅས་པ་ལ༔ མཆོད་པ་དམ་པ་འདི་འབུལ་གྱིས༔ དགྱེས་པར་དགོངས་ཤིང་བཞེས་སུ་གསོལ༔ ཨོཾ་བཻ་རཱུ་ཏ་ཀ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྡའི་བར་གྱིས་མཆོད་ལ༔ གཏོར་མ་འབུལ་མཐར༔ བཤགས་པ་བྱ་བ་ནི༔ ཧོཿ རྒྱལ་ཆེན་འཁོར་བཅས་དགོངས་སུ་གསོལ༔ བདག་ནི་བག་མེད་དབང་གྱུར་ཏེ༔ ཁྱོད་ཀྱི་ཐུགས་དང་འགལ་བའི་ལས༔ ཅི་མཆིས་བཤགས་ཤིང་བཟོད་པར་བཞེས༔ དགེ་ལེགས་ཡོན་ཏན་ཀུན་སྩོལ་ཅིག༔ ཡི་གེ་བརྒྱ་པ་བརྗོད༔ གཤེགས་གསོལ་ནི༔ ཧོཿ རྒྱལ་ཆེན་འཁོར་བཅས་དགོངས་སུ་གསོལ༔ སྒྲུབ་པའི་དམ་རྒྱ་ད་གྲོལ་གྱིས༔ རང་བཞིན་གནས་སུ་གཤེགས་སུ་གསོལ༔ རང་བཞིན་གནས་སུ་གཤེགས་ནས་ཀྱང་༔ ནམ་ཡང་སྒྲུབ་ལ་ཞུགས་པའི་ཚེ༔ བར་ཆད་བསྲུང་བཟློག་ཕྲིན་ལས་མཛོད༔ བཛྲ་མུཿདེ་ནས་ནུབ་ཕྱོགས་རྒྱལ་ཆེན་ལ༔ ཧཱུྃ༔ ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང་༔ ཀླུ་དབང་སྡེ་དང་བཅས་པ་ལ༔ མཆོད་པ་དམ་པ་འདི་འབུལ་གྱིས༔ དགྱེས་པར་དགོངས་ཤིང་བཞེས་སུ་གསོལ༔ ཨོཾ་བཻ་རུ་བྷ་ཤི་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྡའི་བར་གྱིས་མཆོད་ལ་གཏོར་མ་འབུལ་མཐར༔ བཤགས་པ་བྱ་བ་ནི༔ ཧོཿ རྒྱལ་ཆེན་འཁོར་བཅས་དགོངས་སུ་གསོལ༔ བདག་ནི་བག་མེད་དབང་གྱུར་ཏེ༔ ཁྱོད་ཀྱི་ཐུགས་དང་འགལ་བའི་ལས༔ ཅི་མཆིས་བཤགས་ཤིང་བཟོད་པར་བཞེས༔ དགེ་ལེགས་ཡོན་ཏན་ཀུན་སྩོལ་ཅིག༔ ཡི་གེ་བརྒྱ་པ་བརྗོད༔ གཤེགས་གསོལ་ནི༔ ཧོཿ རྒྱལ་ཆེན་འཁོར་བཅས་དགོངས་སུ་གསོལ༔ སྒྲུབ་པའི་དམ་རྒྱ་ད་གྲོལ་གྱིས༔ རང་བཞིན་གནས་སུ་གཤེགས་སུ་གསོལ༔ རང་བཞིན་གནས་སུ་གཤེགས་ནས་ཀྱང་༔ ནམ་ཡང་སྒྲུབ་ལ་ཞུགས་པའི་ཚེ༔ བར་ཆད་བསྲུང་བཟློག་ཕྲིན་ལས་མཛོད༔ བཛྲ་མུཿདེ་ནས་བྱང་ཕྱོགས་རྒྱལ་ཆེན་ལ༔ ཧཱུྃ༔ བྱང་ཕྱོགས་རྒྱལ་ཆེན་རྣམ་ཐོས་སྲས༔ གནོད་སྦྱིན་སྡེ་དང་བཅས་པ་ལ༔ མཆོད་པ་དམ་པ་འདི་འབུལ་གྱིས༔ དགྱེས་པར་དགོངས་ཤིང་བཞེས་སུ་གསོལ༔ ཨོཾ་བཻ་ཤྲ་མ་ཎ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྡའི་བར་གྱིས་མཆོད་ལ་གཏོར་མ་འབུལ་མཐར༔ བཤགས་པ་བྱ་བ་ནི༔ ཧོཿ རྒྱལ་ཆེན་འཁོར་བཅས་དགོངས་སུ་གསོལ༔ བདག་ནི་བག་མེད་དབང་གྱུར་ཏེ༔ ཁྱོད་ཀྱི་ཐུགས་དང་འགལ་བའི་ལས༔ ཅི་མཆིས་བཤགས་ཤིང་བཟོད་པར་བཞེས༔ དགེ་ལེགས་ཡོན་ཏན་ཀུན་སྩོལ་ཅིག༔ ཡི་གེ་བརྒྱ་པ་བརྗོད༔ གཤེགས་གསོལ་ནི༔ ཧོཿ རྒྱལ་ཆེན་འཁོར་བཅས་དགོངས་སུ་གསོལ༔ སྒྲུབ་པའི་དམ་རྒྱ་ད་གྲོལ་གྱིས༔ རང་བཞིན་གནས་སུ་གཤེགས་སུ་གསོལ༔ རང་བཞིན་གནས་སུ་གཤེགས་ནས་ཀྱང་༔ ནམ་ཡང་སྒྲུབ་ལ་ཞུགས་པའི་ཚེ༔ བར་ཆད་བསྲུང་བཟློག་ཕྲིན་ལས་མཛོད༔ བཛྲ་མུཿདེ་ལྟར་ཐོག་མཐའ་བར་གསུམ་གྱི༔ བྱ་བ་བསྐྱེད་དང་དམིགས་གནད་ཀྱིས༔ ཚུལ་བཞིན་ལག་ལེན་གནད་ལྡན་ན༔ སྒྲུབ་ལ་བར་དུ་གཅོད་པ་ཡི༔ རྐྱེན་སྣང་ངན་པའི་གཡུལ་བཟློག་ཅིང་༔ ཕྲིན་ལས་འགྲུབ་པར་གདོན་མི་ཟ༔ བཀའ་སྲུང་དབང་ཕྱུག་ཆེན་པོས་སྲུངས༔ ས་མ་ཡ༔ ཨ་ཐམ་རྒྱ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའི་ཡི་གེ་པ་ནི་མཁྱེན་བརྩེའི་མྱུ་གུས་སོ། །དགེའོ། །དགེའོ། །དགེའོ།། །།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Latest revision as of 09:40, 4 September 2025
| Wylie title | dag snang ye shes drwa ba las: sgrub pa'i dam rgya sgo drug bsrung ba'i cho ga: | |
|---|---|---|
| Location | bdud 'joms gling pa zab gter Volume 14, Text 17, Pages 109-133 (Folios 1a1 to 13a6) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Dag snang ye shes drwa ba las sgrub pa'i dam rgya sgo drug bsrung ba'i cho ga. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 14: 109-133. Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Recto: sgrub pa Verso: bdud 'joms sgrub pa'i cha lag | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | Sadhanas - Evocation Ritual - sgrub thabs | |
| Cycle | ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod) | |
| Colophon |
ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའི་ཡི་གེ་པ་ནི་མཁྱེན་བརྩེའི་མྱུ་གུས་སོ། །དགེའོ། །དགེའོ། །དགེའོ།། | |
|
zhes pa 'di ni khrag 'thung bdud 'joms rdo rjes dag snang ye shes drwa ba las bsgyur ba'i yi ge pa ni mkhyen brtse'i myu gus so/_/dge'o/_/dge'o/_/dge'o// | ||