TTDL-ZABTER-18-TSHA-016: Difference between revisions

From Dudjom Wiki
TTDL-ZABTER-18-TSHA-016
(Imported new text files with Wyckibaat for processing)
 
No edit summary
 
(3 intermediate revisions by 2 users not shown)
Line 1: Line 1:
རྗེ་བླ་མ་ཨོ་རྒྱན་ཆེན་པོས་སྐྱོངས། །བློ་ཆོས་ལ་ཕྱོགས་པའི་བཙུན་མ་ཁྱོད། །ཕ་བླ་མ་སྨིན་གྲོལ་གདམས་པའི་མཛོད། །དེར་གསོལ་འདེབས་མོས་གུས་རྟག་ཏུ་རེམ། །དམ་སྡོམ་པ་ཆོས་ཀྱི་སྙིང་རྡོ་ཡིན། །དེ་མི་ཉམས་སྲོག་གི་གཏའ་རུ་ཟུངས། །གྲོགས་མཆེད་ལྕམ་ལམ་གྱི་གྲོགས་ཡིན་ཕྱིར། །དེ་དཔའ་བོ་མཁའ་འགྲོའི་རོལ་པར་ལྟོས། །མ་འགྲོ་ཀུན་ཕ་མའི་རང་བཞིན་ཡིན། །དེར་ཕན་དང་བདེ་བའི་བསམ་སྤྱོད་སྐྱོངས། །ཚེ་འདི་སྣང་རྨི་ལམ་གནས་སྐབས་ཙམ། །དེ་ཤེས་ནས་སྒོ་གསུམ་དགེ་ལ་དྲིལ། །ཆེ་དྲག་དང་མཐོ་ཐང་རློམ་རློམ་ཡང་། །དེ་འབྱུང་མེད་ཆུ་ལ་མར་འདོད་འདྲ། །སྐྱིད་འདོད་པའི་བྱ་བ་བསྒྲུབ་བསྒྲུབ་ཀྱང་། །དེ་རི་དྭགས་སྨིག་རྒྱུ་དེད་པ་ལྟར། །ཐོག་ཕེབས་དུས་མེད་དོ་དགེ་བཙུན་མ། །བློ་ཆོས་ལ་དྲིལ་དང་སྐྱིད་ཐོག་ཕེབས། །དུས་ད་སྔོན་བསྒྲུབ་པའི་ལས་ཀ་རྣམས། །དཔེ་བྱིས་པའི་རྩེད་མོ་ལྟ་བུ་ལས། །དོན་གྲུབ་ཟིན་མེད་པའི་ཚུལ་ལ་ལྟོས། །ཚེ་ལོ་གྲངས་མང་པོ་ཡོད་མེད་ཟད། །ད་མི་ཚེའི་ལྷག་མ་ཙམ་འདི་ལ། །ཆོས་གཤའ་མ་ཞིག་ལ་རེམ་མཛོད་ཅིག།ཨ་ཧོ།འཁོར་འདས་ཀྱི་ཡུལ་ས་སྣོད་བཅུད། །སྒྱུ་མ་དང་སྨིག་རྒྱུ་བཞིན་དུ། །སྣང་ཙམ་གྱིས་སྟོང་པ་ཡུལ་མེད། །སྟོང་ཉིད་ནི་ནམ་མཁའི་རོལ་པ། །མངོན་གྱུར་གྱི་རིག་པ་ཆོས་སྐུ། །བྱར་མེད་ཀྱི་གནས་ལུགས་མཐོང་ཚེ། །ཕྱི་ནང་དང་འཁོར་འདས་ཐམས་ཅད། །རྒྱ་མཚོ་དང་གཟའ་སྐར་ཇི་བཞིན། །གཉིས་མེད་ཀྱི་ངང་ཚུལ་མཐོང་བའི། །རྫོགས་ཆེན་གྱི་རྒྱལ་པོ་འདི་ནི། །རེ་དོགས་ཀྱི་མདུད་རྒྱ་རང་གྲོལ། །སངས་རྒྱས་ནི་གཞན་ན་མེད་མངོན། །རང་ཐོག་ཏུ་རང་གྲོལ་སངས་རྒྱས། །ཀུན་བཟང་གི་དགོངས་པ་འདི་ཀོ། །ཀ་དག་གི་ས་ལ་ཕེབས་ཤོག།ཅེས་པ་འདི་དགེ་བཙུན་མ་རྣམ་དག་སྒྲོལ་མས་བསྐུལ་ངོར་བདུད་འཇོམས་པས་སོ། །། །[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|fulltitletib=རྗེ་བླ་མ་ཨོ་རྒྱན་སོགས་བཙུན་མ་རྣམ་དག་སྒྲོལ་མར་གདམས་པ།
|fulltitle=rje bla ma o rgyan sogs btsun ma rnam dag sgrol mar gdams pa
|citation=Khrag 'thung [[Bdud 'joms gling pa]]. ''Rje bla ma o rgyan sogs btsun ma rnam dag sgrol mar gdams pa''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 18: 67-68. Thimphu, Bhutan: Lama Kuenzang Wangdue, 2004.
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|collectiontitle=bdud 'joms gling pa zab gter
|author=bdud 'joms gling pa
|tibgenre=Advice - zhal gdams
|terma=No
|volumenumber=18
|volnumtib=༡༨
|volyigtib=ཚ
|totalvolumes=21
|textnuminvol=016
|pagenumbers=67-68
|totalpages=2
|beginfolioline=34a1
|endfolioline=34b3
|totalfolios=1
|multivolumework=No
|rectonotes=zhal gdams
|versonotes=bdud 'joms gsung mgur skor
|colophontib=ཅེས་པ་འདི་དགེ་བཙུན་མ་རྣམ་དག་སྒྲོལ་མས་བསྐུལ་ངོར་བདུད་འཇོམས་པས་སོ།།
|colophonwylie=ces pa 'di dge btsun ma rnam dag sgrol mas bskul ngor bdud 'joms pas so//
|pdflink=File:TTDL-ZABTER-18-TSHA-016.pdf
|authortib=བདུད་འཇོམས་གླིང་པ་
|volumeLetter=TSHA
|InitCategories=Dudjom Tersar Project; TTDL-ZABTER-Volume-18-TSHA
}}
<h1>Tibetan Text</h1>
<onlyinclude>
{{TibP|༄༅།  །རྗེ་བླ་མ་ཨོ་རྒྱན་ཆེན་པོས་སྐྱོངས། །བློ་ཆོས་ལ་ཕྱོགས་པའི་བཙུན་མ་ཁྱོད། །ཕ་བླ་མ་སྨིན་གྲོལ་གདམས་པའི་མཛོད། །དེར་གསོལ་འདེབས་མོས་གུས་རྟག་ཏུ་རེམ། །དམ་སྡོམ་པ་ཆོས་ཀྱི་སྙིང་རྡོ་ཡིན། །དེ་མི་ཉམས་སྲོག་གི་གཏའ་རུ་ཟུངས། །གྲོགས་མཆེད་ལྕམ་ལམ་གྱི་གྲོགས་ཡིན་ཕྱིར། །དེ་དཔའ་བོ་མཁའ་འགྲོའི་རོལ་པར་ལྟོས། །མ་འགྲོ་ཀུན་ཕ་མའི་རང་བཞིན་ཡིན། །དེར་ཕན་དང་བདེ་བའི་བསམ་སྤྱོད་སྐྱོངས། །ཚེ་འདི་སྣང་རྨི་ལམ་གནས་སྐབས་ཙམ། །དེ་ཤེས་ནས་སྒོ་གསུམ་དགེ་ལ་དྲིལ། །ཆེ་དྲག་དང་མཐོ་ཐང་རློམ་རློམ་ཡང་། །དེ་འབྱུང་མེད་ཆུ་ལ་མར་འདོད་འདྲ། །སྐྱིད་འདོད་པའི་བྱ་བ་བསྒྲུབ་བསྒྲུབ་ཀྱང་། །དེ་རི་དྭགས་སྨིག་རྒྱུ་དེད་པ་ལྟར། །ཐོག་ཕེབས་དུས་མེད་དོ་དགེ་བཙུན་མ། །བློ་ཆོས་ལ་དྲིལ་དང་སྐྱིད་ཐོག་ཕེབས། །དུས་ད་སྔོན་བསྒྲུབ་པའི་ལས་ཀ་རྣམས། །དཔེ་བྱིས་པའི་རྩེད་མོ་ལྟ་བུ་ལས། །དོན་གྲུབ་ཟིན་མེད་པའི་ཚུལ་ལ་ལྟོས། །ཚེ་ལོ་གྲངས་མང་པོ་ཡོད་མེད་ཟད། །ད་མི་ཚེའི་ལྷག་མ་ཙམ་འདི་ལ། །ཆོས་གཤའ་མ་ཞིག་ལ་རེམ་མཛོད་ཅིག །ཨ་ཧོ།འཁོར་འདས་ཀྱི་ཡུལ་ས་སྣོད་བཅུད། །སྒྱུ་མ་དང་སྨིག་རྒྱུ་བཞིན་དུ། །སྣང་ཙམ་གྱིས་སྟོང་པ་ཡུལ་མེད། །སྟོང་ཉིད་ནི་ནམ་མཁའི་རོལ་པ། །མངོན་གྱུར་གྱི་རིག་པ་ཆོས་སྐུ། །བྱར་མེད་ཀྱི་གནས་ལུགས་མཐོང་ཚེ། །ཕྱི་ནང་དང་འཁོར་འདས་ཐམས་ཅད། །རྒྱ་མཚོ་དང་གཟའ་སྐར་ཇི་བཞིན། །གཉིས་མེད་ཀྱི་ངང་ཚུལ་མཐོང་བའི། །རྫོགས་ཆེན་གྱི་རྒྱལ་པོ་འདི་ནི། །རེ་དོགས་ཀྱི་མདུད་རྒྱ་རང་གྲོལ། །སངས་རྒྱས་ནི་གཞན་ན་མེད་མངོན། །རང་ཐོག་ཏུ་རང་གྲོལ་སངས་རྒྱས། །ཀུན་བཟང་གི་དགོངས་པ་འདི་ཀོ། །ཀ་དག་གི་ས་ལ་ཕེབས་ཤོག །ཅེས་པ་འདི་དགེ་བཙུན་མ་རྣམ་དག་སྒྲོལ་མས་བསྐུལ་ངོར་བདུད་འཇོམས་པས་སོ།། །།}}
</onlyinclude>
{{TsagliCall}}
<headertabs/>

Latest revision as of 15:17, 6 September 2024

Wylie title rje bla ma o rgyan sogs btsun ma rnam dag sgrol mar gdams pa TTDL-ZABTER-18-TSHA-016.pdf
Location bdud 'joms gling pa zab gter
Volume 18, Text 16, Pages 67-68 (Folios 34a1 to 34b3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Rje bla ma o rgyan sogs btsun ma rnam dag sgrol mar gdams pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: 67-68. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zhal gdams   Verso: bdud 'joms gsung mgur skor
More details More details
Genre Advice - zhal gdams
Colophon

ཅེས་པ་འདི་དགེ་བཙུན་མ་རྣམ་དག་སྒྲོལ་མས་བསྐུལ་ངོར་བདུད་འཇོམས་པས་སོ།།

ces pa 'di dge btsun ma rnam dag sgrol mas bskul ngor bdud 'joms pas so//

[edit]
༄༅། །རྗེ་བླ་མ་ཨོ་རྒྱན་ཆེན་པོས་སྐྱོངས། །བློ་ཆོས་ལ་ཕྱོགས་པའི་བཙུན་མ་ཁྱོད། །ཕ་བླ་མ་སྨིན་གྲོལ་གདམས་པའི་མཛོད། །དེར་གསོལ་འདེབས་མོས་གུས་རྟག་ཏུ་རེམ། །དམ་སྡོམ་པ་ཆོས་ཀྱི་སྙིང་རྡོ་ཡིན། །དེ་མི་ཉམས་སྲོག་གི་གཏའ་རུ་ཟུངས། །གྲོགས་མཆེད་ལྕམ་ལམ་གྱི་གྲོགས་ཡིན་ཕྱིར། །དེ་དཔའ་བོ་མཁའ་འགྲོའི་རོལ་པར་ལྟོས། །མ་འགྲོ་ཀུན་ཕ་མའི་རང་བཞིན་ཡིན། །དེར་ཕན་དང་བདེ་བའི་བསམ་སྤྱོད་སྐྱོངས། །ཚེ་འདི་སྣང་རྨི་ལམ་གནས་སྐབས་ཙམ། །དེ་ཤེས་ནས་སྒོ་གསུམ་དགེ་ལ་དྲིལ། །ཆེ་དྲག་དང་མཐོ་ཐང་རློམ་རློམ་ཡང་། །དེ་འབྱུང་མེད་ཆུ་ལ་མར་འདོད་འདྲ། །སྐྱིད་འདོད་པའི་བྱ་བ་བསྒྲུབ་བསྒྲུབ་ཀྱང་། །དེ་རི་དྭགས་སྨིག་རྒྱུ་དེད་པ་ལྟར། །ཐོག་ཕེབས་དུས་མེད་དོ་དགེ་བཙུན་མ། །བློ་ཆོས་ལ་དྲིལ་དང་སྐྱིད་ཐོག་ཕེབས། །དུས་ད་སྔོན་བསྒྲུབ་པའི་ལས་ཀ་རྣམས། །དཔེ་བྱིས་པའི་རྩེད་མོ་ལྟ་བུ་ལས། །དོན་གྲུབ་ཟིན་མེད་པའི་ཚུལ་ལ་ལྟོས། །ཚེ་ལོ་གྲངས་མང་པོ་ཡོད་མེད་ཟད། །ད་མི་ཚེའི་ལྷག་མ་ཙམ་འདི་ལ། །ཆོས་གཤའ་མ་ཞིག་ལ་རེམ་མཛོད་ཅིག །ཨ་ཧོ།འཁོར་འདས་ཀྱི་ཡུལ་ས་སྣོད་བཅུད། །སྒྱུ་མ་དང་སྨིག་རྒྱུ་བཞིན་དུ། །སྣང་ཙམ་གྱིས་སྟོང་པ་ཡུལ་མེད། །སྟོང་ཉིད་ནི་ནམ་མཁའི་རོལ་པ། །མངོན་གྱུར་གྱི་རིག་པ་ཆོས་སྐུ། །བྱར་མེད་ཀྱི་གནས་ལུགས་མཐོང་ཚེ། །ཕྱི་ནང་དང་འཁོར་འདས་ཐམས་ཅད། །རྒྱ་མཚོ་དང་གཟའ་སྐར་ཇི་བཞིན། །གཉིས་མེད་ཀྱི་ངང་ཚུལ་མཐོང་བའི། །རྫོགས་ཆེན་གྱི་རྒྱལ་པོ་འདི་ནི། །རེ་དོགས་ཀྱི་མདུད་རྒྱ་རང་གྲོལ། །སངས་རྒྱས་ནི་གཞན་ན་མེད་མངོན། །རང་ཐོག་ཏུ་རང་གྲོལ་སངས་རྒྱས། །ཀུན་བཟང་གི་དགོངས་པ་འདི་ཀོ། །ཀ་དག་གི་ས་ལ་ཕེབས་ཤོག །ཅེས་པ་འདི་དགེ་བཙུན་མ་རྣམ་དག་སྒྲོལ་མས་བསྐུལ་ངོར་བདུད་འཇོམས་པས་སོ།། །།