TTDL-ZABTER-12-NA-083: Difference between revisions
No edit summary |
m (Text replacement - "༴" to "༴ ") |
||
| (4 intermediate revisions by the same user not shown) | |||
| Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཡེ་ཤེས་མཁའ་འགྲོ་རྡོ་རྗེ་རྣལ་འབྱོར་མའི་རྩ་བའི་སྒྲུབ་པ་ཡིད་བཞིན་དབང་རྒྱལ༔ | |||
|fulltitle=chos nyid nam mkha'i klong mdzod las: ye shes mkha' 'gro rdo rje rnal 'byor ma'i rtsa ba'i sgrub pa yid bzhin dbang rgyal: | |||
|citation=Khrag 'thung [[Bdud 'joms gling pa]]. ''Chos nyid nam mkha'i klong mdzod las ye shes mkha' 'gro rdo rje rnal 'byor ma'i rtsa ba'i sgrub pa yid bzhin dbang rgyal''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 12: 473-494. Thimphu, Bhutan: Lama Kuenzang Wangdue, 2004. | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|collectiontitle=bdud 'joms gling pa zab gter | |collectiontitle=bdud 'joms gling pa zab gter | ||
|author=bdud 'joms gling pa | |author=bdud 'joms gling pa | ||
| | |sourcerevealer=bdud 'joms gling pa | ||
|tibgenre=Sadhanas - Evocation Ritual - sgrub thabs | |||
| | |terma=Yes | ||
| | |deity=Rdo rje rnal 'byor ma | ||
|cycle=chos nyid nam mkha'i klong mdzod | |||
|cycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་ | |||
|volumenumber=12 | |volumenumber=12 | ||
| | |volnumtib=༡༢ | ||
|volyigtib=ན | |||
|totalvolumes=21 | |||
|textnuminvol=083 | |textnuminvol=083 | ||
|pagenumbers=473-494 | |||
|totalpages=22 | |||
|beginfolioline=1a1 | |||
|endfolioline=11b2 | |||
|totalfolios=11 | |||
|multivolumework=No | |||
|rectonotes=rtsa sgrub | |||
|versonotes=bdud 'joms rdo rje rnal 'byor ma | |||
|colophontib=ཞེས་པ་འདི་ནི་རྣལ་འབྱོར་པ་ཆོས་གསལ་གྱི་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་སྦྲུལ་བའི་སྐུ་ལུང་རྟོགས་རྒྱ་མཚོའོ། །དགེའོ། །དགེའོ། །དགེའོ།། | |||
|colophonwylie=zhes pa 'di ni rnal 'byor pa chos gsal gyi ngor bdud 'joms rdo rjes nam mkha'i mdzod las bsgyur ba'i yi ge pa ni sbrul ba'i sku lung rtogs rgya mtsho'o/_/dge'o/_/dge'o/_/dge'o// | |||
|pdflink=File:TTDL-ZABTER-12-NA-083.pdf | |pdflink=File:TTDL-ZABTER-12-NA-083.pdf | ||
|authortib=བདུད་འཇོམས་གླིང་པ་ | |||
|sourcerevealertib=བདུད་འཇོམས་གླིང་པ་ | |||
|volumeLetter=NA | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-12-NA | |InitCategories=Dudjom Tersar Project; TTDL-ZABTER-Volume-12-NA | ||
}} | }} | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|དྡྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཡེ་ཤེས་མཁའ་འགྲོ་རྡོ་རྗེ་རྣལ་འབྱོར་མའི་རྩ་བའི་སྒྲུབ་པ་ཡིད་བཞིན་དབང་རྒྱལ་བཞུགས་སོ༔ | ||
དྡྂ།༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ({{TibChung|བརྡ་ཡིག་}}) ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ གསང་སྔགས་བསྟན་པ་ཉམས་དམའ་ནས༔ བཟླས་བརྗོད་ཁ་ཙམ་མ་གཏོགས་པ༔ དོན་གྱི་སྒྲུབ་པ་བྱེད་པ་ཉུང་༔ དེ་ཕྱིར་གྲུབ་རྟགས་ཐོན་པ་དཀོན༔ བསྐལ་པ་མང་པོའི་གོང་རོལ་ནས༔ ཚོགས་སྨོན་ལས་འཕྲོ་འཛོམས་པ་ཡི༔ སྐལ་བཟང་སྐྱེས་བུ་རེ་མཆིས་ན༔ གནད་ཀྱི་སྙིང་བོ་མི་དོར་བ༔ དང་པོ་དབང་གིས་སྨིན་བྱས་ཏེ༔ གྲོལ་བྱེད་གདམས་པ་ཁོང་ཆུབ་སྟེ༔ ཆོས་བརྒྱད་ལས་དབེན་སྐྱེད་ཚལ་དུ༔ སྙིང་པོའི་སྒྲུབ་ལ་བརྩོན་ནུས་ན༔ དཀྱིལ་འཁོར་བཀོད་ལེགས་ཡིད་འོང་ཞིང་༔ སྒོ་གྲུ་ལ་སོགས་སྤྱི་མཐུན་པའི༔ གཞལ་ཡས་ཁང་གི་ཐིག་ཚོན་གྱི༔ མཚན་ཉིད་ཇི་ལྟ་བ་བཞིན་དུ༔ ཚང་བར་བྱ་བ་མཆོག་ཏུ་ཤིས༔ ཡང་ན་ཚོམ་བུའི་དཀྱིལ་འཁོར་ནི༔ དབུས་དང་ཤར་ལྷོ་ནུབ་བྱང་གི༔ འབྲུ་སྣ་ཚོན་གྱི་སྦགས་བྱས་ཏེ༔ མཐིང་ཁ་དཀར་སེར་དམར་ལྗང་གི༔ གྲོང་གི་ཚུལ་དུ་ལེགས་པར་བསྐོར༔ ཡང་ན་གཏོར་མ་གཙོ་དང་འཁོར༔ ཇི་བཞིན་གྲངས་དང་སྦྱར་ཏེ་བཀོད༔ དར་ཚོན་རྣམ་པ་སྣ་ཚོགས་ཀྱི༔ ཤིན་ཏུ་མཛེས་ཤིང་ཡིད་འོང་བྱ༔ འབྱོར་ཚོགས་ཕྱི་ནང་གསང་མཆོད་བཤམས༔ དཀར་ཕྱོགས་སྐྱོང་ལ་དཀར་མཆོད་དང་༔ ནག་ཕྱོགས་རིགས་ལ་དམར་གཏོར་དང་༔ བགེགས་རིགས་མགྲོན་ལ་གླུད་ལན་ཆགས༔ འབྲས་ཆན་ཤ་ཁྲག་ལ་སོགས་བཏང་༔ མདུན་གྱི་ནམ་མཁར་པད་ཟླའི་སྟེང་༔ བླ་མ་རིགས་འདུས་ངོ་བོར་གསལ༔ རྣམ་གསུམ་དད་པས་སྐྱབས་འགྲོ་ལ༔ ན་མོ༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ལོངས་སྐུ་རྡོ་རྗེ་རྣལ་འབྱོར་མ༔ སྤྲུལ་སྐུ་དབྱིངས་ཀྱི་ཡུམ་ཆེན་ལྔ༔ ཡོངས་འདུས་བདག་ཉིད་བླ་མ་ལ༔ རྣམ་གསུམ་དད་པས་སྐྱབས་སུ་མཆི༔ ལན་གསུམ༔ དེ་ནས་སེམས་བསྐྱེད་པ་ལ༔ ཧཱུྃ༔ བླ་མ་སངས་རྒྱས་བླ་མ་ཆོས༔ དེ་བཞིན་བླ་མ་དགེ་འདུན་དགོངས༔ བདག་གིས་འཁོར་བ་ཡོངས་སྒྲོལ་ཕྱིར༔ མཁའ་འགྲོའི་གོ་འཕང་མངོན་དུ་བྱ༔ ལན་གསུམ་བརྗོད་ཅིང་དམ་བཅའ་བཟུང་༔ དེ་ནས་ཚོགས་བསགས་ཡན་ལག་བདུན་པ་ལ༔ ཧོཿ སྐུ་གསུམ་མཁའ་འགྲོའི་གྲོང་ཁྱེར་ལ༔ རྣམ་གསུམ་དད་པས་ཕྱག་འཚལ་ལོ༔ ལུས་དང་ལོངས་སྤྱོད་མཆོད་པ་འབུལ༔ དུས་གསུམ་བསགས་པའི་སྡིག་པ་བཤགས༔ རྣམ་དཀར་དགེ་ལ་རྗེས་ཡི་རང་༔ གང་འདུལ་ཆོས་འཁོར་བསྐོར་བ་དང་༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་ཚོགས་འགྲོ་ཀུན་ཡོངས་ལ་བསྔོ༔ ཐམས་ཅད་ཕྱམ་གཅིག་སངས་རྒྱས་ཤོག༔ དེ་ནས་བཀའ་བསྒོ་བ་ལ༔ ཧཱུྃ༔ ང་ནི་ཡེ་ཤེས་མཁའ་འགྲོའི་སྐུ༔ ཆོས་ཉིད་རོལ་པའི་སྒྱུ་འཕྲུལ་ལས༔ སྤྲུལ་པའི་མཁའ་འགྲོས་སྣང་སྲིད་ཁྱབ༔ ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས༔ ལན་ཆགས་གཏོར་མ་འདི་ལོངས་ལ༔ བརྩེ་ཞིང་བྱམས་པའི་སེམས་ལྡན་གྱིས༔ དགའ་མགུ་ཡི་རང་ཚིམ་བྱས་ལ༔ རང་རང་སོ་སོའི་གནས་སུ་གཤེགས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ ཡེ་ཤེས་མཁའ་འགྲོའི་སྒྱུ་འཕྲུལ་གར༔ མེ་རླུང་ཐུན་མཚོན་འཁྲུལ་འཁོར་གྱིས༔ ལུས་སེམས་རྡུལ་དུ་བརླག་ཏ་རེ༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ རྩ་སྔགས་མཐར་ཧཱུྃ་བཞིའི་སྔགས་དང་དྲག་སྔགས་ཐུན་གྱིས་བྲབ༔ དེ་ནས་བསྲུང་བའི་འཁོར་ལོ་བསྒོམ་པ་ལ༔ ཧཱུྃ༔ རང་ཉིད་ཡེ་ཤེས་མཁའ་འགྲོ་མའི༔ སྤྲུལ་པ་ཡེ་ཤེས་རོལ་གར་གྱི༔ འཁོར་ལོ་རྡོ་རྗེ་རིན་པོ་ཆེ༔ པདྨ་རྒྱ་གྲམ་མེ་རླུང་ཆུའི༔ བསྲུང་བའི་འཁོར་ལོ་ལྷུན་གྱིས་གྲུབ༔ ཛྙཱ་ན་པདྨ་རཀྵ་ཙཀྲ་ཧཱུྃ་བྷྲཱུྃ་རཀྵ་རཀྵ་སྭཱ་ཧཱ༔ དེ་ནས་བརྡ་སྒོ་དབྱེ་བ་ལ༔ ཧཱུྃ༔ རང་རིག་རྣམ་ཐར་གསུམ་ལྡན་བཙུན་མོའི་མཁར༔ མ་རིག་ཉོན་ཤེས་དྲི་མས་བསྒྲིབས་པའི་སྒོ༔ དབྱེར་མེད་ཟང་ཐལ་ཆེན་པོར་ཧར་སངས་ཏེ༔ ཀ་དག་སྤྲོས་མཐའ་བྲལ་བར་ཨེ་མ་ ཧོཿ དེ་ནས་བརྡ་ཕྱག་འཚལ་བ་ལ༔ ཧཱུྃ༔ འཁོར་འདས་ཀ་དག་མཉམ་པ་ཉིད་ཀྱི་དབྱིངས༔ མ་རྟོགས་འཁྲུལ་པས་བསླུས་པའི་ངང་མཐོང་ནས༔ གདོད་ནས་རང་རིག་ལྷུན་གྲུབ་རོལ་པའི་ལྷར༔ རང་ངོ་རང་ཞལ་མཇལ་བས་ཕྱག་འཚལ་ལོ༔ དེ་ནས་བྱིན་ཆེན་དབབ་པ་ལ༔ ཧཱུྃ༔ ནམ་མཁའ་རྣམ་པར་དག་པའི་མཁའ་དབྱིངས་ནས༔ ཆོས་སྐུ་ཡུམ་ཆེན་མོ་ཡིས་བྱིན་ཆེན་ཕོབ༔ ཀ་དག་སྤྲོས་མཐའ་བྲལ་བའི་ཀློང་ཡངས་ནས༔ བདེ་ཆེན་ཀུན་ཏུ་བཟང་མོས་བྱིན་ཆེན་ཕོབ༔ ལྷུན་གྲུབ་གསང་ཆེན་རོལ་པའི་དཀྱིལ་འཁོར་ནས༔ རྡོ་རྗེ་རྣལ་འབྱོར་མ་ཡིས་བྱིན་ཆེན་ཕོབ༔ ཕྲིན་ལས་འགྲོ་བ་འདུལ་བའི་དཀྱིལ་འཁོར་ནས༔ རིགས་ལྔ་དབྱིངས་ཀྱི་མཁའ་འགྲོས་བྱིན་ཆེན་ཕོབ༔ དག་པ་མཁའ་སྤྱོད་ཞིང་ཁམས་དམ་པ་ནས༔ གནས་ཡུལ་དཔའ་བོ་མཁའ་འགྲོས་བྱིན་ཆེན་ཕོབ༔ གནས་འདི་མཁའ་སྤྱོད་ཞིང་དུ་བྱིན་གྱིས་རློབས༔ སྒྲུབ་ཁང་གཞལ་ཡས་དམ་པར་བྱིན་གྱིས་རློབས༔ སྒྲུབ་མཆོག་དཔའ་བོ་དཔའ་མོར་བྱིན་གྱིས་རློབས༔ དམ་རྫས་མྱོང་གྲོལ་ཡེ་ཤེས་བདུད་རྩི་རུ༔ བྱིན་གྱིས་རློབས་ཤིག་ཡེ་ཤེས་མཁའ་འགྲོ་མ༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ ཨོཾ་བཛྲ་ཌཱཀྐི་ནཱི་བྃཿ ཧཿ རིཿ ནིཿ སཿ མཿ བྷྱོཿ ཛཿ ཧྲཱིཾཿ བཛྲ་ས་མ་ཡ་ཛ་ཛཿཨ་བེ་ཤ་ཡ་ཨ་ཨཱཿདེ་ནས་མཆོད་རྫས་བྱིན་བརླབ་ལ༔ ཨཱཿསྣང་སྲིད་ཐམས་ཅད་བདག་མེད་སྟོང་པར་ཞུ༔ སྟོང་པའི་ངང་ལས་འཇའ་ཚོན་སྨིག་རྒྱུ་བཞིན༔ ཕྱི་མཆོད་ཉེ་བར་སྤྱོད་པའི་ཡོ་བྱད་དང་༔ ནང་མཆོད་འདོད་ཡོན་ལྔ་ཡི་ལོངས་སྤྱོད་ཚོགས༔ གསང་མཆོད་སྨན་གཏོར་རཀྟའི་ཚོགས་རྣམས་དང་༔ ཁྱད་པར་ཏན་གན་རྨད་དུ་བྱུང་བའི་རྫས༔ མི་ཟད་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་སྤེལ༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས༔ རཱུ་པ་ཤབྡ་སོགས༔ སྤཪྵེ་པཱུ་ཛ་ཧོཿ སརྦ་ཏ་ན་ག་ན་པཱུ་ཛ་ཧོཿ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ དེ་ནས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ༔ ཨཱཿགཟུང་དང་འཛིན་པས་བསྡུས་པ་ཡི༔ ཆོས་ཀུན་ཆོས་ཉིད་ཆེན་པོར་ཞིག༔ དྷརྨ་དྷརྟུ་ཨ༔ ཀུན་ཏུ་སྣང་བའི་ཏིང་འཛིན་ལ༔ འདི་ལྟར་མ་རྟོགས་སེམས་ཅན་ལ༔ དམིགས་མེད་སྙིང་རྗེ་ཆེན་པོས་བརྡལ༔ བཛྲ་ས་མ་ཏི་ཨཱཿདེ་ནས་རྒྱུ་ཡི་ཏིང་འཛིན་ལ༔ ཧཱུྃ༔ རང་བྱུང་རྒྱུ་ཡི་ས་བོན་ཧཱུྃ༔ རྟེན་མེད་དབྱིངས་ཀྱི་མཁའ་ལ་ཤར༔ ཧཱུྃ་ཙིཏྟ་བཛྲ་ས་མ་ཏི་ཨཱཿདེ་ནས་རྟེན་བསྐྱེད་པ་ལ༔ ཧཱུྃ་ལས་འོད་དང་འོད་ཟེར་འཕྲོས༔ འབྱུང་བའི་ལྷ་མོ་བཞི་རིམ་མཁར༔ ལྷུན་གྲུབ་བདེ་བ་ཆེན་པོའི་ཞིང་༔ བཀོད་ལེགས་མཛེས་ལྡན་ཡིད་དུ་འོང་༔ དེ་དབུས་ཡེ་ཤེས་ལྔ་ལྡན་པའི༔ འོད་ལྔ་འཕྲུལ་གྱི་གཞལ་ཡས་ཁང་༔ རྒྱན་དང་འཁོར་ཡུག་མཚན་ཉིད་རྫོགས༔ འོད་ཕུང་བསྐལ་བའི་མེ་ལྟར་འབར༔ རང་བྱུང་རང་ཤར་ཆེན་པོའི་དབུས༔ པདྨ་དང་ནི་ཉི་གདན་ལ༔ ཧཱུྃ་དམར་འོད་ཀྱི་རང་བཞིན་བབས༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ ཁམས་གསུམ་འཁོར་བ་ཆོས་སྐུར་བསྒྲལ༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ རང་ཉིད་རྡོ་རྗེ་རྣལ་འབྱོར་མ༔ དམར་གསལ་མཚན་དཔེའི་ལང་ཚོས་མཛེས༔ བཅུ་དྲུག་གཞོན་ནུ་འོད་ཕུང་འབར༔ ཕྱག་གཡས་གྲི་གུག་མཁའ་ལ་ཕྱར༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས༔ གཅེར་མོ་མཉམ་པའི་སྟབས་ཀྱིས་བཞེངས༔ རིན་པོ་ཆེ་ཡི་རྒྱན་ཕྲེང་དང་༔ པད་དཀར་ཕྲེང་བའི་དོ་ཤལ་མཛད༔ ཞི་འཛུམ་ཆགས་ཤིང་བཞད་པའི་ཞལ༔ ཡེ་ཤེས་ལྔ་ཡི་འོད་ཕུང་འཁྲིགས༔ རྨ་བྱའི་མགྲིན་པའི་སྤུ་ལྟ་བུའི༔ ལྗང་སྔོན་རལ་པས་སྐུ་རྒྱབ་ཁེབས༔ སྤྱན་གསུམ་ནམ་མཁའི་མཐོང་ལ་གཟིགས༔ ཉི་མ་དང་ནི་འོད་ཟེར་བཞིན༔ ཡེ་ཤེས་རོལ་པའི་རང་གདངས་ལས༔ ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར༔ ལྷོ་རུ་རིན་ཆེན་མཁའ་འགྲོ་སེར༔ ནུབ་ཏུ་པདྨ་མཁའ་འགྲོ་དམར༔ བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་༔ ཀུན་ཀྱང་གྲི་གུག་ཐོད་ཁྲག་བསྣམས༔ གཞོན་ཚུལ་ཞི་འཛུམ་མཚན་དཔེས་སྤྲས༔ རིན་པོ་ཆེ་དང་པད་ཕྲེང་མཛེས༔ ཞབས་གཉིས་བཞེངས་པའི་སྟབས་སུ་འགྱིང་༔ དཀར་སེར་དམར་ལྗང་འོད་ཕུང་འཁྲིགས༔ བརྒྱུད་འཛིན་རྗེས་སུ་བཟུང་བའི་ཕྱིར༔ ནུ་མ་འབུར་ཞིང་པདྨོ་རྒྱས༔ རབ་འབྱམས་ཕྲིན་ལས་ཡོངས་གྲུབ་ཕྱིར༔ ལྗང་སྔོན་རལ་པས་སྐུ་རྒྱབ་ཁེབས༔ ཁམས་གསུམ་མ་ལུས་དབང་སྡུད་ཅིང་༔ སྲིད་གསུམ་ཟིལ་གྱིས་གནོན་པར་བསྐྱེད༔ ཤར་སྒོར་འགུགས་བྱེད་ཆེན་མོ་དཀར༔ ལྷོ་རུ་འཆིང་བྱེད་ཆེན་མོ་སེར༔ ནུབ་སྒོར་རྨོངས་བྱེད་ཆེན་མོ་དམར༔ བྱང་སྒོར་མྱོས་བྱེད་ཆེན་མོ་ལྗང་༔ གཡས་རྣམས་རང་རྟགས་ཕྱག་རྒྱ་དང་༔ གཡོན་པ་རྣམས་ན་ཐོད་ཁྲག་བསྣམས༔ དཀྱིལ་འཁོར་བར་ཁྱམས་འཁོར་ཡུག་ཏུ༔ བརྒྱུད་གསུམ་བླ་མ་ཡོངས་རྫོགས་པའི༔ ངོ་བོ་ཉིད་དེ་རྣམ་པ་ནི༔ འབུམ་ཕྲག་ཡངས་པའི་མཁའ་འགྲོར་ཤར༔ དེ་ལྟར་ཡེ་ཤེས་རོལ་པའི་ལྷ༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ སྐུ་གསུམ་དག་པའི་ཞིང་ཁམས་ནས༔ མཁའ་འགྲོ་དང་ནི་མཁའ་འགྲོ་མ༔ མ་ལུས་ལུས་པ་མེད་པ་རུ༔ མཚོ་ལ་ཁ་ཆར་བབ་པ་ལྟར༔ སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ དེ་ནས་སྤྱན་འདྲེན་པ་ལ༔ ཧཱུྃ་ཛཿནམ་མཁའ་རྣ་མ་པར་དག་པའི་དབྱིངས་ཆེན་མོ༔ ཡུམ་ཆེན་ཤེས་རབ་ཕར་ཕྱིན་སྐུར་བཞེངས་ཤིག༔ རྣལ་འབྱོར་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ འོག་མིན་ཆོས་དབྱིངས་བརྡལ་ཁྱབ་ཀློང་ཆེན་མོ༔ ཆོས་སྐུ་ཀུན་ཏུ་བཟང་མོ་སྐུར་བཞེངས་ཤིག༔ རྣལ་འབྱོར་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ལྷུན་གྲུབ་བདེ་བ་ཆེན་པོའི་གཞལ་ཡས་ནས༔ ལོངས་སྐུ་རྡོ་རྗེ་ཕག་མོ་སེང་གེའི་གདོང་༔ ཁྲོས་མ་ནག་མོ་མཁའ་སྤྱོད་བདག་མེད་མ༔ རིགས་ལྔ་དབྱིངས་ཀྱི་ཡུམ་ལྔ་སྤྲུལ་འཁོར་བཅས༔ ཡོངས་འདུས་བདག་ཉིད་རྡོ་རྗེ་རྣལ་འབྱོར་མ༔ མ་ལུས་ལུས་པ་མེད་པ་ཐམས་ཅད་ཀུན༔ རྣལ་འབྱོར་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་ཉེར་བཞི་ཡུལ་ཆེན་སོ་གཉིས་དང་༔ ཧེ་རུ་ཀ་ཡི་གནས་བཅུ་ན་བཞུགས་པའི༔ མཁའ་འགྲོ་དང་ནི་མཁའ་འགྲོ་མ་ཡི་ཚོགས༔ རྣལ་འབྱོར་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཁམས་གསུམ་དབང་དུ་སྡུད་ཕྱིར༴ སྲིད་གསུམ་ཟིལ་གྱིས་གནོན་ཕྱིར༴ བདུད་བགེགས་དམ་སྲི་འདུལ་ཕྱིར༴ མཐའ་ཡི་དམག་དཔུང་བཟློག་ཕྱིར༴ ནད་མུག་མཚོན་བསྐལ་བཟློག་ཕྱིར༴ དུས་མིན་འཆི་བ་བཟློག་ཕྱིར༴ རྒྱལ་བསེན་གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ༔ བདག་ཅག་རྣལ་འབྱོར་སྒྲུབ་མཆོག་འཁོར་བཅས་ཀྱི༔ སྒྲིབ་གཉིས་བག་ཆགས་དྲི་མ་ཀུན་སྦྱངས་ནས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་རློབས༔ ཨོཾ་ཨཱཿ་ཧཱུྃ་བཛྲ་ཌཱཀྐི་ནཱི་བྃཿཧཿརིཿནིཿསཿབཛྲ་ས་མ་ཡ་ཛ་ཛཿལན་གསུམ་བརྗོད༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ སྐུ་གསུམ་ཡེ་ཤེས་མཁའ་འགྲོའི་ཚོགས༔ ངོ་བོ་རང་བཞིན་ཐུགས་རྗེའི་ངང་༔ མངོན་གྱུར་ཆེན་པོར་གཏན་བཞུགས་ནས༔ རང་ཐོག་རང་གྲོལ་གདིང་ཐོབ་མཛོད༔ བཛྲ་ཌཱཀྐི་ནཱི་ཧ་རི་ནི་ས་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ལ༔ ན་མོ༔ རང་བྱུང་ཀུན་ཁྱབ་བྱང་ཆུབ་སེམས༔ གདོད་ནས་ཡེ་ཤེས་མཁའ་འགྲོར་ཤར༔ འདུ་འབྲལ་མེད་པ་མངོན་གྱུར་པའི༔ རང་བྱུང་རིག་པའི་བརྡ་ཕྱག་འཚལ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ དེ་ནས་མཆོད་པ་འབུལ་བ་ལ༔ ཧཱུྃ༔ མཆོད་ཡོན་ཞབས་བསིལ་མེ་ཏོག་དང་༔ བདུག་སྤོས་སྣང་གསལ་དྲི་ཆབ་དང་༔ ཞལ་ཟས་རོལ་མོ་ལ་སོགས་པའི༔ ལྷ་རྫས་ཕྱི་ཡི་མཆོད་པ་འབུལ༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས༔ ཤཔྡ་པྲ་ཏཱིཙྪ་པཱུ་ཛ་ཧོཿ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་༔ རོ་མངར་རེག་བྱ་འཇམ་ལ་སོགས༔ འདོད་ཡོན་ལྔ་ཡི་མཆོད་སྤྲིན་ཚོགས༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་འབུལ༔ ཨོཾ་ཨཱཿཧཱུྃཿརཱུ་པ་ཤཔྡ་སོགས་ནས༔ སྤཪྴེ་པྲ་ཏཱིཙྪ་པཱུ་ཛ་ ཧོཿ རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན༔ འཁོར་བ་དབྱིངས་སྒྲོལ་རཀྟའི་མཚོ༔ སྣང་སྲིད་བཅུད་དྲིལ་གཏོར་མ་སོགས༔ གསང་མཆོད་རྣམ་པ་སྣ་ཚོགས་ཀུན༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་འབུལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ སྣང་སྟོང་སྦྱར་བའི་བྱང་ཆུབ་སེམས༔ གཟུང་འཛིན་བདག་མེད་དབྱིངས་བསྒྲལ་བའི༔ ཤ་རི་ཁྲག་མཚོ་དང་བཅས་པས༔ ཁྱད་པར་རྨད་བྱུང་མཆོད་པ་འབུལ༔ མ་ཧཱ་བོ་དྷི་ཙིཏྟ་ཏ་ན་ག་ན་སརྦ་པཱུ་ཛ་ ཧོཿ སྐུ་གསུམ་དབྱིངས་བཞུགས་མཁའ་འགྲོའི་ཚོགས༔ ཡོངས་འདུས་རྡོ་རྗེ་རྣལ་འབྱོར་མའི༔ དཀྱིལ་འཁོར་སྣ་ཚོགས་ཐམས་ཅད་ཀྱིས༔ ཕྱི་ནང་གསང་མཆོད་འདི་བཞེས་ལ༔ སྒྲུབ་པའི་རྣལ་འབྱོར་མཆེད་ལྕམ་ལ༔ མཆོག་གི་དངོས་གྲུབ་མྱུར་སྩོལ་ཅིག༔ བཛྲ་ཌཱཀྐི་ནཱི་ཧཿ རིཿ ནིཿ སཿ གུ་ཧྱ་ཛྙཱ་ན་སིདྡྷི་ཧཱུྃ༔ དེ་ནས་བསྟོད་པ་བྱ་བ་ལ༔ ཧཱུྃ་ཧྲཱིཿཆོས་སྐུའི་དབྱིངས་ན་ཡུམ་ཆེན་ཀུན་བཟང་མོ༔ ལོངས་སྐུ་རྡོ་རྗེ་ཕག་མོ་སེང་གེའི་ཞལ༔ མཁའ་སྤྱོད་མཁའ་འགྲོའི་དབང་མོ་ཁྲོས་མའི་སྐུ༔ སྐུ་བཞིའི་དབང་ཕྱུག་མཁའ་སྤྱོད་དབང་མོ་ཆེ༔ ཡོངས་འདུས་བདག་ཉིད་རྡོ་རྗེ་རྣལ་འབྱོར་མ༔ འཁོར་འདས་མཉམ་པར་སྒྲོལ་བའི་མཐུ་མོ་ཆེ༔ ཡེ་ཤེས་མཁའ་འགྲོ་ཁྱེད་ལ་ཕྱག་འཚལ་བསྟོད༔ སྤྲུལ་པ་སངས་རྒྱས་རྡོ་རྗེ་རིན་ཆེན་དང་༔ པདྨ་མཁའ་འགྲོ་ལས་ཀྱི་མཁའ་འགྲོ་སོགས༔ གནས་ཡུལ་དུར་ཁྲོད་ཀུན་ལ་མངའ་དབང་མཛད༔ སྣ་ཚོགས་ཐབས་ཀྱིས་འགྲོ་བ་གནས་ནས་འདྲེན༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་ལས་ལ་འགྱེད༔ འཁོར་འདས་འུབ་ཆུབ་རོལ་པའི་དབྱིངས་ཆེན་མོ༔ རྣམ་ཐར་གསུམ་ལྡན་མཁའ་འགྲོ་ཁྱོད་ལ་བསྟོད༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་༔ གང་ལ་གང་འདུལ་ཐབས་ཀྱིས་འགྲོ་དོན་མཛད༔ རབ་འབྱམས་ཕྲིན་ལས་དབང་བསྒྱུར་མཐུ་མོ་ཆེ༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ དེ་ནས་བཤགས་པ་བྱ་བ་ལ༔ ཀྱེ་མ་བདག་ནི་མ་རིག་དབང་གྱུར་ཏེ༔ ལས་དང་ཉོན་མོངས་དྲག་པོའི་སྟོབས་ཤུགས་ཀྱིས༔ སྒྲིབ་གཉིས་བག་ཆགས་དྲི་མའི་ཆ་དང་བཅས༔ མི་འཆབ་མི་སྦེད་གནོང་འགྱོད་སེམས་ཀྱིས་བཤགས༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས༔ ཨཱཿདེ་ལྟར་བསྐྱེད་ཅིང་བསྒོམ་པའི་གནད༔ ཚུལ་བཞིན་ཉམས་ལེན་གནད་ལྡན་ན༔ མཆོག་གི་དངོས་གྲུབ་མྱུར་འཐོབ་འགྱུར༔ འོད་གསལ་རྫོགས་ཆེན་མྱུར་ལམ་ཆོས༔ ཆོས་རྣམས་ཀུན་གྱི་གྲོལ་ས་ཡིན༔ ཤེས་རབ་གྱིས་ཤིག་སྐལ་ལྡན་བུ༔ ས་མ་ཡ༔ ཨ་ཐམ་རྒྱ༔ དེ་ནས་འཛབ་སྔགས་བཟླ་བ་ལ༔ ཧཱུྃ༔ རང་ཉིད་མཁའ་འགྲོའི་ཐུགས་ཀ་རུ༔ ཡེ་ཤེས་ལྔ་ཡི་འོད་ཐིག་ཀློང་༔ པདྨ་དང་ནི་ཟླ་གདན་ལ༔ བདེ་ཆེན་ཀུན་ཏུ་བཟང་མོ་མཐིང་༔ མཉམ་བཞག་སྐྱིལ་ཀྲུང་མཚན་དཔེས་སྤྲས༔ དེ་ཡི་ཐུགས་ཀར་འོད་ལྔའི་ཀློང་༔ ཧཱུྃ་ཡིག་དམར་པོའི་མཐའ་བསྐོར་དུ༔ སྔགས་ཕྲེང་སྤུ་ཤད་ལྟ་བུས་བསྐོར༔ འོད་ཀྱིས་དུས་གསུམ་སངས་རྒྱས་དང་༔ སྐུ་གསུམ་མཁའ་འགྲོ་རྟེན་བརྟེན་པ༔ སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ བྃ་ཌཱཀྐི་ནཱི་བཛྲ་ཤུ་མ་ཧོ་མ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ དེ་ནས་སྒྲུབ་པ་བྱ་བ་ལ༔ ཧཱུྃ༔ རང་ཉིད་ཡེ་ཤེས་མཁའ་འགྲོ་མའི༔ ཐུགས་སྲོག་ཧཱུྃ་དང་བྃཿཡིག་ལས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས༔ རྟེན་དང་བརྟེན་པའི་འཁོར་ལོར་བཅས༔ འཇའ་ཡི་སྤྲིན་ཕུང་འཐིབས་པ་བཞིན༔ ཚུར་འདུས་ཐུགས་ཀའི་སྲོག་ཡིག་ལ༔ ཐིམ་པས་མཆོག་ཐུན་དངོས་གྲུབ་ཐོབ༔ བྃ་ཌཱཀྐི་ནཱི་བཛྲ་ཤུ་མ་ཧོ་མ་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿདེ་ལྟར་ཡང་ཡང་གསལ་གདབ་གནད༔ སླར་ཡང་ལས་ལ་སྦྱོར་བ་ནི༔ རང་ཉིད་རྡོ་རྗེ་རྣལ་འབྱོར་མའི༔ ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ལས༔ འོད་ཟེར་དཔག་མེད་རབ་འཕྲོས་པས༔ ཞི་ཁྲོ་རྡོ་རྗེ་དབྱིངས་ཀྱི་ལྷ༔ འོད་ཕུང་སྣ་ལྔའི་རྣམ་པ་རུ༔ བསྡུས་ཏེ་ཐུགས་ཀའི་སྔགས་ལ་ཐིམ༔ ནད་གདོན་སྒྲིབ་གཉིས་བག་ཆགས་སྦྱངས༔ ཚེ་བསོད་ཡེ་ཤེས་ཡོན་ཏན་རྒྱས༔ འཁོར་འདས་ཡོངས་ལ་མངའ་དབང་བསྒྱུར༔ དགྲ་བགེགས་གནོད་བྱེད་ཐམས་ཅད་ཀུན༔ མེ་སྟག་ཆུ་ཡིས་བསད་བཞིན་བརླག༔ རབ་འབྱམས་ཕྲིན་ལས་ཡོངས་གྲུབ་བསམ༔ ཨོཾ་བཛྲ་ཌཱཀྐི་ནཱི་བྃཿཧཿརིཿནིཿསཿསརྦ་བིགྷྣཱན་ཧཱུྃ་ཕཊ༔ ཤེས་པ་གཞན་དུ་མི་ཡེངས་པར༔ བསྐྱེད་དང་སྤྲོ་བསྡུའི་གནད་ལ་འབད༔ མི་ཚིག་དག་གིས་བར་མི་གཅོད༔ སྟན་གྱི་དྲོད་མི་ཡལ་བ་ཡིས༔ སྡོད་ས་བཟུང་ཞིང་རལ་བ་སྤངས༔ བསྒོམ་བཟླས་ཕྱི་ཡི་སྒྲུབ་པ་སྟེ༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྦྱང་༔ འཁོར་འདས་སྟོང་ཉིད་ཆེན་པོ་རུ༔ འུབ་ཆུབ་རོལ་པ་ཀུན་བཟང་མོ༔ ནང་གི་སྒྲུབ་པ་བླ་ན་མེད༔ ལྷུན་གྲུབ་སྦུབས་འཇུག་འཕོ་ཆེན་ལམ༔ གསང་བའི་སྒྲུབ་པ་ཆེན་པོ་སྟེ༔ ཀུན་ཀྱང་མཁའ་འགྲོའི་སྒྲུབ་པ་ལགས༔ ཆོས་བརྒྱད་བྱ་བ་ཀུན་བཏང་ནས༔ རྩེ་གཅིག་སྒྲུབ་ལ་བརྩོན་པའི་མི༔ ཤེས་རབ་ཡེ་ཤེས་ཀློང་རྡོལ་ནས༔ ཚེ་འདིར་མངོན་སངས་རྒྱས་འགྱུར་རོ༔ ཨྠིྀ༔ ཉམས་ཆག་རྟོག་སྒྲིབ་སྦྱང་བ་དང་༔ རྣལ་འབྱོར་ཚོགས་གཉིས་རབ་རྫོགས་ཕྱིར༔ ཚོགས་ཀྱི་འཁོར་ལོ་བསྐོར་བ་ལ༔ ཤ་ཆང་ཟན་གྱི་མཆོག་ཏུ་བསགས༔ གཞན་ཡང་བཟའ་བཏུང་ཅི་རིགས་བཤམས༔ འདོད་ཡོན་ནམ་མཁའ་མཛོད་དུ་སྤེལ༔ ཧཱུྃ༔ བཤམས་པའི་རྫས་དང་ཁམས་གསུམ་གྱི༔ དངོས་པོར་སྣང་དང་འཛིན་པ་ཀུན༔ ཡུལ་མེད་ཟང་ཐལ་ཆེན་པོ་རུ༔ མཉམ་བརྡལ་ཆོས་ཉིད་དབྱིངས་སུ་ཨཱཿསྟོང་པའི་ངང་ལས་སྐད་ཅིག་གིས༔ ཆོས་ཉིད་དབྱིངས་ལས་ཆོས་ཀྱི་སྤྲིན༔ འདོད་ཡོན་མི་ཟད་གཏེར་དུ་འཕྲུལ༔ ངོ་བོ་བདེ་སྟོང་ཟག་མེད་པའི༔ ཡེ་ཤེས་བདུད་རྩིའི་རྒྱ་མཚོ་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད་དེ་བྱིན་གྱིས་བརླབས་ནས༔ ཚོགས་ལ་སྤྱན་འདྲེན་བྱ་བ་ལ༔ སྤོས་ཀྱི་དྲི་དང་རོལ་མོའི་སྒྲ༔ གདུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ་ཛཿརང་སྣང་དོན་གྱི་འོག་མིན་ནས༔ གསུམ་ལྡན་བླ་མ་བརྒྱུད་པར་བཅས༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ འོག་མིན་ཆོས་ཀྱི་དབྱིངས་ཉིད་ནས༔ ཆོས་སྐུའི་མཁའ་འགྲོ་འཁོར་དང་བཅས༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ ལྷུན་གྲུབ་བདེ་ཆེན་དག་པའི་ཞིང་༔ ཡེ་ཤེས་ལྔ་ཡི་འོད་ཀློང་ནས༔ ལོངས་སྐུའི་མཁའ་འགྲོ་འཁོར་དང་བཅས༔ ཚོགས་ཀྱི་འདུ་བར༴ མི་མཇེད་སྤྲུལ་པའི་ཞིང་ཁམས་ནས༔ སྤྲུལ་སྐུ་ཡེ་ཤེས་མཁའ་འགྲོའི་ཚོགས༔ མ་ལུས་ལུས་པ་མེད་པ་རུ༔ ཚོགས་ཀྱི་འདུ་བར༴ ཁྱེད་ཅག་གདོད་ནས་ཡེ་སངས་རྒྱས༔ ཐབས་ཀྱིས་འགྲོ་བའི་མཛད་པ་ལ༔ ཟས་ཀྱི་ཉེར་ལེན་མི་མངའ་ཡང་༔ རྣལ་འབྱོར་ཉམས་ཆག་བསྐང་བ་དང་༔ མཆོག་ཐུན་དངོས་གྲུབ་སྩོལ་བའི་ཕྱིར༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོས༔ ངལ་བ་ཁྱད་དུ་བསད་བྱས་ཏེ༔ དཀའ་བ་དང་དུ་བླང་ནས་སུ༔ གཏན་གྱི་བདེ་བ་འདོད་པའི་ཕྱིར༔ མ་དང་མཁའ་འགྲོ་བསྒྲུབ་ལ་བརྩོན༔ ཐུགས་རྗེས་དགོངས་ཤིང་འདིར་གཤེགས་ལ༔ ཚོགས་ཀྱི་མཆོད་པ་བཞེས་ནས་ཀྱང་༔ མཆོག་ཐུན་དངོས་གྲུབ་མྱུར་སྩོལ་ཅིག༔ སརྦ་མ་ཧཱ་གུ་རུ་ཧཱུྃ་བཛྲ་ཌཱཀྐི་ནཱི་བྃ་ཧ་རི་ནི་ས་བཛྲ་ས་མ་ཡ་ཛ་ཛཿདེ་ནས་ཚོགས་ཕུད་འབུལ་བ་ལ༔ ཧོཿ གསུམ་ལྡན་བླ་མ་རིན་པོ་ཆེ༔ བརྒྱུད་གསུམ་རིག་འཛིན་རྒྱ་མཚོ་དང་༔ རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ༔ རིགས་ལྔ་དབྱིངས་ཀྱི་ཡུམ་ཆེན་མོ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ མ་ཧཱ་གུ་རུ་བིདྱཱ་དྷ་ར་བཛྲ་ཌཱཀྐི་ནཱི་བྃཿཧཿརིཿནིཿསཿསརྦ་ས་མ་ཡ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ དེ་ནས་བཤགས་པ་བྱ་བ་ལ༔ ཧོཿ བརྒྱུད་གསུམ་རིག་འཛིན་བླ་མ་དང་༔ སྐུ་གསུམ་མཁའ་འགྲོ་རྒྱ་མཚོ་ལ༔ བདག་ཅག་མ་རིག་དབང་གྱུར་ཏེ༔ ཉེས་བྱས་ཉམས་ཆག་ཅི་མཆིས་པ༔ ཞལ་ཟས་ཚོགས་ཀྱིས་བསྐང་ཞིང་བཤགས༔ དག་ཅིང་ཚངས་པར་སྩལ་དུ་གསོལ༔ ཨོཾ་བཛྲ་སཏྭ་སོགས༔ དེ་ནས་བསྒྲལ་ལས་བྱ་བ་ལ༔ ཧཱུྃ༔ དཀྱིལ་འཁོར་གཙོ་མཆོག་བླ་མ་དང་༔ སྐུ་གསུམ་མཁའ་འགྲོ་དབྱིངས་ནས་བཞེངས༔ བདག་ལྟའི་རཱུ་ཏྲ་གཟུང་འཛིན་འདྲེ༔ བདག་མེད་སྟོང་ཉིད་ཆེན་པོར་སྒྲོལ༔ རྩ་སྔགས་མཐར༔ མ་ཏྲཾ་རཱུ་ཏྲ་ཧ་ལ་པཉྩ་མཱ་ར་ཡ་རྦད་རྦད་སོད༔ དེ་ནས་ཞལ་དུ་བསྟབ་པ་ལ༔ ཧཱུྃ༔ ཡེ་ཤེས་མཁའ་འགྲོ་ཞལ་ཕྱེས་ཤིག༔ བདག་ལྟའི་རཱུ་ཏྲ་འཁོར་བའི་འདྲེ༔ བདག་མེད་མཉམ་ཉིད་ཞལ་དུ་བསྟབས༔ འཁོར་འདས་དག་མཉམ་ཆེན་པོར་རོལ༔ མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ཀིཾ་ནི་རི་ཏི་བ་སུ་ཏ་ལ་ཁཱ་ཧིཿདེ་ནས་ལྷག་མ་འབུལ་བ་ལ༔ སྔགས་ཀྱིས་ནམ་མཁའ་མཛོད་དུ་སྤེལ༔ ཨ་མྲྀ་ཏ་ཡིས་བདུད་རྩིར་བསྒྱུར༔ ཧཱུྃ༔ དཔལ་གྱི་བཀའ་སྡོད་ལྷག་སྐྱོང་ཚོགས༔ ཆ་ལུགས་མ་ངེས་སྣ་ཚོགས་གར༔ གནས་བཟང་དེ་ནི་དུར་ཁྲོད་འགྲིམས༔ གོས་བཟང་དེ་ནི་གཡང་གཞི་གསོལ༔ ཟས་བཟང་དེ་ནི་ཤ་ཆེན་བཟའ༔ སྐོམ་བཟང་དེ་ནི་རཀྟ་འཐུང་༔ སྐྱོགས་བཟང་དེ་ནི་བྷནྡྷ་ཐོགས༔ ལས་སུ་སངས་རྒྱས་བསྟན་པ་བསྲུང་༔ དཀྱིལ་འཁོར་གཉན་པོའི་མཐའ་སྐྱོང་ལ༔ སྒྲུབ་པའི་བར་ཆད་རྐྱེན་བཟློག་ཅིང་༔ ལེགས་ཉེས་གཉིས་ཀྱི་སྟངས་འཛིན་ཏེ༔ དམ་ཚིག་གཉན་པོའི་རྗེས་གཅོད་མཛད༔ ཁྱེད་ཅག་ཡེ་སངས་རྒྱས་མོད་ཀྱང་༔ འཇིག་རྟེན་ཚུལ་གྱིས་གདུལ་བྱ་འདུལ༔ རང་དམ་གཉན་པོ་དྲན་མཛོད་ལ༔ འདིར་གཤེགས་ལྷག་མའི་ལོངས་སྤྱོད་རོལ༔ རབ་འབྱམས་ཕྲིན་ལས་ཡོངས་གྲུབ་མཛོད༔ མ་བྷྱོ་ཛ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་བསྐུལ་བ་ལ༔ ཧཱུྃ༔ ཀ་དག་ཁྱབ་བརྡལ་མཁའ་ཀློང་ནས༔ ཆོས་སྐུའི་མཁའ་འགྲོ་སྐུར་བཞེངས་ཤིག༔ ལྷུན་གྲུབ་བདེ་ཆེན་གཞལ་ཡས་ནས༔ ལོངས་སྐུའི་མཁའ་འགྲོ་སྐུར་བཞེངས་ཤིག༔ མི་མཇེད་སྤྲུལ་པའི་ཞིང་ཁམས་ནས༔ སྤྲུལ་སྐུའི་མཁའ་འགྲོ་སྐུར་བཞེངས་ཤིག༔ འཁོར་བའི་འཁྲུལ་འཁོར་དབྱིངས་སུ་བཟློག༔ སྣང་སྲིད་དག་པ་རབ་འབྱམས་ཀྱི༔ རོལ་པ་ཆེན་པོར་དག་མཉམ་རོལ༔ ཆད་མདོ་བཏང་བ་ལ༔ ཧཱུྃ་བྷྱོཿསྔོན་ཚེ་འདས་པའི་བསྐལ་པ་ལ༔ སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀས༔ འཁོར་འདས་ཐམས་ཅད་ཀློང་རྒྱས་བཏབ༔ བར་གྱི་བསྐལ་པའི་དུས་ཚིགས་ལ༔ གསང་བདག་ཕྱག་ན་རྡོ་རྗེ་ཡིས༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་དང་༔ སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ དམ་བཏགས་དབང་བསྐུར་བྲན་དུ་བཀོལ༔ དེ་འོག་དུས་ཀྱི་ཐ་མ་ལ༔ སློབ་དཔོན་པདྨ་ཐོད་ཕྲེང་གིས༔ སྣང་སྲིད་དྲེགས་པའི་ལྷ་འདྲེ་རྣམས༔ དམ་ལ་བཏགས་ཤིང་འབངས་སུ་བཀོལ༔ བསྟན་པ་བསྲུང་བའི་གཉེར་ཀ་གཏད༔ སྒྲུབ་པའི་བར་ཆད་རྐྱེན་བཟློག་ཅིང་༔ བསྟན་དགྲ་འདུལ་བའི་བཀའ་བསྒོས་ཏེ༔ ཕྲིན་ལས་བསྒྲུབ་པར་དམ་བཅས་བཞིན༔ དམར་གྱི་གཏོར་མ་འདི་ལོངས་ལ༔ རབ་འབྱམས་ཕྲིན་ལས་ཡོངས་གྲུབ་ཅིང་༔ དགྲ་བགེགས་གདུག་པ་ཚར་གཅོད་ཅིག༔ དམ་ལ་མ་འདའ་དམ་ཅན་རྣམས༔ དེ་ནས་བརྟན་མ་སྐྱོང་བ་ལ༔ ཆད་དོན་དམར་གཏོར་བཏང་བ་ནི༔ ཧཱུྃ་བྷྱོ༔ སྔོན་ཚེ་པདྨ་ཐོད་ཕྲེང་གི༔ སྤྱན་སྔར་ཁས་བླངས་དམ་བཅས་པའི༔ མ་ཡུམ་བརྟན་མ་བཅུ་གཉིས་དང་༔ དེ་འཁོར་ཡང་འཁོར་འབངས་དང་སྡེ༔ མ་ལུས་འདིར་གཤེགས་གཏོར་མ་ལོངས༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ཀྱི༔ འདོད་དོན་འབད་མེད་ལྷུན་གྲུབ་མཛོད༔ མ་མ་ཧྲཱིཾ་ཧྲཱིཾཿལ་ལ་ལེ་ལེ་ཏེ་ཏེ་ཨེ་དཾ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་རྟ་བྲོ་བརྡུང་བ་ལ༔ ཧོཿ ཆོས་ཉིད་རོལ་པ་ཨེ་ཡི་མཁར༔ ལོག་རྟོག་མི་སྲུན་རཱུ་ཏྲ་བྲུབ༔ ཐབས་ཤེས་རྔམས་པའི་རྟ་བྲོ་བརྡུངས༔ ཡེ་ཤེས་རོལ་པའི་སྟོབས་ཀྱིས་མནན༔ བྱང་ཆུབ་བར་དུ་མ་ལྡང་ཞིག༔ རཱུ་ཏྲ་ཧ་ལ་པཉྩ་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ལ༔ ཧོཿ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་དགོངས༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ མི་གནས་ཡེ་ཤེས་གསང་བ་མཆོག༔ རྡོ་རྗེ་གསུམ་གྱི་དབང་དངོས་གྲུབ༔ ད་ལྟ་ཉིད་དུ་ཐོབ་པར་སྩོལ༔ རྩ་སྔགས་མཐར༔ ཨ་ལ་ལ་སིདྡྷི་ཕ་ལ་ཧོཿ དེ་ནས་བསྔོ་བ་སྨོན་ལམ་ནི༔ ཧོཿ འདི་དང་དུས་གསུམ་བསགས་པའི་དགེ༔ མ་གྱུར་སེམས་ཅན་ཡོངས་ལ་བསྔོ༔ རང་སྣང་དོན་གྱི་འོག་མིན་དུ༔ སད་དེ་རྫོགས་སངས་རྒྱས་གྱུར་ཅིག༔ དེ་ནས་བསྡུ་རིམ་བྱ་བ་ནི༔ ཧོཿ རྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷ༔ ཐམས་ཅད་རང་གི་སྐུ་ལ་བསྡུ༔ དེ་ཡང་ཐུགས་སྲོག་ཉིད་ལ་ཐིམ༔ ཀ་དག་ཆོས་སྐུའི་མཁའ་རུ་ཨཱཿརྩ་སྔགས་བཟླ༔ དེ་ནས་རྗེས་ཐོབ་ལྷར་ལྡང་ལ༔ ཧོཿ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ རང་ཉིད་རྡོ་རྗེ་རྣལ་འབྱོར་མ༔ ཡེ་ཤེས་སྒྱུ་མའི་སྐུ་རུ་གསལ༔ མི་འགྱུར་རྡོ་རྗེའི་གོ་ཁྲབ་བགོ༔ དེ་ནས་བཀྲ་ཤིས་བྱ་བ་ལ༔ ཧོཿ ཀ་དག་ཆོས་སྐུའི་ནམ་མཁའ་ལ༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི༔ གདངས་ལས་ཡེ་ཤེས་མཁའ་འགྲོ་ཤར༔ མངོན་གྱུར་རྫོགས་པའི་བཀྲ་ཤིས་ཤོག༔ རྩེ་གཅིག་སྒྲུབ་ལ་བརྩོན་པ་ཡི༔ རྣལ་འབྱོར་ལས་དང་སྐལ་ལྡན་པས༔ བསྐྱེད་དང་རྫོགས་པའི་གནད་ལྡན་ཅིང་༔ ཆོས་བརྒྱད་ཡུལ་གྱི་དགྲ་སྤངས་ཏེ༔ དབེན་པ་བརྟེན་ཅིང་གཅིག་པུར་གནས༔ སྣང་སྲིད་དག་པ་རབ་འབྱམས་སུ༔ གསལ་བའི་གནད་དང་རྟག་ཏུ་འགྲོགས༔ དེ་ཡིས་རྣམ་གྲོལ་འབྲས་བུ་ཐོབ༔ བཀའ་སྲུང་གནོད་སྦྱིན་དམར་ནག་ལ༔ གཏད་དོ་བཀའ་དང་ཐ་ཚིག་རྒྱ༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ནི་རྣལ་འབྱོར་པ་ཆོས་གསལ་གྱི་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་སྦྲུལ་བའི་སྐུ་ལུང་རྟོགས་རྒྱ་མཚོའོ། །དགེའོ། །དགེའོ། །དགེའོ།།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Latest revision as of 10:11, 4 September 2025
| Wylie title | chos nyid nam mkha'i klong mdzod las: ye shes mkha' 'gro rdo rje rnal 'byor ma'i rtsa ba'i sgrub pa yid bzhin dbang rgyal: | |
|---|---|---|
| Location | bdud 'joms gling pa zab gter Volume 12, Text 83, Pages 473-494 (Folios 1a1 to 11b2) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las ye shes mkha' 'gro rdo rje rnal 'byor ma'i rtsa ba'i sgrub pa yid bzhin dbang rgyal. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 12: 473-494. Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Recto: rtsa sgrub Verso: bdud 'joms rdo rje rnal 'byor ma | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | Sadhanas - Evocation Ritual - sgrub thabs | |
| Cycle | ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod) | |
| Deity | Rdo rje rnal 'byor ma | |
| Colophon |
ཞེས་པ་འདི་ནི་རྣལ་འབྱོར་པ་ཆོས་གསལ་གྱི་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་སྦྲུལ་བའི་སྐུ་ལུང་རྟོགས་རྒྱ་མཚོའོ། །དགེའོ། །དགེའོ། །དགེའོ།། | |
|
zhes pa 'di ni rnal 'byor pa chos gsal gyi ngor bdud 'joms rdo rjes nam mkha'i mdzod las bsgyur ba'i yi ge pa ni sbrul ba'i sku lung rtogs rgya mtsho'o/_/dge'o/_/dge'o/_/dge'o// | ||