TTDL-ZABTER-18-TSHA-054: Difference between revisions

From Dudjom Wiki
TTDL-ZABTER-18-TSHA-054
No edit summary
No edit summary
 
(One intermediate revision by the same user not shown)
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=རིགས་བརྒྱའི་ཁྱབ་བདག་པདྨ་རྒྱལ་པོ་སོགས་དགེ་ལོར་གདམས་པ།
|fulltitle=rigs brgya'i khyab bdag pad+ma rgyal po sogs dge lor gdams pa
|citation=Khrag 'thung [[Bdud 'joms gling pa]]. ''Rigs brgya'i khyab bdag pad+ma rgyal po sogs dge lor gdams pa''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 18: 189-190. Thimphu, Bhutan: Lama Kuenzang Wangdue, 2004.
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|collectiontitle=bdud 'joms gling pa zab gter
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|tibgenre=Advice - zhal gdams
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|terma=No
|language=Tibetan
|pagestatus=Temporary stub only
|volumenumber=18
|volumenumber=18
|volumeLetter=TSHA
|volnumtib=༡༨
|volyigtib=ཚ
|totalvolumes=21
|textnuminvol=054
|textnuminvol=054
|pagenumbers=189-190
|totalpages=2
|beginfolioline=95a1
|endfolioline=95b3
|totalfolios=1
|multivolumework=No
|rectonotes=zhal gdams
|versonotes=bdud 'joms gsung mgur skor
|colophontib=ཞེས་པ་འདི་ནི་དགེ་ལོའི་ངོར་བདུད་འཇོམས་པས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།
|colophonwylie=zhes pa 'di ni dge lo'i ngor bdud 'joms pas so/_/dge'o/_/dge'o/_/dge'o/_/sarba mang+ga laM//
|pdflink=File:TTDL-ZABTER-18-TSHA-054.pdf
|pdflink=File:TTDL-ZABTER-18-TSHA-054.pdf
|authortib=བདུད་འཇོམས་གླིང་པ་
|volumeLetter=TSHA
|InitCategories=Dudjom Tersar Project; TTDL-ZABTER-Volume-18-TSHA
|InitCategories=Dudjom Tersar Project; TTDL-ZABTER-Volume-18-TSHA
}}
}}
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|རིགས་བརྒྱའི་ཁྱབ་བདག་པདྨ་རྒྱལ་པོས་སྐྱོངས། །ཡང་གསང་སྒོར་ཞུགས་སྐྱེས་བུ་དམ་པ་ཁྱོད། །རང་སེམས་ངོ་བོ་གདོད་ནས་རྣམ་པར་དག།ཁྱབ་བརྡལ་ནམ་མཁའི་འཁོར་ཡུག་ཆེན་པོ་ཉིད། །ཆོས་སྐུ་བྱ་བྲལ་ཀློང་ཆེན་རོལ་པ་སྟེ། །ད་ལྟའི་ཤེས་པ་སྤྲོས་བྲལ་རྒྱ་ཡན་པ། །ངོ་ཤེས་རང་སོར་བཞག་པ་ཤེས་རབ་སྤྱན། །དེ་ལ་ལྟ་སྒོམ་འཛིན་རྩོལ་བློས་བྱས་ཆོས། །བྲལ་བའི་བྱ་བྲལ་ངང་ལ་ཡན་གྱུར་པ། །རིག་པའི་ཡེ་ཤེས་བརྗོད་དུ་མེད་པ་ཡིན། །བདེ་གཤེགས་ཀུན་གྱི་བགྲོད་པ་བླ་ན་མེད། །འདི་མཐོང་རྣལ་འབྱོར་ཡང་དག་ལམ་དུ་ཚུད། །དེ་ལས་ཆོས་ཟབ་ཚོལ་བ་ཤིན་ཏུ་འཁྲུལ། །ད་ནི་ལྟ་སྒོམ་སྤྱོད་པ་ཟུར་ཙམ་བཤད། །དུས་གསུམ་རྒྱལ་བ་མ་ལུས་བྱང་ཆུབ་སེམས། །ཁས་གསུམ་འཁོར་བའི་ཆོས་ཀྱང་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལ་སྐྱེ་འཆི་བསྒྲེས་རྒུད་མེད། །ཡུལ་མེད་ཀློང་ཆེན་ངང་མཐོང་ལྟ་བ་ལགས། །བྱ་ཞིང་བྱེད་པ་མེད་པའི་ཆོས་ཉིད་ལ། །སྤྲོས་བཅས་བློ་ཡིས་མ་བསྒྱུར་རང་སར་བཞག།རྣམ་ཐར་སྒོ་གསུམ་ལྡན་པའི་ཆོས་ཉིད་ལ། །མཚན་མའི་གཟེབ་ཀྱིས་མ་བཅིང་སྒོམ་པའི་གནད། །ལུས་གནད་མི་རོ་བཞིན་དུ་ཅི་བདེར་གནས། །ངག་གནད་ལྐུག་པ་ལྟ་བུར་སྨྲ་བརྗོད་སྤང་། །སེམས་གནད་ཡེ་ཡིན་རང་ཡན་ཆེན་པོར་འབྱམས། །རྟག་ཏུ་མཉམ་བཞག་གནད་འདི་བརྟེན་པ་གལ། །ཟ་ཉལ་སྤྱོད་འགྲོས་གང་གི་སྐབས་སུ་ཡང་། །གུ་ཡང་བློ་བདེར་ཡན་པ་སྤྱོད་པའི་གནད། །འདི་ལྟར་དུས་དང་རྣམ་པ་ཐམས་ཅད་དུ། །ངེས་པར་ལྷུར་ལེན་བྱེད་པའི་སྐྱེས་བུ་ནི། །ཚེ་གཅིག་སངས་རྒྱས་འགྲུབ་པར་གདོན་མི་ཟ། །མ་ནུས་རྒན་པོའི་སྙིང་གཏམ་གཏན་ཚིག་ཡིན། །ཞེས་པ་འདི་ནི་དགེ་ལོའི་ངོར་བདུད་འཇོམས་པས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །། }}
{{TibP|༄༅།  །རིགས་བརྒྱའི་ཁྱབ་བདག་པདྨ་རྒྱལ་པོས་སྐྱོངས། །ཡང་གསང་སྒོར་ཞུགས་སྐྱེས་བུ་དམ་པ་ཁྱོད། །རང་སེམས་ངོ་བོ་གདོད་ནས་རྣམ་པར་དག །ཁྱབ་བརྡལ་ནམ་མཁའི་འཁོར་ཡུག་ཆེན་པོ་ཉིད། །ཆོས་སྐུ་བྱ་བྲལ་ཀློང་ཆེན་རོལ་པ་སྟེ། །ད་ལྟའི་ཤེས་པ་སྤྲོས་བྲལ་རྒྱ་ཡན་པ། །ངོ་ཤེས་རང་སོར་བཞག་པ་ཤེས་རབ་སྤྱན། །དེ་ལ་ལྟ་སྒོམ་འཛིན་རྩོལ་བློས་བྱས་ཆོས། །བྲལ་བའི་བྱ་བྲལ་ངང་ལ་ཡན་གྱུར་པ། །རིག་པའི་ཡེ་ཤེས་བརྗོད་དུ་མེད་པ་ཡིན། །བདེ་གཤེགས་ཀུན་གྱི་བགྲོད་པ་བླ་ན་མེད། །འདི་མཐོང་རྣལ་འབྱོར་ཡང་དག་ལམ་དུ་ཚུད། །དེ་ལས་ཆོས་ཟབ་ཚོལ་བ་ཤིན་ཏུ་འཁྲུལ། །ད་ནི་ལྟ་སྒོམ་སྤྱོད་པ་ཟུར་ཙམ་བཤད། །དུས་གསུམ་རྒྱལ་བ་མ་ལུས་བྱང་ཆུབ་སེམས། །ཁས་གསུམ་འཁོར་བའི་ཆོས་ཀྱང་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལ་སྐྱེ་འཆི་བསྒྲེས་རྒུད་མེད། །ཡུལ་མེད་ཀློང་ཆེན་ངང་མཐོང་ལྟ་བ་ལགས། །བྱ་ཞིང་བྱེད་པ་མེད་པའི་ཆོས་ཉིད་ལ། །སྤྲོས་བཅས་བློ་ཡིས་མ་བསྒྱུར་རང་སར་བཞག །རྣམ་ཐར་སྒོ་གསུམ་ལྡན་པའི་ཆོས་ཉིད་ལ། །མཚན་མའི་གཟེབ་ཀྱིས་མ་བཅིང་སྒོམ་པའི་གནད། །ལུས་གནད་མི་རོ་བཞིན་དུ་ཅི་བདེར་གནས། །ངག་གནད་ལྐུག་པ་ལྟ་བུར་སྨྲ་བརྗོད་སྤང་། །སེམས་གནད་ཡེ་ཡིན་རང་ཡན་ཆེན་པོར་འབྱམས། །རྟག་ཏུ་མཉམ་བཞག་གནད་འདི་བརྟེན་པ་གལ། །ཟ་ཉལ་སྤྱོད་འགྲོས་གང་གི་སྐབས་སུ་ཡང་། །གུ་ཡང་བློ་བདེར་ཡན་པ་སྤྱོད་པའི་གནད། །འདི་ལྟར་དུས་དང་རྣམ་པ་ཐམས་ཅད་དུ། །ངེས་པར་ལྷུར་ལེན་བྱེད་པའི་སྐྱེས་བུ་ནི། །ཚེ་གཅིག་སངས་རྒྱས་འགྲུབ་པར་གདོན་མི་ཟ། །མ་ནུས་རྒན་པོའི་སྙིང་གཏམ་གཏན་ཚིག་ཡིན། །ཞེས་པ་འདི་ནི་དགེ་ལོའི་ངོར་བདུད་འཇོམས་པས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 15:30, 9 September 2024

Wylie title rigs brgya'i khyab bdag pad+ma rgyal po sogs dge lor gdams pa TTDL-ZABTER-18-TSHA-054.pdf
Location bdud 'joms gling pa zab gter
Volume 18, Text 54, Pages 189-190 (Folios 95a1 to 95b3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Rigs brgya'i khyab bdag pad+ma rgyal po sogs dge lor gdams pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: 189-190. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zhal gdams   Verso: bdud 'joms gsung mgur skor
More details More details
Genre Advice - zhal gdams
Colophon

ཞེས་པ་འདི་ནི་དགེ་ལོའི་ངོར་བདུད་འཇོམས་པས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di ni dge lo'i ngor bdud 'joms pas so/_/dge'o/_/dge'o/_/dge'o/_/sarba mang+ga laM//

[edit]
༄༅། །རིགས་བརྒྱའི་ཁྱབ་བདག་པདྨ་རྒྱལ་པོས་སྐྱོངས། །ཡང་གསང་སྒོར་ཞུགས་སྐྱེས་བུ་དམ་པ་ཁྱོད། །རང་སེམས་ངོ་བོ་གདོད་ནས་རྣམ་པར་དག །ཁྱབ་བརྡལ་ནམ་མཁའི་འཁོར་ཡུག་ཆེན་པོ་ཉིད། །ཆོས་སྐུ་བྱ་བྲལ་ཀློང་ཆེན་རོལ་པ་སྟེ། །ད་ལྟའི་ཤེས་པ་སྤྲོས་བྲལ་རྒྱ་ཡན་པ། །ངོ་ཤེས་རང་སོར་བཞག་པ་ཤེས་རབ་སྤྱན། །དེ་ལ་ལྟ་སྒོམ་འཛིན་རྩོལ་བློས་བྱས་ཆོས། །བྲལ་བའི་བྱ་བྲལ་ངང་ལ་ཡན་གྱུར་པ། །རིག་པའི་ཡེ་ཤེས་བརྗོད་དུ་མེད་པ་ཡིན། །བདེ་གཤེགས་ཀུན་གྱི་བགྲོད་པ་བླ་ན་མེད། །འདི་མཐོང་རྣལ་འབྱོར་ཡང་དག་ལམ་དུ་ཚུད། །དེ་ལས་ཆོས་ཟབ་ཚོལ་བ་ཤིན་ཏུ་འཁྲུལ། །ད་ནི་ལྟ་སྒོམ་སྤྱོད་པ་ཟུར་ཙམ་བཤད། །དུས་གསུམ་རྒྱལ་བ་མ་ལུས་བྱང་ཆུབ་སེམས། །ཁས་གསུམ་འཁོར་བའི་ཆོས་ཀྱང་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལ་སྐྱེ་འཆི་བསྒྲེས་རྒུད་མེད། །ཡུལ་མེད་ཀློང་ཆེན་ངང་མཐོང་ལྟ་བ་ལགས། །བྱ་ཞིང་བྱེད་པ་མེད་པའི་ཆོས་ཉིད་ལ། །སྤྲོས་བཅས་བློ་ཡིས་མ་བསྒྱུར་རང་སར་བཞག །རྣམ་ཐར་སྒོ་གསུམ་ལྡན་པའི་ཆོས་ཉིད་ལ། །མཚན་མའི་གཟེབ་ཀྱིས་མ་བཅིང་སྒོམ་པའི་གནད། །ལུས་གནད་མི་རོ་བཞིན་དུ་ཅི་བདེར་གནས། །ངག་གནད་ལྐུག་པ་ལྟ་བུར་སྨྲ་བརྗོད་སྤང་། །སེམས་གནད་ཡེ་ཡིན་རང་ཡན་ཆེན་པོར་འབྱམས། །རྟག་ཏུ་མཉམ་བཞག་གནད་འདི་བརྟེན་པ་གལ། །ཟ་ཉལ་སྤྱོད་འགྲོས་གང་གི་སྐབས་སུ་ཡང་། །གུ་ཡང་བློ་བདེར་ཡན་པ་སྤྱོད་པའི་གནད། །འདི་ལྟར་དུས་དང་རྣམ་པ་ཐམས་ཅད་དུ། །ངེས་པར་ལྷུར་ལེན་བྱེད་པའི་སྐྱེས་བུ་ནི། །ཚེ་གཅིག་སངས་རྒྱས་འགྲུབ་པར་གདོན་མི་ཟ། །མ་ནུས་རྒན་པོའི་སྙིང་གཏམ་གཏན་ཚིག་ཡིན། །ཞེས་པ་འདི་ནི་དགེ་ལོའི་ངོར་བདུད་འཇོམས་པས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།