DJYD-KABUM-24-YA-035: Difference between revisions

From Dudjom Wiki
DJYD-KABUM-24-YA-035
No edit summary
No edit summary
 
(One intermediate revision by the same user not shown)
Line 34: Line 34:




༄༅།  །ཆོས་གྲོགས་རྣམ་པ་ཚོ་ལ་ངས་ལོ་རྒྱུས་གནད་དོན་མདོར་བསྡུས་ཤིག་ཞུ་ན།    ད་ཆ་ང་རང་ཚོས་ཚུགས་པའི་བཀའ་ཆོས་འདི་ལ་རྙིང་མ་བཀའ་མའི་ཆོས་སྐོར་ཟེར་བ་རེད།  བར་ལམ་མི་ཁ་ཤས་ནས་བཀའ་མ་ཟེར་བ་བཀའ་བརྒྱུད་པའི་ཆོས་རེད་དམ་ཞེས་འདྲི་མཁན་འདྲ་བྱུང་།  དེ་འདྲ་མ་རེད།    སྤྱིར་རྙིང་མ་དང་གསར་མ་ཟེར་བ་དེ་བོད་དུ་དམ་ཆོས་བསྒྱུར་སྔ་ཕྱིའི་བབས་ཀྱིས་མིང་ཐོགས་པ་ལས་རྒྱ་གར་དུ་དེ་འདྲའི་ཐ་སྙད་ཡོད་པ་མ་རེད།    བོད་དུ་བསྟན་པ་སྔ་དར་ཆོས་རྒྱལ་ཁྲི་སྲོང་ཡབ་སྲས་ཀྱི་དུས་སུ།    རྒྱ་གར་གྱི་པཎྜི་ཏ་མཁན་ཆེན་ཞི་བ་འཚོ།  །(2ན)སློབ་དཔོན་ཆེན་པོ་པདྨ་འབྱུང་གནས།   པཎ་ཆེན་བི་མ་ལ་སོགས་དང་།  ལོ་ཙཱ་བ་བཻ་རོ་སྐ་ཅོག་རྨ་གཉགས་སོགས་ལོ་པཎ་བརྒྱ་རྩ་ཞལ་འཛོམ་པས་མདོ་སྔགས་ཀྱི་ཆོས་མང་པོ་བསྒྱུར་ཏེ་འཆད་ཉན་སྒོམ་སྒྲུབ་ཀྱིས་གཏན་ལ་ཕབ་པ་རྣམས་ལ་སྔ་འགྱུར་རྙིང་མ་ཟེར་བ་རེད།  དེ་རྗེས་གླང་དར་གྱིས་བསྟན་པ་བསྣུབས་ནས་བོད་ཆོས་རྒྱལ་གྱི་རྒྱལ་ས་འཐོར།    རྒྱལ་བརྒྱུད་སྟོད་མངའ་རིས་ཕྱོགས་སུ་ཆགས་པ་ལྷ་བླ་མ་ཡེ་ཤེས་འོད་སྐུ་མཆེད་ཀྱི་དུས་ཙམ་ནས་ལོ་ཙཱ་བ་རིན་ཆེན་བཟང་པོ་སོགས་ཀྱིས་འགྱུར་འགོ་གསར་དུ་བཙུགས་ནས་(2བ)བསྒྱུར་བ་མན་ཆད་ཀྱི་ཆོས་ཐམས་ཅད་ལ་གསར་མ་ཟེར་བ་རེད།   དེང་སང་ཁ་ཤས་ཀྱིས་རྙིང་མ་བ་ལ་མདོ་དང་།  གསར་མ་བ་ལ་སྔགས་མེད་པ་ལྟ་བུར་ངོས་འཛིན་མཁན་འདྲ་ཡང་འདུག་སྟེ་དེ་ཚོ་ནི་ཆོས་ལ་རྒྱུས་མེད་ཅིང་ཐོས་པ་ཆུང་བའི་སྐྱོན་རེད།  གསར་རྙིང་གང་ལའང་མདོ་སྔགས་ཀྱི་ལམ་ཆ་ཚང་བར་ཡོད་པ་རེད།  ཡང་བར་ལམ་མཁས་རློམ་ལོག་རྟོག་ཅན་འགའ་ཞིག་ནས་རྙིང་མ་བའི་ཆོས་ལ་ཁུངས་མེད།  གླང་དར་དུས་ནས་ཉམས་ཚར་བ་རེད།    དེང་སང་ཡོད་པའི་བཀའ་གཏེར་གྱི་ཆོས་རྣམས་རང་བཟོ་འབའི་ཞིག་རེད་ཅེས་ཡ་ག་བསྒྲགས་པ་ལ་བརྟེན་ཐོས་ཆུང་གི་བླུན་པོ་ཁ་ཅིག་དེ་འདྲ་བདེན་པ་མིན་ནམ་སྙམ་པའི་དོགས་པ་སྐྱེ་མཁན་ཡང་བྱུང་ཡོད་པ་རེད།  དེ་འདྲ་གཏན་ནས་མ་རེད།  སྤྱིར་གླང་དར་མས་བསྟན་པ་བསྣུབས་དུས་རབ་བྱུང་བཙུན་པའི་སྡེ་རྣམས་རྩ་མེད་དུ་བཏང་བ་ལས།  སྔགས་པ་རྣམས་གནུབས་ཆེན་གྱི་ནུས་པ་ལ་འཇིགས་ཏེ་མ་སྐྱོན་ཅིང་།    ཕལ་ཆེར་ཞིག་ནི་ཕྱི་རུ་རབ་བྱུང་གི་རྟགས་མེད་པས་རྒྱུད་ལ་ཆོས་ཡོད་པར་མ་ཤེས་ནས་བཞག  །ཁྱིམ་སྔགས་གོས་དཀར་ཅན་རྣམས་ནས་(3)མདོ་རྒྱུད་ཀྱི་གླེགས་བམ་རྣམས་ལེགས་པར་བསྲུངས་ཤིང་འཆད་ཉན་སྒོམ་སྒྲུབ་ཀྱིས་གསང་སྔགས་བསྟན་པའི་སྲོག་རྩ་བཟུང་བའི་བཀའ་དྲིན་ལ་བརྟེན་གསང་རྒྱུད་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འདི་རྣམས་དུས་ད་ལྟའི་བར་དུ་མཇལ་ཞིང་ལོངས་སྤྱོད་དུ་ཡོད་པ་འདི་བྱུང་བ་རེད།   གླང་དར་བཀྲོངས་རྗེས་སྔར་བསྟན་པ་བསྣུབས་སྐབས་མཁན་ཆེན་ཞི་འཚོའི་སློབ་མ་སྨར་གཡ་གཙང་གསུམ་བྲོས་ཏེ་བཞུགས་པ་ལས་བླ་ཆེན་དགོངས་པར་རབ་གསལ་དང་དབུས་གཙང་གི་མི་བཅུས་འདུལ་བའི་སྡོམ་རྒྱུན་བླངས་ཏེ་བོད་དུ་བསྟན་པ་ཕྱི་དར་གྱི་འགོ་ཚུགས།  དེ་ནས་མི་རིང་བར་ལོ་ཆེན་རིན་ཆེན་བཟང་པོ་སོགས་གསར་མའི་ལོ་ཙཱ་བ་རྣམས་རིམ་པར་བྱོན་ཏེ།    བཀའ་གདམས།    ས་སྐྱ།  བཀའ་བརྒྱུད་སོགས་ཀྱི་བསྟན་པ་རིམ་པར་དར་ཞིང་།  བཀའ་གདམས་པའི་སློབ་བརྒྱུད་ལས་འཇམ་མགོན་ཙོང་ཁ་པ་བྱོན་ཏེ་རི་བོ་དགའ་ལྡན་པའི་རིང་ལུགས་བྱུང་།  ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་ཚེའི་སྨད་ཙམ་ནས་རྙིང་མའི་གཏེར་སྟོན་རྣམས་ཀྱང་རིམ་པར་བྱོན་པ་རེད།  དེ་ལྟར་རང་རེ་རྙིང་མ་བའི་ཆོས་ལ་དབྱེ་ན།    རིང་བརྒྱུད་(3བ)བཀའ་མ་དང་།   ཉེ་བརྒྱུད་གཏེར་མ་གཉིས་ཡོད།  དེའང་ཀུན་ཏུ་བཟང་པོ་ནས་ད་ལྟའི་རྩ་བའི་བླ་མའི་བར་དུ་བརྒྱུད་པ་ཟམ་མ་ཆད་པར་ཞལ་ནས་སྙན་དུ་བརྒྱུད་པའི་ཆོས་རྣམས་ལ་རིང་བརྒྱུད་བཀའ་མ་ཟེར།  འདི་ལ་མདོ་སྒྱུ་སེམས་གསུམ་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་བཤད་བཀའ་རྒྱུད་ལུང་མན་ངག་ཟབ་ཅིང་རྒྱ་ཆེ་བ་བཞུགས་པ་ཡིན།    དཔེར་ན་རྙིང་རྒྱུད་སྤར་དུ་འཁོད་པའི་ནང་དུ་རྒྱུད་འདྲ་མིན་བཞི་བརྒྱ་བཞི་བཅུ་ལྷག་ཙམ་ཡོད་ཅིང་།  སྤར་དུ་མ་འཁོད་པའང་ཤིན་ཏུ་མང་པོ་ཡོད།  གུ་རུ་རིན་པོ་ཆེས་དུས་ངན་སྙིགས་མའི་བསྟན་འགྲོའི་གསོས་སྨན་དུ་བརྩེ་བས་དགོངས་ཏེ་གངས་བྲག་མཚོ་གསུམ་རྣམས་སུ་ཆོས་ནོར་དམ་རྫས་ལ་སོགས་པའི་གཏེར་ཁ་བསམ་གྱིས་མི་ཁྱབ་པ་སྦས་པར་མཛད་པ་ཉིད་དུས་ལ་བབས་པའི་སྐབས་སོ་སོར་སྤྲུལ་པའི་གཏེར་སྟོན་རྣམས་ཀྱིས་རིམ་བཞིན་གཏེར་སྒོ་ཕྱེས་ཏེ་སྤེལ་བའི་ཆོས་རྣམས་ལ་ཉེ་བརྒྱུད་གཏེར་མ་ཟེར།    འདི་ལའང་བཀའ་དགོངས་ཕུར་གསུམ་གཙོ་བོར་གྱུར་པའི་བསྐྱེད་རྫོགས་སྒྲུབ་ཕྲིན་མན་ངག་ལས་ཚོགས་བསམ་གྱིས་མི་ཁྱབ་པ་ཡོད་ཅིང་།  སྔ་ནས་ད་བར་གཏེར་ཆེན་བརྒྱ་རྩ་དང་གཏེར་(4ན)ཕྲན་སྟོང་རྩ་ལྷག་བྱོན་ཟིན་པ་རེད།   བཀའ་མའི་སྐོར་འདི་ལ་མདོ་ཕྱོགས་ནས་སོ་ཐར་དང་བྱང་སེམས།    སྔགས་ཕྱོགས་ནས་བྱ་སྤྱོད་རྣལ་འབྱོར་རྒྱུད་དང་།    གཙོ་བོར་བླ་མེད་ལ་རྙིང་མའི་རང་སྐད་ནང་རྒྱུད་སྡེ་གསུམ་དུ་ཕྱེ་བའི།  རྒྱུད་མ་ཧཱ་ཡོ་ག་ལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་སོགས་སྤྱི་རྒྱུད་དང་བྱེ་བྲག་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་དང་འབྲེལ་བའི་དཀྱིལ་འཁོར་སོ་སོ།  ལུང་ཨ་ནུ་ཡོ་ག་ལ་ཐེག་པ་རིམ་པ་དགུ་དང་འབྲེལ་བའི་འདུས་པ་མདོ་ཚོགས་ཆེན་འདུས་པའི་དཀྱིལ་འཁོར།  མན་ངག་ཨ་ཏི་ཡོ་ག་ལ་ནང་གསེས་གསུམ་དུ་དབྱེ་བས།    ཕྱི་སྐོར་སེམས་སྨད་མ་བུ་བཅོ་བརྒྱད།    ནང་སྐོར་ཀློང་སྡེ་རྡོ་རྗེ་ཟམ་པ།  གསང་སྐོར་རྒྱུད་བཅུ་བདུན་གྱི་སྐོར་སོགས་མང་པོ་ཞིག་ཡོད་པ་རེད།    དེས་ན་རྙིང་མ་བའི་མཚན་གཞི་བཀའ་མ་འདི་རང་ལ་ཐུག་པ་ཡིན་སྟབས་སྔར་བོད་དུ་དར་རྒྱས་ཇི་ལྟར་བྱུང་བ་དང་།  བཀའ་བབས་བརྒྱུད་འཛིན་རྣམས་ཀྱི་ཆེ་བའི་ཡོན་ཏན་སོགས་སྔ་འགྱུར་ཆོས་འབྱུང་ལོ་རྒྱུས་རྣམས་ལ་གཟིགས་ན་མཁྱེན་གྱི་རེད།  གོང་སྨོས་དཀྱིལ་འཁོར་སྒྲུབ་ཁག་སོ་སོའི་(4བ)ཆོག་གྲྭ།   སྒྱུ་འཕྲུལ་གསང་བ་སྙིང་པོའི་བཤད་ཁྲིད་སོགས་མདོར་ན་བཤད་སྒྲུབ་གཉིས་ཀྱི་ཕྲིན་ལས་ད་ལྟའི་བར་དུ་མ་ཉམས་པར།  སྟོད་ན་རྡོར་སྨིན་གཉིས།    སྨད་ན་ཀཿ དཔལ་གཉིས།    བར་ན་ཞེ་རྫོགས་གཉིས་སོགས་རྙིང་དགོན་ཕལ་མོ་ཆེར་དར་རྒྱས་སུ་བཞུགས་བཞིན་པ་ཡིན་ནའང་།  དེང་སང་སྨོན་ལོག་ཀླ་ཀློའི་དཔུང་སྟོབས་མི་བཟད་པར་བདོ་བས་ཁམས་བོད་གཉིས་ཀྱི་བསྟན་དགོན་བསྟན་འཛིན་གྱི་སྡེ་དང་བཅས་པ་ཇི་ཡོད་རྩ་བརླག་ཏུ་བཏང་སྟེ་ཐ་ན་དཔེ་རྒྱུན་ཙམ་ཡང་མ་ལུས་པའི་དུས་བསྐལ་ངན་པ་འདི་འདྲ་ཞིག་ཤར་བ་རེད།    འོན་ཀྱང་བོད་ཀྱི་ཟིང་འཁྲུགས་རྗེས་སུ་ངེད་ལ་པདྨ་བཀོད་དུ་ཡོད་པའི་དཔེ་ཆ་འདི་ཉིད་འབད་པ་དུ་མས་བླངས་ཏེ་རྒྱ་གར་ས་ཐོག་ཏུ་འབྱོར་ཞིང་།  དེར་བརྟེན་ཞྭ་དེའུ་འཁྲུལ་ཞིག་སྤྲུལ་སྐུ་རིན་པོ་ཆེ་ནས་བསྟན་རྒྱུན་རང་ལ་ཐུགས་འཁུར་ཆེ་བཞེས་ཀྱིས་ངེད་ལ་དབང་ལུང་ཡོངས་རྫོགས་ཅི་ནས་འཆད་སྤེལ་དགོས་ཞེས་སྔ་མོ་ནས་ཡང་ཡང་གསུང་བསྐུལ་གནང་བ་དང་།    ཉེ་ཆར་སྐུ་ངལ་འཛེམ་མེད་ཀྱིས་ཤར་ཁུམ་ཕྱོགས་ནས་འདི་གར་ཆེད་ཕེབས་ཐོགས་མཆོད་སྦྱིན་གྱི་བདག་རྐྱེན་མཛད་པ་བཅས་ཀྱིས་ད་(5ན)ལམ་བཀའ་མའི་དབང་ལུང་ཡོངས་རྫོགས་འཆད་སྤེལ་ཐུབ་པ་འདིའང་དུས་ངན་འདི་འདྲ་ལ་དཔགས་ན་རང་རེའི་བསྟན་རྒྱུན་སྲོག་རྩ་ཆད་དུ་འགྲོ་མ་དགོས་ཙམ་བྱུང་སོང་བས་ངེད་རམ་རྣམས་དགའ་བ་བསྒོམ་འོས་པ་ཞིག་ཀྱང་རེད།   སྔར་རང་ལོ་ཉི་ཤུ་པའི་ཐོག་སྨིན་གྲོལ་གླིང་དུ་བཀའ་མའི་ཆོས་སྐོར་འདི་དང་བཀའ་དགོངས་སོགས་ཀྱི་དབང་ཁྲིད་ལྗགས་ལུང་མང་ཞིག་ཞུས་སྐབས་མཁན་གཅུང་རྣམ་གཉིས་གཙོས་པའི་གསན་མཁན་བླ་སྤྲུལ་མང་པོ་ཡོད་གྲལ་ནས།    མཁན་ཆེན་རྡོ་རྗེ་འཆང་ཆེན་པོས་ཕྲན་ལ་དམིགས་བསལ་དུ་ད་ལམ་བཀའ་གཏེར་གཙོ་ཆེ་བའི་དབང་ལུང་མན་ངག་ཆ་ཚང་བཀའ་རྫོགས་ལུང་རྫོགས་སུ་བགྱིས་པ་ཡིན།  ད་ནི་རྙིང་མ་བའི་བསྟན་པ་ཁྱེད་རང་གིས་འཛིན་དགོས་པ་ཡིན་པས་བཀའ་གཏེར་ཆོས་སྐོར་འདི་རྣམས་ཀྱི་དཔེ་ཆ་ཞིག་ངེས་པར་ཚགས་གྱིས་ལ་འཆད་སྤེལ་མ་འཆུག་ཅེས་ཡང་ཡང་བཀའ་སྩལ་པ་དེང་སང་བསམ་བློ་བཏང་ན་ཕྱི་མཐའ་གཟིགས་པའི་གསུང་དུ་གོ  །ཡང་རྗེ་ཕུག་སྤྲུལ་རིན་པོ་ཆེ་ལས་གཏེར་མཛོད་ཞུས་སྐབས་ཕྲན་ལ་ཞལ་རྩེད་ཀྱི་ཚུལ་དུ་འཇམ་མགོན་རྣམ་གཉིས་ཀྱི་ཞལ་(5བ)སློབ་གྲལ་ནས་དེ་སྔོན་གཏེར་མཛོད་ཚར་ལྔ་འདོན་མཁན་ང་ལས་མ་བྱུང་།   ད་ཁྱེད་ཀྱིས་ཚར་བཅུ་གསུང་གི་རེད་ཨ་ཞེས་གསུངས་ཀྱིན་ཡོད།  རང་གིས་ནི་དེ་འདྲ་ཅི་ལ་སྲིད་སྙམ་པ་ལས་དོགས་སྣང་མ་བྱུང་ཡང་ད་ལྟ་བསམ་ན་མི་འདོད་བཞིན་དུ་གཏེར་མཛོད་ཚར་དགུ་འདོན་རྒྱུ་བྱུང་སོང་བས་དེའང་མཁྱེན་པས་གཟིགས་པ་འདྲ།    དེས་ན་ཕ་རྒན་ང་ལ་གཞན་པའི་ཡོན་ཏན་སྣེ་གཅིག་མེད་ཀྱང་རྩ་བའི་བླ་མ་འདི་རྣམས་མཁས་གྲུབ་གཉིས་ལྡན་པད་འབྱུང་མི་གཟུགས་སུ་བྱོན་པ་ཤ་སྟག་ཡིན།  རང་ནས་ཀྱང་དངོས་སུ་བླ་མ་རྣམས་ཀྱི་ཐུགས་དང་འགལ་བའི་བྱ་བ་ཕྲ་མོ་ཙམ་ལྟ་ཅི།  ཐ་ན་བྱ་བ་དེ་ནི་མ་འོས་སོ་སྙམ་དུ་དགོངས་པའི་ཐུགས་ཞེ་ཁྲེལ་བ་ཙམ་གྱི་ཉམས་ཆག་བསགས་མ་མྱོང་བ་འདི་ངའི་ཡོན་ཏན་གྱི་གཙོ་བོ་ཡིན་ཅིང་།  དེང་སང་བརྒྱུད་པ་གཙང་མ་ང་ཙམ་དཀོན་ནམ་སྙམ་པའི་རང་མཐོང་གི་ང་རྒྱལ་ཕྲན་བུའང་སྐྱེ་ཡི་འདུག  །ད་ཆ་དབང་ལུང་གསན་མཁན་མི་གྲངས་ཉིས་སྟོང་ལྷག་ཙམ་ཞིག་འདུག་པ་ལས།  སྤྲུལ་སྐུ་རྐྱང་པ་སུམ་ཅུ་སོ་བདུན་དང་།  མཁན་པོ་སློབ་དཔོན་སོགས་ཁྱོན་བླ་ཁག་དྲུག་ཅུ་སྐོར་དང་།  མང་(6ན)ཤོས་ནི་དགེ་འདུན་བན་བཙུན་སྔགས་པ་སོགས་ཆོས་པ་ཤ་སྟག་རེད།   དེ་བྱིང་མི་སྐྱ་ཕོ་མོའང་དེའི་བཞི་ཆ་ཙམ་ཡོད་པ་འདྲ།  སྔ་དུས་ཡིན་ན་གསང་སྔགས་ཀྱི་དབང་ཟབ་མོ་འདི་དག་ཉམས་སུ་ལེན་ངེས་དང་དམ་ཚིག་ཐུབ་ངེས་གྲངས་བཅད་མཛད་པ་ལས་ཁྱབ་བརྡལ་དུ་སྤེལ་བའི་ཕྱག་སྲོལ་མེད།  དེང་སང་འདུལ་བ་ཡུལ་ཆོས་དང་བསྟུན་ཟེར་བའི་དཔེ་ལྟར་དབང་ཞུ་རྒྱུ་འདི་ལ་ཐ་ན་བྱིས་པ་ཚུན་ཆད་ཀྱིས་དགའ་པོ་བྱེད་ཀྱིན་འདུག་ཅིང་།  དབང་གྲལ་ནས་ཕུད་ན་དགའ་པོ་བྱེད་མཁན་སུ་ཡང་མི་འདུག  །ཉམས་ལེན་ནུས་སམ་མི་ནུས་འདྲི་རྩད་བགྱིས་ཚེ་སྐབས་དེར་ཚང་མས་ཉམས་ལེན་ངས་བྱེད་ཁོས་བྱེད་ཟེར་ཡང་རྗེས་སུ་ཉམས་ལེན་ངེས་པར་བྱེད་པ་ནི་སུས་ཀྱང་དཀའ་ལས་ཁག  །མི་ནུས་བཞིན་དུ་ཁས་ལེན་དུ་འཇུག་པ་ནི་འདིའང་ཉམས་ཆག་གསོག་པའི་རྒྱུད་དང་རང་གཞན་ཟག་པ་གསོག་རོགས་ལས་ཡོང་གི་མི་འདུག  །སྙིང་ནས་ལོག་ལྟ་ཅན་ཚོ་ལ་ནི་དབང་ཞུ་རོགས་བྱས་ཀྱང་མི་ཡོང་།  དེས་ན་ཕྱིས་སུ་དབང་ཞུ་འདུས་པ་སུ་བྱུང་ཚད་ཐམས་ཅད་དད་མོས་ཅན་གྱི་གདུལ་བྱར་ངོས་བཟུང་སྟེ་དབང་བསྐུར་(6བ)རྐྱང་བྱེད་ཀྱིན་ཡོད།   སྤྱིར་ཡང་ཟླ་བ་སྒྲོན་མེའི་མདོ་ལས་གསུངས་པ་ལྟར་འགྲོ་བ་ཀུན་གྱི་རྒྱུད་ལ་བདེ་གཤེགས་སྙིང་པོས་ཁྱབ་ཕྱིར་སྣོད་དུ་མ་གྱུར་པ་མེད་པའི་སེམས་བསྐྱེད་ཀྱིས་ཟིན་པར་བྱས་ཤིང་།    བླུན་པོ་རྣམས་ནི་རང་གསང་ཐབས་ཀྱིས་ཆོད་པ་ཡིན་སྟབས་གསང་སྔགས་ཁྲོམ་བསྒྲགས་བྱས་པའི་ཉེས་པ་མི་འབྱུང་སྙམ་པ་ཡིན།  དབང་དངོས་ནས་དེ་ནི་དབང་ཚིག་རེ་རེ་བཞིན་གྱི་གོ་བརྡ་འཕྲོད་ངེས་སྒོམ་དོན་བློ་ལ་གསལ་ཐེབས་ངེས་ཞིག་དགོས་རྒྱུ་ལས་དོན་གང་ཡང་མ་གོ་བར་དབང་རྫས་བུམ་པ་མགོ་ལ་རེག་ཙམ་བུམ་ཆུ་མྱང་ཙམ་རྐྱང་པས་རྒྱུད་སྨིན་ཐུབ་ཟེར་བ་དཀའ་པོ་རེད།    འོན་ཀྱང་གསང་སྔགས་ཀྱི་རྩ་བ་དག་སྣང་ཡིན་པས་བླ་མ་འདི་དཀྱིལ་འཁོར་གྱི་གཙོ་བོ་དངོས་སུ་བཞེངས་པ་རེད།  དབང་རྫས་འདི་བྱིན་གྱིས་བརླབས་པའི་བདུད་རྩི་དངོས་ཡིན་སྙམ་དུ་དག་སྣང་དང་མོས་གུས་ཐེ་ཚོམ་མེད་པར་བསྐྱེད་ན།  སྔགས་ཀྱི་དཀྱིལ་འཁོར་མཐོང་བ་དང་།  ལྷའི་མཚན་ཐོས་པ་ཙམ་ལའང་ཕན་ཡོན་ཚད་མེད་པར་གསུངས་ཕྱིར་དབང་གི་བྱིན་རླབས་རྗེས་མཐུན་རེ་ངེས་པར་ཐོབ་ཀྱི་རེད།  དབང་ཞུས་ཟིན་ནས་དམ་(7ན)ཚིག་བསྲུང་དགོས་པ་ཡིན།   གསང་སྔགས་ཀྱི་དམ་ཚིག་ནི་སྦྲུལ་སྨྱུག་དོང་དུ་བཅུག་པ་ལྟར་དམ་ཚིག་མ་ཉམས་ན་ཡར་གྱི་ཟང་ཐལ་ཞིང་ཁམས་དང་།    དམ་ཚིག་ཉམས་ན་མར་གྱི་ཟང་ཐལ་དམྱལ་བ་གཉིས་ལས།  བར་དུ་འགྲོ་སའི་ལམ་ཁ་གསུམ་པ་ཞིག་ཡོད་པ་མ་རེད།    དམ་ཚིག་བསྲུང་ཞིང་ཆོས་བསྒྲུབ་དགོས་པ་དེ་རང་དོན་ཡིན་པར་ཤེས་དགོས་ཤིང་།    བསྲུང་བྱའི་དམ་ཚིག་དང་བསྒྲུབ་བྱའི་ཆོས་ལ་རྣམ་གྲངས་ཤིན་ཏུ་མང་བ་ཡོད་ཀྱང་ལག་ལེན་གནད་ཐོག་ཏུ་དྲིལ་ནས་ཉམས་སུ་ལེན་སྟངས་ཤེས་དགོས་པ་རེད།    སྤྱིར་ཡང་རང་རེ་ཆོས་པར་ཁས་འཆེ་བ་རྣམས་ནས་ལག་ལེན་ཆོས་དང་མཐུན་པ་ཞིག་མ་བྱུང་ན་སྐྱོན་མཚང་དེ་ལས་ཆེ་བ་མེད།  དེ་ཡང་བསམ་པ་དང་ལག་ལེན་མ་འཛོལ་བ།  ངོ་ལྐོག་མདུན་རྒྱབ་མཚུངས་པ་ཞིག་དགོས་རྒྱུ་རེད།    ཁ་ནས་སྐྱབས་སུ་མཆི་དང་སྐྱབས་སུ་མཆི།    སྙིང་རྗེ་དང་སྙིང་རྗེ་ཟེར་ཞིང་།  དོན་ལ་དད་པ་དམ་ཚིག་ལས་འབྲས་གང་ལ་ཡང་རྩིས་བཤེར་གཏོང་མི་དགོས་པར་རང་འདོད་གཡོ་སྒྱུའི་འཁྲུལ་འཁོར་ཤ་སྟག་བསྐོར་གྱིན་བསྡད་ན་འགྲིགས་ཀྱི་མ་རེད།    སངས་རྒྱས་ཀྱི་བསྟན་པ་ངོ་(7བ)ཐོག་དེ་ཕྱི་ན་གནས་ཡོད་པ་མ་རེད།   ནང་གང་ཟག་གི་ཤེས་རྒྱུད་ཀྱི་སྟེང་ན་གནས་ཡོད་པ་རེད།  དེས་ན་བདག་ཅག་གི་སྟོན་པའི་ཞལ་ནས།    སྡིག་པ་ཅི་ཡང་མི་བྱ་ཞིང་།    །དགེ་བ་ཕུན་སུམ་ཚོགས་པར་སྦྱར།    །རང་གི་སེམས་ནི་ཡོངས་སུ་འདུལ།    །འདི་ནི་སངས་རྒྱས་བསྟན་པ་ཡིན།    །ཅེས་གསུངས་པས།    དོན་རྡོག་རྡོག་ཏུ་དྲིལ་ན།  བསམ་པ་ཉོན་མོངས་པ་དུག་གསུམ་གྱིས་ཀུན་ནས་བསླངས་པའི་ལས་ཆེ་ཕྲ་ཅི་འདྲ་ཞིག་ཡིན་ཀྱང་སྡིག་པ་ཡིན་པས་སྤང་དགོས།    དེ་སྤང་ན་གཞན་གནོད་གཞིར་བཅས་སྤོང་བ་སོ་ཐར་གྱི་སྡོམ་པ་ཚང་།    བསམ་པ་དུག་གསུམ་དང་མ་འདྲེས་པའི་བྱ་བ་ཆེ་ཕྲ་ཅི་འདྲ་ཞིག་ཡིན་ཀྱང་དགེ་བ་ཡིན་པས་བསྒྲུབ་དགོས།    དེ་བསྒྲུབ་ན་དུག་གསུམ་དང་མ་འདྲེས་ཕྱིན་ཆད་གཞན་ལ་ཕན་འདོད་ཀྱི་བློ་ཞིག་ཀྱང་སྐྱེ་བ་ཡིན་པས་དེས་གཞན་ཕན་གཞིར་བཅས་བསྒྲུབ་པ་བྱང་སེམས་ཀྱི་བསླབ་པ་ཚང་།    བསམ་པ་དགེ་དང་མི་དགེ་ལ་བརྟེན་ནས་དགེ་སྡིག་གི་ལས་འདི་བྱུང་བ་ཡིན་ལ།  དགེ་སྡིག་ཐམས་ཅད་ཀྱི་འབྱུང་ཁུངས་ནི་རང་གི་སེམས་འདི་གཅིག་པུ་ལ་ཐུག་པ་ཡིན་པས།  རང་སེམས་རང་གིས་བསྲུང་ནས་རྒྱུན་དུ་འདུལ་(8ན)དགོས་པ་ཡིན།   རྒྱལ་བའི་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དབྱེ་བར་མཛད་པ་ཐམས་ ཅད་ཀྱང་སེམས་རྒྱུད་གཅིག་པུ་འདི་འདུལ་ཐབས་སུ་བསྟན་པ་རེད།    སེམས་རྒྱུད་གྱོང་པོ་འདི་ཐུལ་ན་ཐ་མལ་གྱི་སྣང་ཞེན་རང་ཤུགས་ཀྱིས་ལྡོག་པར་འགྱུར་ཞིང་དེས་ཅིར་སྣང་དག་པ་རབ་འབྱམས་སུ་འཆར་བའི་རྐྱེན་དུ་འགྲོ་བས་གསང་སྔགས་ཀྱི་དམ་ཚིག་ཀྱང་ཚང་།  གཞན་ཡང་སེམས་རྒྱུད་ཐུལ་ན་བསམ་པ་བཟང་པོ་ཞིག་ཀྱང་སྐྱེ་ནས་འོང་།  བྱང་ཆུབ་ཀྱི་སེམས་ཟེར་བའི་མིང་སྙན་པོ་དེ་བསམ་པ་བཟང་པོ་འདི་ལ་ཟེར་བ་རེད།  ཁྱད་པར་གསང་སྔགས་ཀྱི་དམ་ཚིག་འདི་དམ་ཆོས་འདུལ་བ་ལྟར་ལུས་ངག་གི་བྱ་སྤྱོད་ལ་མ་ལྟོས་པར་སེམས་ཐོག་རང་ནས་འཕྲལ་འཕྲལ་ཉམས་འགྲོ་བ་ཡིན་ཏེ།    དཔེར་ན་རྡོ་རྗེའི་སྤུན་གྲོགས་གཅིག་ལ་སྙིང་ནས་ཞེ་སྡང་དྲག་པོ་ཞིག་སྐྱེས་ན་དེ་མ་ཐག་རྩ་ལྟུང་གསུམ་པ་ཕོག་པ་རེད།  ཡང་ནང་པ་སངས་རྒྱས་པའི་ཆོས་ལུགས་གྲུབ་མཐའ་ཇི་འདྲ་ཞིག་ཡིན་ཀྱང་ལྟ་ཅི་སྨོས།    ཐ་ན་ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའ་ལའང་སྙིང་ནས་སྨོད་ན་རྩ་ལྟུང་དྲུག་པ་ཕོག་པ་རེད།  ཉམས་ཆག་བྱུང་ནས་བཤགས་(8བ)པས་མ་སླེབས་པར་ཡུན་ཇི་ཙམ་འགོར་བ་དེ་ཙམ་དུ་ཉེས་དམིགས་ལྕི་རུ་འགྲོ་བ་ཡིན་པས་གལ་སྲིད་ཉམས་ཆག་ཕྲན་བུ་རེ་བྱུང་ཡང་སྣང་ཆུང་དུ་མ་འཇོག་པར་འཕྲལ་དུ་བཤགས་པ་ལ་འབད་དགོས།   རྩ་བ་གསུམ་གྱི་ལྷ་གང་ཡང་རུང་བའི་དབང་བསྐུར་ཐོབ་ནས་བཟུང་དམ་ཚིག་ཏུ་ལྷ་དེའི་སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་ཡི་དམ་དུ་བྱ་དགོས་པ་ཡིན་མོད།  ཡི་དམ་མི་འདྲ་བའི་སྒོམ་བཟླས་མང་པོ་མི་ལྕོགས་ན་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་སེམས་དཔའ་ཡིན་པས་དེ་ཉིད་བསྒོམ་ན་དཀྱིལ་འཁོར་ཐམས་ཅད་བསྒོམ་པར་འགྱུར་ཞིང་།    ཉམས་ཆག་སྡིག་ལྟུང་སྦྱོང་བ་ལ་ཆེད་དུ་བསྔགས་པ་ཡིན་པས།  དོང་སྤྲུགས་ཕྱག་རྒྱ་གཅིག་པ་ལྟ་བུའི་རྒྱུན་ཁྱེར་ལ་བརྟེན་ནས་ཉིན་རེར་ཡིག་བརྒྱ་ཚར་ཉེར་གཅིག་ཙམ་ཉུང་མཐའ་བྱས་ཏེ་ཅི་ནས་བརྩོན་པ་གལ་ཆེ།    མདོར་ན་ཚང་མས་དབང་ཆོས་ཟབ་མོ་ཐོབ་ཅིང་ཐོས་པ་འདི་ཉིད་དོན་ལྡན་དུ་འགྱུར་བའི་ཆེད་རང་ནུས་ཅི་ཡོད་ཀྱི་དགེ་སྦྱོར་ཉམས་ལེན་སྤྱོད་ལམ་ཀུན་ཏུ་སྐྱོང་ཐུབ་པ་ཞིག་བྱུང་ན་རང་དྲིན་རང་ལ་ཆེ་ངེས་ཡོང་རྒྱུ་རེད།  རང་རེ་རྣམས་འཕྲིན་སྐྱེལ་མཁན་མེད་པར་འདི་ཙམ་འཛོམས་པའང་ཆོས་ཀྱི་འདུལ་སྐལ་ལས་དང་སྨོན་ལམ་(9ན)གྱིས་བསྡུས་པ་ཡིན་འགྲ་བས་ད་དུང་ཡང་གོང་ནས་གོང་འཕེལ་གྱིས་ཕྱི་མ་དག་པའི་ཞིང་དུ་ལྷན་གཅིག་འཚོགས་པའི་སྨོན་འདུན་མཛད་ན་ངེས་པར་འགྲུབ་ཡོང་སྙམ་པ་འཆར་གྱིན་འདུག   །དེས་ན་དཔོན་སློབ་ཚང་མས་ཐུགས་བསྐྱེད་རྣམ་པར་དག་པའི་སྒོ་ནས།  ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་དར་ཞིང་རྒྱས་པ་དང་།    གཙུག་ནོར་གངས་ཅན་མགོན་པོ་མཆོག་གི་དབུས་བསྟན་འཛིན་སྐྱེས་ཆེན་རྣམས་ཀྱི་ཞབས་པད་ཡུན་དུ་བརྟན་ཅིང་མཛད་ཕྲིན་བླར་འཕེལ་བ་དང་།  སྤྱིར་འཛམ་བུའི་གླིང་།    སྒོས་རྒྱ་གར་འཕགས་ཡུལ།  ཡང་སྒོས་བོད་ཁ་བ་ཅན་གྱི་སྐྱེ་འགྲོ་མཐའ་དག་སྙིགས་དུས་རྒུད་པའི་གདུང་བ་ལ་མྱུར་དུ་གྲོལ་ཏེ་བདེ་སྐྱིད་རྫོགས་ལྡན་གསར་པའི་དགའ་སྟོན་ལ་ལོངས་སྤྱོད་པའི་སྨོན་འདུན་སྙིང་ཐག་པ་ནས་དུས་རྒྱུན་པར་གནང་རོགས་གནང་།    ད་དུང་བླ་སྤྲུལ་རྣམས་ལ་ངས་རེ་བ་ཆེན་པོ་ཞིག་ཞུ་རྒྱུ་ཡོད།    གང་ཡིན་ཞེ་ན།  ངེད་རང་ལོ་ནའི་བབས་དང་གཟུགས་པོའི་ཁམས་སོགས་གང་ཅིའི་ཐད་ནས་ཕྱིན་ཆད་དབང་ལུང་རྒྱ་ཆེ་འཆད་སྤེལ་བྱེད་ཐུབ་ཤིན་ཏུ་དཀའ། (9ན)ད་ལན་ཁྱེད་རྣམས་ལ་དབང་ལུང་ཡོངས་རྫོགས་ཕུལ་ཐུབ་པ་འདིས་ཧ་ཅང་བློ་བདེ་པོ་བྱུང་།   ད་ནི་ཁྱེད་རྣམས་ཀྱིས་ཕ་ནོར་བུ་ཡིས་བདག་པོ་སྤྲད་ནས་གདམས་ཟབ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འདི་དག་ཉམས་མི་ཤོར་བའི་ཐུགས་ཁུར་ཆེ་བཞེས་ཅི་ནས་གནང་དགོས།    རྙིང་མ་བཀའ་མའི་ཆོས་སྐོར་འདི་ད་ལྟ་ངེད་ཀྱི་དཔེ་ཆ་འདི་གཅིག་པུ་ལས་གཞན་ཐམས་ཅད་རྩ་བ་ནས་བརླག་ཚར་བ་རེད།  འདིའི་གྲལ་ནས་ཤོག་ལྡེབ་གཅིག་ཆུད་ཟོས་སུ་སོང་ཀྱང་ཁུངས་རྩ་བརླག་ཏེ་ཕྱིན་པ་རེད་ན།    ཁྱེད་བླ་སྤྲུལ་རྣམས་ནས་གང་ལྕོགས་ཀྱིས་དཔེ་བཤུ་དང་འབྲེལ།  རང་དོན་ཉམས་བཞེས།  གཞན་དོན་འཆད་སྤེལ་སོགས་སྒོ་གང་ས་ནས་བསྟན་རྒྱུན་མི་ཉམས་ཡུན་དུ་གནས་པའི་འཛིན་སྐྱོང་གང་ཟབ་གནང་གལ་ཆེ་བ་ལགས་པ་ཐུགས་དབུས་སུ་བསྟིམ་པར་ཞུ།།      །།}}
༄༅།  །ཆོས་གྲོགས་རྣམ་པ་ཚོ་ལ་ངས་ལོ་རྒྱུས་གནད་དོན་མདོར་བསྡུས་ཤིག་ཞུ་ན།    ད་ཆ་ང་རང་ཚོས་ཚུགས་པའི་བཀའ་ཆོས་འདི་ལ་རྙིང་མ་བཀའ་མའི་ཆོས་སྐོར་ཟེར་བ་རེད།  བར་ལམ་མི་ཁ་ཤས་ནས་བཀའ་མ་ཟེར་བ་བཀའ་བརྒྱུད་པའི་ཆོས་རེད་དམ་ཞེས་འདྲི་མཁན་འདྲ་བྱུང་།  དེ་འདྲ་མ་རེད།    སྤྱིར་རྙིང་མ་དང་གསར་མ་ཟེར་བ་དེ་བོད་དུ་དམ་ཆོས་བསྒྱུར་སྔ་ཕྱིའི་བབས་ཀྱིས་མིང་ཐོགས་པ་ལས་རྒྱ་གར་དུ་དེ་འདྲའི་ཐ་སྙད་ཡོད་པ་མ་རེད།    བོད་དུ་བསྟན་པ་སྔ་དར་ཆོས་རྒྱལ་ཁྲི་སྲོང་ཡབ་སྲས་ཀྱི་དུས་སུ།    རྒྱ་གར་གྱི་པཎྜི་ཏ་མཁན་ཆེན་ཞི་བ་འཚོ།  ། {{TibChung|[2a]}} སློབ་དཔོན་ཆེན་པོ་པདྨ་འབྱུང་གནས།   པཎ་ཆེན་བི་མ་ལ་སོགས་དང་།  ལོ་ཙཱ་བ་བཻ་རོ་སྐ་ཅོག་རྨ་གཉགས་སོགས་ལོ་པཎ་བརྒྱ་རྩ་ཞལ་འཛོམ་པས་མདོ་སྔགས་ཀྱི་ཆོས་མང་པོ་བསྒྱུར་ཏེ་འཆད་ཉན་སྒོམ་སྒྲུབ་ཀྱིས་གཏན་ལ་ཕབ་པ་རྣམས་ལ་སྔ་འགྱུར་རྙིང་མ་ཟེར་བ་རེད།  དེ་རྗེས་གླང་དར་གྱིས་བསྟན་པ་བསྣུབས་ནས་བོད་ཆོས་རྒྱལ་གྱི་རྒྱལ་ས་འཐོར།    རྒྱལ་བརྒྱུད་སྟོད་མངའ་རིས་ཕྱོགས་སུ་ཆགས་པ་ལྷ་བླ་མ་ཡེ་ཤེས་འོད་སྐུ་མཆེད་ཀྱི་དུས་ཙམ་ནས་ལོ་ཙཱ་བ་རིན་ཆེན་བཟང་པོ་སོགས་ཀྱིས་འགྱུར་འགོ་གསར་དུ་བཙུགས་ནས་ {{TibChung|[2b]}} བསྒྱུར་བ་མན་ཆད་ཀྱི་ཆོས་ཐམས་ཅད་ལ་གསར་མ་ཟེར་བ་རེད།   དེང་སང་ཁ་ཤས་ཀྱིས་རྙིང་མ་བ་ལ་མདོ་དང་།  གསར་མ་བ་ལ་སྔགས་མེད་པ་ལྟ་བུར་ངོས་འཛིན་མཁན་འདྲ་ཡང་འདུག་སྟེ་དེ་ཚོ་ནི་ཆོས་ལ་རྒྱུས་མེད་ཅིང་ཐོས་པ་ཆུང་བའི་སྐྱོན་རེད།  གསར་རྙིང་གང་ལའང་མདོ་སྔགས་ཀྱི་ལམ་ཆ་ཚང་བར་ཡོད་པ་རེད།  ཡང་བར་ལམ་མཁས་རློམ་ལོག་རྟོག་ཅན་འགའ་ཞིག་ནས་རྙིང་མ་བའི་ཆོས་ལ་ཁུངས་མེད།  གླང་དར་དུས་ནས་ཉམས་ཚར་བ་རེད།    དེང་སང་ཡོད་པའི་བཀའ་གཏེར་གྱི་ཆོས་རྣམས་རང་བཟོ་འབའི་ཞིག་རེད་ཅེས་ཡ་ག་བསྒྲགས་པ་ལ་བརྟེན་ཐོས་ཆུང་གི་བླུན་པོ་ཁ་ཅིག་དེ་འདྲ་བདེན་པ་མིན་ནམ་སྙམ་པའི་དོགས་པ་སྐྱེ་མཁན་ཡང་བྱུང་ཡོད་པ་རེད།  དེ་འདྲ་གཏན་ནས་མ་རེད།  སྤྱིར་གླང་དར་མས་བསྟན་པ་བསྣུབས་དུས་རབ་བྱུང་བཙུན་པའི་སྡེ་རྣམས་རྩ་མེད་དུ་བཏང་བ་ལས།  སྔགས་པ་རྣམས་གནུབས་ཆེན་གྱི་ནུས་པ་ལ་འཇིགས་ཏེ་མ་སྐྱོན་ཅིང་།    ཕལ་ཆེར་ཞིག་ནི་ཕྱི་རུ་རབ་བྱུང་གི་རྟགས་མེད་པས་རྒྱུད་ལ་ཆོས་ཡོད་པར་མ་ཤེས་ནས་བཞག  །ཁྱིམ་སྔགས་གོས་དཀར་ཅན་རྣམས་ནས་ {{TibChung|[3a]}} མདོ་རྒྱུད་ཀྱི་གླེགས་བམ་རྣམས་ལེགས་པར་བསྲུངས་ཤིང་འཆད་ཉན་སྒོམ་སྒྲུབ་ཀྱིས་གསང་སྔགས་བསྟན་པའི་སྲོག་རྩ་བཟུང་བའི་བཀའ་དྲིན་ལ་བརྟེན་གསང་རྒྱུད་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འདི་རྣམས་དུས་ད་ལྟའི་བར་དུ་མཇལ་ཞིང་ལོངས་སྤྱོད་དུ་ཡོད་པ་འདི་བྱུང་བ་རེད།   གླང་དར་བཀྲོངས་རྗེས་སྔར་བསྟན་པ་བསྣུབས་སྐབས་མཁན་ཆེན་ཞི་འཚོའི་སློབ་མ་སྨར་གཡ་གཙང་གསུམ་བྲོས་ཏེ་བཞུགས་པ་ལས་བླ་ཆེན་དགོངས་པར་རབ་གསལ་དང་དབུས་གཙང་གི་མི་བཅུས་འདུལ་བའི་སྡོམ་རྒྱུན་བླངས་ཏེ་བོད་དུ་བསྟན་པ་ཕྱི་དར་གྱི་འགོ་ཚུགས།  དེ་ནས་མི་རིང་བར་ལོ་ཆེན་རིན་ཆེན་བཟང་པོ་སོགས་གསར་མའི་ལོ་ཙཱ་བ་རྣམས་རིམ་པར་བྱོན་ཏེ།    བཀའ་གདམས།    ས་སྐྱ།  བཀའ་བརྒྱུད་སོགས་ཀྱི་བསྟན་པ་རིམ་པར་དར་ཞིང་།  བཀའ་གདམས་པའི་སློབ་བརྒྱུད་ལས་འཇམ་མགོན་ཙོང་ཁ་པ་བྱོན་ཏེ་རི་བོ་དགའ་ལྡན་པའི་རིང་ལུགས་བྱུང་།  ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་ཚེའི་སྨད་ཙམ་ནས་རྙིང་མའི་གཏེར་སྟོན་རྣམས་ཀྱང་རིམ་པར་བྱོན་པ་རེད།  དེ་ལྟར་རང་རེ་རྙིང་མ་བའི་ཆོས་ལ་དབྱེ་ན།    རིང་བརྒྱུད་ {{TibChung|[3b]}} བཀའ་མ་དང་།   ཉེ་བརྒྱུད་གཏེར་མ་གཉིས་ཡོད།  དེའང་ཀུན་ཏུ་བཟང་པོ་ནས་ད་ལྟའི་རྩ་བའི་བླ་མའི་བར་དུ་བརྒྱུད་པ་ཟམ་མ་ཆད་པར་ཞལ་ནས་སྙན་དུ་བརྒྱུད་པའི་ཆོས་རྣམས་ལ་རིང་བརྒྱུད་བཀའ་མ་ཟེར།  འདི་ལ་མདོ་སྒྱུ་སེམས་གསུམ་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་བཤད་བཀའ་རྒྱུད་ལུང་མན་ངག་ཟབ་ཅིང་རྒྱ་ཆེ་བ་བཞུགས་པ་ཡིན།    དཔེར་ན་རྙིང་རྒྱུད་སྤར་དུ་འཁོད་པའི་ནང་དུ་རྒྱུད་འདྲ་མིན་བཞི་བརྒྱ་བཞི་བཅུ་ལྷག་ཙམ་ཡོད་ཅིང་།  སྤར་དུ་མ་འཁོད་པའང་ཤིན་ཏུ་མང་པོ་ཡོད།  གུ་རུ་རིན་པོ་ཆེས་དུས་ངན་སྙིགས་མའི་བསྟན་འགྲོའི་གསོས་སྨན་དུ་བརྩེ་བས་དགོངས་ཏེ་གངས་བྲག་མཚོ་གསུམ་རྣམས་སུ་ཆོས་ནོར་དམ་རྫས་ལ་སོགས་པའི་གཏེར་ཁ་བསམ་གྱིས་མི་ཁྱབ་པ་སྦས་པར་མཛད་པ་ཉིད་དུས་ལ་བབས་པའི་སྐབས་སོ་སོར་སྤྲུལ་པའི་གཏེར་སྟོན་རྣམས་ཀྱིས་རིམ་བཞིན་གཏེར་སྒོ་ཕྱེས་ཏེ་སྤེལ་བའི་ཆོས་རྣམས་ལ་ཉེ་བརྒྱུད་གཏེར་མ་ཟེར།    འདི་ལའང་བཀའ་དགོངས་ཕུར་གསུམ་གཙོ་བོར་གྱུར་པའི་བསྐྱེད་རྫོགས་སྒྲུབ་ཕྲིན་མན་ངག་ལས་ཚོགས་བསམ་གྱིས་མི་ཁྱབ་པ་ཡོད་ཅིང་།  སྔ་ནས་ད་བར་གཏེར་ཆེན་བརྒྱ་རྩ་དང་གཏེར་ {{TibChung|[4a]}} ཕྲན་སྟོང་རྩ་ལྷག་བྱོན་ཟིན་པ་རེད།   བཀའ་མའི་སྐོར་འདི་ལ་མདོ་ཕྱོགས་ནས་སོ་ཐར་དང་བྱང་སེམས།    སྔགས་ཕྱོགས་ནས་བྱ་སྤྱོད་རྣལ་འབྱོར་རྒྱུད་དང་།    གཙོ་བོར་བླ་མེད་ལ་རྙིང་མའི་རང་སྐད་ནང་རྒྱུད་སྡེ་གསུམ་དུ་ཕྱེ་བའི།  རྒྱུད་མ་ཧཱ་ཡོ་ག་ལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་སོགས་སྤྱི་རྒྱུད་དང་བྱེ་བྲག་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་དང་འབྲེལ་བའི་དཀྱིལ་འཁོར་སོ་སོ།  ལུང་ཨ་ནུ་ཡོ་ག་ལ་ཐེག་པ་རིམ་པ་དགུ་དང་འབྲེལ་བའི་འདུས་པ་མདོ་ཚོགས་ཆེན་འདུས་པའི་དཀྱིལ་འཁོར།  མན་ངག་ཨ་ཏི་ཡོ་ག་ལ་ནང་གསེས་གསུམ་དུ་དབྱེ་བས།    ཕྱི་སྐོར་སེམས་སྨད་མ་བུ་བཅོ་བརྒྱད།    ནང་སྐོར་ཀློང་སྡེ་རྡོ་རྗེ་ཟམ་པ།  གསང་སྐོར་རྒྱུད་བཅུ་བདུན་གྱི་སྐོར་སོགས་མང་པོ་ཞིག་ཡོད་པ་རེད།    དེས་ན་རྙིང་མ་བའི་མཚན་གཞི་བཀའ་མ་འདི་རང་ལ་ཐུག་པ་ཡིན་སྟབས་སྔར་བོད་དུ་དར་རྒྱས་ཇི་ལྟར་བྱུང་བ་དང་།  བཀའ་བབས་བརྒྱུད་འཛིན་རྣམས་ཀྱི་ཆེ་བའི་ཡོན་ཏན་སོགས་སྔ་འགྱུར་ཆོས་འབྱུང་ལོ་རྒྱུས་རྣམས་ལ་གཟིགས་ན་མཁྱེན་གྱི་རེད།  གོང་སྨོས་དཀྱིལ་འཁོར་སྒྲུབ་ཁག་སོ་སོའི་ {{TibChung|[4b]}} ཆོག་གྲྭ།   སྒྱུ་འཕྲུལ་གསང་བ་སྙིང་པོའི་བཤད་ཁྲིད་སོགས་མདོར་ན་བཤད་སྒྲུབ་གཉིས་ཀྱི་ཕྲིན་ལས་ད་ལྟའི་བར་དུ་མ་ཉམས་པར།  སྟོད་ན་རྡོར་སྨིན་གཉིས།    སྨད་ན་ཀཿ དཔལ་གཉིས།    བར་ན་ཞེ་རྫོགས་གཉིས་སོགས་རྙིང་དགོན་ཕལ་མོ་ཆེར་དར་རྒྱས་སུ་བཞུགས་བཞིན་པ་ཡིན་ནའང་།  དེང་སང་སྨོན་ལོག་ཀླ་ཀློའི་དཔུང་སྟོབས་མི་བཟད་པར་བདོ་བས་ཁམས་བོད་གཉིས་ཀྱི་བསྟན་དགོན་བསྟན་འཛིན་གྱི་སྡེ་དང་བཅས་པ་ཇི་ཡོད་རྩ་བརླག་ཏུ་བཏང་སྟེ་ཐ་ན་དཔེ་རྒྱུན་ཙམ་ཡང་མ་ལུས་པའི་དུས་བསྐལ་ངན་པ་འདི་འདྲ་ཞིག་ཤར་བ་རེད།    འོན་ཀྱང་བོད་ཀྱི་ཟིང་འཁྲུགས་རྗེས་སུ་ངེད་ལ་པདྨ་བཀོད་དུ་ཡོད་པའི་དཔེ་ཆ་འདི་ཉིད་འབད་པ་དུ་མས་བླངས་ཏེ་རྒྱ་གར་ས་ཐོག་ཏུ་འབྱོར་ཞིང་།  དེར་བརྟེན་ཞྭ་དེའུ་འཁྲུལ་ཞིག་སྤྲུལ་སྐུ་རིན་པོ་ཆེ་ནས་བསྟན་རྒྱུན་རང་ལ་ཐུགས་འཁུར་ཆེ་བཞེས་ཀྱིས་ངེད་ལ་དབང་ལུང་ཡོངས་རྫོགས་ཅི་ནས་འཆད་སྤེལ་དགོས་ཞེས་སྔ་མོ་ནས་ཡང་ཡང་གསུང་བསྐུལ་གནང་བ་དང་།    ཉེ་ཆར་སྐུ་ངལ་འཛེམ་མེད་ཀྱིས་ཤར་ཁུམ་ཕྱོགས་ནས་འདི་གར་ཆེད་ཕེབས་ཐོགས་མཆོད་སྦྱིན་གྱི་བདག་རྐྱེན་མཛད་པ་བཅས་ཀྱིས་ད་ {{TibChung|[5a]}} ལམ་བཀའ་མའི་དབང་ལུང་ཡོངས་རྫོགས་འཆད་སྤེལ་ཐུབ་པ་འདིའང་དུས་ངན་འདི་འདྲ་ལ་དཔགས་ན་རང་རེའི་བསྟན་རྒྱུན་སྲོག་རྩ་ཆད་དུ་འགྲོ་མ་དགོས་ཙམ་བྱུང་སོང་བས་ངེད་རམ་རྣམས་དགའ་བ་བསྒོམ་འོས་པ་ཞིག་ཀྱང་རེད།   སྔར་རང་ལོ་ཉི་ཤུ་པའི་ཐོག་སྨིན་གྲོལ་གླིང་དུ་བཀའ་མའི་ཆོས་སྐོར་འདི་དང་བཀའ་དགོངས་སོགས་ཀྱི་དབང་ཁྲིད་ལྗགས་ལུང་མང་ཞིག་ཞུས་སྐབས་མཁན་གཅུང་རྣམ་གཉིས་གཙོས་པའི་གསན་མཁན་བླ་སྤྲུལ་མང་པོ་ཡོད་གྲལ་ནས།    མཁན་ཆེན་རྡོ་རྗེ་འཆང་ཆེན་པོས་ཕྲན་ལ་དམིགས་བསལ་དུ་ད་ལམ་བཀའ་གཏེར་གཙོ་ཆེ་བའི་དབང་ལུང་མན་ངག་ཆ་ཚང་བཀའ་རྫོགས་ལུང་རྫོགས་སུ་བགྱིས་པ་ཡིན།  ད་ནི་རྙིང་མ་བའི་བསྟན་པ་ཁྱེད་རང་གིས་འཛིན་དགོས་པ་ཡིན་པས་བཀའ་གཏེར་ཆོས་སྐོར་འདི་རྣམས་ཀྱི་དཔེ་ཆ་ཞིག་ངེས་པར་ཚགས་གྱིས་ལ་འཆད་སྤེལ་མ་འཆུག་ཅེས་ཡང་ཡང་བཀའ་སྩལ་པ་དེང་སང་བསམ་བློ་བཏང་ན་ཕྱི་མཐའ་གཟིགས་པའི་གསུང་དུ་གོ  །ཡང་རྗེ་ཕུག་སྤྲུལ་རིན་པོ་ཆེ་ལས་གཏེར་མཛོད་ཞུས་སྐབས་ཕྲན་ལ་ཞལ་རྩེད་ཀྱི་ཚུལ་དུ་འཇམ་མགོན་རྣམ་གཉིས་ཀྱི་ཞལ་ {{TibChung|[5b]}} སློབ་གྲལ་ནས་དེ་སྔོན་གཏེར་མཛོད་ཚར་ལྔ་འདོན་མཁན་ང་ལས་མ་བྱུང་།   ད་ཁྱེད་ཀྱིས་ཚར་བཅུ་གསུང་གི་རེད་ཨ་ཞེས་གསུངས་ཀྱིན་ཡོད།  རང་གིས་ནི་དེ་འདྲ་ཅི་ལ་སྲིད་སྙམ་པ་ལས་དོགས་སྣང་མ་བྱུང་ཡང་ད་ལྟ་བསམ་ན་མི་འདོད་བཞིན་དུ་གཏེར་མཛོད་ཚར་དགུ་འདོན་རྒྱུ་བྱུང་སོང་བས་དེའང་མཁྱེན་པས་གཟིགས་པ་འདྲ།    དེས་ན་ཕ་རྒན་ང་ལ་གཞན་པའི་ཡོན་ཏན་སྣེ་གཅིག་མེད་ཀྱང་རྩ་བའི་བླ་མ་འདི་རྣམས་མཁས་གྲུབ་གཉིས་ལྡན་པད་འབྱུང་མི་གཟུགས་སུ་བྱོན་པ་ཤ་སྟག་ཡིན།  རང་ནས་ཀྱང་དངོས་སུ་བླ་མ་རྣམས་ཀྱི་ཐུགས་དང་འགལ་བའི་བྱ་བ་ཕྲ་མོ་ཙམ་ལྟ་ཅི།  ཐ་ན་བྱ་བ་དེ་ནི་མ་འོས་སོ་སྙམ་དུ་དགོངས་པའི་ཐུགས་ཞེ་ཁྲེལ་བ་ཙམ་གྱི་ཉམས་ཆག་བསགས་མ་མྱོང་བ་འདི་ངའི་ཡོན་ཏན་གྱི་གཙོ་བོ་ཡིན་ཅིང་།  དེང་སང་བརྒྱུད་པ་གཙང་མ་ང་ཙམ་དཀོན་ནམ་སྙམ་པའི་རང་མཐོང་གི་ང་རྒྱལ་ཕྲན་བུའང་སྐྱེ་ཡི་འདུག  །ད་ཆ་དབང་ལུང་གསན་མཁན་མི་གྲངས་ཉིས་སྟོང་ལྷག་ཙམ་ཞིག་འདུག་པ་ལས།  སྤྲུལ་སྐུ་རྐྱང་པ་སུམ་ཅུ་སོ་བདུན་དང་།  མཁན་པོ་སློབ་དཔོན་སོགས་ཁྱོན་བླ་ཁག་དྲུག་ཅུ་སྐོར་དང་།  མང་ {{TibChung|[6a]}} ཤོས་ནི་དགེ་འདུན་བན་བཙུན་སྔགས་པ་སོགས་ཆོས་པ་ཤ་སྟག་རེད།   དེ་བྱིང་མི་སྐྱ་ཕོ་མོའང་དེའི་བཞི་ཆ་ཙམ་ཡོད་པ་འདྲ།  སྔ་དུས་ཡིན་ན་གསང་སྔགས་ཀྱི་དབང་ཟབ་མོ་འདི་དག་ཉམས་སུ་ལེན་ངེས་དང་དམ་ཚིག་ཐུབ་ངེས་གྲངས་བཅད་མཛད་པ་ལས་ཁྱབ་བརྡལ་དུ་སྤེལ་བའི་ཕྱག་སྲོལ་མེད།  དེང་སང་འདུལ་བ་ཡུལ་ཆོས་དང་བསྟུན་ཟེར་བའི་དཔེ་ལྟར་དབང་ཞུ་རྒྱུ་འདི་ལ་ཐ་ན་བྱིས་པ་ཚུན་ཆད་ཀྱིས་དགའ་པོ་བྱེད་ཀྱིན་འདུག་ཅིང་།  དབང་གྲལ་ནས་ཕུད་ན་དགའ་པོ་བྱེད་མཁན་སུ་ཡང་མི་འདུག  །ཉམས་ལེན་ནུས་སམ་མི་ནུས་འདྲི་རྩད་བགྱིས་ཚེ་སྐབས་དེར་ཚང་མས་ཉམས་ལེན་ངས་བྱེད་ཁོས་བྱེད་ཟེར་ཡང་རྗེས་སུ་ཉམས་ལེན་ངེས་པར་བྱེད་པ་ནི་སུས་ཀྱང་དཀའ་ལས་ཁག  །མི་ནུས་བཞིན་དུ་ཁས་ལེན་དུ་འཇུག་པ་ནི་འདིའང་ཉམས་ཆག་གསོག་པའི་རྒྱུད་དང་རང་གཞན་ཟག་པ་གསོག་རོགས་ལས་ཡོང་གི་མི་འདུག  །སྙིང་ནས་ལོག་ལྟ་ཅན་ཚོ་ལ་ནི་དབང་ཞུ་རོགས་བྱས་ཀྱང་མི་ཡོང་།  དེས་ན་ཕྱིས་སུ་དབང་ཞུ་འདུས་པ་སུ་བྱུང་ཚད་ཐམས་ཅད་དད་མོས་ཅན་གྱི་གདུལ་བྱར་ངོས་བཟུང་སྟེ་དབང་བསྐུར་ {{TibChung|[6b]}} རྐྱང་བྱེད་ཀྱིན་ཡོད།   སྤྱིར་ཡང་ཟླ་བ་སྒྲོན་མེའི་མདོ་ལས་གསུངས་པ་ལྟར་འགྲོ་བ་ཀུན་གྱི་རྒྱུད་ལ་བདེ་གཤེགས་སྙིང་པོས་ཁྱབ་ཕྱིར་སྣོད་དུ་མ་གྱུར་པ་མེད་པའི་སེམས་བསྐྱེད་ཀྱིས་ཟིན་པར་བྱས་ཤིང་།    བླུན་པོ་རྣམས་ནི་རང་གསང་ཐབས་ཀྱིས་ཆོད་པ་ཡིན་སྟབས་གསང་སྔགས་ཁྲོམ་བསྒྲགས་བྱས་པའི་ཉེས་པ་མི་འབྱུང་སྙམ་པ་ཡིན།  དབང་དངོས་ནས་དེ་ནི་དབང་ཚིག་རེ་རེ་བཞིན་གྱི་གོ་བརྡ་འཕྲོད་ངེས་སྒོམ་དོན་བློ་ལ་གསལ་ཐེབས་ངེས་ཞིག་དགོས་རྒྱུ་ལས་དོན་གང་ཡང་མ་གོ་བར་དབང་རྫས་བུམ་པ་མགོ་ལ་རེག་ཙམ་བུམ་ཆུ་མྱང་ཙམ་རྐྱང་པས་རྒྱུད་སྨིན་ཐུབ་ཟེར་བ་དཀའ་པོ་རེད།    འོན་ཀྱང་གསང་སྔགས་ཀྱི་རྩ་བ་དག་སྣང་ཡིན་པས་བླ་མ་འདི་དཀྱིལ་འཁོར་གྱི་གཙོ་བོ་དངོས་སུ་བཞེངས་པ་རེད།  དབང་རྫས་འདི་བྱིན་གྱིས་བརླབས་པའི་བདུད་རྩི་དངོས་ཡིན་སྙམ་དུ་དག་སྣང་དང་མོས་གུས་ཐེ་ཚོམ་མེད་པར་བསྐྱེད་ན།  སྔགས་ཀྱི་དཀྱིལ་འཁོར་མཐོང་བ་དང་།  ལྷའི་མཚན་ཐོས་པ་ཙམ་ལའང་ཕན་ཡོན་ཚད་མེད་པར་གསུངས་ཕྱིར་དབང་གི་བྱིན་རླབས་རྗེས་མཐུན་རེ་ངེས་པར་ཐོབ་ཀྱི་རེད།  དབང་ཞུས་ཟིན་ནས་དམ་ {{TibChung|[7a]}} ཚིག་བསྲུང་དགོས་པ་ཡིན།   གསང་སྔགས་ཀྱི་དམ་ཚིག་ནི་སྦྲུལ་སྨྱུག་དོང་དུ་བཅུག་པ་ལྟར་དམ་ཚིག་མ་ཉམས་ན་ཡར་གྱི་ཟང་ཐལ་ཞིང་ཁམས་དང་།    དམ་ཚིག་ཉམས་ན་མར་གྱི་ཟང་ཐལ་དམྱལ་བ་གཉིས་ལས།  བར་དུ་འགྲོ་སའི་ལམ་ཁ་གསུམ་པ་ཞིག་ཡོད་པ་མ་རེད།    དམ་ཚིག་བསྲུང་ཞིང་ཆོས་བསྒྲུབ་དགོས་པ་དེ་རང་དོན་ཡིན་པར་ཤེས་དགོས་ཤིང་།    བསྲུང་བྱའི་དམ་ཚིག་དང་བསྒྲུབ་བྱའི་ཆོས་ལ་རྣམ་གྲངས་ཤིན་ཏུ་མང་བ་ཡོད་ཀྱང་ལག་ལེན་གནད་ཐོག་ཏུ་དྲིལ་ནས་ཉམས་སུ་ལེན་སྟངས་ཤེས་དགོས་པ་རེད།    སྤྱིར་ཡང་རང་རེ་ཆོས་པར་ཁས་འཆེ་བ་རྣམས་ནས་ལག་ལེན་ཆོས་དང་མཐུན་པ་ཞིག་མ་བྱུང་ན་སྐྱོན་མཚང་དེ་ལས་ཆེ་བ་མེད།  དེ་ཡང་བསམ་པ་དང་ལག་ལེན་མ་འཛོལ་བ།  ངོ་ལྐོག་མདུན་རྒྱབ་མཚུངས་པ་ཞིག་དགོས་རྒྱུ་རེད།    ཁ་ནས་སྐྱབས་སུ་མཆི་དང་སྐྱབས་སུ་མཆི།    སྙིང་རྗེ་དང་སྙིང་རྗེ་ཟེར་ཞིང་།  དོན་ལ་དད་པ་དམ་ཚིག་ལས་འབྲས་གང་ལ་ཡང་རྩིས་བཤེར་གཏོང་མི་དགོས་པར་རང་འདོད་གཡོ་སྒྱུའི་འཁྲུལ་འཁོར་ཤ་སྟག་བསྐོར་གྱིན་བསྡད་ན་འགྲིགས་ཀྱི་མ་རེད།    སངས་རྒྱས་ཀྱི་བསྟན་པ་ངོ་ {{TibChung|[7b]}} ཐོག་དེ་ཕྱི་ན་གནས་ཡོད་པ་མ་རེད།   ནང་གང་ཟག་གི་ཤེས་རྒྱུད་ཀྱི་སྟེང་ན་གནས་ཡོད་པ་རེད།  དེས་ན་བདག་ཅག་གི་སྟོན་པའི་ཞལ་ནས།    སྡིག་པ་ཅི་ཡང་མི་བྱ་ཞིང་།    །དགེ་བ་ཕུན་སུམ་ཚོགས་པར་སྦྱར།    །རང་གི་སེམས་ནི་ཡོངས་སུ་འདུལ།    །འདི་ནི་སངས་རྒྱས་བསྟན་པ་ཡིན།    །ཅེས་གསུངས་པས།    དོན་རྡོག་རྡོག་ཏུ་དྲིལ་ན།  བསམ་པ་ཉོན་མོངས་པ་དུག་གསུམ་གྱིས་ཀུན་ནས་བསླངས་པའི་ལས་ཆེ་ཕྲ་ཅི་འདྲ་ཞིག་ཡིན་ཀྱང་སྡིག་པ་ཡིན་པས་སྤང་དགོས།    དེ་སྤང་ན་གཞན་གནོད་གཞིར་བཅས་སྤོང་བ་སོ་ཐར་གྱི་སྡོམ་པ་ཚང་།    བསམ་པ་དུག་གསུམ་དང་མ་འདྲེས་པའི་བྱ་བ་ཆེ་ཕྲ་ཅི་འདྲ་ཞིག་ཡིན་ཀྱང་དགེ་བ་ཡིན་པས་བསྒྲུབ་དགོས།    དེ་བསྒྲུབ་ན་དུག་གསུམ་དང་མ་འདྲེས་ཕྱིན་ཆད་གཞན་ལ་ཕན་འདོད་ཀྱི་བློ་ཞིག་ཀྱང་སྐྱེ་བ་ཡིན་པས་དེས་གཞན་ཕན་གཞིར་བཅས་བསྒྲུབ་པ་བྱང་སེམས་ཀྱི་བསླབ་པ་ཚང་།    བསམ་པ་དགེ་དང་མི་དགེ་ལ་བརྟེན་ནས་དགེ་སྡིག་གི་ལས་འདི་བྱུང་བ་ཡིན་ལ།  དགེ་སྡིག་ཐམས་ཅད་ཀྱི་འབྱུང་ཁུངས་ནི་རང་གི་སེམས་འདི་གཅིག་པུ་ལ་ཐུག་པ་ཡིན་པས།  རང་སེམས་རང་གིས་བསྲུང་ནས་རྒྱུན་དུ་འདུལ་ {{TibChung|[8a]}} དགོས་པ་ཡིན།   རྒྱལ་བའི་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དབྱེ་བར་མཛད་པ་ཐམས་ ཅད་ཀྱང་སེམས་རྒྱུད་གཅིག་པུ་འདི་འདུལ་ཐབས་སུ་བསྟན་པ་རེད།    སེམས་རྒྱུད་གྱོང་པོ་འདི་ཐུལ་ན་ཐ་མལ་གྱི་སྣང་ཞེན་རང་ཤུགས་ཀྱིས་ལྡོག་པར་འགྱུར་ཞིང་དེས་ཅིར་སྣང་དག་པ་རབ་འབྱམས་སུ་འཆར་བའི་རྐྱེན་དུ་འགྲོ་བས་གསང་སྔགས་ཀྱི་དམ་ཚིག་ཀྱང་ཚང་།  གཞན་ཡང་སེམས་རྒྱུད་ཐུལ་ན་བསམ་པ་བཟང་པོ་ཞིག་ཀྱང་སྐྱེ་ནས་འོང་།  བྱང་ཆུབ་ཀྱི་སེམས་ཟེར་བའི་མིང་སྙན་པོ་དེ་བསམ་པ་བཟང་པོ་འདི་ལ་ཟེར་བ་རེད།  ཁྱད་པར་གསང་སྔགས་ཀྱི་དམ་ཚིག་འདི་དམ་ཆོས་འདུལ་བ་ལྟར་ལུས་ངག་གི་བྱ་སྤྱོད་ལ་མ་ལྟོས་པར་སེམས་ཐོག་རང་ནས་འཕྲལ་འཕྲལ་ཉམས་འགྲོ་བ་ཡིན་ཏེ།    དཔེར་ན་རྡོ་རྗེའི་སྤུན་གྲོགས་གཅིག་ལ་སྙིང་ནས་ཞེ་སྡང་དྲག་པོ་ཞིག་སྐྱེས་ན་དེ་མ་ཐག་རྩ་ལྟུང་གསུམ་པ་ཕོག་པ་རེད།  ཡང་ནང་པ་སངས་རྒྱས་པའི་ཆོས་ལུགས་གྲུབ་མཐའ་ཇི་འདྲ་ཞིག་ཡིན་ཀྱང་ལྟ་ཅི་སྨོས།    ཐ་ན་ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའ་ལའང་སྙིང་ནས་སྨོད་ན་རྩ་ལྟུང་དྲུག་པ་ཕོག་པ་རེད།  ཉམས་ཆག་བྱུང་ནས་བཤགས་ {{TibChung|[8b]}} པས་མ་སླེབས་པར་ཡུན་ཇི་ཙམ་འགོར་བ་དེ་ཙམ་དུ་ཉེས་དམིགས་ལྕི་རུ་འགྲོ་བ་ཡིན་པས་གལ་སྲིད་ཉམས་ཆག་ཕྲན་བུ་རེ་བྱུང་ཡང་སྣང་ཆུང་དུ་མ་འཇོག་པར་འཕྲལ་དུ་བཤགས་པ་ལ་འབད་དགོས།   རྩ་བ་གསུམ་གྱི་ལྷ་གང་ཡང་རུང་བའི་དབང་བསྐུར་ཐོབ་ནས་བཟུང་དམ་ཚིག་ཏུ་ལྷ་དེའི་སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་ཡི་དམ་དུ་བྱ་དགོས་པ་ཡིན་མོད།  ཡི་དམ་མི་འདྲ་བའི་སྒོམ་བཟླས་མང་པོ་མི་ལྕོགས་ན་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་སེམས་དཔའ་ཡིན་པས་དེ་ཉིད་བསྒོམ་ན་དཀྱིལ་འཁོར་ཐམས་ཅད་བསྒོམ་པར་འགྱུར་ཞིང་།    ཉམས་ཆག་སྡིག་ལྟུང་སྦྱོང་བ་ལ་ཆེད་དུ་བསྔགས་པ་ཡིན་པས།  དོང་སྤྲུགས་ཕྱག་རྒྱ་གཅིག་པ་ལྟ་བུའི་རྒྱུན་ཁྱེར་ལ་བརྟེན་ནས་ཉིན་རེར་ཡིག་བརྒྱ་ཚར་ཉེར་གཅིག་ཙམ་ཉུང་མཐའ་བྱས་ཏེ་ཅི་ནས་བརྩོན་པ་གལ་ཆེ།    མདོར་ན་ཚང་མས་དབང་ཆོས་ཟབ་མོ་ཐོབ་ཅིང་ཐོས་པ་འདི་ཉིད་དོན་ལྡན་དུ་འགྱུར་བའི་ཆེད་རང་ནུས་ཅི་ཡོད་ཀྱི་དགེ་སྦྱོར་ཉམས་ལེན་སྤྱོད་ལམ་ཀུན་ཏུ་སྐྱོང་ཐུབ་པ་ཞིག་བྱུང་ན་རང་དྲིན་རང་ལ་ཆེ་ངེས་ཡོང་རྒྱུ་རེད།  རང་རེ་རྣམས་འཕྲིན་སྐྱེལ་མཁན་མེད་པར་འདི་ཙམ་འཛོམས་པའང་ཆོས་ཀྱི་འདུལ་སྐལ་ལས་དང་སྨོན་ལམ་ {{TibChung|[9a]}} གྱིས་བསྡུས་པ་ཡིན་འགྲ་བས་ད་དུང་ཡང་གོང་ནས་གོང་འཕེལ་གྱིས་ཕྱི་མ་དག་པའི་ཞིང་དུ་ལྷན་གཅིག་འཚོགས་པའི་སྨོན་འདུན་མཛད་ན་ངེས་པར་འགྲུབ་ཡོང་སྙམ་པ་འཆར་གྱིན་འདུག   །དེས་ན་དཔོན་སློབ་ཚང་མས་ཐུགས་བསྐྱེད་རྣམ་པར་དག་པའི་སྒོ་ནས།  ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་དར་ཞིང་རྒྱས་པ་དང་།    གཙུག་ནོར་གངས་ཅན་མགོན་པོ་མཆོག་གི་དབུས་བསྟན་འཛིན་སྐྱེས་ཆེན་རྣམས་ཀྱི་ཞབས་པད་ཡུན་དུ་བརྟན་ཅིང་མཛད་ཕྲིན་བླར་འཕེལ་བ་དང་།  སྤྱིར་འཛམ་བུའི་གླིང་།    སྒོས་རྒྱ་གར་འཕགས་ཡུལ།  ཡང་སྒོས་བོད་ཁ་བ་ཅན་གྱི་སྐྱེ་འགྲོ་མཐའ་དག་སྙིགས་དུས་རྒུད་པའི་གདུང་བ་ལ་མྱུར་དུ་གྲོལ་ཏེ་བདེ་སྐྱིད་རྫོགས་ལྡན་གསར་པའི་དགའ་སྟོན་ལ་ལོངས་སྤྱོད་པའི་སྨོན་འདུན་སྙིང་ཐག་པ་ནས་དུས་རྒྱུན་པར་གནང་རོགས་གནང་།    ད་དུང་བླ་སྤྲུལ་རྣམས་ལ་ངས་རེ་བ་ཆེན་པོ་ཞིག་ཞུ་རྒྱུ་ཡོད།    གང་ཡིན་ཞེ་ན།  ངེད་རང་ལོ་ནའི་བབས་དང་གཟུགས་པོའི་ཁམས་སོགས་གང་ཅིའི་ཐད་ནས་ཕྱིན་ཆད་དབང་ལུང་རྒྱ་ཆེ་འཆད་སྤེལ་བྱེད་ཐུབ་ཤིན་ཏུ་དཀའ།   {{TibChung|[9a]}} ད་ལན་ཁྱེད་རྣམས་ལ་དབང་ལུང་ཡོངས་རྫོགས་ཕུལ་ཐུབ་པ་འདིས་ཧ་ཅང་བློ་བདེ་པོ་བྱུང་།   ད་ནི་ཁྱེད་རྣམས་ཀྱིས་ཕ་ནོར་བུ་ཡིས་བདག་པོ་སྤྲད་ནས་གདམས་ཟབ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འདི་དག་ཉམས་མི་ཤོར་བའི་ཐུགས་ཁུར་ཆེ་བཞེས་ཅི་ནས་གནང་དགོས།    རྙིང་མ་བཀའ་མའི་ཆོས་སྐོར་འདི་ད་ལྟ་ངེད་ཀྱི་དཔེ་ཆ་འདི་གཅིག་པུ་ལས་གཞན་ཐམས་ཅད་རྩ་བ་ནས་བརླག་ཚར་བ་རེད།  འདིའི་གྲལ་ནས་ཤོག་ལྡེབ་གཅིག་ཆུད་ཟོས་སུ་སོང་ཀྱང་ཁུངས་རྩ་བརླག་ཏེ་ཕྱིན་པ་རེད་ན།    ཁྱེད་བླ་སྤྲུལ་རྣམས་ནས་གང་ལྕོགས་ཀྱིས་དཔེ་བཤུ་དང་འབྲེལ།  རང་དོན་ཉམས་བཞེས།  གཞན་དོན་འཆད་སྤེལ་སོགས་སྒོ་གང་ས་ནས་བསྟན་རྒྱུན་མི་ཉམས་ཡུན་དུ་གནས་པའི་འཛིན་སྐྱོང་གང་ཟབ་གནང་གལ་ཆེ་བ་ལགས་པ་ཐུགས་དབུས་སུ་བསྟིམ་པར་ཞུ།།      །།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 13:54, 3 September 2025

Wylie title lcags glang rgyal gyi zla bar ka li spungs kyi chos sgar du snga 'gyur bka' ma'i chos skor yongs rdzogs kyi dbang lung 'chad spel zin skabs su gdams pa'i bslab bya mos ldan snying gi gsos sman DJYD-KABUM-24-YA-035.pdf
Location bdud 'joms rin po che bka' 'bum
Volume 24, Text 35, Pages 387-404 (Folios 1a1 to 9b5)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Lcags glang rgyal gyi zla bar ka li spungs kyi chos sgar du snga 'gyur bka' ma'i chos skor yongs rdzogs kyi dbang lung 'chad spel zin skabs su gdams pa'i bslab bya mos ldan snying gi gsos sman. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 24: 387-404. Kalimpong: Dupjung Lama, 1979-1985.
Side notes Recto: bslab bya   Verso: sna tshogs skor
More details More details
Genre Advice - zhal gdams
[edit]
༄༅། །ལྕགས་གླང་རྒྱལ་གྱི་ཟླ་བར་ཀ་ལི་སྤུངས་ཀྱི་ཆོས་སྒར་དུ་སྔ་འགྱུར་བཀའ་མའི་ཆོས་སྐོར་ཡོངས་རྫོགས་ཀྱི་དབང་ལུང་འཆད་སྤེལ་ཟིན་སྐབས་སུ་གདམས་པའི་བསླབ་བྱ་མོས་ལྡན་སྙིང་གི་གསོས་སྨན་བཞུགས་སོ། །


༄༅། །ཆོས་གྲོགས་རྣམ་པ་ཚོ་ལ་ངས་ལོ་རྒྱུས་གནད་དོན་མདོར་བསྡུས་ཤིག་ཞུ་ན། ད་ཆ་ང་རང་ཚོས་ཚུགས་པའི་བཀའ་ཆོས་འདི་ལ་རྙིང་མ་བཀའ་མའི་ཆོས་སྐོར་ཟེར་བ་རེད། བར་ལམ་མི་ཁ་ཤས་ནས་བཀའ་མ་ཟེར་བ་བཀའ་བརྒྱུད་པའི་ཆོས་རེད་དམ་ཞེས་འདྲི་མཁན་འདྲ་བྱུང་། དེ་འདྲ་མ་རེད། སྤྱིར་རྙིང་མ་དང་གསར་མ་ཟེར་བ་དེ་བོད་དུ་དམ་ཆོས་བསྒྱུར་སྔ་ཕྱིའི་བབས་ཀྱིས་མིང་ཐོགས་པ་ལས་རྒྱ་གར་དུ་དེ་འདྲའི་ཐ་སྙད་ཡོད་པ་མ་རེད། བོད་དུ་བསྟན་པ་སྔ་དར་ཆོས་རྒྱལ་ཁྲི་སྲོང་ཡབ་སྲས་ཀྱི་དུས་སུ། རྒྱ་གར་གྱི་པཎྜི་ཏ་མཁན་ཆེན་ཞི་བ་འཚོ། ། [2a] སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། པཎ་ཆེན་བི་མ་ལ་སོགས་དང་། ལོ་ཙཱ་བ་བཻ་རོ་སྐ་ཅོག་རྨ་གཉགས་སོགས་ལོ་པཎ་བརྒྱ་རྩ་ཞལ་འཛོམ་པས་མདོ་སྔགས་ཀྱི་ཆོས་མང་པོ་བསྒྱུར་ཏེ་འཆད་ཉན་སྒོམ་སྒྲུབ་ཀྱིས་གཏན་ལ་ཕབ་པ་རྣམས་ལ་སྔ་འགྱུར་རྙིང་མ་ཟེར་བ་རེད། དེ་རྗེས་གླང་དར་གྱིས་བསྟན་པ་བསྣུབས་ནས་བོད་ཆོས་རྒྱལ་གྱི་རྒྱལ་ས་འཐོར། རྒྱལ་བརྒྱུད་སྟོད་མངའ་རིས་ཕྱོགས་སུ་ཆགས་པ་ལྷ་བླ་མ་ཡེ་ཤེས་འོད་སྐུ་མཆེད་ཀྱི་དུས་ཙམ་ནས་ལོ་ཙཱ་བ་རིན་ཆེན་བཟང་པོ་སོགས་ཀྱིས་འགྱུར་འགོ་གསར་དུ་བཙུགས་ནས་ [2b] བསྒྱུར་བ་མན་ཆད་ཀྱི་ཆོས་ཐམས་ཅད་ལ་གསར་མ་ཟེར་བ་རེད། དེང་སང་ཁ་ཤས་ཀྱིས་རྙིང་མ་བ་ལ་མདོ་དང་། གསར་མ་བ་ལ་སྔགས་མེད་པ་ལྟ་བུར་ངོས་འཛིན་མཁན་འདྲ་ཡང་འདུག་སྟེ་དེ་ཚོ་ནི་ཆོས་ལ་རྒྱུས་མེད་ཅིང་ཐོས་པ་ཆུང་བའི་སྐྱོན་རེད། གསར་རྙིང་གང་ལའང་མདོ་སྔགས་ཀྱི་ལམ་ཆ་ཚང་བར་ཡོད་པ་རེད། ཡང་བར་ལམ་མཁས་རློམ་ལོག་རྟོག་ཅན་འགའ་ཞིག་ནས་རྙིང་མ་བའི་ཆོས་ལ་ཁུངས་མེད། གླང་དར་དུས་ནས་ཉམས་ཚར་བ་རེད། དེང་སང་ཡོད་པའི་བཀའ་གཏེར་གྱི་ཆོས་རྣམས་རང་བཟོ་འབའི་ཞིག་རེད་ཅེས་ཡ་ག་བསྒྲགས་པ་ལ་བརྟེན་ཐོས་ཆུང་གི་བླུན་པོ་ཁ་ཅིག་དེ་འདྲ་བདེན་པ་མིན་ནམ་སྙམ་པའི་དོགས་པ་སྐྱེ་མཁན་ཡང་བྱུང་ཡོད་པ་རེད། དེ་འདྲ་གཏན་ནས་མ་རེད། སྤྱིར་གླང་དར་མས་བསྟན་པ་བསྣུབས་དུས་རབ་བྱུང་བཙུན་པའི་སྡེ་རྣམས་རྩ་མེད་དུ་བཏང་བ་ལས། སྔགས་པ་རྣམས་གནུབས་ཆེན་གྱི་ནུས་པ་ལ་འཇིགས་ཏེ་མ་སྐྱོན་ཅིང་། ཕལ་ཆེར་ཞིག་ནི་ཕྱི་རུ་རབ་བྱུང་གི་རྟགས་མེད་པས་རྒྱུད་ལ་ཆོས་ཡོད་པར་མ་ཤེས་ནས་བཞག །ཁྱིམ་སྔགས་གོས་དཀར་ཅན་རྣམས་ནས་ [3a] མདོ་རྒྱུད་ཀྱི་གླེགས་བམ་རྣམས་ལེགས་པར་བསྲུངས་ཤིང་འཆད་ཉན་སྒོམ་སྒྲུབ་ཀྱིས་གསང་སྔགས་བསྟན་པའི་སྲོག་རྩ་བཟུང་བའི་བཀའ་དྲིན་ལ་བརྟེན་གསང་རྒྱུད་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འདི་རྣམས་དུས་ད་ལྟའི་བར་དུ་མཇལ་ཞིང་ལོངས་སྤྱོད་དུ་ཡོད་པ་འདི་བྱུང་བ་རེད། གླང་དར་བཀྲོངས་རྗེས་སྔར་བསྟན་པ་བསྣུབས་སྐབས་མཁན་ཆེན་ཞི་འཚོའི་སློབ་མ་སྨར་གཡ་གཙང་གསུམ་བྲོས་ཏེ་བཞུགས་པ་ལས་བླ་ཆེན་དགོངས་པར་རབ་གསལ་དང་དབུས་གཙང་གི་མི་བཅུས་འདུལ་བའི་སྡོམ་རྒྱུན་བླངས་ཏེ་བོད་དུ་བསྟན་པ་ཕྱི་དར་གྱི་འགོ་ཚུགས། དེ་ནས་མི་རིང་བར་ལོ་ཆེན་རིན་ཆེན་བཟང་པོ་སོགས་གསར་མའི་ལོ་ཙཱ་བ་རྣམས་རིམ་པར་བྱོན་ཏེ། བཀའ་གདམས། ས་སྐྱ། བཀའ་བརྒྱུད་སོགས་ཀྱི་བསྟན་པ་རིམ་པར་དར་ཞིང་། བཀའ་གདམས་པའི་སློབ་བརྒྱུད་ལས་འཇམ་མགོན་ཙོང་ཁ་པ་བྱོན་ཏེ་རི་བོ་དགའ་ལྡན་པའི་རིང་ལུགས་བྱུང་། ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་ཚེའི་སྨད་ཙམ་ནས་རྙིང་མའི་གཏེར་སྟོན་རྣམས་ཀྱང་རིམ་པར་བྱོན་པ་རེད། དེ་ལྟར་རང་རེ་རྙིང་མ་བའི་ཆོས་ལ་དབྱེ་ན། རིང་བརྒྱུད་ [3b] བཀའ་མ་དང་། ཉེ་བརྒྱུད་གཏེར་མ་གཉིས་ཡོད། དེའང་ཀུན་ཏུ་བཟང་པོ་ནས་ད་ལྟའི་རྩ་བའི་བླ་མའི་བར་དུ་བརྒྱུད་པ་ཟམ་མ་ཆད་པར་ཞལ་ནས་སྙན་དུ་བརྒྱུད་པའི་ཆོས་རྣམས་ལ་རིང་བརྒྱུད་བཀའ་མ་ཟེར། འདི་ལ་མདོ་སྒྱུ་སེམས་གསུམ་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་བཤད་བཀའ་རྒྱུད་ལུང་མན་ངག་ཟབ་ཅིང་རྒྱ་ཆེ་བ་བཞུགས་པ་ཡིན། དཔེར་ན་རྙིང་རྒྱུད་སྤར་དུ་འཁོད་པའི་ནང་དུ་རྒྱུད་འདྲ་མིན་བཞི་བརྒྱ་བཞི་བཅུ་ལྷག་ཙམ་ཡོད་ཅིང་། སྤར་དུ་མ་འཁོད་པའང་ཤིན་ཏུ་མང་པོ་ཡོད། གུ་རུ་རིན་པོ་ཆེས་དུས་ངན་སྙིགས་མའི་བསྟན་འགྲོའི་གསོས་སྨན་དུ་བརྩེ་བས་དགོངས་ཏེ་གངས་བྲག་མཚོ་གསུམ་རྣམས་སུ་ཆོས་ནོར་དམ་རྫས་ལ་སོགས་པའི་གཏེར་ཁ་བསམ་གྱིས་མི་ཁྱབ་པ་སྦས་པར་མཛད་པ་ཉིད་དུས་ལ་བབས་པའི་སྐབས་སོ་སོར་སྤྲུལ་པའི་གཏེར་སྟོན་རྣམས་ཀྱིས་རིམ་བཞིན་གཏེར་སྒོ་ཕྱེས་ཏེ་སྤེལ་བའི་ཆོས་རྣམས་ལ་ཉེ་བརྒྱུད་གཏེར་མ་ཟེར། འདི་ལའང་བཀའ་དགོངས་ཕུར་གསུམ་གཙོ་བོར་གྱུར་པའི་བསྐྱེད་རྫོགས་སྒྲུབ་ཕྲིན་མན་ངག་ལས་ཚོགས་བསམ་གྱིས་མི་ཁྱབ་པ་ཡོད་ཅིང་། སྔ་ནས་ད་བར་གཏེར་ཆེན་བརྒྱ་རྩ་དང་གཏེར་ [4a] ཕྲན་སྟོང་རྩ་ལྷག་བྱོན་ཟིན་པ་རེད། བཀའ་མའི་སྐོར་འདི་ལ་མདོ་ཕྱོགས་ནས་སོ་ཐར་དང་བྱང་སེམས། སྔགས་ཕྱོགས་ནས་བྱ་སྤྱོད་རྣལ་འབྱོར་རྒྱུད་དང་། གཙོ་བོར་བླ་མེད་ལ་རྙིང་མའི་རང་སྐད་ནང་རྒྱུད་སྡེ་གསུམ་དུ་ཕྱེ་བའི། རྒྱུད་མ་ཧཱ་ཡོ་ག་ལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་སོགས་སྤྱི་རྒྱུད་དང་བྱེ་བྲག་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་དང་འབྲེལ་བའི་དཀྱིལ་འཁོར་སོ་སོ། ལུང་ཨ་ནུ་ཡོ་ག་ལ་ཐེག་པ་རིམ་པ་དགུ་དང་འབྲེལ་བའི་འདུས་པ་མདོ་ཚོགས་ཆེན་འདུས་པའི་དཀྱིལ་འཁོར། མན་ངག་ཨ་ཏི་ཡོ་ག་ལ་ནང་གསེས་གསུམ་དུ་དབྱེ་བས། ཕྱི་སྐོར་སེམས་སྨད་མ་བུ་བཅོ་བརྒྱད། ནང་སྐོར་ཀློང་སྡེ་རྡོ་རྗེ་ཟམ་པ། གསང་སྐོར་རྒྱུད་བཅུ་བདུན་གྱི་སྐོར་སོགས་མང་པོ་ཞིག་ཡོད་པ་རེད། དེས་ན་རྙིང་མ་བའི་མཚན་གཞི་བཀའ་མ་འདི་རང་ལ་ཐུག་པ་ཡིན་སྟབས་སྔར་བོད་དུ་དར་རྒྱས་ཇི་ལྟར་བྱུང་བ་དང་། བཀའ་བབས་བརྒྱུད་འཛིན་རྣམས་ཀྱི་ཆེ་བའི་ཡོན་ཏན་སོགས་སྔ་འགྱུར་ཆོས་འབྱུང་ལོ་རྒྱུས་རྣམས་ལ་གཟིགས་ན་མཁྱེན་གྱི་རེད། གོང་སྨོས་དཀྱིལ་འཁོར་སྒྲུབ་ཁག་སོ་སོའི་ [4b] ཆོག་གྲྭ། སྒྱུ་འཕྲུལ་གསང་བ་སྙིང་པོའི་བཤད་ཁྲིད་སོགས་མདོར་ན་བཤད་སྒྲུབ་གཉིས་ཀྱི་ཕྲིན་ལས་ད་ལྟའི་བར་དུ་མ་ཉམས་པར། སྟོད་ན་རྡོར་སྨིན་གཉིས། སྨད་ན་ཀཿ དཔལ་གཉིས། བར་ན་ཞེ་རྫོགས་གཉིས་སོགས་རྙིང་དགོན་ཕལ་མོ་ཆེར་དར་རྒྱས་སུ་བཞུགས་བཞིན་པ་ཡིན་ནའང་། དེང་སང་སྨོན་ལོག་ཀླ་ཀློའི་དཔུང་སྟོབས་མི་བཟད་པར་བདོ་བས་ཁམས་བོད་གཉིས་ཀྱི་བསྟན་དགོན་བསྟན་འཛིན་གྱི་སྡེ་དང་བཅས་པ་ཇི་ཡོད་རྩ་བརླག་ཏུ་བཏང་སྟེ་ཐ་ན་དཔེ་རྒྱུན་ཙམ་ཡང་མ་ལུས་པའི་དུས་བསྐལ་ངན་པ་འདི་འདྲ་ཞིག་ཤར་བ་རེད། འོན་ཀྱང་བོད་ཀྱི་ཟིང་འཁྲུགས་རྗེས་སུ་ངེད་ལ་པདྨ་བཀོད་དུ་ཡོད་པའི་དཔེ་ཆ་འདི་ཉིད་འབད་པ་དུ་མས་བླངས་ཏེ་རྒྱ་གར་ས་ཐོག་ཏུ་འབྱོར་ཞིང་། དེར་བརྟེན་ཞྭ་དེའུ་འཁྲུལ་ཞིག་སྤྲུལ་སྐུ་རིན་པོ་ཆེ་ནས་བསྟན་རྒྱུན་རང་ལ་ཐུགས་འཁུར་ཆེ་བཞེས་ཀྱིས་ངེད་ལ་དབང་ལུང་ཡོངས་རྫོགས་ཅི་ནས་འཆད་སྤེལ་དགོས་ཞེས་སྔ་མོ་ནས་ཡང་ཡང་གསུང་བསྐུལ་གནང་བ་དང་། ཉེ་ཆར་སྐུ་ངལ་འཛེམ་མེད་ཀྱིས་ཤར་ཁུམ་ཕྱོགས་ནས་འདི་གར་ཆེད་ཕེབས་ཐོགས་མཆོད་སྦྱིན་གྱི་བདག་རྐྱེན་མཛད་པ་བཅས་ཀྱིས་ད་ [5a] ལམ་བཀའ་མའི་དབང་ལུང་ཡོངས་རྫོགས་འཆད་སྤེལ་ཐུབ་པ་འདིའང་དུས་ངན་འདི་འདྲ་ལ་དཔགས་ན་རང་རེའི་བསྟན་རྒྱུན་སྲོག་རྩ་ཆད་དུ་འགྲོ་མ་དགོས་ཙམ་བྱུང་སོང་བས་ངེད་རམ་རྣམས་དགའ་བ་བསྒོམ་འོས་པ་ཞིག་ཀྱང་རེད། སྔར་རང་ལོ་ཉི་ཤུ་པའི་ཐོག་སྨིན་གྲོལ་གླིང་དུ་བཀའ་མའི་ཆོས་སྐོར་འདི་དང་བཀའ་དགོངས་སོགས་ཀྱི་དབང་ཁྲིད་ལྗགས་ལུང་མང་ཞིག་ཞུས་སྐབས་མཁན་གཅུང་རྣམ་གཉིས་གཙོས་པའི་གསན་མཁན་བླ་སྤྲུལ་མང་པོ་ཡོད་གྲལ་ནས། མཁན་ཆེན་རྡོ་རྗེ་འཆང་ཆེན་པོས་ཕྲན་ལ་དམིགས་བསལ་དུ་ད་ལམ་བཀའ་གཏེར་གཙོ་ཆེ་བའི་དབང་ལུང་མན་ངག་ཆ་ཚང་བཀའ་རྫོགས་ལུང་རྫོགས་སུ་བགྱིས་པ་ཡིན། ད་ནི་རྙིང་མ་བའི་བསྟན་པ་ཁྱེད་རང་གིས་འཛིན་དགོས་པ་ཡིན་པས་བཀའ་གཏེར་ཆོས་སྐོར་འདི་རྣམས་ཀྱི་དཔེ་ཆ་ཞིག་ངེས་པར་ཚགས་གྱིས་ལ་འཆད་སྤེལ་མ་འཆུག་ཅེས་ཡང་ཡང་བཀའ་སྩལ་པ་དེང་སང་བསམ་བློ་བཏང་ན་ཕྱི་མཐའ་གཟིགས་པའི་གསུང་དུ་གོ །ཡང་རྗེ་ཕུག་སྤྲུལ་རིན་པོ་ཆེ་ལས་གཏེར་མཛོད་ཞུས་སྐབས་ཕྲན་ལ་ཞལ་རྩེད་ཀྱི་ཚུལ་དུ་འཇམ་མགོན་རྣམ་གཉིས་ཀྱི་ཞལ་ [5b] སློབ་གྲལ་ནས་དེ་སྔོན་གཏེར་མཛོད་ཚར་ལྔ་འདོན་མཁན་ང་ལས་མ་བྱུང་། ད་ཁྱེད་ཀྱིས་ཚར་བཅུ་གསུང་གི་རེད་ཨ་ཞེས་གསུངས་ཀྱིན་ཡོད། རང་གིས་ནི་དེ་འདྲ་ཅི་ལ་སྲིད་སྙམ་པ་ལས་དོགས་སྣང་མ་བྱུང་ཡང་ད་ལྟ་བསམ་ན་མི་འདོད་བཞིན་དུ་གཏེར་མཛོད་ཚར་དགུ་འདོན་རྒྱུ་བྱུང་སོང་བས་དེའང་མཁྱེན་པས་གཟིགས་པ་འདྲ། དེས་ན་ཕ་རྒན་ང་ལ་གཞན་པའི་ཡོན་ཏན་སྣེ་གཅིག་མེད་ཀྱང་རྩ་བའི་བླ་མ་འདི་རྣམས་མཁས་གྲུབ་གཉིས་ལྡན་པད་འབྱུང་མི་གཟུགས་སུ་བྱོན་པ་ཤ་སྟག་ཡིན། རང་ནས་ཀྱང་དངོས་སུ་བླ་མ་རྣམས་ཀྱི་ཐུགས་དང་འགལ་བའི་བྱ་བ་ཕྲ་མོ་ཙམ་ལྟ་ཅི། ཐ་ན་བྱ་བ་དེ་ནི་མ་འོས་སོ་སྙམ་དུ་དགོངས་པའི་ཐུགས་ཞེ་ཁྲེལ་བ་ཙམ་གྱི་ཉམས་ཆག་བསགས་མ་མྱོང་བ་འདི་ངའི་ཡོན་ཏན་གྱི་གཙོ་བོ་ཡིན་ཅིང་། དེང་སང་བརྒྱུད་པ་གཙང་མ་ང་ཙམ་དཀོན་ནམ་སྙམ་པའི་རང་མཐོང་གི་ང་རྒྱལ་ཕྲན་བུའང་སྐྱེ་ཡི་འདུག །ད་ཆ་དབང་ལུང་གསན་མཁན་མི་གྲངས་ཉིས་སྟོང་ལྷག་ཙམ་ཞིག་འདུག་པ་ལས། སྤྲུལ་སྐུ་རྐྱང་པ་སུམ་ཅུ་སོ་བདུན་དང་། མཁན་པོ་སློབ་དཔོན་སོགས་ཁྱོན་བླ་ཁག་དྲུག་ཅུ་སྐོར་དང་། མང་ [6a] ཤོས་ནི་དགེ་འདུན་བན་བཙུན་སྔགས་པ་སོགས་ཆོས་པ་ཤ་སྟག་རེད། དེ་བྱིང་མི་སྐྱ་ཕོ་མོའང་དེའི་བཞི་ཆ་ཙམ་ཡོད་པ་འདྲ། སྔ་དུས་ཡིན་ན་གསང་སྔགས་ཀྱི་དབང་ཟབ་མོ་འདི་དག་ཉམས་སུ་ལེན་ངེས་དང་དམ་ཚིག་ཐུབ་ངེས་གྲངས་བཅད་མཛད་པ་ལས་ཁྱབ་བརྡལ་དུ་སྤེལ་བའི་ཕྱག་སྲོལ་མེད། དེང་སང་འདུལ་བ་ཡུལ་ཆོས་དང་བསྟུན་ཟེར་བའི་དཔེ་ལྟར་དབང་ཞུ་རྒྱུ་འདི་ལ་ཐ་ན་བྱིས་པ་ཚུན་ཆད་ཀྱིས་དགའ་པོ་བྱེད་ཀྱིན་འདུག་ཅིང་། དབང་གྲལ་ནས་ཕུད་ན་དགའ་པོ་བྱེད་མཁན་སུ་ཡང་མི་འདུག །ཉམས་ལེན་ནུས་སམ་མི་ནུས་འདྲི་རྩད་བགྱིས་ཚེ་སྐབས་དེར་ཚང་མས་ཉམས་ལེན་ངས་བྱེད་ཁོས་བྱེད་ཟེར་ཡང་རྗེས་སུ་ཉམས་ལེན་ངེས་པར་བྱེད་པ་ནི་སུས་ཀྱང་དཀའ་ལས་ཁག །མི་ནུས་བཞིན་དུ་ཁས་ལེན་དུ་འཇུག་པ་ནི་འདིའང་ཉམས་ཆག་གསོག་པའི་རྒྱུད་དང་རང་གཞན་ཟག་པ་གསོག་རོགས་ལས་ཡོང་གི་མི་འདུག །སྙིང་ནས་ལོག་ལྟ་ཅན་ཚོ་ལ་ནི་དབང་ཞུ་རོགས་བྱས་ཀྱང་མི་ཡོང་། དེས་ན་ཕྱིས་སུ་དབང་ཞུ་འདུས་པ་སུ་བྱུང་ཚད་ཐམས་ཅད་དད་མོས་ཅན་གྱི་གདུལ་བྱར་ངོས་བཟུང་སྟེ་དབང་བསྐུར་ [6b] རྐྱང་བྱེད་ཀྱིན་ཡོད། སྤྱིར་ཡང་ཟླ་བ་སྒྲོན་མེའི་མདོ་ལས་གསུངས་པ་ལྟར་འགྲོ་བ་ཀུན་གྱི་རྒྱུད་ལ་བདེ་གཤེགས་སྙིང་པོས་ཁྱབ་ཕྱིར་སྣོད་དུ་མ་གྱུར་པ་མེད་པའི་སེམས་བསྐྱེད་ཀྱིས་ཟིན་པར་བྱས་ཤིང་། བླུན་པོ་རྣམས་ནི་རང་གསང་ཐབས་ཀྱིས་ཆོད་པ་ཡིན་སྟབས་གསང་སྔགས་ཁྲོམ་བསྒྲགས་བྱས་པའི་ཉེས་པ་མི་འབྱུང་སྙམ་པ་ཡིན། དབང་དངོས་ནས་དེ་ནི་དབང་ཚིག་རེ་རེ་བཞིན་གྱི་གོ་བརྡ་འཕྲོད་ངེས་སྒོམ་དོན་བློ་ལ་གསལ་ཐེབས་ངེས་ཞིག་དགོས་རྒྱུ་ལས་དོན་གང་ཡང་མ་གོ་བར་དབང་རྫས་བུམ་པ་མགོ་ལ་རེག་ཙམ་བུམ་ཆུ་མྱང་ཙམ་རྐྱང་པས་རྒྱུད་སྨིན་ཐུབ་ཟེར་བ་དཀའ་པོ་རེད། འོན་ཀྱང་གསང་སྔགས་ཀྱི་རྩ་བ་དག་སྣང་ཡིན་པས་བླ་མ་འདི་དཀྱིལ་འཁོར་གྱི་གཙོ་བོ་དངོས་སུ་བཞེངས་པ་རེད། དབང་རྫས་འདི་བྱིན་གྱིས་བརླབས་པའི་བདུད་རྩི་དངོས་ཡིན་སྙམ་དུ་དག་སྣང་དང་མོས་གུས་ཐེ་ཚོམ་མེད་པར་བསྐྱེད་ན། སྔགས་ཀྱི་དཀྱིལ་འཁོར་མཐོང་བ་དང་། ལྷའི་མཚན་ཐོས་པ་ཙམ་ལའང་ཕན་ཡོན་ཚད་མེད་པར་གསུངས་ཕྱིར་དབང་གི་བྱིན་རླབས་རྗེས་མཐུན་རེ་ངེས་པར་ཐོབ་ཀྱི་རེད། དབང་ཞུས་ཟིན་ནས་དམ་ [7a] ཚིག་བསྲུང་དགོས་པ་ཡིན། གསང་སྔགས་ཀྱི་དམ་ཚིག་ནི་སྦྲུལ་སྨྱུག་དོང་དུ་བཅུག་པ་ལྟར་དམ་ཚིག་མ་ཉམས་ན་ཡར་གྱི་ཟང་ཐལ་ཞིང་ཁམས་དང་། དམ་ཚིག་ཉམས་ན་མར་གྱི་ཟང་ཐལ་དམྱལ་བ་གཉིས་ལས། བར་དུ་འགྲོ་སའི་ལམ་ཁ་གསུམ་པ་ཞིག་ཡོད་པ་མ་རེད། དམ་ཚིག་བསྲུང་ཞིང་ཆོས་བསྒྲུབ་དགོས་པ་དེ་རང་དོན་ཡིན་པར་ཤེས་དགོས་ཤིང་། བསྲུང་བྱའི་དམ་ཚིག་དང་བསྒྲུབ་བྱའི་ཆོས་ལ་རྣམ་གྲངས་ཤིན་ཏུ་མང་བ་ཡོད་ཀྱང་ལག་ལེན་གནད་ཐོག་ཏུ་དྲིལ་ནས་ཉམས་སུ་ལེན་སྟངས་ཤེས་དགོས་པ་རེད། སྤྱིར་ཡང་རང་རེ་ཆོས་པར་ཁས་འཆེ་བ་རྣམས་ནས་ལག་ལེན་ཆོས་དང་མཐུན་པ་ཞིག་མ་བྱུང་ན་སྐྱོན་མཚང་དེ་ལས་ཆེ་བ་མེད། དེ་ཡང་བསམ་པ་དང་ལག་ལེན་མ་འཛོལ་བ། ངོ་ལྐོག་མདུན་རྒྱབ་མཚུངས་པ་ཞིག་དགོས་རྒྱུ་རེད། ཁ་ནས་སྐྱབས་སུ་མཆི་དང་སྐྱབས་སུ་མཆི། སྙིང་རྗེ་དང་སྙིང་རྗེ་ཟེར་ཞིང་། དོན་ལ་དད་པ་དམ་ཚིག་ལས་འབྲས་གང་ལ་ཡང་རྩིས་བཤེར་གཏོང་མི་དགོས་པར་རང་འདོད་གཡོ་སྒྱུའི་འཁྲུལ་འཁོར་ཤ་སྟག་བསྐོར་གྱིན་བསྡད་ན་འགྲིགས་ཀྱི་མ་རེད། སངས་རྒྱས་ཀྱི་བསྟན་པ་ངོ་ [7b] ཐོག་དེ་ཕྱི་ན་གནས་ཡོད་པ་མ་རེད། ནང་གང་ཟག་གི་ཤེས་རྒྱུད་ཀྱི་སྟེང་ན་གནས་ཡོད་པ་རེད། དེས་ན་བདག་ཅག་གི་སྟོན་པའི་ཞལ་ནས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྦྱར། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཅེས་གསུངས་པས། དོན་རྡོག་རྡོག་ཏུ་དྲིལ་ན། བསམ་པ་ཉོན་མོངས་པ་དུག་གསུམ་གྱིས་ཀུན་ནས་བསླངས་པའི་ལས་ཆེ་ཕྲ་ཅི་འདྲ་ཞིག་ཡིན་ཀྱང་སྡིག་པ་ཡིན་པས་སྤང་དགོས། དེ་སྤང་ན་གཞན་གནོད་གཞིར་བཅས་སྤོང་བ་སོ་ཐར་གྱི་སྡོམ་པ་ཚང་། བསམ་པ་དུག་གསུམ་དང་མ་འདྲེས་པའི་བྱ་བ་ཆེ་ཕྲ་ཅི་འདྲ་ཞིག་ཡིན་ཀྱང་དགེ་བ་ཡིན་པས་བསྒྲུབ་དགོས། དེ་བསྒྲུབ་ན་དུག་གསུམ་དང་མ་འདྲེས་ཕྱིན་ཆད་གཞན་ལ་ཕན་འདོད་ཀྱི་བློ་ཞིག་ཀྱང་སྐྱེ་བ་ཡིན་པས་དེས་གཞན་ཕན་གཞིར་བཅས་བསྒྲུབ་པ་བྱང་སེམས་ཀྱི་བསླབ་པ་ཚང་། བསམ་པ་དགེ་དང་མི་དགེ་ལ་བརྟེན་ནས་དགེ་སྡིག་གི་ལས་འདི་བྱུང་བ་ཡིན་ལ། དགེ་སྡིག་ཐམས་ཅད་ཀྱི་འབྱུང་ཁུངས་ནི་རང་གི་སེམས་འདི་གཅིག་པུ་ལ་ཐུག་པ་ཡིན་པས། རང་སེམས་རང་གིས་བསྲུང་ནས་རྒྱུན་དུ་འདུལ་ [8a] དགོས་པ་ཡིན། རྒྱལ་བའི་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དབྱེ་བར་མཛད་པ་ཐམས་ ཅད་ཀྱང་སེམས་རྒྱུད་གཅིག་པུ་འདི་འདུལ་ཐབས་སུ་བསྟན་པ་རེད། སེམས་རྒྱུད་གྱོང་པོ་འདི་ཐུལ་ན་ཐ་མལ་གྱི་སྣང་ཞེན་རང་ཤུགས་ཀྱིས་ལྡོག་པར་འགྱུར་ཞིང་དེས་ཅིར་སྣང་དག་པ་རབ་འབྱམས་སུ་འཆར་བའི་རྐྱེན་དུ་འགྲོ་བས་གསང་སྔགས་ཀྱི་དམ་ཚིག་ཀྱང་ཚང་། གཞན་ཡང་སེམས་རྒྱུད་ཐུལ་ན་བསམ་པ་བཟང་པོ་ཞིག་ཀྱང་སྐྱེ་ནས་འོང་། བྱང་ཆུབ་ཀྱི་སེམས་ཟེར་བའི་མིང་སྙན་པོ་དེ་བསམ་པ་བཟང་པོ་འདི་ལ་ཟེར་བ་རེད། ཁྱད་པར་གསང་སྔགས་ཀྱི་དམ་ཚིག་འདི་དམ་ཆོས་འདུལ་བ་ལྟར་ལུས་ངག་གི་བྱ་སྤྱོད་ལ་མ་ལྟོས་པར་སེམས་ཐོག་རང་ནས་འཕྲལ་འཕྲལ་ཉམས་འགྲོ་བ་ཡིན་ཏེ། དཔེར་ན་རྡོ་རྗེའི་སྤུན་གྲོགས་གཅིག་ལ་སྙིང་ནས་ཞེ་སྡང་དྲག་པོ་ཞིག་སྐྱེས་ན་དེ་མ་ཐག་རྩ་ལྟུང་གསུམ་པ་ཕོག་པ་རེད། ཡང་ནང་པ་སངས་རྒྱས་པའི་ཆོས་ལུགས་གྲུབ་མཐའ་ཇི་འདྲ་ཞིག་ཡིན་ཀྱང་ལྟ་ཅི་སྨོས། ཐ་ན་ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའ་ལའང་སྙིང་ནས་སྨོད་ན་རྩ་ལྟུང་དྲུག་པ་ཕོག་པ་རེད། ཉམས་ཆག་བྱུང་ནས་བཤགས་ [8b] པས་མ་སླེབས་པར་ཡུན་ཇི་ཙམ་འགོར་བ་དེ་ཙམ་དུ་ཉེས་དམིགས་ལྕི་རུ་འགྲོ་བ་ཡིན་པས་གལ་སྲིད་ཉམས་ཆག་ཕྲན་བུ་རེ་བྱུང་ཡང་སྣང་ཆུང་དུ་མ་འཇོག་པར་འཕྲལ་དུ་བཤགས་པ་ལ་འབད་དགོས། རྩ་བ་གསུམ་གྱི་ལྷ་གང་ཡང་རུང་བའི་དབང་བསྐུར་ཐོབ་ནས་བཟུང་དམ་ཚིག་ཏུ་ལྷ་དེའི་སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་ཡི་དམ་དུ་བྱ་དགོས་པ་ཡིན་མོད། ཡི་དམ་མི་འདྲ་བའི་སྒོམ་བཟླས་མང་པོ་མི་ལྕོགས་ན་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་སེམས་དཔའ་ཡིན་པས་དེ་ཉིད་བསྒོམ་ན་དཀྱིལ་འཁོར་ཐམས་ཅད་བསྒོམ་པར་འགྱུར་ཞིང་། ཉམས་ཆག་སྡིག་ལྟུང་སྦྱོང་བ་ལ་ཆེད་དུ་བསྔགས་པ་ཡིན་པས། དོང་སྤྲུགས་ཕྱག་རྒྱ་གཅིག་པ་ལྟ་བུའི་རྒྱུན་ཁྱེར་ལ་བརྟེན་ནས་ཉིན་རེར་ཡིག་བརྒྱ་ཚར་ཉེར་གཅིག་ཙམ་ཉུང་མཐའ་བྱས་ཏེ་ཅི་ནས་བརྩོན་པ་གལ་ཆེ། མདོར་ན་ཚང་མས་དབང་ཆོས་ཟབ་མོ་ཐོབ་ཅིང་ཐོས་པ་འདི་ཉིད་དོན་ལྡན་དུ་འགྱུར་བའི་ཆེད་རང་ནུས་ཅི་ཡོད་ཀྱི་དགེ་སྦྱོར་ཉམས་ལེན་སྤྱོད་ལམ་ཀུན་ཏུ་སྐྱོང་ཐུབ་པ་ཞིག་བྱུང་ན་རང་དྲིན་རང་ལ་ཆེ་ངེས་ཡོང་རྒྱུ་རེད། རང་རེ་རྣམས་འཕྲིན་སྐྱེལ་མཁན་མེད་པར་འདི་ཙམ་འཛོམས་པའང་ཆོས་ཀྱི་འདུལ་སྐལ་ལས་དང་སྨོན་ལམ་ [9a] གྱིས་བསྡུས་པ་ཡིན་འགྲ་བས་ད་དུང་ཡང་གོང་ནས་གོང་འཕེལ་གྱིས་ཕྱི་མ་དག་པའི་ཞིང་དུ་ལྷན་གཅིག་འཚོགས་པའི་སྨོན་འདུན་མཛད་ན་ངེས་པར་འགྲུབ་ཡོང་སྙམ་པ་འཆར་གྱིན་འདུག །དེས་ན་དཔོན་སློབ་ཚང་མས་ཐུགས་བསྐྱེད་རྣམ་པར་དག་པའི་སྒོ་ནས། ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་དར་ཞིང་རྒྱས་པ་དང་། གཙུག་ནོར་གངས་ཅན་མགོན་པོ་མཆོག་གི་དབུས་བསྟན་འཛིན་སྐྱེས་ཆེན་རྣམས་ཀྱི་ཞབས་པད་ཡུན་དུ་བརྟན་ཅིང་མཛད་ཕྲིན་བླར་འཕེལ་བ་དང་། སྤྱིར་འཛམ་བུའི་གླིང་། སྒོས་རྒྱ་གར་འཕགས་ཡུལ། ཡང་སྒོས་བོད་ཁ་བ་ཅན་གྱི་སྐྱེ་འགྲོ་མཐའ་དག་སྙིགས་དུས་རྒུད་པའི་གདུང་བ་ལ་མྱུར་དུ་གྲོལ་ཏེ་བདེ་སྐྱིད་རྫོགས་ལྡན་གསར་པའི་དགའ་སྟོན་ལ་ལོངས་སྤྱོད་པའི་སྨོན་འདུན་སྙིང་ཐག་པ་ནས་དུས་རྒྱུན་པར་གནང་རོགས་གནང་། ད་དུང་བླ་སྤྲུལ་རྣམས་ལ་ངས་རེ་བ་ཆེན་པོ་ཞིག་ཞུ་རྒྱུ་ཡོད། གང་ཡིན་ཞེ་ན། ངེད་རང་ལོ་ནའི་བབས་དང་གཟུགས་པོའི་ཁམས་སོགས་གང་ཅིའི་ཐད་ནས་ཕྱིན་ཆད་དབང་ལུང་རྒྱ་ཆེ་འཆད་སྤེལ་བྱེད་ཐུབ་ཤིན་ཏུ་དཀའ། [9a] ད་ལན་ཁྱེད་རྣམས་ལ་དབང་ལུང་ཡོངས་རྫོགས་ཕུལ་ཐུབ་པ་འདིས་ཧ་ཅང་བློ་བདེ་པོ་བྱུང་། ད་ནི་ཁྱེད་རྣམས་ཀྱིས་ཕ་ནོར་བུ་ཡིས་བདག་པོ་སྤྲད་ནས་གདམས་ཟབ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འདི་དག་ཉམས་མི་ཤོར་བའི་ཐུགས་ཁུར་ཆེ་བཞེས་ཅི་ནས་གནང་དགོས། རྙིང་མ་བཀའ་མའི་ཆོས་སྐོར་འདི་ད་ལྟ་ངེད་ཀྱི་དཔེ་ཆ་འདི་གཅིག་པུ་ལས་གཞན་ཐམས་ཅད་རྩ་བ་ནས་བརླག་ཚར་བ་རེད། འདིའི་གྲལ་ནས་ཤོག་ལྡེབ་གཅིག་ཆུད་ཟོས་སུ་སོང་ཀྱང་ཁུངས་རྩ་བརླག་ཏེ་ཕྱིན་པ་རེད་ན། ཁྱེད་བླ་སྤྲུལ་རྣམས་ནས་གང་ལྕོགས་ཀྱིས་དཔེ་བཤུ་དང་འབྲེལ། རང་དོན་ཉམས་བཞེས། གཞན་དོན་འཆད་སྤེལ་སོགས་སྒོ་གང་ས་ནས་བསྟན་རྒྱུན་མི་ཉམས་ཡུན་དུ་གནས་པའི་འཛིན་སྐྱོང་གང་ཟབ་གནང་གལ་ཆེ་བ་ལགས་པ་ཐུགས་དབུས་སུ་བསྟིམ་པར་ཞུ།། །།