DJYD-KABUM-22-ZA-030: Difference between revisions
From Dudjom Wiki
DJYD-KABUM-22-ZA-030
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
(1ན)སྭསྟི། (མ་ཧཱ་གུ་རུ་མཚོ་སྐྱེས་ཐུགས་ཐིག་གི་ཆོ་གའི་ཕྱག་བཞེས་ཟིན་ཐོ་ལ། རྟེན་དང་མཆོད་ཤོམ་གྱི་རིམ་པ་རྣམས་མཐོང་བརྒྱུད་བཞིན་ཚོགས་པར་བྱས་ནས། ཆོ་ག་དངོས་ལ། ཚིག་བདུན་གསོལ་འདེབས་ལན་གསུམ། གསོལ་འདེབས་རྣམ་གསུམ་གང་རུང་དང་།) རང་བྱུང་གདོད་མའི་(སོགས་བརྒྱུད་འདེབས་རྗེས་ཐིང་གསུམ་(ཌཱརྐ༤)ཟིལ་འབེབས་ཞག་རོལ།)སྐྱབས་ཡུལ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རིག་འཛིན་བླ་མ་ཐོད་ཕྲེང་རྩལ་གྱི་དཀྱིལ་འཁོར་གྱི་འཁོར་ལོའི་རོལ་པར་བཛྲ་ས་མཱ་ཛཿ(ར་བསྡུ་རྒྱ། ཐལ་སྦྱར་བཅས།)ན་མོ༔ གདོད་མའི་གནས་ལུགས་(སོགས་གསང་འདུས་རྩ་གདངས་སམ་ལྷུག་གང་བདེས་ལན་གསུམ། བསྐུལ་མཚམས་ཀྱིས།)ཧོཿ མ་རྟོགས་གཉིས་འཛིན་(སོགས་ལྷུག་གིས་ལན་གསུམ། བསྐུལ་མཚམས་ཀྱིས།)ཨ༔ རིག་སྟོང་ཁྱབ་བརྡལ་(སོགས་ལྷུག །)ཛཿཧཱུྃ་བྃ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་གྱུར། (འདི་སྐབས་ལས་རྡོར་གྱིས་གྲལ་གཤམ་དུ་བགེགས་གཏོར་བཤམས།)རང་ཉིད་སྐད་ཅིག་གིས་དབང་ཆེན་རྟ་མཆོག་ཧེ་རུ་ཀ་ཡུམ་དང་བཅས་པའི་སྐུར་གྱུར། རཾ་ཡཾ་ཁཾ་(ལ་ལས་རྡོར་གྱིས་སློབ་དཔོན་ནས་འཐོར་གཡབ་ཞུས་ཏེ་བགེགས་གཏོར་ལ་ཆབ་བྲན།) ཨོཾ་ཨཱཿཧཱུྃ་(ལ་རང་རྒྱ།)སརྦ་བྷུ་ཏ་ཨ་ཀརྴ་ཡ་ཛཿ(ར་རྡོ་དྲིལ་བཅས་འགུགས་རྒྱ།)སརྦ་བིགྷྣཱན་(1བ)བ་ལིངྟ་ཁཱ་ཧི(ར་ལག་གཡས་པད་སྦུབས་སེ་གོལ་བཅས་ལན་གསུམ། ཐང་གསུམ་(རྐ༤)ཟིལ་འབེབས་སུམ་བརྡུང་འཇོག་མེད་ཀྱིས།)ཧཱུྃ༔ ང་ནི་ཡེ་ནས་(སོགས་རང་གདངས།)མཚམས་གཅོད་དོ༔ (སུམ་ཕྱེད་(རྐ༣)ཟིལ་འོག་གམ་གདངས་མེད་ཚེ་འཇགས་རོལ་འོག་སྔགས་བཅས་སློབ་དཔོན་གྱིས་ཡུངས་ཐུན་བྲབ། ལས་རྡོར་གྱིས་གུ་གུལ་བདུག་ཅིང་བགེགས་གཏོར་ཕྱིར་དོར་མཐར་སུམ་འཇོག་གིས།)ཧཱུྃ༔ རང་སྣང་དག་པ་(སོགས་མཐར་བརྒྱུད་གསུམ་རོལ་མོ་ཟིལ་(ཌཱརྐ༣)འབེབས་འོག་སྔགས་མཐར་བཞག་རོལ།)ཧོ༔ ཏིང་འཛིན་ནམ་མཁའ་(སོགས་འདི་སྐབས་ལས་རྡོར་གྱིས་སྨན་རཀ་དང་། སློབ་དཔོན་མདུན་གྱི་ནང་མཆོད་ཀྱི་ཁེབས་བསལ།) སྥ་ར་ཎ་ཁཾ་(ལ་ལག་གཉིས་ཕྱིར་བསྟན་གྱིས་བསྣོལ་ལ་སེ་གོལ་མཐར་རོལ། ཌཱརྐ༣ ཐིང་གསུམ་ཟིལ་སུམ་བརྡུང་འཇོག་ཡོད།) ཨཿ མ་བཅོས་ཆོས་དབྱིངས་(སོགས་ལྷུག །)ཆེན་པོར་རྫོགས༔ (ཞེས་རྔ་ཚག་གིས་བཞག) ། ཨོཾ་ཨཱཿ(སོགས། ཐིང་གསུམ་(ཌཱརྐ༤)ཟིལ་འབེབས་སུམ་བརྡུང་འཇོག་མེད་དལ་བ་ནས།)ཧཱུྃ༔ ཨོ་རྒྱན་ཡུལ་གྱི་(སོགས་རང་གདངས་ལྡེམ་དབྱངས།)སྡོང་པོ་ལ༔ (ཐིང་སུམ་བརྡུང་འཇོག་ཡོད།)ཡ་མཚན་མཆོག་གི་(ནས་ལྷུག) ། གཤེགས༔ དབང་བསྐུར་(སོགས་འཇགས་(ཌཱརྐ༣)རོལ་འོག་སྔགས་མཐར་སུམ་བརྡུང་འཇོག་ཡོད།)ཧོཿ དམ་ཚིག་སྣང་བ་(སོགས་བཞུགས་གསོལ་དང་། ཕྱག་འཚལ་སྦྲེལ་ཏེ་ལྷུག །)པྲ་ཏཱིཙྪ་ཧོཿ (སུམ་བརྡུང་འཇོག་ཡོད།)(2ན)ཧཱུྃ༔ གདོད་ནས་དག་པའི་(སོགས་ལྷུག །)པཱུ་ཛ་ཧོཿ (སུམ་བརྡུང་འཇོག་མེད།) ཧཱུྃ༔ ཡེ་ཤེས་ཚད་མེད་(སོགས་དྲག་དམར་མཆོད་དབྱངས་ལྷུ་གཉིས་ནས་སུམ་འཇོག་འོག་སྔགས་བཅས་ལྷུག་གིས །) ཧཱུྃ༔ བདེ་ཆེན་བདེ་སྦྱོར་(སོགས།)ཆེ་ཧོཿ (སུམ་བརྡུང་འཇོག་ཡོད།)ཧཱུྃ༔ མ་བཅོས་སྤྲོས་བྲལ་(སོགས་ལྷུག །)ངོ་བོར་བསྟོད༔ (སུམ་ཕྱེད་ཟིལ་འབེབས་བཞག་རོལ།) རང་ཉིད་པདྨ་(སོགས་ལྷུག) ། རོལ་པར་གྱུར༔ (བསྙེན་སྒྲུབ་ལས་གསུམ་གྱི་སྔགས་གཅིག་དྲིལ་ཐོད་ཕྲེང་རྩལ་གྱི་བཟླས་པ་༡༠༠༠དང་། ཚེ་སྒྲུབ་སྦྲེལ་ཚེ་ཟུར་བྱང་ལྟར་བཟླས་དམིགས་གསལ་བཏབ་ལ་ཚེ་བསྙེན་བརྒྱ་རྩ་ལམ་གྱི་མཐར། ཐིང་གཅིག་སུམ་བརྡུང་གིས།) ཧྲཱིཿ པདྨ་དྲྭ་བ་(སོགས་ལ་ལས་རྡོར་གྱིས་ཚེ་མདའ་སློབ་དཔོན་ལ་ཕུལ། ཚེ་འགུགས་ལན་གསུམ་དང་།)ཨཿ འཁོར་འདས་ཚེ་ཡི་(སོགས།)ཨ་ཨ་ཨ༔ (སུམ་ཕྱེད་ཟིལ་བཞག) ། ཨོཾ༔ གདོད་ནས་དག་པའི་(སོགས།) པཱུ་ཛ་ཧོཿ(ར་རོལ། ཌཱརྐ༣)ཧྲཱིཿ མ་བཅོས་སྤྲོས་བྲལ་(སོགས་ཤློ་ཀ་གཅིག །དེ་ནས་ལེའུ་བདུན་མ་དལ་འདོན་མཐར།)སྣང་གྲགས་རིག་གསུམ་(སོགས་ཀྱིས་ཞོག་ཚོགས་གྲོལ། ༼ཚ་རྟིང་མར། ༽ བསྐང་གསོའི་མཆོད་བརླབ་འདས་གཏོར་ནས་བསྐང་བཤགས་ཕྲིན་བཅོལ་བར་བཏང་ནས་གྲོལ། ༼བར་ཆར། ༽ ལས་རྡོར་གྱིས་ཕྱག་བཅས་ཚོགས་ཞུས་མཐར། ཐིང་(2བ)གསུམ་ཟིལ་(ཌཱརྐ༣)འབེབས་སུམ་བརྡུང་འཇོག་མེད།)ཧཱུྃ༔ རང་ཉིད་ལྷ་ཡི་(སོགས་ཚོགས་གདངས།)ཕུང་པོར་གྱུར༔ (སུམ་འཇོག་འོག་འབྲུ་གསུམ།) ཧཱུྃ༔ བཞེངས་ཤིག་རྩ་གསུམ་(སོགས་ལྷུག །)དགྱེས་པའི་གར་གྱིས་(སོགས་ལ་འཇགས་(ཌཱརྐ༣)རོལ་སོགས་སྔགས་བཅས་བཞག་རོལ་ནས་རྔ་སྦུག་གནས་སུ་འཇོག །འདི་སྐབས་ལས་རྡོར་གྱིས་མཆོད་པ་རྣམ་ལྔ་དང་ཏིང་ཤག་བཅས་མཐོང་བརྒྱུད་བཞིན་ཕུལ་ནས། སློབ་དཔོན་གྱིས་ནང་མཆོད་དང་ཌཱ་རུ་བསྣམས་ཤིང་གསང་འདུས་རྩ་གདངས་ཀྱིས།)ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ གསང་བའི་དཀྱིལ་འཁོར་གཞུང་བཞིན་བཤམས་ནས་ཀྱང་༔ སྒྲུབ་རྫས་གཉན་པོ་ཚུལ་བཞིན་བཀྲམ་ལགས་ན༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་གཉན་བསྐངས་ཏེ༔ རྣལ་འབྱོར་བདག་གི་གཡར་དམ་སོར་སྩོལ་ཅིག༔ གུ་རུ་ངྷེ་ཝ་ཌཱ་ཀི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ (ཞེས་སྔགས་ལན་བདུན་ལ་ཌཱ་རུ་དང་ཏིང་ཤག་ཀྱང་དཀྲོལ་མཐར་ལྷུག་གིས།) ཀུན་གཞི་མ་བཅོས་ཀློང་ཡངས་ནས༔ རང་རིག་རང་གསལ་ཀུན་ཏུ་བཟང་༔ གདོད་ནས་མ་སྐྱེས་ཀུན་བཟང་མོ༔ དབྱེར་མེད་བདེ་བ་ཆེན་པོ་ལ༔ བསྐང་དང་བཤགས་བྱ་བཤགས་པའི་ཡུལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཆོས་ཀྱི་སྐུ་ལ་གཉིས་སུ་མེད༔ གཉིས་(3ན)མེད་རྟོགས་པས་ཐུགས་དམ་བསྐང་༔ དེ་ལྟར་རྟོགས་ན་སྐོང་བཤགས་མཆོག༔ (འདི་སྐབས་ལས་རྡོར་གྱིས་མཆོད་པ་དང་ཏིང་ཤག་བསྡུ། ཐིང་གཅིག་སུམ་བརྡུང་འཇོག་མེད་ཀྱིས།)ཨོཾ༔ འདོད་པའི་ཡོན་ཏན་(སོགས་ཚོགས་རྟ།)རྣམས་ལ་འབུལ༔ (སུམ་འཇོག་འོག་སྔགས་བཅས།)ཨཿ ཚེ་རབས་སྔོན་(ནས་སོགས་ལྷུག །འདི་སྐབས་ལས་རྡོར་གྱིས་ཚོགས་ཐ་མ་སློབ་དཔོན་མདུན་དུ་བཀོད།)འདོད་ཡོན་མཆོད་པས་(སོགས་ལ་འཇགས་རོལ་འོག་སྔགས་དང་།)ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿ(ར་སློབ་དཔོན་གྱིས་རྡོར་དྲིལ་བཅས་རང་རྒྱའི་མཐར་སུམ་བརྡུང་འཇོག་མེད་ཀྱིས།) ཧཱུྃ༔ མ་རིག་གཟུང་འཛིན་(སོགས་ཚོགས་གདངས།) འཁོར་ལོར་འབུལ༔ (སུམ་ཕྱེད་ནས་ཟིལ་རིང་འོག་སྔགས་བཅས་སློབ་དཔོན་གྱིས་བསྒྲལ་ཚུལ་མཐར་ལས་རྡོར་གྱིས་ནང་མཆོད་བྲན་ཏེ་ཕུལ། ཚོགས་གྲངས་གསོག་ཚེ་སུམ་བརྡུང་དང་། དེ་མིན་བཞག་རོལ། དེ་ནས་བསམ་ལྷུན་སྐབས་གསོལ་ཚོགས་ཕུལ་ཞིང་ལྷག་མ་བསྡུས་ལ་བར་ཆད་གྲོལ༼ དགོང་ཚོགས་ལ། ༽) ཧེ་རུ་ཀ་དཔལ་(སོགས་སྤྱི་གདངས། ལས་རྡོར་གྱིས་ཕྱག་བཅས་ལྷག་ཞུས་མཐར།) ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿས་ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ཕེཾ༔ (ཐིང་གསུམ་(ཌཱརྐ༤ཤ)ཟིལ་གསུམ་བརྡུང་འཇོག་མེད།)མཁའ་(3བ)འགྲོ་གིང་དང་(སོགས་རང་གདངས།) འགྲུབ་པར་མཛོད༔ (སུམ་ཕྱེད་ཟིལ་འོག་སྔགས་(ཌཱརྐ༣)བཅས་བཞག་རོལ་ལམ། གདངས་མེད་ཚར་འཇགས་ཟིལ་བཞག །དེ་རྗེས་བསྐང་གསོའི་གཏོར་འབུལ་ནས་ཤིས་བརྗོད་མཐར་སུམ་ཕྱེད་ནས་ཐིང་༣ཟིལ་སུམ་བརྡུང་འཇོག་མེད་ཀྱིས།)ཧཱུྃ༔ བརྒྱུད་གསུམ་རིག་འཛིན་(སོགས་གྱང་གླུ། འདི་སྐབས་ལས་རྡོར་གྱིས་ཆད་མདོར་སྨན་རཀ་བྲན་ཏེ་ལག་གཡས་སུ་ཆད་གཏོར་མདུན་ཕྱིར་བསྟན་དང་། ལག་གཡོན་དུ་བརྟན་གཏོར་མདུན་ནང་བསྟན་འོག་བཤལ་ཆུའི་སྨན་ཐུར་བཅས་གྲལ་གཤམ་ནས་བཏེགས་ལ།)འགྲུབ་པར་མཛོད༔ (རོལ་དགུ་བརྡུང་འོག་ལས་རྡོར་གྱིས་ཆད་གཏོར་ཕྱིར་ཕུལ་ཞིང་།)ཨོཾ་ཨཱཿཧཱུྃ་(ལ་བརྟན་གཏོར་ལ་བཤལ་ཆུ་བྲན་ཏེ། གོང་གི་དགུ་བརྡུང་རྗེས་འཇོག་མེད་ཀྱིས།) བྷྱོཿ འཇིག་རྟེན་སྐྱོང་བ་(སོགས་གྱང་གླུ།)ཕྲིན་ལས་སྒྲུབས༔ (དགུ་བརྡུང་ཟིལ་འོག་སྔགས་ལ་ལས་རྡོར་གྱིས་བརྟན་གཏོར་ཕུལ་ཏེ་ནང་དུ་ལོག་ནས་གྲལ་གཤམ་དུ་གཏོར་གཞོང་གཉིས་བརྩེགས་ཏེ་སྦུབས་པར་)ཨེ་ནྲྀ་ཏྲི་སརྦ་ཤཱ་ཏྲཱུན་བིགྷྣཱན་ཛཿཧཱུྃ་བྃ་ཧོཿ(ར་སློབ་དཔོན་གྱིས་རྡོ་དྲིལ་བཅས་རང་རྒྱ་དང་། ལས་རྡོར་གྱིས་སློབ་དཔོན་ནས་རྡོ་རྗེ་ཞུས་ཏེ་གཏོར་གཞོང་སྟེང་རྒྱ་གྲམ་དུ་བཏབ་རྗེས་སླར་ཕུལ། གོང་གི་ཟིལ་མཇུག་སུམ་བརྡུང་འཇོག་མེད་ཀྱིས།) ཧཱུྃ༔ རྣམ་ཐར་གསུམ་གྱི་(སོགས་རང་གདངས།)སྐབས་མེད་དོ༔ (སུམ་ཟིལ་འོག་སྔགས་བཅས་སུམ་བརྡུང་འཇོག་ཡོད་དམ། གདངས་མེད་(4ན)ཚེ་འཇགས་ཟིལ་སུམ་འཇོག་གིས།)ཨོཾ༔ གདོད་ནས་དག་པའི་(སོགས་ལྷུག) ། པཱུ་ཛ་ཧོཿ(ར་སུམ་བརྡུང་འཇོག་ཡོད།)ཧཱུྃ༔ མ་བཅོས་སྤྲོས་བྲལ་(སོགས་ལྷུག་ཤློ་ཀས་བསྟོད་མཐར་སུམ་ཕྱེད་ཟིལ་བཞག །ལས་རྡོར་གྱིས་རྩ་གཏོར་དང་། ཚེ་རྫས་སོགས་བཏེགས་ལ།) ཧཱུྃ༔ བདེ་ཆེན་རྒྱལ་བའི་(སོགས་རྩ་གདངས་སམ་ཡོ་སྤྱི།)སརྦ་སིངྔྷི་ཕ་ལ་ཧོཿ (བསྐུལ་མཚམས།)སླར་ཡང་མཁའ་ལས་(སོགས་ལྷུག །)ཨོཾ་ཨཱཿཧཱུྃ༔ (བསྐུལ་མཚམས་ཀྱིས།)དུས་གསུམ་དགེ་ཚོགས་(སོགས་རྩ་གདངས། འདི་སྐབས་ལས་རྡོར་གྱིས་ཚོགས་པར་མེ་ཏོག་འགྱེད།)སངས་རྒྱས་ཤོག༔ ཡེ་དྷརྨ(ར་ཞྭའམ་མེ་ཏོག་སྤྱི་བོར་བཀོད། རྩ་གདངས་ཀྱིས།) ངོ་བོ་ཀ་དག་(སོགས་མཐར་རོལ། ཌཱརྐང་རྒྱ) (དེ་ནས་)མ་ཧཱ་གུ་རུ། ཟངས་མདོག་དཔལ་རི་(རྒྱས་བསྡུས་གང་འོས།)ཕྱོགས་བཅུ་དུས་བཞི། ས་བཅུའི་དབང་(4བ)ཕྱུག །མདོ་སྔགས་ཆོས་ཚུལ། ཇི་སྙེད་ཕན་བདེ། བསླབ་གསུམ་འཕགས་ནོར། པདྨའི་རིང་ལུགས། རྒྱལ་བ་ཀུན་གྱི། སྟོན་པ་འཇིག་རྟེན། མཁན་སློབ་ཆོས་གསུམ། དེ་ལྟར་འགྲུབ་པའང་(སོགས་ཀྱིས་གྲོལ་ལོ།། །།) | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=bdud 'joms rin po che bka' 'bum | |||
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ། | |||
|totalvolumes=25 | |||
|author=Dudjom Rinpoche | |||
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |||
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=22 | |||
|volumeLetter=ZA | |||
|textnuminvol=030 | |||
|pdflink=File:DJYD-KABUM-22-ZA-030.pdf | |||
|InitCategories=Dudjom Tersar Project; DJYD-KABUM-Volume-22-ZA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|(1ན)སྭསྟི། (མ་ཧཱ་གུ་རུ་མཚོ་སྐྱེས་ཐུགས་ཐིག་གི་ཆོ་གའི་ཕྱག་བཞེས་ཟིན་ཐོ་ལ། རྟེན་དང་མཆོད་ཤོམ་གྱི་རིམ་པ་རྣམས་མཐོང་བརྒྱུད་བཞིན་ཚོགས་པར་བྱས་ནས། ཆོ་ག་དངོས་ལ། ཚིག་བདུན་གསོལ་འདེབས་ལན་གསུམ། གསོལ་འདེབས་རྣམ་གསུམ་གང་རུང་དང་།) རང་བྱུང་གདོད་མའི་(སོགས་བརྒྱུད་འདེབས་རྗེས་ཐིང་གསུམ་(ཌཱརྐ༤)ཟིལ་འབེབས་ཞག་རོལ།)སྐྱབས་ཡུལ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རིག་འཛིན་བླ་མ་ཐོད་ཕྲེང་རྩལ་གྱི་དཀྱིལ་འཁོར་གྱི་འཁོར་ལོའི་རོལ་པར་བཛྲ་ས་མཱ་ཛཿ(ར་བསྡུ་རྒྱ། ཐལ་སྦྱར་བཅས།)ན་མོ༔ གདོད་མའི་གནས་ལུགས་(སོགས་གསང་འདུས་རྩ་གདངས་སམ་ལྷུག་གང་བདེས་ལན་གསུམ། བསྐུལ་མཚམས་ཀྱིས།)ཧོཿ མ་རྟོགས་གཉིས་འཛིན་(སོགས་ལྷུག་གིས་ལན་གསུམ། བསྐུལ་མཚམས་ཀྱིས།)ཨ༔ རིག་སྟོང་ཁྱབ་བརྡལ་(སོགས་ལྷུག །)ཛཿཧཱུྃ་བྃ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་གྱུར། (འདི་སྐབས་ལས་རྡོར་གྱིས་གྲལ་གཤམ་དུ་བགེགས་གཏོར་བཤམས།)རང་ཉིད་སྐད་ཅིག་གིས་དབང་ཆེན་རྟ་མཆོག་ཧེ་རུ་ཀ་ཡུམ་དང་བཅས་པའི་སྐུར་གྱུར། རཾ་ཡཾ་ཁཾ་(ལ་ལས་རྡོར་གྱིས་སློབ་དཔོན་ནས་འཐོར་གཡབ་ཞུས་ཏེ་བགེགས་གཏོར་ལ་ཆབ་བྲན།) ཨོཾ་ཨཱཿཧཱུྃ་(ལ་རང་རྒྱ།)སརྦ་བྷུ་ཏ་ཨ་ཀརྴ་ཡ་ཛཿ(ར་རྡོ་དྲིལ་བཅས་འགུགས་རྒྱ།)སརྦ་བིགྷྣཱན་(1བ)བ་ལིངྟ་ཁཱ་ཧི(ར་ལག་གཡས་པད་སྦུབས་སེ་གོལ་བཅས་ལན་གསུམ། ཐང་གསུམ་(རྐ༤)ཟིལ་འབེབས་སུམ་བརྡུང་འཇོག་མེད་ཀྱིས།)ཧཱུྃ༔ ང་ནི་ཡེ་ནས་(སོགས་རང་གདངས།)མཚམས་གཅོད་དོ༔ (སུམ་ཕྱེད་(རྐ༣)ཟིལ་འོག་གམ་གདངས་མེད་ཚེ་འཇགས་རོལ་འོག་སྔགས་བཅས་སློབ་དཔོན་གྱིས་ཡུངས་ཐུན་བྲབ། ལས་རྡོར་གྱིས་གུ་གུལ་བདུག་ཅིང་བགེགས་གཏོར་ཕྱིར་དོར་མཐར་སུམ་འཇོག་གིས།)ཧཱུྃ༔ རང་སྣང་དག་པ་(སོགས་མཐར་བརྒྱུད་གསུམ་རོལ་མོ་ཟིལ་(ཌཱརྐ༣)འབེབས་འོག་སྔགས་མཐར་བཞག་རོལ།)ཧོ༔ ཏིང་འཛིན་ནམ་མཁའ་(སོགས་འདི་སྐབས་ལས་རྡོར་གྱིས་སྨན་རཀ་དང་། སློབ་དཔོན་མདུན་གྱི་ནང་མཆོད་ཀྱི་ཁེབས་བསལ།) སྥ་ར་ཎ་ཁཾ་(ལ་ལག་གཉིས་ཕྱིར་བསྟན་གྱིས་བསྣོལ་ལ་སེ་གོལ་མཐར་རོལ། ཌཱརྐ༣ ཐིང་གསུམ་ཟིལ་སུམ་བརྡུང་འཇོག་ཡོད།) ཨཿ མ་བཅོས་ཆོས་དབྱིངས་(སོགས་ལྷུག །)ཆེན་པོར་རྫོགས༔ (ཞེས་རྔ་ཚག་གིས་བཞག) ། ཨོཾ་ཨཱཿ(སོགས། ཐིང་གསུམ་(ཌཱརྐ༤)ཟིལ་འབེབས་སུམ་བརྡུང་འཇོག་མེད་དལ་བ་ནས།)ཧཱུྃ༔ ཨོ་རྒྱན་ཡུལ་གྱི་(སོགས་རང་གདངས་ལྡེམ་དབྱངས།)སྡོང་པོ་ལ༔ (ཐིང་སུམ་བརྡུང་འཇོག་ཡོད།)ཡ་མཚན་མཆོག་གི་(ནས་ལྷུག) ། གཤེགས༔ དབང་བསྐུར་(སོགས་འཇགས་(ཌཱརྐ༣)རོལ་འོག་སྔགས་མཐར་སུམ་བརྡུང་འཇོག་ཡོད།)ཧོཿ དམ་ཚིག་སྣང་བ་(སོགས་བཞུགས་གསོལ་དང་། ཕྱག་འཚལ་སྦྲེལ་ཏེ་ལྷུག །)པྲ་ཏཱིཙྪ་ཧོཿ (སུམ་བརྡུང་འཇོག་ཡོད།)(2ན)ཧཱུྃ༔ གདོད་ནས་དག་པའི་(སོགས་ལྷུག །)པཱུ་ཛ་ཧོཿ (སུམ་བརྡུང་འཇོག་མེད།) ཧཱུྃ༔ ཡེ་ཤེས་ཚད་མེད་(སོགས་དྲག་དམར་མཆོད་དབྱངས་ལྷུ་གཉིས་ནས་སུམ་འཇོག་འོག་སྔགས་བཅས་ལྷུག་གིས །) ཧཱུྃ༔ བདེ་ཆེན་བདེ་སྦྱོར་(སོགས།)ཆེ་ཧོཿ (སུམ་བརྡུང་འཇོག་ཡོད།)ཧཱུྃ༔ མ་བཅོས་སྤྲོས་བྲལ་(སོགས་ལྷུག །)ངོ་བོར་བསྟོད༔ (སུམ་ཕྱེད་ཟིལ་འབེབས་བཞག་རོལ།) རང་ཉིད་པདྨ་(སོགས་ལྷུག) ། རོལ་པར་གྱུར༔ (བསྙེན་སྒྲུབ་ལས་གསུམ་གྱི་སྔགས་གཅིག་དྲིལ་ཐོད་ཕྲེང་རྩལ་གྱི་བཟླས་པ་༡༠༠༠དང་། ཚེ་སྒྲུབ་སྦྲེལ་ཚེ་ཟུར་བྱང་ལྟར་བཟླས་དམིགས་གསལ་བཏབ་ལ་ཚེ་བསྙེན་བརྒྱ་རྩ་ལམ་གྱི་མཐར། ཐིང་གཅིག་སུམ་བརྡུང་གིས།) ཧྲཱིཿ པདྨ་དྲྭ་བ་(སོགས་ལ་ལས་རྡོར་གྱིས་ཚེ་མདའ་སློབ་དཔོན་ལ་ཕུལ། ཚེ་འགུགས་ལན་གསུམ་དང་།)ཨཿ འཁོར་འདས་ཚེ་ཡི་(སོགས།)ཨ་ཨ་ཨ༔ (སུམ་ཕྱེད་ཟིལ་བཞག) ། ཨོཾ༔ གདོད་ནས་དག་པའི་(སོགས།) པཱུ་ཛ་ཧོཿ(ར་རོལ། ཌཱརྐ༣)ཧྲཱིཿ མ་བཅོས་སྤྲོས་བྲལ་(སོགས་ཤློ་ཀ་གཅིག །དེ་ནས་ལེའུ་བདུན་མ་དལ་འདོན་མཐར།)སྣང་གྲགས་རིག་གསུམ་(སོགས་ཀྱིས་ཞོག་ཚོགས་གྲོལ། ༼ཚ་རྟིང་མར། ༽ བསྐང་གསོའི་མཆོད་བརླབ་འདས་གཏོར་ནས་བསྐང་བཤགས་ཕྲིན་བཅོལ་བར་བཏང་ནས་གྲོལ། ༼བར་ཆར། ༽ ལས་རྡོར་གྱིས་ཕྱག་བཅས་ཚོགས་ཞུས་མཐར། ཐིང་(2བ)གསུམ་ཟིལ་(ཌཱརྐ༣)འབེབས་སུམ་བརྡུང་འཇོག་མེད།)ཧཱུྃ༔ རང་ཉིད་ལྷ་ཡི་(སོགས་ཚོགས་གདངས།)ཕུང་པོར་གྱུར༔ (སུམ་འཇོག་འོག་འབྲུ་གསུམ།) ཧཱུྃ༔ བཞེངས་ཤིག་རྩ་གསུམ་(སོགས་ལྷུག །)དགྱེས་པའི་གར་གྱིས་(སོགས་ལ་འཇགས་(ཌཱརྐ༣)རོལ་སོགས་སྔགས་བཅས་བཞག་རོལ་ནས་རྔ་སྦུག་གནས་སུ་འཇོག །འདི་སྐབས་ལས་རྡོར་གྱིས་མཆོད་པ་རྣམ་ལྔ་དང་ཏིང་ཤག་བཅས་མཐོང་བརྒྱུད་བཞིན་ཕུལ་ནས། སློབ་དཔོན་གྱིས་ནང་མཆོད་དང་ཌཱ་རུ་བསྣམས་ཤིང་གསང་འདུས་རྩ་གདངས་ཀྱིས།)ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ གསང་བའི་དཀྱིལ་འཁོར་གཞུང་བཞིན་བཤམས་ནས་ཀྱང་༔ སྒྲུབ་རྫས་གཉན་པོ་ཚུལ་བཞིན་བཀྲམ་ལགས་ན༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་གཉན་བསྐངས་ཏེ༔ རྣལ་འབྱོར་བདག་གི་གཡར་དམ་སོར་སྩོལ་ཅིག༔ གུ་རུ་ངྷེ་ཝ་ཌཱ་ཀི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ (ཞེས་སྔགས་ལན་བདུན་ལ་ཌཱ་རུ་དང་ཏིང་ཤག་ཀྱང་དཀྲོལ་མཐར་ལྷུག་གིས།) ཀུན་གཞི་མ་བཅོས་ཀློང་ཡངས་ནས༔ རང་རིག་རང་གསལ་ཀུན་ཏུ་བཟང་༔ གདོད་ནས་མ་སྐྱེས་ཀུན་བཟང་མོ༔ དབྱེར་མེད་བདེ་བ་ཆེན་པོ་ལ༔ བསྐང་དང་བཤགས་བྱ་བཤགས་པའི་ཡུལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཆོས་ཀྱི་སྐུ་ལ་གཉིས་སུ་མེད༔ གཉིས་(3ན)མེད་རྟོགས་པས་ཐུགས་དམ་བསྐང་༔ དེ་ལྟར་རྟོགས་ན་སྐོང་བཤགས་མཆོག༔ (འདི་སྐབས་ལས་རྡོར་གྱིས་མཆོད་པ་དང་ཏིང་ཤག་བསྡུ། ཐིང་གཅིག་སུམ་བརྡུང་འཇོག་མེད་ཀྱིས།)ཨོཾ༔ འདོད་པའི་ཡོན་ཏན་(སོགས་ཚོགས་རྟ།)རྣམས་ལ་འབུལ༔ (སུམ་འཇོག་འོག་སྔགས་བཅས།)ཨཿ ཚེ་རབས་སྔོན་(ནས་སོགས་ལྷུག །འདི་སྐབས་ལས་རྡོར་གྱིས་ཚོགས་ཐ་མ་སློབ་དཔོན་མདུན་དུ་བཀོད།)འདོད་ཡོན་མཆོད་པས་(སོགས་ལ་འཇགས་རོལ་འོག་སྔགས་དང་།)ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿ(ར་སློབ་དཔོན་གྱིས་རྡོར་དྲིལ་བཅས་རང་རྒྱའི་མཐར་སུམ་བརྡུང་འཇོག་མེད་ཀྱིས།) ཧཱུྃ༔ མ་རིག་གཟུང་འཛིན་(སོགས་ཚོགས་གདངས།) འཁོར་ལོར་འབུལ༔ (སུམ་ཕྱེད་ནས་ཟིལ་རིང་འོག་སྔགས་བཅས་སློབ་དཔོན་གྱིས་བསྒྲལ་ཚུལ་མཐར་ལས་རྡོར་གྱིས་ནང་མཆོད་བྲན་ཏེ་ཕུལ། ཚོགས་གྲངས་གསོག་ཚེ་སུམ་བརྡུང་དང་། དེ་མིན་བཞག་རོལ། དེ་ནས་བསམ་ལྷུན་སྐབས་གསོལ་ཚོགས་ཕུལ་ཞིང་ལྷག་མ་བསྡུས་ལ་བར་ཆད་གྲོལ༼ དགོང་ཚོགས་ལ། ༽) ཧེ་རུ་ཀ་དཔལ་(སོགས་སྤྱི་གདངས། ལས་རྡོར་གྱིས་ཕྱག་བཅས་ལྷག་ཞུས་མཐར།) ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿས་ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ཕེཾ༔ (ཐིང་གསུམ་(ཌཱརྐ༤ཤ)ཟིལ་གསུམ་བརྡུང་འཇོག་མེད།)མཁའ་(3བ)འགྲོ་གིང་དང་(སོགས་རང་གདངས།) འགྲུབ་པར་མཛོད༔ (སུམ་ཕྱེད་ཟིལ་འོག་སྔགས་(ཌཱརྐ༣)བཅས་བཞག་རོལ་ལམ། གདངས་མེད་ཚར་འཇགས་ཟིལ་བཞག །དེ་རྗེས་བསྐང་གསོའི་གཏོར་འབུལ་ནས་ཤིས་བརྗོད་མཐར་སུམ་ཕྱེད་ནས་ཐིང་༣ཟིལ་སུམ་བརྡུང་འཇོག་མེད་ཀྱིས།)ཧཱུྃ༔ བརྒྱུད་གསུམ་རིག་འཛིན་(སོགས་གྱང་གླུ། འདི་སྐབས་ལས་རྡོར་གྱིས་ཆད་མདོར་སྨན་རཀ་བྲན་ཏེ་ལག་གཡས་སུ་ཆད་གཏོར་མདུན་ཕྱིར་བསྟན་དང་། ལག་གཡོན་དུ་བརྟན་གཏོར་མདུན་ནང་བསྟན་འོག་བཤལ་ཆུའི་སྨན་ཐུར་བཅས་གྲལ་གཤམ་ནས་བཏེགས་ལ།)འགྲུབ་པར་མཛོད༔ (རོལ་དགུ་བརྡུང་འོག་ལས་རྡོར་གྱིས་ཆད་གཏོར་ཕྱིར་ཕུལ་ཞིང་།)ཨོཾ་ཨཱཿཧཱུྃ་(ལ་བརྟན་གཏོར་ལ་བཤལ་ཆུ་བྲན་ཏེ། གོང་གི་དགུ་བརྡུང་རྗེས་འཇོག་མེད་ཀྱིས།) བྷྱོཿ འཇིག་རྟེན་སྐྱོང་བ་(སོགས་གྱང་གླུ།)ཕྲིན་ལས་སྒྲུབས༔ (དགུ་བརྡུང་ཟིལ་འོག་སྔགས་ལ་ལས་རྡོར་གྱིས་བརྟན་གཏོར་ཕུལ་ཏེ་ནང་དུ་ལོག་ནས་གྲལ་གཤམ་དུ་གཏོར་གཞོང་གཉིས་བརྩེགས་ཏེ་སྦུབས་པར་)ཨེ་ནྲྀ་ཏྲི་སརྦ་ཤཱ་ཏྲཱུན་བིགྷྣཱན་ཛཿཧཱུྃ་བྃ་ཧོཿ(ར་སློབ་དཔོན་གྱིས་རྡོ་དྲིལ་བཅས་རང་རྒྱ་དང་། ལས་རྡོར་གྱིས་སློབ་དཔོན་ནས་རྡོ་རྗེ་ཞུས་ཏེ་གཏོར་གཞོང་སྟེང་རྒྱ་གྲམ་དུ་བཏབ་རྗེས་སླར་ཕུལ། གོང་གི་ཟིལ་མཇུག་སུམ་བརྡུང་འཇོག་མེད་ཀྱིས།) ཧཱུྃ༔ རྣམ་ཐར་གསུམ་གྱི་(སོགས་རང་གདངས།)སྐབས་མེད་དོ༔ (སུམ་ཟིལ་འོག་སྔགས་བཅས་སུམ་བརྡུང་འཇོག་ཡོད་དམ། གདངས་མེད་(4ན)ཚེ་འཇགས་ཟིལ་སུམ་འཇོག་གིས།)ཨོཾ༔ གདོད་ནས་དག་པའི་(སོགས་ལྷུག) ། པཱུ་ཛ་ཧོཿ(ར་སུམ་བརྡུང་འཇོག་ཡོད།)ཧཱུྃ༔ མ་བཅོས་སྤྲོས་བྲལ་(སོགས་ལྷུག་ཤློ་ཀས་བསྟོད་མཐར་སུམ་ཕྱེད་ཟིལ་བཞག །ལས་རྡོར་གྱིས་རྩ་གཏོར་དང་། ཚེ་རྫས་སོགས་བཏེགས་ལ།) ཧཱུྃ༔ བདེ་ཆེན་རྒྱལ་བའི་(སོགས་རྩ་གདངས་སམ་ཡོ་སྤྱི།)སརྦ་སིངྔྷི་ཕ་ལ་ཧོཿ (བསྐུལ་མཚམས།)སླར་ཡང་མཁའ་ལས་(སོགས་ལྷུག །)ཨོཾ་ཨཱཿཧཱུྃ༔ (བསྐུལ་མཚམས་ཀྱིས།)དུས་གསུམ་དགེ་ཚོགས་(སོགས་རྩ་གདངས། འདི་སྐབས་ལས་རྡོར་གྱིས་ཚོགས་པར་མེ་ཏོག་འགྱེད།)སངས་རྒྱས་ཤོག༔ ཡེ་དྷརྨ(ར་ཞྭའམ་མེ་ཏོག་སྤྱི་བོར་བཀོད། རྩ་གདངས་ཀྱིས།) ངོ་བོ་ཀ་དག་(སོགས་མཐར་རོལ། ཌཱརྐང་རྒྱ) (དེ་ནས་)མ་ཧཱ་གུ་རུ། ཟངས་མདོག་དཔལ་རི་(རྒྱས་བསྡུས་གང་འོས།)ཕྱོགས་བཅུ་དུས་བཞི། ས་བཅུའི་དབང་(4བ)ཕྱུག །མདོ་སྔགས་ཆོས་ཚུལ། ཇི་སྙེད་ཕན་བདེ། བསླབ་གསུམ་འཕགས་ནོར། པདྨའི་རིང་ལུགས། རྒྱལ་བ་ཀུན་གྱི། སྟོན་པ་འཇིག་རྟེན། མཁན་སློབ་ཆོས་གསུམ། དེ་ལྟར་འགྲུབ་པའང་(སོགས་ཀྱིས་གྲོལ་ལོ།། །།)}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 05:20, 1 June 2024
| Wylie title | ||
|---|---|---|
| Location | bdud 'joms rin po che bka' 'bum Volume 22, Text 30, Pages (Folios to ) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985. | |
| Side notes | ||
| More details More details | ||
| Genre | ||