TTDL-ZABTER-05-CA-033: Difference between revisions
From Dudjom Wiki
TTDL-ZABTER-05-CA-033
No edit summary |
m (Text replacement - "ཧོ༔" to " ཧོཿ") |
||
| Line 39: | Line 39: | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|ཐྂ༎༔ ཕཊ༔ མདུན་དུ་ཨེ་ལས་མི་སྡུག་བཙོན་ཁང་དུ༔ ནྲྀཿ ཏྲིཿ ལས་གྱུར་བརྣག་པའི་དགྲ་བགེགས་ཀྱི༔ གཟུགས་ཁམས་སྐྱེ་མཆེད་དབང་པོ་ཀུན་ཚང་ལ༔ བསྡམ་བཅུམ་གཅུན་བཅིང་ས་བོན་འཕྲོ་འདུ་ལས༔ བརྣག་པའི་དགྲ་བགེགས་རང་དབང་མེད་པར་བཀུག༔ རཱུ་པ་ཉིད་ལ་དབྱེར་མེད་ཐིམ་པར་གྱུར༔ དེ་ནས་འགུགས་པ་ནི༔ ཧཱུྃ་བྷྱོ༔ བདེ་གཤེགས་རྒྱལ་བ་མ་ལུས་འདུས་པའི་དཔལ༔ དཔལ་ཆེན་ཁྲོ་རྒྱལ་རྡོ་རྗེ་གཞོན་ནུ་ཡི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ བདེན་པ་ཆེན་པོས་དགྲ་འདྲེ་ཆོམ་རྐུན་རྣམས༔ སྟོང་གསུམ་རི་རབ་གླིང་བཞི་གར་གནས་ཀྱང་༔ གཟུགས་ཕུང་རཱུ་པ་ཉིད་ལ་དབྱེར་མེད་ཁུག༔ | {{TibP|ཐྂ༎༔ ཕཊ༔ མདུན་དུ་ཨེ་ལས་མི་སྡུག་བཙོན་ཁང་དུ༔ ནྲྀཿ ཏྲིཿ ལས་གྱུར་བརྣག་པའི་དགྲ་བགེགས་ཀྱི༔ གཟུགས་ཁམས་སྐྱེ་མཆེད་དབང་པོ་ཀུན་ཚང་ལ༔ བསྡམ་བཅུམ་གཅུན་བཅིང་ས་བོན་འཕྲོ་འདུ་ལས༔ བརྣག་པའི་དགྲ་བགེགས་རང་དབང་མེད་པར་བཀུག༔ རཱུ་པ་ཉིད་ལ་དབྱེར་མེད་ཐིམ་པར་གྱུར༔ དེ་ནས་འགུགས་པ་ནི༔ ཧཱུྃ་བྷྱོ༔ བདེ་གཤེགས་རྒྱལ་བ་མ་ལུས་འདུས་པའི་དཔལ༔ དཔལ་ཆེན་ཁྲོ་རྒྱལ་རྡོ་རྗེ་གཞོན་ནུ་ཡི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ བདེན་པ་ཆེན་པོས་དགྲ་འདྲེ་ཆོམ་རྐུན་རྣམས༔ སྟོང་གསུམ་རི་རབ་གླིང་བཞི་གར་གནས་ཀྱང་༔ གཟུགས་ཕུང་རཱུ་པ་ཉིད་ལ་དབྱེར་མེད་ཁུག༔ ཛཿཧཱུྃ་བཾ་ ཧོཿ ཨ་བེ་ཤ་ཡ་ཨཱཿམཚམས་སུ་བླ་འགུགས་སྔགས༔ དགྲ་བགེགས་གནོད་བྱེད་སརྦ་ཛཿཧཱུྃ་བཾ་ ཧོཿ དགྲ་བགེགས་གནོད་བྱེད་རྣམས་ཀྱི་བླ་ཤ་རེ་མ་ཏཱི་འགྲིམ་འགྲིམ༔ ཤ་མ་རུ་ཏི་ཐུལ་ཐུལ༔ མྱོག་མྱོག༔ ཡེད་ཡེད༔ ཤ་མ་རུ་ཏི་ཁུག་ཁུག༔ ལིང་མྱོག༔ ལིང་ཤག༔ ལིང་ཐུམ༔ ཙ་མུནྟྲི་ཛཿཧཱུྃ་བཾ་ཧོཿ རྩ་སྔགས་མཐར༔ དགྲ་མགོ་ཐོག་སོགསརྩ་སྔགས་མཐར༔ གནོད་བྱེད་མཱ་ར་ཡ་ཨཾ་ཀུ་ཤ་ཛཿཨ་ནྲྀ་ཏྲག་རཀྴ་མཱ་ར་ཡ་ཕྱེས་ཕྱེས༔ མ་མ་ཏྲག་རཀྴ་མཱ་ར་ཡ་ཕྱེས་ཕྱེས༔ དགྲ་བགེགས་སྐྱོབ་བྱེད་ཀྱི་ལྷ་དང་ཕྱེས་ཕྱེས༔ བཛྲ་པྲ་ཝེ་ཤ་ཡ་ཕཊ༔ རྩ་སྔགསདགྲ་བགེགས་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་རེངས་རེངས་རྨུག་རྨུག་རྦད་ནན་མཱ་ར་ཡ་ཕཊ༔ རྩ་སྔགསདགྲ་བགེགས་གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་སྐྱུག་སྐྱུག་ཐུམ་རི་ལི་ལི་ཆིངས་ཆིངས་ཐིབ་ཐིབ་རྦད་ནན༔ ཕུར་གདབ་ནི༔ ཛཿདམ་ཚིག་ཆེན་པོའི་དུས་ལ་བབ༔ རྡོ་རྗེ་སྲིན་པོའི་དུས་ལ་བབ༔ ཕྲིན་ལས་དྲག་པོའི་དུས་ལ་བབ༔ ཁྱེད་ཀྱི་མངོན་སྤྱོད་དུས་ལ་བབ༔ ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པ༔ གཞོམ་བྲལ་ཐོགས་མེད་རྡོ་རྗེ་ཕུར་པ་ཆེ༔ དབྱིངས་ལས་སྐུར་བཞེངས་ལོག་རྟོག་དབྱིངས་སུ་སྒྲོལ༔ རྩ་སྔགསདགྲ་བགེགས་ཏ་ཐ་ཡ་ཏ་ཐ་ཡ་ཕྱེ་མ་ཕྱེ་མ་ཚལ་པར་རྦད་ནན་སྭཱ་ཧཱ༔ དེ་ནས་བྲུབ་ཁུང་དུ་ལིངྒ་བཅུག་ནས་འགུགས་གཞུག་ནན་དུ་བྱས་མཐར༔ གཟའ་བདུད་ནག་པོའི་བསྐྱེད་ཆོག་ལྟར་འདོན་ཅིང་འབོད་སྔགས་དང་བསྐང་གསོལ་གྱི་རྗེས་སུ༔ རྩ་སྔགས་མཐར༔ དགྲ་མགོ་ཐོག་ཏུ་བབ་པ་ཐམས་ཅད་མཱ་ར་ཡ་ནན་ནན༔ ཇག་པ་ཕྱུག་ལ་རྔམས་པ་ཐམས་ཅད་མཱ་ར་ཡ་ནན་ནན༔ རྐུན་མ་ཕུག་ཏུ་ཡིབ་པ་ཐམས་ཅད་མཱ་ར་ཡ་ནན་ནན༔ སྔོན་གྱི་ལས་ལས་གྱུར་བའི་དགྲ་ཇག་ཆོམ་རྐུན་ཐམས་ཅད་མཱ་ར་ཡ་ནན་ནན༔ འཕྲལ་གྱི་རྐྱེན་ལས་གྱུར་བའི་དགྲ་ཇག་ཆོམ་རྐུན་ཐམས་ཅད་མཱ་ར་ཡ་ནན་ནན༔ ནང་ནས་སྣ་འདྲེན་བྱེད་པའི་དགྲ་ཇག་ཆོམ་རྐུན་ཐམས་ཅད་མཱ་ར་ཡ་ནན་ནན༔ ཕྱི་ནས་གཟན་དུ་ཆས་པའི་དགྲ་ཇག་ཆོམ་རྐུན་ཐམས་ཅད་མཱ་ར་ཡ་ནན་ནན༔ ཅེས་ས་གཞི་དང་མཉམ་པའི་འོད་ནག་པོས་གྱེན་དུ་དྲིལ༔ ནམ་མཁའ་དང་མཉམ་པའི་འོད་ནག་པོས་ཐུར་དུ་བཏུམ་ནས་བདེ་བ་སྐྱེས་ཏེ་ཞེན་པ་མེད་པའི་ངང་དུ་བརྒྱལ་བར་བསམ་ལ༔ དྲག་སྔགས་སོ་ལྔ་ཅི་མང་མཐར༔ དགྲ་ཇག་ཆོམ་རྐུན་ཐམས་ཅད་མཱ་ར་ཡ་རྦད་རྦད་ནན༔ ཅེས་བརྒྱ་རྩ་བརྗོད་མཐར༔ ཕུར་བུས་བཏབ་པས་དྲན་མེད་དུ་མྱོས་པར་བསམ་ལ༔ ཨ་མུ་ཀ་ཐིབ་ཐིབ་མྱོས་མྱོས་ཐུམ་རི་ལི་ལི་ཨེ་ཧུར་ཐུམ་ཛ་མཱ་ར་ཡ་རྦད་རྦད་ནན་སྭཱ་ཧཱ༔ ཅེས་ལོ་ཟླའི་ཟད་མཚམས་སུ་མནན་པ་ནན་དུ་མནན་ནོ༔ ཞེས་བདུད་འཇོམས་པས་སོ༔ ༈ བྲོ་མནན་ནི༔ ཧཱུྃ༔ རང་བཞིན་རྣམ་དག་ཨེ་ཡི་མཁར༔ ལོག་རྟོག་མི་སྲུན་རཱུ་ཏྲ་བྲུབ༔ ཐབས་ཤེས་རྔམས་པའི་རྟ་བྲོ་བརྡུང་༔ ཡེ་ཤེས་རོལ་བའི་སྟོབས་ཀྱིས་མནན༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སྟྭཾ་བྷ་ཡ་ནན༔ | ||
༈ འགུགས་པ་ནི༔ ན་མོ༔ རྩ་བརྒྱུད་བླ་མ་དཀོན་མཆོག་གསུམ༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་༔ ལྷ་སྔགས་ཕྱག་རྒྱ་ཏིང་འཛིན་མཐུས༔ བསྟན་ལ་འཚེ་ཞིང་བར་གཅོད་པའི༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ མྱུར་དུ་ལིང་ག་འདི་ལ་ཁུག༔ | ༈ འགུགས་པ་ནི༔ ན་མོ༔ རྩ་བརྒྱུད་བླ་མ་དཀོན་མཆོག་གསུམ༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་༔ ལྷ་སྔགས་ཕྱག་རྒྱ་ཏིང་འཛིན་མཐུས༔ བསྟན་ལ་འཚེ་ཞིང་བར་གཅོད་པའི༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ མྱུར་དུ་ལིང་ག་འདི་ལ་ཁུག༔ ཛཿཧཱུྃ་བཾ་ ཧོཿ }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Revision as of 11:21, 12 August 2025
| Wylie title | ling ga bskyed chog zur byang | |
|---|---|---|
| Location | bdud 'joms gling pa zab gter Volume 5, Text 33, Pages 295-298 (Folios 1a1 to 2b1) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Ling ga bskyed chog zur byang. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 5: 295-298. Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Verso: bdud 'joms phur pa bde gshegs snying po | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | Supplemental Instructions - zur 'debs - zur rgyan | |
| Cycle | དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཡང་གསང་བདེ་གཤེགས་སྙིང་པོ་ (dpal chen rdo rje gzhon nu'i yang gsang bde gshegs snying po) | |
| Parent Cycle | ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig) | |
| Deity | rdo rje phur pa | |
| Colophon |
ཞེས་བདུད་འཇོམས་པས་སོ༔ | |
|
zhes bdud 'joms pas so: | ||
Categories:
- Dudjom Tersar Project
- TTDL-ZABTER-Volume-05-CA
- TTDL-ZABTER-05-CA-033
- Tibetan Publications
- Tibetan Texts
- Bdud 'joms gling pa zab gter
- Dpal chen rdo rje gzhon nu'i yang gsang bde gshegs snying po
- Zab gsang mkha' 'gro'i snying thig
- Rdo rje phur pa
- Supplemental Instructions - zur 'debs - zur rgyan
- Bdud 'joms gling pa