DJYD-KABUM-23-A-035: Difference between revisions

From Dudjom Wiki
DJYD-KABUM-23-A-035
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
(1ན)(མནོལ་བསང་ལྷ་ཆབ་སྔོན་མོའི་ཁོག་དབུབ་སྤྱི་ཆིངས་མདོར་བསྡུས་བཞུགས།  ན་མོ་གུ་རུ་པདྨ་ཀ་ར་ཡེ།  (མནོལ་བསང་ལྷ་ཆབ་སྔོན་མོ་འདི་ཉིད་ལག་ཏུ་ལེན་པ་ལ།  སྦྱོར་བ་གཙང་མའི་སྟེགས་བུ་རས་དཀར་གྱི་ཁེབས་དང་ལྡན་པའི་ཁར།  སྣོད་གཙང་མར་འབྲུ་སྣའི་ཕྱེ་དང་བསང་རྫས་བརྒྱ་རྩ་སོགས་འོག་གི་ཚིག་རིས་དང་མཐུན་པའི་སྨན་སྣ།  དར་ཟབ་གོས་སྣ།  དཀར་གསུམ་མངར་གསུམ་བཅས་མར་ཁུས་སྦགས་པས་བཀང་བ་བཤམ།  མཐའ་སྐོར་དུ་འོ་ཕུད།  ཆང་ཕུད།  ཇ་ཕུད།  ཤིང་ཏོག་བཟང་པོའི་ཁུ་བའི་རིགས།  ཆུ་གཙང་དྲི་བཟང་ལྔ་ཚན་ལྔ་སྦྱར་བ་བཅས་ཀྱིས་བཀང་བའི་ཞལ་བུ་གྲལ་སྟབས་སུ་འགོད།  ཕྱི་ནང་གི་ཕྱོགས་གང་བདེར་ཤིང་སྣའི་མེ་དང་།  རོལ་མོའི་རིགས་བྱེད་སོགས་འདིར་མཁོ་བའི་ཡོ་བྱད་རྣམས་འདུ་བྱས་ནས།  ཆོ་ག་དངོས་ལ་།  འདི་ཉིད་ལྷ་བསང་རྒྱག་བརྔན་སོགས་བསང་གཞུང་གཞན་གྱི་ཁོངས་སུ་བསྒྲུབ་ན་སྔོན་རྗེས་ཀྱི་ཆོས་རྣམས་ཟུར་དུ་མི་དགོས་པས་མནོལ་བསང་དངོས་ལ་འཇུག་པས་ཆོག་ཅིང་།  འདི་ཁོ་ན་སྒེར་དུ་གཏོང་སྐབས་སུ།  ཐོག་མར་སྦྱོར་བའི་ཆོས་མདོར་བསྡུས་ནི།)    ན་མོ།  བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར།  །བླ་མ་རྩ་གསུམ་ལྷ་ལ་སྐྱབས་སུ་མཆི།  །གཞན་དོན་རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར།  །ཟབ་མོའི་རྣལ་འབྱོར་བསྒོམ་པར་སེམས་བསྐྱེད་དོ།  །(ཞེས་སྐྱབས་(1བ)སེམས་ལན་གསུམ།)    ཀ་དག་ཆོས་སྐུའི་དབྱིངས་ལས་འགགས་མེད་རྩལ།  །པདྨ་ཐོད་ཕྲེང་དཀར་དམར་གཞོན་ཚུལ་མཛེས།  །མཚན་དཔེའི་གཟི་འབར་རྡོ་རྗེ་ཐོད་པ་བསྣམས།  །མཛེས་བརྗིད་རྒྱན་དང་ཆ་བྱད་ཡོངས་སུ་རྫོགས།  །དམ་ཡེ་དབྱེར་མེད་རྒྱལ་ཀུན་འདུས་པའི་གཟུགས།  །འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེན་པོར་གྱུར།  ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིངྔྷི་ཧཱུྃ།  (ཞེས་བརྒྱ་རྩ་སོགས་བཟླས་མཐར།  བསང་རྫས་རྣམས་ལ་བསང་ཆུ་འཐོར་ཞིང་།)      ཨ་མྲྀ་ཏ(ས་བསང་།)    སྭ་བྷཱ་ཝ་(ས་སྦྱང་།)    སྟོང་པའི་ངང་ལས་བྷྲཱུཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་དྲི་བཟང་གི་མཆོད་པ།  རྩི་ཤིང་སྣ་ཚོགས་ཀྱི་དུད་པ།  ཞལ་ཟས་ཕྱེ་མར་གྱི་འོ་སྐོལ།  གསུར་གྱི་དུད་སྤྲིན་ཆེན་པོ།  དུ་བ་ཡེ་ཤེས་ཀྱི་བདུད་རྩིས་ས་དང་བར་སྣང་ཐམས་ཅད་གང་བ།  གཟུགས་མཛེས་པ།  སྒྲ་སྙན་པ།  དྲི་ཞིམ་པ།  རོ་མངར་བ།  རེག་བྱ་འཇམ་པ།  བཟའ་བས་མི་ཟད་པ།  བཏུང་བས་མི་ཟད་པ།  རྒོལ་བས་མི་སྡིགས་པ།  རི་རྒྱལ་ལས་དཔངས་(2ན)མཐོ་བ།  རྒྱ་མཚོ་ལས་གཏིང་ཟབ་པ།  ཞིང་རྡུལ་ལས་གྲངས་མང་བ།  ཉི་ཟླ་ལས་འོད་གསལ་བ།  རྒྱ་ཆེ་ནམ་མཁའི་མཐའ་དང་མཉམ་པ།  ནད་པ་གསོ་བའི་སྨན།  འཆི་བ་བསླུ་བའི་བདུད་རྩིའི་རྒྱ་ཆེན་པོར་གྱུར།  (ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་བདུན་གྱིས་བྱིན་བརླབ་ལ།)    བཛྲ་སྥ་ར་ཎ་ཁཾ་(གིས་སྤེལ།)    ན་མོ།  བདག་གི་བསམ་པའི་སྟོབས་དང་ནི།  །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་།  །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས།  །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར།  །དོན་རྣམས་གང་དག་བསམ་པ་ཀུན།  །དེ་དག་ཐམས་ཅད་ཅི་རིགས་པ།  །ཐོགས་པ་མེད་པར་འབྱུང་གྱུར་ཅིག  །(ཅེས་བདེན་པའི་སྟོབས་བརྗོད།  དེ་ནས་མནོལ་བསང་ལྷ་ཆབ་སྔོན་མོའི་གཞུང་ལ་འཇུག  །སྐབས་སུ་བསང་ཁ་གསོ་ཞིང་སྐྱེམས་རིགས་རྣམས་ཐབ་ཏུ་འཐོར་ལ་མཐར་ཆགས་སུ་བཏང་མཐར།  རྗེས་རིམ་ནི།)    འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ།  སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་།  །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་།  །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག  །འདིར་ནི་རྒྱལ་བ་དགྲ་རྒྱལ་བདེན་(2བ)གང་གིས།  །ཤིན་ཏུ་བདེན་པར་གསུངས་ཤིང་རྫུན་མེད་པ།  །བདེན་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག  །དེང་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག  །(ཅེས་སོགས་སྨོན་ལམ་གདབ་ཅིང་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ།  །ཞེས་པའང་རང་གཞན་གྲོང་སྔགས་པ་རྣམས་འཇུག་བདེའི་ངག་ཁྲིགས་སུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བསྡེབས་པ་དགེ།  །།)[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms rin po che bka' 'bum
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|totalvolumes=25
|author=Dudjom Rinpoche
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985.
|language=Tibetan
|pagestatus=Temporary stub only
|volumenumber=23
|volumeLetter=A
|textnuminvol=035
|pdflink=File:DJYD-KABUM-23-A-035.pdf
|InitCategories=Dudjom Tersar Project; DJYD-KABUM-Volume-23-A
}}
<h1>Tibetan Text</h1>
<onlyinclude>
{{TibP|(1ན)(མནོལ་བསང་ལྷ་ཆབ་སྔོན་མོའི་ཁོག་དབུབ་སྤྱི་ཆིངས་མདོར་བསྡུས་བཞུགས།  ན་མོ་གུ་རུ་པདྨ་ཀ་ར་ཡེ།  (མནོལ་བསང་ལྷ་ཆབ་སྔོན་མོ་འདི་ཉིད་ལག་ཏུ་ལེན་པ་ལ།  སྦྱོར་བ་གཙང་མའི་སྟེགས་བུ་རས་དཀར་གྱི་ཁེབས་དང་ལྡན་པའི་ཁར།  སྣོད་གཙང་མར་འབྲུ་སྣའི་ཕྱེ་དང་བསང་རྫས་བརྒྱ་རྩ་སོགས་འོག་གི་ཚིག་རིས་དང་མཐུན་པའི་སྨན་སྣ།  དར་ཟབ་གོས་སྣ།  དཀར་གསུམ་མངར་གསུམ་བཅས་མར་ཁུས་སྦགས་པས་བཀང་བ་བཤམ།  མཐའ་སྐོར་དུ་འོ་ཕུད།  ཆང་ཕུད།  ཇ་ཕུད།  ཤིང་ཏོག་བཟང་པོའི་ཁུ་བའི་རིགས།  ཆུ་གཙང་དྲི་བཟང་ལྔ་ཚན་ལྔ་སྦྱར་བ་བཅས་ཀྱིས་བཀང་བའི་ཞལ་བུ་གྲལ་སྟབས་སུ་འགོད།  ཕྱི་ནང་གི་ཕྱོགས་གང་བདེར་ཤིང་སྣའི་མེ་དང་།  རོལ་མོའི་རིགས་བྱེད་སོགས་འདིར་མཁོ་བའི་ཡོ་བྱད་རྣམས་འདུ་བྱས་ནས།  ཆོ་ག་དངོས་ལ་།  འདི་ཉིད་ལྷ་བསང་རྒྱག་བརྔན་སོགས་བསང་གཞུང་གཞན་གྱི་ཁོངས་སུ་བསྒྲུབ་ན་སྔོན་རྗེས་ཀྱི་ཆོས་རྣམས་ཟུར་དུ་མི་དགོས་པས་མནོལ་བསང་དངོས་ལ་འཇུག་པས་ཆོག་ཅིང་།  འདི་ཁོ་ན་སྒེར་དུ་གཏོང་སྐབས་སུ།  ཐོག་མར་སྦྱོར་བའི་ཆོས་མདོར་བསྡུས་ནི།)    ན་མོ།  བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར།  །བླ་མ་རྩ་གསུམ་ལྷ་ལ་སྐྱབས་སུ་མཆི།  །གཞན་དོན་རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར།  །ཟབ་མོའི་རྣལ་འབྱོར་བསྒོམ་པར་སེམས་བསྐྱེད་དོ།  །(ཞེས་སྐྱབས་(1བ)སེམས་ལན་གསུམ།)    ཀ་དག་ཆོས་སྐུའི་དབྱིངས་ལས་འགགས་མེད་རྩལ།  །པདྨ་ཐོད་ཕྲེང་དཀར་དམར་གཞོན་ཚུལ་མཛེས།  །མཚན་དཔེའི་གཟི་འབར་རྡོ་རྗེ་ཐོད་པ་བསྣམས།  །མཛེས་བརྗིད་རྒྱན་དང་ཆ་བྱད་ཡོངས་སུ་རྫོགས།  །དམ་ཡེ་དབྱེར་མེད་རྒྱལ་ཀུན་འདུས་པའི་གཟུགས།  །འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེན་པོར་གྱུར།  ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིངྔྷི་ཧཱུྃ།  (ཞེས་བརྒྱ་རྩ་སོགས་བཟླས་མཐར།  བསང་རྫས་རྣམས་ལ་བསང་ཆུ་འཐོར་ཞིང་།)      ཨ་མྲྀ་ཏ(ས་བསང་།)    སྭ་བྷཱ་ཝ་(ས་སྦྱང་།)    སྟོང་པའི་ངང་ལས་བྷྲཱུཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་དྲི་བཟང་གི་མཆོད་པ།  རྩི་ཤིང་སྣ་ཚོགས་ཀྱི་དུད་པ།  ཞལ་ཟས་ཕྱེ་མར་གྱི་འོ་སྐོལ།  གསུར་གྱི་དུད་སྤྲིན་ཆེན་པོ།  དུ་བ་ཡེ་ཤེས་ཀྱི་བདུད་རྩིས་ས་དང་བར་སྣང་ཐམས་ཅད་གང་བ།  གཟུགས་མཛེས་པ།  སྒྲ་སྙན་པ།  དྲི་ཞིམ་པ།  རོ་མངར་བ།  རེག་བྱ་འཇམ་པ།  བཟའ་བས་མི་ཟད་པ།  བཏུང་བས་མི་ཟད་པ།  རྒོལ་བས་མི་སྡིགས་པ།  རི་རྒྱལ་ལས་དཔངས་(2ན)མཐོ་བ།  རྒྱ་མཚོ་ལས་གཏིང་ཟབ་པ།  ཞིང་རྡུལ་ལས་གྲངས་མང་བ།  ཉི་ཟླ་ལས་འོད་གསལ་བ།  རྒྱ་ཆེ་ནམ་མཁའི་མཐའ་དང་མཉམ་པ།  ནད་པ་གསོ་བའི་སྨན།  འཆི་བ་བསླུ་བའི་བདུད་རྩིའི་རྒྱ་ཆེན་པོར་གྱུར།  (ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་བདུན་གྱིས་བྱིན་བརླབ་ལ།)    བཛྲ་སྥ་ར་ཎ་ཁཾ་(གིས་སྤེལ།)    ན་མོ།  བདག་གི་བསམ་པའི་སྟོབས་དང་ནི།  །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་།  །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས།  །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར།  །དོན་རྣམས་གང་དག་བསམ་པ་ཀུན།  །དེ་དག་ཐམས་ཅད་ཅི་རིགས་པ།  །ཐོགས་པ་མེད་པར་འབྱུང་གྱུར་ཅིག  །(ཅེས་བདེན་པའི་སྟོབས་བརྗོད།  དེ་ནས་མནོལ་བསང་ལྷ་ཆབ་སྔོན་མོའི་གཞུང་ལ་འཇུག  །སྐབས་སུ་བསང་ཁ་གསོ་ཞིང་སྐྱེམས་རིགས་རྣམས་ཐབ་ཏུ་འཐོར་ལ་མཐར་ཆགས་སུ་བཏང་མཐར།  རྗེས་རིམ་ནི།)    འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ།  སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་།  །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་།  །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག  །འདིར་ནི་རྒྱལ་བ་དགྲ་རྒྱལ་བདེན་(2བ)གང་གིས།  །ཤིན་ཏུ་བདེན་པར་གསུངས་ཤིང་རྫུན་མེད་པ།  །བདེན་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག  །དེང་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག  །(ཅེས་སོགས་སྨོན་ལམ་གདབ་ཅིང་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ།  །ཞེས་པའང་རང་གཞན་གྲོང་སྔགས་པ་རྣམས་འཇུག་བདེའི་ངག་ཁྲིགས་སུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བསྡེབས་པ་དགེ།  །།)}}
</onlyinclude>
{{TsagliCall}}
<headertabs/>

Revision as of 05:35, 1 June 2024

Wylie title DJYD-KABUM-23-A-035.pdf
Location bdud 'joms rin po che bka' 'bum
Volume 23, Text 35, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(1ན)(མནོལ་བསང་ལྷ་ཆབ་སྔོན་མོའི་ཁོག་དབུབ་སྤྱི་ཆིངས་མདོར་བསྡུས་བཞུགས། ན་མོ་གུ་རུ་པདྨ་ཀ་ར་ཡེ། (མནོལ་བསང་ལྷ་ཆབ་སྔོན་མོ་འདི་ཉིད་ལག་ཏུ་ལེན་པ་ལ། སྦྱོར་བ་གཙང་མའི་སྟེགས་བུ་རས་དཀར་གྱི་ཁེབས་དང་ལྡན་པའི་ཁར། སྣོད་གཙང་མར་འབྲུ་སྣའི་ཕྱེ་དང་བསང་རྫས་བརྒྱ་རྩ་སོགས་འོག་གི་ཚིག་རིས་དང་མཐུན་པའི་སྨན་སྣ། དར་ཟབ་གོས་སྣ། དཀར་གསུམ་མངར་གསུམ་བཅས་མར་ཁུས་སྦགས་པས་བཀང་བ་བཤམ། མཐའ་སྐོར་དུ་འོ་ཕུད། ཆང་ཕུད། ཇ་ཕུད། ཤིང་ཏོག་བཟང་པོའི་ཁུ་བའི་རིགས། ཆུ་གཙང་དྲི་བཟང་ལྔ་ཚན་ལྔ་སྦྱར་བ་བཅས་ཀྱིས་བཀང་བའི་ཞལ་བུ་གྲལ་སྟབས་སུ་འགོད། ཕྱི་ནང་གི་ཕྱོགས་གང་བདེར་ཤིང་སྣའི་མེ་དང་། རོལ་མོའི་རིགས་བྱེད་སོགས་འདིར་མཁོ་བའི་ཡོ་བྱད་རྣམས་འདུ་བྱས་ནས། ཆོ་ག་དངོས་ལ་། འདི་ཉིད་ལྷ་བསང་རྒྱག་བརྔན་སོགས་བསང་གཞུང་གཞན་གྱི་ཁོངས་སུ་བསྒྲུབ་ན་སྔོན་རྗེས་ཀྱི་ཆོས་རྣམས་ཟུར་དུ་མི་དགོས་པས་མནོལ་བསང་དངོས་ལ་འཇུག་པས་ཆོག་ཅིང་། འདི་ཁོ་ན་སྒེར་དུ་གཏོང་སྐབས་སུ། ཐོག་མར་སྦྱོར་བའི་ཆོས་མདོར་བསྡུས་ནི།) ན་མོ། བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །བླ་མ་རྩ་གསུམ་ལྷ་ལ་སྐྱབས་སུ་མཆི། །གཞན་དོན་རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར། །ཟབ་མོའི་རྣལ་འབྱོར་བསྒོམ་པར་སེམས་བསྐྱེད་དོ། །(ཞེས་སྐྱབས་(1བ)སེམས་ལན་གསུམ།) ཀ་དག་ཆོས་སྐུའི་དབྱིངས་ལས་འགགས་མེད་རྩལ། །པདྨ་ཐོད་ཕྲེང་དཀར་དམར་གཞོན་ཚུལ་མཛེས། །མཚན་དཔེའི་གཟི་འབར་རྡོ་རྗེ་ཐོད་པ་བསྣམས། །མཛེས་བརྗིད་རྒྱན་དང་ཆ་བྱད་ཡོངས་སུ་རྫོགས། །དམ་ཡེ་དབྱེར་མེད་རྒྱལ་ཀུན་འདུས་པའི་གཟུགས། །འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིངྔྷི་ཧཱུྃ། (ཞེས་བརྒྱ་རྩ་སོགས་བཟླས་མཐར། བསང་རྫས་རྣམས་ལ་བསང་ཆུ་འཐོར་ཞིང་།) ཨ་མྲྀ་ཏ(ས་བསང་།) སྭ་བྷཱ་ཝ་(ས་སྦྱང་།) སྟོང་པའི་ངང་ལས་བྷྲཱུཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་དྲི་བཟང་གི་མཆོད་པ། རྩི་ཤིང་སྣ་ཚོགས་ཀྱི་དུད་པ། ཞལ་ཟས་ཕྱེ་མར་གྱི་འོ་སྐོལ། གསུར་གྱི་དུད་སྤྲིན་ཆེན་པོ། དུ་བ་ཡེ་ཤེས་ཀྱི་བདུད་རྩིས་ས་དང་བར་སྣང་ཐམས་ཅད་གང་བ། གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ། བཟའ་བས་མི་ཟད་པ། བཏུང་བས་མི་ཟད་པ། རྒོལ་བས་མི་སྡིགས་པ། རི་རྒྱལ་ལས་དཔངས་(2ན)མཐོ་བ། རྒྱ་མཚོ་ལས་གཏིང་ཟབ་པ། ཞིང་རྡུལ་ལས་གྲངས་མང་བ། ཉི་ཟླ་ལས་འོད་གསལ་བ། རྒྱ་ཆེ་ནམ་མཁའི་མཐའ་དང་མཉམ་པ། ནད་པ་གསོ་བའི་སྨན། འཆི་བ་བསླུ་བའི་བདུད་རྩིའི་རྒྱ་ཆེན་པོར་གྱུར། (ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་བདུན་གྱིས་བྱིན་བརླབ་ལ།) བཛྲ་སྥ་ར་ཎ་ཁཾ་(གིས་སྤེལ།) ན་མོ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །(ཅེས་བདེན་པའི་སྟོབས་བརྗོད། དེ་ནས་མནོལ་བསང་ལྷ་ཆབ་སྔོན་མོའི་གཞུང་ལ་འཇུག །སྐབས་སུ་བསང་ཁ་གསོ་ཞིང་སྐྱེམས་རིགས་རྣམས་ཐབ་ཏུ་འཐོར་ལ་མཐར་ཆགས་སུ་བཏང་མཐར། རྗེས་རིམ་ནི།) འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །འདིར་ནི་རྒྱལ་བ་དགྲ་རྒྱལ་བདེན་(2བ)གང་གིས། །ཤིན་ཏུ་བདེན་པར་གསུངས་ཤིང་རྫུན་མེད་པ། །བདེན་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེང་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག །(ཅེས་སོགས་སྨོན་ལམ་གདབ་ཅིང་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་རང་གཞན་གྲོང་སྔགས་པ་རྣམས་འཇུག་བདེའི་ངག་ཁྲིགས་སུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བསྡེབས་པ་དགེ། །།)