TTDL-ZABTER-08-NYA-056: Difference between revisions

From Dudjom Wiki
TTDL-ZABTER-08-NYA-056
No edit summary
m (Text replacement - "༴" to "༴ ")
 
Line 37: Line 37:
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|ཐྂ༎༔  ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་ཤན་པ་དམར་ནག་ལ་གཉེར་བཅོལ་ཡིད་བཞིན་འཁོར་ལོ་བཞུགས་སོ༔  ({{TibChung|བརྡ་ཡིག་}})  ན་མོ་གུ་རུ་པདྨ་ཀ་ར་ཡེ༔ གནོད་སྦྱིན་ཆེན་པོ་བསྒྲུབ་པའི་ཚེ༔ ཤིན་ཏུ་སྙིང་ཉེ་བྱམས་བརྩེའི་ཕྱིར༔ གཉེར་གཏད་འདི་ནི་མཆོག་ཏུ་གཅེས༔ ལག་ཏུ་ལེན་པའི་རིམ་པ་ནི༔ ཟངས་སྣོད་གཙང་མར་གཏོར་མ་དགུ༔ གཙོ་དང་འཁོར་གྱི་ཚུལ་དུ་བཀོད༔ བ་ལིཾ་ཟན་དུམ་འབྲུ་སྣ་སྤུངས༔ ཇ་ཆང་འོ་སྐྱེམས་གཙང་མར་བཤམས༔ འདོད་ཡོན་ནམ་མཁའ་མཛོད་དུ་སྤེལ༔ སྔགས་ཀྱང་དེ་བརྗོད་རང་མདུན་དུ༔ གནོད་སྦྱིན་འཁོར་བཅས་བསྐྱེད་བྱས་ཏེ༔ ལས་གཞུང་བསྲང་མཐར་འདི་བརྗོད་བྱ༔ ཀྱཻ༔ གནོད་སྦྱིན་ཆེན་པོ་དགོངས་སུ་གསོལ༔ ཡུམ་ཆེན་མ་མོ་དགོངས་སུ་གསོལ༔ སྤྲུལ་པའི་འཁོར་བརྒྱད་དགོངས་སུ་གསོལ༔ ལྷ་སྲིན་སྡེ་བརྒྱད་དགོངས་སུ་གསོལ༔ འཁོར་དང་དཔུང་བཅས་གསན་ཅིང་དགོངས༔ བདག་ནི་རྒྱལ་བའི་བརྒྱུད་འཛིན་ཏེ༔ ཁྱོད་ཀྱང་རྒྱལ་བསྟན་སྲུང་མ་ལགས༔ བཀའ་དམ་གཉན་པོ་ཁྲིམས་དུ་ལོངས༔ བདག་གིས་དཀའ་བ་དང་བླང་ནས༔ རྩེ་གཅིག་ལྷ་ཁྱོད་མི་བསྒྲུབ་རྒྱུ༔ ཡར་ཕྱེད་ཚེ་འདིའི་དོན་ཕྱིར་ཏེ༔ ཚེ་བསོད་དཔལ་ཡོན་ཕྲིན་ལས་དང་༔ ལོངས་སྤྱོད་མཐུ་དབང་རྒྱས་པ་དང་༔ དགྲ་བགེགས་གནོད་བྱེད་བསྒྲལ་བའི་ཚེ༔ མར་ཕྱེད་ཕྱི་མའི་དོན་ཕྱིར་ཏེ༔ བསྒོམ་སྒྲུབ་ཟབ་མོ་མཐར་ཕྱིན་ནས༔ ཚེ་གཅིག་སངས་རྒྱས་འགྲུབ་ཕྱིར་རོ༔ དོན་དེ་ཁྱོད་ཀྱིས་འགྲུབ་པར་མཛོད༔ བཅོལ་བའི་ཕྲིན་ལས་གཉེར་བ་ནི༔ བདག་གི་མི་ནོར་ལོངས་སྤྱོད་དཀོར༔ ཕྱུགས་དང་འབངས་འཁོར་བཅས་པ་རྣམས༔ བཅོལ་ལོ་གཉེར་རོ་ཁྱོད་ལ་གཏད༔ བསྲུང་སྐྱོབ་རྟག་ཏུ་མ་གཡེལ་ཅིག༔ མི་རྣམས་སྲུང་བའི་སྲུང་མ་མཛོད༔ ཟས་ནོར་སྲུང་བའི༴ རྟ་ཕྱུགས་སྲུང་བུའི༴ ཡུལ་མཁར་སྲུང་བའི༴ མི་རྒྱུད་སྲུང་བའི༴ གཙུག་ལག་སྲུང་བའི༴ དགོན་གནས་སྲུང་བའི༴ རྣལ་འབྱོར་སྲུང་བའི༴ ཆོས་འཁོར་སྲུང་བའི༴ དབེན་གནས་སྲུང་བའི༴ བུ་སློབ་སྲུང་བའི༴ ཞིང་ཁང་སྲུང་བའི༴ འཁོར་འབངས་སྲུང་བའི་སྲུང་མ་མཛོད༔ མི་ཡི་ནད་གདོན་བར་ཆད་རྐྱེན༔ ནོར་ཕྱུགས་གོད་ཡམས་མི་མཐུན་ཕྱོགས༔ མ་ལུས་ཞི་ཞིང་བཟློག་པར་མཛོད༔ ཚེ་བསོད་དཔལ་འབྱོར་མངའ་ཐང་དང་༔ སྲོག་ལུས་དབང་ཐང་རླུང་རྟ་དང་༔ བླ་གཟའ་སྙན་གྲགས་རྒྱས་པར་མཛོད༔ སྣང་སྲིད་སྐྱེ་འགྲོ་བུ་སློབ་དང་༔ ཟས་ནོར་ལོངས་སྤྱོད་འདོད་རྒུའི་དཔལ༔ ལྷ་འདྲེ་མི་གསུམ་དབང་སྡུས་ཤིག༔ དགྲ་བགེགས་ལོག་འདྲེན་གནོད་བྱེད་ཀུན༔ རྗེས་ཤུལ་ལྷག་མ་མ་ལུས་པར༔ མྱུར་མགྱོགས་མཐུ་དང་སྟོབས་ཤུགས་ཀྱིས༔ ཐལ་བའི་རྡུལ་ཕྲན་བཞིན་དུ་རློག༔ བསྒྲུབ་ཚེ་གཡེལ་དང་འགྱང་མ་བྱེད༔ བརྟེན་ཚེ་འཁུ་དང་ལྡོག་མ་བྱེད༔ རྦད་ཚེ་མཐུ་དང་རྩལ་མ་ཞན༔ ང་ཡི་ཡིད་ལ་འདོད་དོན་ཀུན༔ དུས་རྣམས་ཀུན་ཏུ་མྱུར་འགྲུབ་མཛོད༔ སྡང་བའི་དགྲ་ལ་རྦད་པའི་ཚེ༔ མདའ་འཕངས་སླར་ལ་མི་ལྡོག་བཞིན༔ མཐུ་བྱད་དམོད་དབལ་ཕྱིར་མ་ལྡོག༔ བརྩེ་བའི་གྲོགས་དང་བྱམས་པའི་གཉེན༔ རྒྱབ་བརྟེན་དཔུང་གྲོགས་ཁྱོད་བརྟེན་ནོ༔ ནང་དུ་བྱམས་བརྩེ་གདུང་སེམས་ཆེ༔ རྟག་ཏུ་སྲུང་སྐྱོབ་མ་གཡེལ་ཅིག༔ ཉིན་གྱི་དུས་སུ་བྱ་ར་མཛོད༔ མཚན་གྱི་དུས་སུ་མེལ་རྩེ་མཛོད༔ ཕར་ལ་འགྲོ་བའི་སྐྱེལ་མ་མཛོད༔ ཚུར་ལ་འོང་བའི་བསུ་མ་མཛོད༔ གཞི་ལ་འདུག་པའི་ཁ་འཛིན་མཛོད༔ ཕུག་ལྷ་ནོར་ལྷ་ཕྱུགས་ལྷ་དང་༔ གྲོགས་ལྷ་མགྲོན་ལྷ་ལམ་ལྷ་དང་༔ ཚོང་ལྷ་ཐབ་ལྷ་ཞིང་ལྷ་དང་༔ ཕ་ལྷ་མ་ལྷ་ཕྲག་ལྷ་དང་༔ དགྲ་ལྷ་ཡུལ་ལྷ་ཐམས་ཅད་ཀུན༔ བཀའ་སྲུང་གཉན་པོ་ཁྱོད་ཀྱིས་མཛོད༔ བདག་ལ་སྡང་བའི་དགྲ་བོ་ལ༔ བརྩེ་མ་ཤོར་ལ་བྱམས་མ་བྱེད༔ ཕྲག་དོག་གདུག་རྩུབ་དྲག་པོ་དང་༔ ཞེ་སྡང་གཏུམ་རྔམས་ཡུས་ཆེན་གྱིས༔ ཕྱོགས་མཚམས་མཐོ་དམན་ཉེ་རིང་དང་༔ ཕྱི་ནང་གར་གནས་ཁྱོད་ཀྱིས་ཤེས༔ ལོ་ཟླར་འགྱངས་སུ་མ་ཤོར་བར༔ གློ་བུར་ཧུར་ཐུམ་གཟེར་ནད་རིགས༔ གྲི་ཐབས་དྲག་པོ་ལ་སོགས་པས༔ གསོད་གཅོད་བརླག་པའི་ལས་མཛོད་ཅིག༔ ང་ཡིས་ཡིད་ལ་བརྣག་ཙམ་གྱིས༔ དགྲ་བགེགས་ལྷ་ཡང་རུང་སྟེ་སོད༔ དེ་ལྟར་བཅོལ་བའི་ལས་དེ་དག༔ རྡོ་རྗེ་འཛིན་རྒྱལ་པད་འབྱུང་སོགས༔ མཆོག་གསུམ་རྩ་གསུམ་རྒྱལ་རྣམས་ཀྱིས༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ ཁྲིམས་གཉན་ཡིན་ནོ་ཁྲིམས་མ་བཤིག༔ ངས་ནི་རིག་འཛིན་བརྒྱུད་པ་རྣམས༔ དཔང་བཞག་གཙུག་ཏུ་ཁུར་བྱས་ནས༔ ཁྱོད་ལ་ཕྲིན་ལས་དེ་བཅོལ་ལོ༔ དམ་ཅན་ཁྱོད་ཀྱིས་དེ་བཞིན་མཛོད༔ ངས་ཀྱང་རྟག་ཏུ་ཁྱེད་བསྟེན་ནོ༔ བདག་ཅག་ལྷ་མི་འཁོར་བཅས་ཀུན༔ རྫོགས་ལྡན་དུས་ཀྱི་བསྐལ་པ་བཞིན༔ དགེ་ཞིང་ཚེ་རིང་བདེ་སྤྱོད་ཅིང་༔ ལེགས་པའི་ཡོན་ཏན་ཕུན་ཚོགས་ཤོག༔ མུ་གེ་ནད་རིམས་འཇིགས་པ་སོགས༔ སྡུག་བསྔལ་ཟུག་རྔུ་དང་བྲལ་ཤོག༔ དབང་སྡུད་ཆེ་ཞིང་ཟིལ་གནོན་ལྡན༔ ཚིག་བཙན་མཐུ་ཆེ་སྙན་གྲགས་རྒྱས༔ བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག༔ དཀོན་མཆོག་གསུམ་དང་བདེན་གཉིས་ཀྱི༔ མཐུ་ཡིས་གེགས་མེད་འགྲུབ་གྱུར་ཅིག༔ འདི་ཡིས་གཉེར་བཅོལ་བྱེད་གྱུར་ན༔ ནང་དུ་འཇམ་ཞིང་དགྲ་ལ་རྣོ༔ རྦད་མི་དགོས་ཏེ་དགྲ་བོ་ཐུབ༔ བསོད་ནམས་དཔལ་འབྱོར་རྒྱས་པར་འགྱུར༔ དེ་ཕྱིར་རྟག་ཏུ་འདིར་བརྩོན་བྱ༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་མ་བཏང་ཞིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་མི་ལོ་ཉི་ཤུ་བར་དུ་བཀའ་རྒྱ་བྱས་མཐར་རྟེན་འབྲེལ་དུས་ལ་བབ་པ་ས་ཕོ་སྟག་གི་ལོར་སྨར་མདོ་ནས་གཏན་ལ་ཕབ་པའི་ཡི་གེ་པ་ནི་དབང་ཆེན་གསུང་གི་རྡོ་རྗེ་པདྨ་ངོ་མཚར་གྱིས་བགྱིས་པའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།}}

</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 10:11, 4 September 2025

Wylie title zab gsang mkha' 'gro'i snying thig las: gnod sbyin shan pa dmar nag la gnyer bcol yid bzhin 'khor lo: TTDL-ZABTER-08-NYA-056.pdf
Location bdud 'joms gling pa zab gter
Volume 8, Text 56, Pages 493-497 (Folios 1a1 to 3a4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las gnod sbyin shan pa dmar nag la gnyer bcol yid bzhin 'khor lo. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: 493-497. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gnyer bcol   Verso: bdud 'joms bka' srung shan pa
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Exhortations to Act - phrin bcol
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ནི་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་མི་ལོ་ཉི་ཤུ་བར་དུ་བཀའ་རྒྱ་བྱས་མཐར་རྟེན་འབྲེལ་དུས་ལ་བབ་པ་ས་ཕོ་སྟག་གི་ལོར་སྨར་མདོ་ནས་གཏན་ལ་ཕབ་པའི་ཡི་གེ་པ་ནི་དབང་ཆེན་གསུང་གི་རྡོ་རྗེ་པདྨ་ངོ་མཚར་གྱིས་བགྱིས་པའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di ni khrag 'thung rdo rje khro lod rtsal gyis gter nas bton te mi lo nyi shu bar du bka' rgya byas mthar rten 'brel dus la bab pa sa pho stag gi lor smar mdo nas gtan la phab pa'i yi ge pa ni dbang chen gsung gi rdo rje pad+ma ngo mtshar gyis bgyis pa'o/_/dge'o/_/legs so/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་ཤན་པ་དམར་ནག་ལ་གཉེར་བཅོལ་ཡིད་བཞིན་འཁོར་ལོ་བཞུགས་སོ༔ (བརྡ་ཡིག་) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ གནོད་སྦྱིན་ཆེན་པོ་བསྒྲུབ་པའི་ཚེ༔ ཤིན་ཏུ་སྙིང་ཉེ་བྱམས་བརྩེའི་ཕྱིར༔ གཉེར་གཏད་འདི་ནི་མཆོག་ཏུ་གཅེས༔ ལག་ཏུ་ལེན་པའི་རིམ་པ་ནི༔ ཟངས་སྣོད་གཙང་མར་གཏོར་མ་དགུ༔ གཙོ་དང་འཁོར་གྱི་ཚུལ་དུ་བཀོད༔ བ་ལིཾ་ཟན་དུམ་འབྲུ་སྣ་སྤུངས༔ ཇ་ཆང་འོ་སྐྱེམས་གཙང་མར་བཤམས༔ འདོད་ཡོན་ནམ་མཁའ་མཛོད་དུ་སྤེལ༔ སྔགས་ཀྱང་དེ་བརྗོད་རང་མདུན་དུ༔ གནོད་སྦྱིན་འཁོར་བཅས་བསྐྱེད་བྱས་ཏེ༔ ལས་གཞུང་བསྲང་མཐར་འདི་བརྗོད་བྱ༔ ཀྱཻ༔ གནོད་སྦྱིན་ཆེན་པོ་དགོངས་སུ་གསོལ༔ ཡུམ་ཆེན་མ་མོ་དགོངས་སུ་གསོལ༔ སྤྲུལ་པའི་འཁོར་བརྒྱད་དགོངས་སུ་གསོལ༔ ལྷ་སྲིན་སྡེ་བརྒྱད་དགོངས་སུ་གསོལ༔ འཁོར་དང་དཔུང་བཅས་གསན་ཅིང་དགོངས༔ བདག་ནི་རྒྱལ་བའི་བརྒྱུད་འཛིན་ཏེ༔ ཁྱོད་ཀྱང་རྒྱལ་བསྟན་སྲུང་མ་ལགས༔ བཀའ་དམ་གཉན་པོ་ཁྲིམས་དུ་ལོངས༔ བདག་གིས་དཀའ་བ་དང་བླང་ནས༔ རྩེ་གཅིག་ལྷ་ཁྱོད་མི་བསྒྲུབ་རྒྱུ༔ ཡར་ཕྱེད་ཚེ་འདིའི་དོན་ཕྱིར་ཏེ༔ ཚེ་བསོད་དཔལ་ཡོན་ཕྲིན་ལས་དང་༔ ལོངས་སྤྱོད་མཐུ་དབང་རྒྱས་པ་དང་༔ དགྲ་བགེགས་གནོད་བྱེད་བསྒྲལ་བའི་ཚེ༔ མར་ཕྱེད་ཕྱི་མའི་དོན་ཕྱིར་ཏེ༔ བསྒོམ་སྒྲུབ་ཟབ་མོ་མཐར་ཕྱིན་ནས༔ ཚེ་གཅིག་སངས་རྒྱས་འགྲུབ་ཕྱིར་རོ༔ དོན་དེ་ཁྱོད་ཀྱིས་འགྲུབ་པར་མཛོད༔ བཅོལ་བའི་ཕྲིན་ལས་གཉེར་བ་ནི༔ བདག་གི་མི་ནོར་ལོངས་སྤྱོད་དཀོར༔ ཕྱུགས་དང་འབངས་འཁོར་བཅས་པ་རྣམས༔ བཅོལ་ལོ་གཉེར་རོ་ཁྱོད་ལ་གཏད༔ བསྲུང་སྐྱོབ་རྟག་ཏུ་མ་གཡེལ་ཅིག༔ མི་རྣམས་སྲུང་བའི་སྲུང་མ་མཛོད༔ ཟས་ནོར་སྲུང་བའི༴ རྟ་ཕྱུགས་སྲུང་བུའི༴ ཡུལ་མཁར་སྲུང་བའི༴ མི་རྒྱུད་སྲུང་བའི༴ གཙུག་ལག་སྲུང་བའི༴ དགོན་གནས་སྲུང་བའི༴ རྣལ་འབྱོར་སྲུང་བའི༴ ཆོས་འཁོར་སྲུང་བའི༴ དབེན་གནས་སྲུང་བའི༴ བུ་སློབ་སྲུང་བའི༴ ཞིང་ཁང་སྲུང་བའི༴ འཁོར་འབངས་སྲུང་བའི་སྲུང་མ་མཛོད༔ མི་ཡི་ནད་གདོན་བར་ཆད་རྐྱེན༔ ནོར་ཕྱུགས་གོད་ཡམས་མི་མཐུན་ཕྱོགས༔ མ་ལུས་ཞི་ཞིང་བཟློག་པར་མཛོད༔ ཚེ་བསོད་དཔལ་འབྱོར་མངའ་ཐང་དང་༔ སྲོག་ལུས་དབང་ཐང་རླུང་རྟ་དང་༔ བླ་གཟའ་སྙན་གྲགས་རྒྱས་པར་མཛོད༔ སྣང་སྲིད་སྐྱེ་འགྲོ་བུ་སློབ་དང་༔ ཟས་ནོར་ལོངས་སྤྱོད་འདོད་རྒུའི་དཔལ༔ ལྷ་འདྲེ་མི་གསུམ་དབང་སྡུས་ཤིག༔ དགྲ་བགེགས་ལོག་འདྲེན་གནོད་བྱེད་ཀུན༔ རྗེས་ཤུལ་ལྷག་མ་མ་ལུས་པར༔ མྱུར་མགྱོགས་མཐུ་དང་སྟོབས་ཤུགས་ཀྱིས༔ ཐལ་བའི་རྡུལ་ཕྲན་བཞིན་དུ་རློག༔ བསྒྲུབ་ཚེ་གཡེལ་དང་འགྱང་མ་བྱེད༔ བརྟེན་ཚེ་འཁུ་དང་ལྡོག་མ་བྱེད༔ རྦད་ཚེ་མཐུ་དང་རྩལ་མ་ཞན༔ ང་ཡི་ཡིད་ལ་འདོད་དོན་ཀུན༔ དུས་རྣམས་ཀུན་ཏུ་མྱུར་འགྲུབ་མཛོད༔ སྡང་བའི་དགྲ་ལ་རྦད་པའི་ཚེ༔ མདའ་འཕངས་སླར་ལ་མི་ལྡོག་བཞིན༔ མཐུ་བྱད་དམོད་དབལ་ཕྱིར་མ་ལྡོག༔ བརྩེ་བའི་གྲོགས་དང་བྱམས་པའི་གཉེན༔ རྒྱབ་བརྟེན་དཔུང་གྲོགས་ཁྱོད་བརྟེན་ནོ༔ ནང་དུ་བྱམས་བརྩེ་གདུང་སེམས་ཆེ༔ རྟག་ཏུ་སྲུང་སྐྱོབ་མ་གཡེལ་ཅིག༔ ཉིན་གྱི་དུས་སུ་བྱ་ར་མཛོད༔ མཚན་གྱི་དུས་སུ་མེལ་རྩེ་མཛོད༔ ཕར་ལ་འགྲོ་བའི་སྐྱེལ་མ་མཛོད༔ ཚུར་ལ་འོང་བའི་བསུ་མ་མཛོད༔ གཞི་ལ་འདུག་པའི་ཁ་འཛིན་མཛོད༔ ཕུག་ལྷ་ནོར་ལྷ་ཕྱུགས་ལྷ་དང་༔ གྲོགས་ལྷ་མགྲོན་ལྷ་ལམ་ལྷ་དང་༔ ཚོང་ལྷ་ཐབ་ལྷ་ཞིང་ལྷ་དང་༔ ཕ་ལྷ་མ་ལྷ་ཕྲག་ལྷ་དང་༔ དགྲ་ལྷ་ཡུལ་ལྷ་ཐམས་ཅད་ཀུན༔ བཀའ་སྲུང་གཉན་པོ་ཁྱོད་ཀྱིས་མཛོད༔ བདག་ལ་སྡང་བའི་དགྲ་བོ་ལ༔ བརྩེ་མ་ཤོར་ལ་བྱམས་མ་བྱེད༔ ཕྲག་དོག་གདུག་རྩུབ་དྲག་པོ་དང་༔ ཞེ་སྡང་གཏུམ་རྔམས་ཡུས་ཆེན་གྱིས༔ ཕྱོགས་མཚམས་མཐོ་དམན་ཉེ་རིང་དང་༔ ཕྱི་ནང་གར་གནས་ཁྱོད་ཀྱིས་ཤེས༔ ལོ་ཟླར་འགྱངས་སུ་མ་ཤོར་བར༔ གློ་བུར་ཧུར་ཐུམ་གཟེར་ནད་རིགས༔ གྲི་ཐབས་དྲག་པོ་ལ་སོགས་པས༔ གསོད་གཅོད་བརླག་པའི་ལས་མཛོད་ཅིག༔ ང་ཡིས་ཡིད་ལ་བརྣག་ཙམ་གྱིས༔ དགྲ་བགེགས་ལྷ་ཡང་རུང་སྟེ་སོད༔ དེ་ལྟར་བཅོལ་བའི་ལས་དེ་དག༔ རྡོ་རྗེ་འཛིན་རྒྱལ་པད་འབྱུང་སོགས༔ མཆོག་གསུམ་རྩ་གསུམ་རྒྱལ་རྣམས་ཀྱིས༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ ཁྲིམས་གཉན་ཡིན་ནོ་ཁྲིམས་མ་བཤིག༔ ངས་ནི་རིག་འཛིན་བརྒྱུད་པ་རྣམས༔ དཔང་བཞག་གཙུག་ཏུ་ཁུར་བྱས་ནས༔ ཁྱོད་ལ་ཕྲིན་ལས་དེ་བཅོལ་ལོ༔ དམ་ཅན་ཁྱོད་ཀྱིས་དེ་བཞིན་མཛོད༔ ངས་ཀྱང་རྟག་ཏུ་ཁྱེད་བསྟེན་ནོ༔ བདག་ཅག་ལྷ་མི་འཁོར་བཅས་ཀུན༔ རྫོགས་ལྡན་དུས་ཀྱི་བསྐལ་པ་བཞིན༔ དགེ་ཞིང་ཚེ་རིང་བདེ་སྤྱོད་ཅིང་༔ ལེགས་པའི་ཡོན་ཏན་ཕུན་ཚོགས་ཤོག༔ མུ་གེ་ནད་རིམས་འཇིགས་པ་སོགས༔ སྡུག་བསྔལ་ཟུག་རྔུ་དང་བྲལ་ཤོག༔ དབང་སྡུད་ཆེ་ཞིང་ཟིལ་གནོན་ལྡན༔ ཚིག་བཙན་མཐུ་ཆེ་སྙན་གྲགས་རྒྱས༔ བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག༔ དཀོན་མཆོག་གསུམ་དང་བདེན་གཉིས་ཀྱི༔ མཐུ་ཡིས་གེགས་མེད་འགྲུབ་གྱུར་ཅིག༔ འདི་ཡིས་གཉེར་བཅོལ་བྱེད་གྱུར་ན༔ ནང་དུ་འཇམ་ཞིང་དགྲ་ལ་རྣོ༔ རྦད་མི་དགོས་ཏེ་དགྲ་བོ་ཐུབ༔ བསོད་ནམས་དཔལ་འབྱོར་རྒྱས་པར་འགྱུར༔ དེ་ཕྱིར་རྟག་ཏུ་འདིར་བརྩོན་བྱ༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་མ་བཏང་ཞིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་མི་ལོ་ཉི་ཤུ་བར་དུ་བཀའ་རྒྱ་བྱས་མཐར་རྟེན་འབྲེལ་དུས་ལ་བབ་པ་ས་ཕོ་སྟག་གི་ལོར་སྨར་མདོ་ནས་གཏན་ལ་ཕབ་པའི་ཡི་གེ་པ་ནི་དབང་ཆེན་གསུང་གི་རྡོ་རྗེ་པདྨ་ངོ་མཚར་གྱིས་བགྱིས་པའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།