DJYD-KABUM-24-YA-004: Difference between revisions

From Dudjom Wiki
DJYD-KABUM-24-YA-004
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
(1ན)པདྨ་གསང་བའི་ཐིག་ལེ་ལས༔  སྨིན་བྱེད་དབང་གི་བྱང་བུ་བཞུགས༔  སྒ༣༨ཧ༔  རྩ་གསུམ་ཀུན་འདུས་པདྨ་བྱུང་༔  མཚོ་སྐྱེས་རྒྱལ་བ་ལ་བཏུད་ནས༔  འཆི་མེད་རྟག་པ་རྡོ་རྗེའི་སྲོག༔  སྒྲུབ་ཕྱིར་སྨིན་བྱེད་ཆོ་ག་བསྟན༔  སོ་མོ།ཡོ།༔  བློ་ཆེན་རིན་པོ་ཆེའི་གང་ཟག༔  དེ་ཉིད་ཤེས་པའི་སློབ་དཔོན་ལ༔    བསྟེན་ཏེ་ཟབ་མོའི་ལམ་འདི་ཉིད༔    སྲོག་ལུས་གཅེས་རྒུའི་བདོག་པ་བཅས༔    ལྟོས་མེད་ཕུལ་ཏེ་དབང་བསྐུར་ཞུ༔  ནུས་པར་ལྡན་པའི་བླ་མ་ཡིས༔    བརྩོན་འགྲུས་ལྡན་པའི་སློབ་མ་ལ༔    རང་དང་གཞན་དོན་ནུས་གྱུར་པའི༔  དབང་བསྐུར་ཐོག་མར་གསོལ་བ་བཏབ༔    ཀྱཻ་ཧོ་རྡོ་རྗེ་འཛིན་རྒྱལ་པོ༔  བདག་ལ་དགོངས་པར་མཛད་དུ་གསོལ༔    ཁམས་གསུམ་འཁོར་བའི་གཡང་ས་ལས༔    སྒྲོལ་ཕྱིར་དབང་མཆོག་སྩལ་དུ་གསོལ༔  ཞེས་པས་གསོལ་བཏབ་རིགས་བརྟགས་ལ༔    དབང་བསྐུར་བྱ་བའི་སྐལ་ལྡན་ན༔      སློབ་དཔོན་བདག་ཉིད་ནུས་ལྡན་ཕྱིར༔    རྩ་གསུམ་བསྙེན་པ་རྒྱས་པར་བྱ༔  དེ་ནས་ཐོག་མར་དབེན་གནས་སུ༔    སྣང་དང་མི་སྣང་བདག་པོ་ལས༔    དཀྱིལ་འཁོར་ས་གཞི་ལེགས་པར་བསླང་༔    བཟུང་ཞིང་དབང་དུ་གྱུར་བྱས་ལ༔    (1བ)རིན་པོ་ཆེ་ཡི་བུམ་པ་ནི༔  ལྔ་ཚན་ལྔ་ཡི་བཅུད་ཀྱིས་གཏམས༔    ཁ་རྒྱན་མགུལ་ཆིངས་དབུ་རྒྱན་དང་༔    གཟུངས་ཐག་རྡོ་རྗེས་མངའ་གསོལ་ཏེ༔    དཀྱིལ་འཁོར་དབུས་སུ་ཡང་དག་བཀོད༔    བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང་༔    ཚད་དང་མཚན་ཉིད་ཡོངས་རྫོགས་དབུས༔    རྩ་གསུམ་ཚེ་ཡི་ལྷ་ཚོགས་རྣམས༔    ཆུ་ཟླ་འཇའ་ཚོན་ལྟ་བུར་བསམ༔  སྔགས་མཐར་ཀཱ་ལ་ཤ་ཨ་བྷི་ཥཉྩི་བྷྲཱུྃ༔  ཞེས་པས་སྔགས་འདི་སྟོང་ཕྲག་བཟླས༔    སློབ་མའི་སྡིག་སྒྲུབ་བག་ཆགས་ཀུན༔    སྦྱངས་ཕྱིར་ཞི་དྲག་ཕྱེད་མས་བསྔོ༔  དངོས་གཞི་ཐོག་མར་ཡེ་ཤེས་དབབ༔    སློབ་མ་ལངས་ཏེ་རྐང་པ་གཤིབ༔  ལག་པ་སྤྱི་བོར་མཁའ་འགྲོ་མ༔  གསང་བ་ཡེ་ཤེས་དམར་གསལ་མདངས༔  ཌཱ་རུ་དཀྲོལ་ཞིང་ཐོད་ཆང་བསྣམས༔    འོད་དམར་ཞགས་པས་བསྐོར་བ་ཡི༔  གསང་བར་གཡུང་དྲུང་རིས་དམར་པོ༔    གཡོན་ཕྱོགས་དྲག་ཏུ་འཁོར་བ་ལས༔    མཁའ་འགྲོ་བདེ་བའི་གར་དང་སྒྲས༔    སྲས་བཅས་རྒྱལ་རྣམས་དབང་མེད་(2ན)བཀུག༔  སློབ་མའི་ལུས་ལ་ཐིམ་པར་བསམ༔    རྩ་བའི་སྔགས་མཐར་འབེབས་སྔགས་སྦྱར༔    ཆགས་པའི་རྡུལ་གྱིས་གོས་པའི་རས༔    བྱི་ལ་ནག་པོའི་བྲུན་དང་ནི༔    ཡི་དྭགས་མེ་ལ་བསྲེགས་པ་དང་༔    ཆང་ཏེའུ་རོལ་མོའི་སྒྲ་ཡིས་དབབ༔    ལུས་ལ་ཕེབས་ན་མཆོད་དང་རྒྱུག༔    གར་འཁྲབ་ངག་ལ་བྱིན་ཕེབས་ནས༔    སཾསྐྲྀ་ཏ་དང་མཁའ་འགྲོའི་སྐད༔  ཐོལ་བྱུང་སྨྲ་ཞིང་ཡིད་ཕེབས་ན༔    བདེ་གསལ་མི་རྟོགས་རྩོལ་མེད་སྐྱེ༔    དེ་ཚེ་བརྟན་པའི་སྔགས་རྒྱ་ཡིས༔    རྣལ་འབྱོར་ཡེ་ཤེས་བརྟན་པར་བྱ༔    ཀྱཻ་ཧོཿ  རྣལ་འབྱོར་ཆེན་པོ་བདེ་བ་ཆེ༔    ཡེ་ཤེས་ཆེན་པོ་གསལ་བ་ཆེ༔  དཀྱིལ་འཁོར་ཆེན་པོར་བདག་འཚལ་ན༔  དཔའ་བོ་ཆེན་པོས་གནང་དུ་གསོལ༔  ཞེས་པས་གསོལ་བ་གདབ་པ་ལས༔    དཀྱིལ་འཁོར་སྒོ་ཕྱེས་ལྷ་ངོ་བསྟན༔    ལུས་སྒྲིབ་དག་ཕྱིར་བུམ་པ་ནི༔  རྒྱན་ལྡན་པདྨ་ཅན་གྱིས་ཐོགས༔  སློབ་མའི་སྤྱི་བོར་བཞག་ཅིང་བསྐུར༔    བུམ་པ་ཟླུམ་པོ་ཆོས་སྐུའི་གཞལ་ཡས་ཁང་༔    བུམ་རྫས་སྣང་བ་ལོངས་སྤྱོད་རྫོགས་པའི་དཔལ༔    གཉིས་མེད་ཟུང་འཇུག་འཆི་མེད་བདུད་རྩིའི་ཆུས༔    སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔    ལུས་ཀྱི་སྒྲིབ་དག་ཕུང་(2བ)ཁམས་ལྷ་སྐུར་སྨན༔    རིགས་ལྔ་རྒྱལ་བའི་དབང་མཆོག་ཡོངས་རྫོགས་ཏེ༔    རྣམ་སྨིན་རིག་འཛིན་ས་བོན་ཉེར་ཐེབ་ཤོག༔    ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔    བུངྔྷ་༴  བཛྲ་༴  རཏྣ་༴  པདྨ་༴  ཀརྨ་༴  སྦྱར༔    རྗེས་འབྲེལ་ལྷ་ཡི་ཕྱག་རྒྱ་ལས༔    གཉིས་པ་སྤྲོས་ཏེ་སྤྱི་བོར་བཞག༔    ཨོཾ་ཨཱཿཧཱུྃ༔  ཆོས་སྐུ་སྟོང་གསལ་མ་བཅོས་སྤྲོས་དང་བྲལ༔    ལོངས་སྐུ་གསལ་ལ་མ་འདྲེས་གུ་རུའི་སྐུ༔    སྤྲུལ་སྐུ་སྣ་ཚོགས་ཐབས་ཀྱིས་འགྲོ་དོན་མཛད༔    སྔོན་ཚེ་པད་འབྱུང་ཁྱེད་དང་སྨོན་ལམ་གཅིག༔    ད་ལྟ་བདག་དང་སློབ་མའི་སྟངས་བཟུང་སྟེ༔    སྲོག་གི་ཕྱིར་ཡང་མི་གཏོང་སྒྲུབ་ལགས་ན༔    ཡེ་ཤེས་རབ་འབྱམས་དབང་ཆེན་བསྐུར་དུ་གསོལ༔    ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔  ཞེས་བརྗོད་སྐུ་གཟུགས་སྤྱི་བོར་བཞག༔    བཟླས་པའི་ལུང་སྦྱིན་སྔགས་ཀྱི་ཕྲེང་༔    མགྲིན་པར་བཞག་སྟེ་དོན་དབང་བསྐུར༔    ཨཱཿ  བརྗོད་པ་ཀུན་གྱི་གཞི་རུ་གནས་གྱུར་པའི༔    ངག་ལ་རྡོ་རྗེའི་སྔགས་ཀྱི་དབང་བསྐུར་བས༔    གྲགས་སྟོང་རྡོ་རྗེའི་རོལ་མོར་འབྱམས་ཀླས་པ༔    མི་འགགས་གསུང་གི་དབང་མཆོག་ཐོབ་པར་ཤོག༔    ཝཱཀྐ་བཛྲ་ཨ་བྷི་ཥིཉྩ་ཨཱཿ  དྭངས་གསལ་མེ་ལོང་སྙིང་གར་གཏད༔    སྤྲོས་བྲལ་དོན་གྱི་ཐུགས་དབང་བསྐུར༔    ཧཱུྃ༔    མ་བཅོས་(3ན)སྤྲོས་དང་བྲལ་བའི་རང་རིག་པ༔    འོད་གསལ་ཀ་ནས་དག་པ་གདོད་མའི་གཤིས༔    ཡེ་གྲོལ་ལྷུན་འབྱམས་དགོངས་པའི་སྲོག་གཏད་པས༔    མི་ཤིགས་ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག༔    སྒེག་སོགས་མཆོད་པའི་ལྷ་མོ་ཡི༔    ཕྱག་རྒྱའི་གཟུངས་ཀྱིས་མངའ་གསོལ་བྱ༔    ཏྲཱཾ༔  དགའ་བ་བཞི་དང་སྟོང་པ་བཞི༔    ལྷ་ཡི་ཕྱག་རྒྱར་རང་ཤར་བའི༔    སྒེག་སོགས་མཆོད་པའི་ལྷ་མོ་ཡི༔    ཡོན་ཏན་རབ་འབྱམས་དབང་མཆོག་བསྐུར༔    ཨོཾ་བཛྲ་ལཱ་སྱ་མཱ་ལྱ་༴  སོགས་ཨཱཿཧཱུྃ༔    སྐུ་གསུང་ཐུགས་ཀྱི་དམ་ཚིག་སྦྱིན༔  ཧཱུྃ༔    ཁྱེད་ནི་རྡོ་རྗེ་སློབ་དཔོན་ཏེ༔    ལས་རྣམས་མ་ལུས་ཀུན་བྱོས་ཤིག༔    སྐུ་གསུང་ཐུགས་ཀྱི་དམ་བཟུང་ལ༔    ཁམས་གསུམ་དག་པའི་ས་ལ་སྐྱོལ༔    བཛྲ་ཀཱ་ཝཱ་ཙི་ས་མ་ཡ་བོ་ངྷི་ཙིཏྟ་ཨཱཿ  ཕྲན་ལས་སྒོ་མའི་སྐུ་གཟུགས་བསྟིམ༔  ཧྲཱིཿ  ཚད་མེད་བཞི་པོ་གནས་དག་པའི༔    མི་ཤིགས་སྤྲུལ་པའི་སྒོ་མ་བཞི༔  ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བས༔    ཕྲིན་ལས་རབ་འབྱམས་དབང་ཐོབ་ཤོག༔    ཛཿཧཱུྃ་བྃ་ཧོཿཨ་བྷི་ཥིཉྩ་ཧཱུྃ༔    ཟབ་པའི་རྒྱུད་བཞིན་བསྐྱེད་རིམ་གྱི༔    རྣལ་འབྱོརཟབ་མོའི་མན་ངག་བསྟན༔    ཐུན་མོང་ཚེ་ཡི་དབང་བསྐུར་ལྟར༔  (3བ)དངོས་གྲུབ་རྫས་ཀྱིས་ཞལ་བསྲོ་བྱ༔    ས་མ་ཡ༔    སྦས་རྒྱ༔    གཏེར་རྒྱ༔    ཟབ་རྒྱ༔    རྣ༢ངྷོབས།    ཁོ་བོ་གསང་མིང་བདུད་འཇོམས་རྡོ་རྗེས་མདོ་ཁམས་ནམ་མཁའ་མཛོད་ཀྱི་གསང་ཕུག་གོང་མ་ནས་ལ་བསེའི་རྡོ་རྗེ་འཁྱུད་གང་བ་ཞིག་དངོས་གྲུབ་ཏུ་ཐོབ་པའི་སྨིན་བྱེད་དབང་གི་བྱང་བུ་ལས་མཁའ་འགྲོ་བརྡ་བཀྲོལ་གྱིས་གཏན་ལ་ཕབ་པ་བོད་ཡུལ་མཐའ་དབུས་བདེ་སྐྱིད་ཀྱི་དཔལ་ལ་སྤྱོད་ཅིང་མགོན་པོ་པདྨ་ཀཱ་རའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག༔    ༔[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms rin po che bka' 'bum
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|totalvolumes=25
|author=Dudjom Rinpoche
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985.
|language=Tibetan
|pagestatus=Temporary stub only
|volumenumber=24
|volumeLetter=YA
|textnuminvol=004
|pdflink=File:DJYD-KABUM-24-YA-004.pdf
|InitCategories=Dudjom Tersar Project; DJYD-KABUM-Volume-24-YA
}}
<h1>Tibetan Text</h1>
<onlyinclude>
{{TibP|(1ན)པདྨ་གསང་བའི་ཐིག་ལེ་ལས༔  སྨིན་བྱེད་དབང་གི་བྱང་བུ་བཞུགས༔  སྒ༣༨ཧ༔  རྩ་གསུམ་ཀུན་འདུས་པདྨ་བྱུང་༔  མཚོ་སྐྱེས་རྒྱལ་བ་ལ་བཏུད་ནས༔  འཆི་མེད་རྟག་པ་རྡོ་རྗེའི་སྲོག༔  སྒྲུབ་ཕྱིར་སྨིན་བྱེད་ཆོ་ག་བསྟན༔  སོ་མོ།ཡོ།༔  བློ་ཆེན་རིན་པོ་ཆེའི་གང་ཟག༔  དེ་ཉིད་ཤེས་པའི་སློབ་དཔོན་ལ༔    བསྟེན་ཏེ་ཟབ་མོའི་ལམ་འདི་ཉིད༔    སྲོག་ལུས་གཅེས་རྒུའི་བདོག་པ་བཅས༔    ལྟོས་མེད་ཕུལ་ཏེ་དབང་བསྐུར་ཞུ༔  ནུས་པར་ལྡན་པའི་བླ་མ་ཡིས༔    བརྩོན་འགྲུས་ལྡན་པའི་སློབ་མ་ལ༔    རང་དང་གཞན་དོན་ནུས་གྱུར་པའི༔  དབང་བསྐུར་ཐོག་མར་གསོལ་བ་བཏབ༔    ཀྱཻ་ཧོ་རྡོ་རྗེ་འཛིན་རྒྱལ་པོ༔  བདག་ལ་དགོངས་པར་མཛད་དུ་གསོལ༔    ཁམས་གསུམ་འཁོར་བའི་གཡང་ས་ལས༔    སྒྲོལ་ཕྱིར་དབང་མཆོག་སྩལ་དུ་གསོལ༔  ཞེས་པས་གསོལ་བཏབ་རིགས་བརྟགས་ལ༔    དབང་བསྐུར་བྱ་བའི་སྐལ་ལྡན་ན༔      སློབ་དཔོན་བདག་ཉིད་ནུས་ལྡན་ཕྱིར༔    རྩ་གསུམ་བསྙེན་པ་རྒྱས་པར་བྱ༔  དེ་ནས་ཐོག་མར་དབེན་གནས་སུ༔    སྣང་དང་མི་སྣང་བདག་པོ་ལས༔    དཀྱིལ་འཁོར་ས་གཞི་ལེགས་པར་བསླང་༔    བཟུང་ཞིང་དབང་དུ་གྱུར་བྱས་ལ༔    (1བ)རིན་པོ་ཆེ་ཡི་བུམ་པ་ནི༔  ལྔ་ཚན་ལྔ་ཡི་བཅུད་ཀྱིས་གཏམས༔    ཁ་རྒྱན་མགུལ་ཆིངས་དབུ་རྒྱན་དང་༔    གཟུངས་ཐག་རྡོ་རྗེས་མངའ་གསོལ་ཏེ༔    དཀྱིལ་འཁོར་དབུས་སུ་ཡང་དག་བཀོད༔    བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང་༔    ཚད་དང་མཚན་ཉིད་ཡོངས་རྫོགས་དབུས༔    རྩ་གསུམ་ཚེ་ཡི་ལྷ་ཚོགས་རྣམས༔    ཆུ་ཟླ་འཇའ་ཚོན་ལྟ་བུར་བསམ༔  སྔགས་མཐར་ཀཱ་ལ་ཤ་ཨ་བྷི་ཥཉྩི་བྷྲཱུྃ༔  ཞེས་པས་སྔགས་འདི་སྟོང་ཕྲག་བཟླས༔    སློབ་མའི་སྡིག་སྒྲུབ་བག་ཆགས་ཀུན༔    སྦྱངས་ཕྱིར་ཞི་དྲག་ཕྱེད་མས་བསྔོ༔  དངོས་གཞི་ཐོག་མར་ཡེ་ཤེས་དབབ༔    སློབ་མ་ལངས་ཏེ་རྐང་པ་གཤིབ༔  ལག་པ་སྤྱི་བོར་མཁའ་འགྲོ་མ༔  གསང་བ་ཡེ་ཤེས་དམར་གསལ་མདངས༔  ཌཱ་རུ་དཀྲོལ་ཞིང་ཐོད་ཆང་བསྣམས༔    འོད་དམར་ཞགས་པས་བསྐོར་བ་ཡི༔  གསང་བར་གཡུང་དྲུང་རིས་དམར་པོ༔    གཡོན་ཕྱོགས་དྲག་ཏུ་འཁོར་བ་ལས༔    མཁའ་འགྲོ་བདེ་བའི་གར་དང་སྒྲས༔    སྲས་བཅས་རྒྱལ་རྣམས་དབང་མེད་(2ན)བཀུག༔  སློབ་མའི་ལུས་ལ་ཐིམ་པར་བསམ༔    རྩ་བའི་སྔགས་མཐར་འབེབས་སྔགས་སྦྱར༔    ཆགས་པའི་རྡུལ་གྱིས་གོས་པའི་རས༔    བྱི་ལ་ནག་པོའི་བྲུན་དང་ནི༔    ཡི་དྭགས་མེ་ལ་བསྲེགས་པ་དང་༔    ཆང་ཏེའུ་རོལ་མོའི་སྒྲ་ཡིས་དབབ༔    ལུས་ལ་ཕེབས་ན་མཆོད་དང་རྒྱུག༔    གར་འཁྲབ་ངག་ལ་བྱིན་ཕེབས་ནས༔    སཾསྐྲྀ་ཏ་དང་མཁའ་འགྲོའི་སྐད༔  ཐོལ་བྱུང་སྨྲ་ཞིང་ཡིད་ཕེབས་ན༔    བདེ་གསལ་མི་རྟོགས་རྩོལ་མེད་སྐྱེ༔    དེ་ཚེ་བརྟན་པའི་སྔགས་རྒྱ་ཡིས༔    རྣལ་འབྱོར་ཡེ་ཤེས་བརྟན་པར་བྱ༔    ཀྱཻ་ཧོཿ  རྣལ་འབྱོར་ཆེན་པོ་བདེ་བ་ཆེ༔    ཡེ་ཤེས་ཆེན་པོ་གསལ་བ་ཆེ༔  དཀྱིལ་འཁོར་ཆེན་པོར་བདག་འཚལ་ན༔  དཔའ་བོ་ཆེན་པོས་གནང་དུ་གསོལ༔  ཞེས་པས་གསོལ་བ་གདབ་པ་ལས༔    དཀྱིལ་འཁོར་སྒོ་ཕྱེས་ལྷ་ངོ་བསྟན༔    ལུས་སྒྲིབ་དག་ཕྱིར་བུམ་པ་ནི༔  རྒྱན་ལྡན་པདྨ་ཅན་གྱིས་ཐོགས༔  སློབ་མའི་སྤྱི་བོར་བཞག་ཅིང་བསྐུར༔    བུམ་པ་ཟླུམ་པོ་ཆོས་སྐུའི་གཞལ་ཡས་ཁང་༔    བུམ་རྫས་སྣང་བ་ལོངས་སྤྱོད་རྫོགས་པའི་དཔལ༔    གཉིས་མེད་ཟུང་འཇུག་འཆི་མེད་བདུད་རྩིའི་ཆུས༔    སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔    ལུས་ཀྱི་སྒྲིབ་དག་ཕུང་(2བ)ཁམས་ལྷ་སྐུར་སྨན༔    རིགས་ལྔ་རྒྱལ་བའི་དབང་མཆོག་ཡོངས་རྫོགས་ཏེ༔    རྣམ་སྨིན་རིག་འཛིན་ས་བོན་ཉེར་ཐེབ་ཤོག༔    ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔    བུངྔྷ་༴  བཛྲ་༴  རཏྣ་༴  པདྨ་༴  ཀརྨ་༴  སྦྱར༔    རྗེས་འབྲེལ་ལྷ་ཡི་ཕྱག་རྒྱ་ལས༔    གཉིས་པ་སྤྲོས་ཏེ་སྤྱི་བོར་བཞག༔    ཨོཾ་ཨཱཿཧཱུྃ༔  ཆོས་སྐུ་སྟོང་གསལ་མ་བཅོས་སྤྲོས་དང་བྲལ༔    ལོངས་སྐུ་གསལ་ལ་མ་འདྲེས་གུ་རུའི་སྐུ༔    སྤྲུལ་སྐུ་སྣ་ཚོགས་ཐབས་ཀྱིས་འགྲོ་དོན་མཛད༔    སྔོན་ཚེ་པད་འབྱུང་ཁྱེད་དང་སྨོན་ལམ་གཅིག༔    ད་ལྟ་བདག་དང་སློབ་མའི་སྟངས་བཟུང་སྟེ༔    སྲོག་གི་ཕྱིར་ཡང་མི་གཏོང་སྒྲུབ་ལགས་ན༔    ཡེ་ཤེས་རབ་འབྱམས་དབང་ཆེན་བསྐུར་དུ་གསོལ༔    ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔  ཞེས་བརྗོད་སྐུ་གཟུགས་སྤྱི་བོར་བཞག༔    བཟླས་པའི་ལུང་སྦྱིན་སྔགས་ཀྱི་ཕྲེང་༔    མགྲིན་པར་བཞག་སྟེ་དོན་དབང་བསྐུར༔    ཨཱཿ  བརྗོད་པ་ཀུན་གྱི་གཞི་རུ་གནས་གྱུར་པའི༔    ངག་ལ་རྡོ་རྗེའི་སྔགས་ཀྱི་དབང་བསྐུར་བས༔    གྲགས་སྟོང་རྡོ་རྗེའི་རོལ་མོར་འབྱམས་ཀླས་པ༔    མི་འགགས་གསུང་གི་དབང་མཆོག་ཐོབ་པར་ཤོག༔    ཝཱཀྐ་བཛྲ་ཨ་བྷི་ཥིཉྩ་ཨཱཿ  དྭངས་གསལ་མེ་ལོང་སྙིང་གར་གཏད༔    སྤྲོས་བྲལ་དོན་གྱི་ཐུགས་དབང་བསྐུར༔    ཧཱུྃ༔    མ་བཅོས་(3ན)སྤྲོས་དང་བྲལ་བའི་རང་རིག་པ༔    འོད་གསལ་ཀ་ནས་དག་པ་གདོད་མའི་གཤིས༔    ཡེ་གྲོལ་ལྷུན་འབྱམས་དགོངས་པའི་སྲོག་གཏད་པས༔    མི་ཤིགས་ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག༔    སྒེག་སོགས་མཆོད་པའི་ལྷ་མོ་ཡི༔    ཕྱག་རྒྱའི་གཟུངས་ཀྱིས་མངའ་གསོལ་བྱ༔    ཏྲཱཾ༔  དགའ་བ་བཞི་དང་སྟོང་པ་བཞི༔    ལྷ་ཡི་ཕྱག་རྒྱར་རང་ཤར་བའི༔    སྒེག་སོགས་མཆོད་པའི་ལྷ་མོ་ཡི༔    ཡོན་ཏན་རབ་འབྱམས་དབང་མཆོག་བསྐུར༔    ཨོཾ་བཛྲ་ལཱ་སྱ་མཱ་ལྱ་༴  སོགས་ཨཱཿཧཱུྃ༔    སྐུ་གསུང་ཐུགས་ཀྱི་དམ་ཚིག་སྦྱིན༔  ཧཱུྃ༔    ཁྱེད་ནི་རྡོ་རྗེ་སློབ་དཔོན་ཏེ༔    ལས་རྣམས་མ་ལུས་ཀུན་བྱོས་ཤིག༔    སྐུ་གསུང་ཐུགས་ཀྱི་དམ་བཟུང་ལ༔    ཁམས་གསུམ་དག་པའི་ས་ལ་སྐྱོལ༔    བཛྲ་ཀཱ་ཝཱ་ཙི་ས་མ་ཡ་བོ་ངྷི་ཙིཏྟ་ཨཱཿ  ཕྲན་ལས་སྒོ་མའི་སྐུ་གཟུགས་བསྟིམ༔  ཧྲཱིཿ  ཚད་མེད་བཞི་པོ་གནས་དག་པའི༔    མི་ཤིགས་སྤྲུལ་པའི་སྒོ་མ་བཞི༔  ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བས༔    ཕྲིན་ལས་རབ་འབྱམས་དབང་ཐོབ་ཤོག༔    ཛཿཧཱུྃ་བྃ་ཧོཿཨ་བྷི་ཥིཉྩ་ཧཱུྃ༔    ཟབ་པའི་རྒྱུད་བཞིན་བསྐྱེད་རིམ་གྱི༔    རྣལ་འབྱོརཟབ་མོའི་མན་ངག་བསྟན༔    ཐུན་མོང་ཚེ་ཡི་དབང་བསྐུར་ལྟར༔  (3བ)དངོས་གྲུབ་རྫས་ཀྱིས་ཞལ་བསྲོ་བྱ༔    ས་མ་ཡ༔    སྦས་རྒྱ༔    གཏེར་རྒྱ༔    ཟབ་རྒྱ༔    རྣ༢ངྷོབས།    ཁོ་བོ་གསང་མིང་བདུད་འཇོམས་རྡོ་རྗེས་མདོ་ཁམས་ནམ་མཁའ་མཛོད་ཀྱི་གསང་ཕུག་གོང་མ་ནས་ལ་བསེའི་རྡོ་རྗེ་འཁྱུད་གང་བ་ཞིག་དངོས་གྲུབ་ཏུ་ཐོབ་པའི་སྨིན་བྱེད་དབང་གི་བྱང་བུ་ལས་མཁའ་འགྲོ་བརྡ་བཀྲོལ་གྱིས་གཏན་ལ་ཕབ་པ་བོད་ཡུལ་མཐའ་དབུས་བདེ་སྐྱིད་ཀྱི་དཔལ་ལ་སྤྱོད་ཅིང་མགོན་པོ་པདྨ་ཀཱ་རའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག༔    ༔}}
</onlyinclude>
{{TsagliCall}}
<headertabs/>

Revision as of 05:19, 1 June 2024

Wylie title DJYD-KABUM-24-YA-004.pdf
Location bdud 'joms rin po che bka' 'bum
Volume 24, Text 4, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(1ན)པདྨ་གསང་བའི་ཐིག་ལེ་ལས༔ སྨིན་བྱེད་དབང་གི་བྱང་བུ་བཞུགས༔ སྒ༣༨ཧ༔ རྩ་གསུམ་ཀུན་འདུས་པདྨ་བྱུང་༔ མཚོ་སྐྱེས་རྒྱལ་བ་ལ་བཏུད་ནས༔ འཆི་མེད་རྟག་པ་རྡོ་རྗེའི་སྲོག༔ སྒྲུབ་ཕྱིར་སྨིན་བྱེད་ཆོ་ག་བསྟན༔ སོ་མོ།ཡོ།༔ བློ་ཆེན་རིན་པོ་ཆེའི་གང་ཟག༔ དེ་ཉིད་ཤེས་པའི་སློབ་དཔོན་ལ༔ བསྟེན་ཏེ་ཟབ་མོའི་ལམ་འདི་ཉིད༔ སྲོག་ལུས་གཅེས་རྒུའི་བདོག་པ་བཅས༔ ལྟོས་མེད་ཕུལ་ཏེ་དབང་བསྐུར་ཞུ༔ ནུས་པར་ལྡན་པའི་བླ་མ་ཡིས༔ བརྩོན་འགྲུས་ལྡན་པའི་སློབ་མ་ལ༔ རང་དང་གཞན་དོན་ནུས་གྱུར་པའི༔ དབང་བསྐུར་ཐོག་མར་གསོལ་བ་བཏབ༔ ཀྱཻ་ཧོ་རྡོ་རྗེ་འཛིན་རྒྱལ་པོ༔ བདག་ལ་དགོངས་པར་མཛད་དུ་གསོལ༔ ཁམས་གསུམ་འཁོར་བའི་གཡང་ས་ལས༔ སྒྲོལ་ཕྱིར་དབང་མཆོག་སྩལ་དུ་གསོལ༔ ཞེས་པས་གསོལ་བཏབ་རིགས་བརྟགས་ལ༔ དབང་བསྐུར་བྱ་བའི་སྐལ་ལྡན་ན༔ སློབ་དཔོན་བདག་ཉིད་ནུས་ལྡན་ཕྱིར༔ རྩ་གསུམ་བསྙེན་པ་རྒྱས་པར་བྱ༔ དེ་ནས་ཐོག་མར་དབེན་གནས་སུ༔ སྣང་དང་མི་སྣང་བདག་པོ་ལས༔ དཀྱིལ་འཁོར་ས་གཞི་ལེགས་པར་བསླང་༔ བཟུང་ཞིང་དབང་དུ་གྱུར་བྱས་ལ༔ (1བ)རིན་པོ་ཆེ་ཡི་བུམ་པ་ནི༔ ལྔ་ཚན་ལྔ་ཡི་བཅུད་ཀྱིས་གཏམས༔ ཁ་རྒྱན་མགུལ་ཆིངས་དབུ་རྒྱན་དང་༔ གཟུངས་ཐག་རྡོ་རྗེས་མངའ་གསོལ་ཏེ༔ དཀྱིལ་འཁོར་དབུས་སུ་ཡང་དག་བཀོད༔ བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང་༔ ཚད་དང་མཚན་ཉིད་ཡོངས་རྫོགས་དབུས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་རྣམས༔ ཆུ་ཟླ་འཇའ་ཚོན་ལྟ་བུར་བསམ༔ སྔགས་མཐར་ཀཱ་ལ་ཤ་ཨ་བྷི་ཥཉྩི་བྷྲཱུྃ༔ ཞེས་པས་སྔགས་འདི་སྟོང་ཕྲག་བཟླས༔ སློབ་མའི་སྡིག་སྒྲུབ་བག་ཆགས་ཀུན༔ སྦྱངས་ཕྱིར་ཞི་དྲག་ཕྱེད་མས་བསྔོ༔ དངོས་གཞི་ཐོག་མར་ཡེ་ཤེས་དབབ༔ སློབ་མ་ལངས་ཏེ་རྐང་པ་གཤིབ༔ ལག་པ་སྤྱི་བོར་མཁའ་འགྲོ་མ༔ གསང་བ་ཡེ་ཤེས་དམར་གསལ་མདངས༔ ཌཱ་རུ་དཀྲོལ་ཞིང་ཐོད་ཆང་བསྣམས༔ འོད་དམར་ཞགས་པས་བསྐོར་བ་ཡི༔ གསང་བར་གཡུང་དྲུང་རིས་དམར་པོ༔ གཡོན་ཕྱོགས་དྲག་ཏུ་འཁོར་བ་ལས༔ མཁའ་འགྲོ་བདེ་བའི་གར་དང་སྒྲས༔ སྲས་བཅས་རྒྱལ་རྣམས་དབང་མེད་(2ན)བཀུག༔ སློབ་མའི་ལུས་ལ་ཐིམ་པར་བསམ༔ རྩ་བའི་སྔགས་མཐར་འབེབས་སྔགས་སྦྱར༔ ཆགས་པའི་རྡུལ་གྱིས་གོས་པའི་རས༔ བྱི་ལ་ནག་པོའི་བྲུན་དང་ནི༔ ཡི་དྭགས་མེ་ལ་བསྲེགས་པ་དང་༔ ཆང་ཏེའུ་རོལ་མོའི་སྒྲ་ཡིས་དབབ༔ ལུས་ལ་ཕེབས་ན་མཆོད་དང་རྒྱུག༔ གར་འཁྲབ་ངག་ལ་བྱིན་ཕེབས་ནས༔ སཾསྐྲྀ་ཏ་དང་མཁའ་འགྲོའི་སྐད༔ ཐོལ་བྱུང་སྨྲ་ཞིང་ཡིད་ཕེབས་ན༔ བདེ་གསལ་མི་རྟོགས་རྩོལ་མེད་སྐྱེ༔ དེ་ཚེ་བརྟན་པའི་སྔགས་རྒྱ་ཡིས༔ རྣལ་འབྱོར་ཡེ་ཤེས་བརྟན་པར་བྱ༔ ཀྱཻ་ཧོཿ རྣལ་འབྱོར་ཆེན་པོ་བདེ་བ་ཆེ༔ ཡེ་ཤེས་ཆེན་པོ་གསལ་བ་ཆེ༔ དཀྱིལ་འཁོར་ཆེན་པོར་བདག་འཚལ་ན༔ དཔའ་བོ་ཆེན་པོས་གནང་དུ་གསོལ༔ ཞེས་པས་གསོལ་བ་གདབ་པ་ལས༔ དཀྱིལ་འཁོར་སྒོ་ཕྱེས་ལྷ་ངོ་བསྟན༔ ལུས་སྒྲིབ་དག་ཕྱིར་བུམ་པ་ནི༔ རྒྱན་ལྡན་པདྨ་ཅན་གྱིས་ཐོགས༔ སློབ་མའི་སྤྱི་བོར་བཞག་ཅིང་བསྐུར༔ བུམ་པ་ཟླུམ་པོ་ཆོས་སྐུའི་གཞལ་ཡས་ཁང་༔ བུམ་རྫས་སྣང་བ་ལོངས་སྤྱོད་རྫོགས་པའི་དཔལ༔ གཉིས་མེད་ཟུང་འཇུག་འཆི་མེད་བདུད་རྩིའི་ཆུས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལུས་ཀྱི་སྒྲིབ་དག་ཕུང་(2བ)ཁམས་ལྷ་སྐུར་སྨན༔ རིགས་ལྔ་རྒྱལ་བའི་དབང་མཆོག་ཡོངས་རྫོགས་ཏེ༔ རྣམ་སྨིན་རིག་འཛིན་ས་བོན་ཉེར་ཐེབ་ཤོག༔ ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ བུངྔྷ་༴ བཛྲ་༴ རཏྣ་༴ པདྨ་༴ ཀརྨ་༴ སྦྱར༔ རྗེས་འབྲེལ་ལྷ་ཡི་ཕྱག་རྒྱ་ལས༔ གཉིས་པ་སྤྲོས་ཏེ་སྤྱི་བོར་བཞག༔ ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་སྟོང་གསལ་མ་བཅོས་སྤྲོས་དང་བྲལ༔ ལོངས་སྐུ་གསལ་ལ་མ་འདྲེས་གུ་རུའི་སྐུ༔ སྤྲུལ་སྐུ་སྣ་ཚོགས་ཐབས་ཀྱིས་འགྲོ་དོན་མཛད༔ སྔོན་ཚེ་པད་འབྱུང་ཁྱེད་དང་སྨོན་ལམ་གཅིག༔ ད་ལྟ་བདག་དང་སློབ་མའི་སྟངས་བཟུང་སྟེ༔ སྲོག་གི་ཕྱིར་ཡང་མི་གཏོང་སྒྲུབ་ལགས་ན༔ ཡེ་ཤེས་རབ་འབྱམས་དབང་ཆེན་བསྐུར་དུ་གསོལ༔ ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་སྐུ་གཟུགས་སྤྱི་བོར་བཞག༔ བཟླས་པའི་ལུང་སྦྱིན་སྔགས་ཀྱི་ཕྲེང་༔ མགྲིན་པར་བཞག་སྟེ་དོན་དབང་བསྐུར༔ ཨཱཿ བརྗོད་པ་ཀུན་གྱི་གཞི་རུ་གནས་གྱུར་པའི༔ ངག་ལ་རྡོ་རྗེའི་སྔགས་ཀྱི་དབང་བསྐུར་བས༔ གྲགས་སྟོང་རྡོ་རྗེའི་རོལ་མོར་འབྱམས་ཀླས་པ༔ མི་འགགས་གསུང་གི་དབང་མཆོག་ཐོབ་པར་ཤོག༔ ཝཱཀྐ་བཛྲ་ཨ་བྷི་ཥིཉྩ་ཨཱཿ དྭངས་གསལ་མེ་ལོང་སྙིང་གར་གཏད༔ སྤྲོས་བྲལ་དོན་གྱི་ཐུགས་དབང་བསྐུར༔ ཧཱུྃ༔ མ་བཅོས་(3ན)སྤྲོས་དང་བྲལ་བའི་རང་རིག་པ༔ འོད་གསལ་ཀ་ནས་དག་པ་གདོད་མའི་གཤིས༔ ཡེ་གྲོལ་ལྷུན་འབྱམས་དགོངས་པའི་སྲོག་གཏད་པས༔ མི་ཤིགས་ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ སྒེག་སོགས་མཆོད་པའི་ལྷ་མོ་ཡི༔ ཕྱག་རྒྱའི་གཟུངས་ཀྱིས་མངའ་གསོལ་བྱ༔ ཏྲཱཾ༔ དགའ་བ་བཞི་དང་སྟོང་པ་བཞི༔ ལྷ་ཡི་ཕྱག་རྒྱར་རང་ཤར་བའི༔ སྒེག་སོགས་མཆོད་པའི་ལྷ་མོ་ཡི༔ ཡོན་ཏན་རབ་འབྱམས་དབང་མཆོག་བསྐུར༔ ཨོཾ་བཛྲ་ལཱ་སྱ་མཱ་ལྱ་༴ སོགས་ཨཱཿཧཱུྃ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་སྦྱིན༔ ཧཱུྃ༔ ཁྱེད་ནི་རྡོ་རྗེ་སློབ་དཔོན་ཏེ༔ ལས་རྣམས་མ་ལུས་ཀུན་བྱོས་ཤིག༔ སྐུ་གསུང་ཐུགས་ཀྱི་དམ་བཟུང་ལ༔ ཁམས་གསུམ་དག་པའི་ས་ལ་སྐྱོལ༔ བཛྲ་ཀཱ་ཝཱ་ཙི་ས་མ་ཡ་བོ་ངྷི་ཙིཏྟ་ཨཱཿ ཕྲན་ལས་སྒོ་མའི་སྐུ་གཟུགས་བསྟིམ༔ ཧྲཱིཿ ཚད་མེད་བཞི་པོ་གནས་དག་པའི༔ མི་ཤིགས་སྤྲུལ་པའི་སྒོ་མ་བཞི༔ ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བས༔ ཕྲིན་ལས་རབ་འབྱམས་དབང་ཐོབ་ཤོག༔ ཛཿཧཱུྃ་བྃ་ཧོཿཨ་བྷི་ཥིཉྩ་ཧཱུྃ༔ ཟབ་པའི་རྒྱུད་བཞིན་བསྐྱེད་རིམ་གྱི༔ རྣལ་འབྱོརཟབ་མོའི་མན་ངག་བསྟན༔ ཐུན་མོང་ཚེ་ཡི་དབང་བསྐུར་ལྟར༔ (3བ)དངོས་གྲུབ་རྫས་ཀྱིས་ཞལ་བསྲོ་བྱ༔ ས་མ་ཡ༔ སྦས་རྒྱ༔ གཏེར་རྒྱ༔ ཟབ་རྒྱ༔ རྣ༢ངྷོབས། ཁོ་བོ་གསང་མིང་བདུད་འཇོམས་རྡོ་རྗེས་མདོ་ཁམས་ནམ་མཁའ་མཛོད་ཀྱི་གསང་ཕུག་གོང་མ་ནས་ལ་བསེའི་རྡོ་རྗེ་འཁྱུད་གང་བ་ཞིག་དངོས་གྲུབ་ཏུ་ཐོབ་པའི་སྨིན་བྱེད་དབང་གི་བྱང་བུ་ལས་མཁའ་འགྲོ་བརྡ་བཀྲོལ་གྱིས་གཏན་ལ་ཕབ་པ་བོད་ཡུལ་མཐའ་དབུས་བདེ་སྐྱིད་ཀྱི་དཔལ་ལ་སྤྱོད་ཅིང་མགོན་པོ་པདྨ་ཀཱ་རའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག༔ ༔