TTDL-ZABTER-09-TA-038: Difference between revisions
No edit summary |
No edit summary |
||
| Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བཙན་རྒོད་སྲོག་སྒྲུབ་པདྨ་དཀར་པོ༔ | |||
|fulltitle=zab gsang mkha' 'gro'i snying thig las: btsan rgod srog sgrub pad+ma dkar po: | |||
|citation=Khrag 'thung [[Bdud 'joms gling pa]]. ''Zab gsang mkha' 'gro'i snying thig las btsan rgod srog sgrub pad+ma dkar po''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 9: 265-274. Thimphu, Bhutan: Lama Kuenzang Wangdue, 2004. | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|collectiontitle=bdud 'joms gling pa zab gter | |collectiontitle=bdud 'joms gling pa zab gter | ||
|author=bdud 'joms gling pa | |author=bdud 'joms gling pa | ||
|sourcerevealer=bdud 'joms gling pa | |sourcerevealer=bdud 'joms gling pa | ||
| | |tibgenre=Sadhanas - Evocation Ritual - sgrub thabs | ||
|terma=Yes | |terma=Yes | ||
|cycle=zab gsang mkha' 'gro'i snying thig | |cycle=zab gsang mkha' 'gro'i snying thig | ||
|cycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་ | |cycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་ | ||
| | |volumenumber=09 | ||
|volnumtib=༩ | |volnumtib=༩ | ||
|volyigtib=ཏ | |volyigtib=ཏ | ||
| | |totalvolumes=21 | ||
|textnuminvol=038 | |textnuminvol=038 | ||
|pagenumbers=265-274 | |||
|totalpages=10 | |||
|beginfolioline=1a1 | |||
|endfolioline=5b2 | |||
|totalfolios=5 | |||
|multivolumework=No | |||
|rectonotes=srog sgrub | |||
|versonotes=bdud 'joms bka' srung btsan rgod skya gcig | |||
|colophontib=ཞེས་པ་འདི་ཡང་སྔགས་པ་བདུད་འཇོམས་རྡོ་རྗེས་གཏེར་ནས་སྤྱན་དྲངས་ཏེ་འབྲོས་ཕུག་མཁའ་འགྲོའི་འདུ་ཁང་དུ་དག་པར་ཕབ་པའི་ཡི་གེའི་རིས་བྱེད་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །ལེགས་སོ། །བཀྲ་ཤིས། ཨྠིྀ། | |||
|colophonwylie=zhes pa 'di yang sngags pa bdud 'joms rdo rjes gter nas spyan drangs te 'bros phug mkha' 'gro'i 'du khang du dag par phab pa'i yi ge'i ris byed phun tshogs bkra shis so/_/dge'o/_/legs so/_/bkra shis/_a+thi+-i/ | |||
|pdflink=File:TTDL-ZABTER-09-TA-038.pdf | |pdflink=File:TTDL-ZABTER-09-TA-038.pdf | ||
|authortib=བདུད་འཇོམས་གླིང་པ་ | |||
|sourcerevealertib=བདུད་འཇོམས་གླིང་པ་ | |||
|volumeLetter=TA | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-09-TA | |InitCategories=Dudjom Tersar Project; TTDL-ZABTER-Volume-09-TA | ||
}} | }} | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བཙན་རྒོད་སྲོག་སྒྲུབ་པདྨ་དཀར་པོ་ཞེས་བྱ་བ་བཞུགས་སོ༔ | ||
ཐྂ༎༔ ({{TibChung|བརྡ་ཡིག་}}) རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ བཙན་རྒོད་སྲོག་སྒྲུབ་པདྨ་དཀར་པོ་ནི༔ འདི་ཡི་ལག་ལེན་རིམ་པ་ལ༔ རང་ཉིད་གསང་བ་ཡེ་ཤེས་གསལ༔ མདུན་དུ་བཙན་བཤོས་དམར་པོ་ལ༔ དར་རས་དང་ནི་དམར་གྱིས་བརྒྱན༔ དེ་ཡི་མདུན་དུ་དམར་གཏོར་གསེར་སྐྱེམས་དང་༔ འབྱོར་ཚོགས་གཙང་མའི་ཕུད་ལ་རཀྟས་བྲན༔ དེ་ལ་ཡིད་ཀྱི་མཆོད་སྤྲིན་རྒྱ་མཚོར་སྤྲུལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་གསང་བ་ཡེ་ཤེས་མཁའ་འགྲོ་མ༔ འཁོར་འདས་དབང་བསྒྱུར་བདེ་ཆེན་དྲག་མོའི་སྐུ༔ འཇིག་རྟེན་སྲིད་པའི་ཁམས་ལ་སྨོས་ཅི་དགོས༔ མ་མོ་མཁའ་འགྲོ་ཡོངས་ཀྱི་སྤྱི་རྗེ་མོ༔ ཧཱུྃ་ཧཱུྃ་ཧཱུྃ༔ མདུན་དུ་ཁྲག་མཚོ་རྦ་རླབས་འཁྲུགས་པའི་ཀློང་དུ༔ རབ་འཇིགས་དུར་ཁྲོད་ཆེན་པོའི་དབུས་སུ༔ རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་ཡངས་པའི་ནང་དུ༔ ཙཿལས་བཙན་རྒྱལ་ཆེན་པོ་དམར་ནག་རྔམས༔ ཁྲོ་གཏུམ་སྤྱན་བསྒྲད་ཨམ་གཙིགས་ཨག་ཚོམ་དམར༔ བཙན་མདུང་བཙན་ཞགས་བསྣམས་ཤིང་འཁོར་གསུམ་བརྒྱན༔ བསེ་ཁྲབ་རྨོག་གསོལ་བཙན་རྟ་དམར་པོ་ཆིབས༔ མི་དམར་སྔུན་རྒྱུག་ཁྱི་དམར་རྗེས་སུ་འབྲེང་༔ བྱ་དམར་ཀླད་ལྡིང་རྫོང་ཁྲོམ་གྭའུ་མགུལ༔ རབ་འཇིགས་རྔམས་བརྗིད་མཐུ་རྩལ་ཐོགས་མེད་ཅིང་༔ འགྲོ་རྣམས་སྲོག་ལ་དབང་བསྒྱུར་ཤན་པ་ཆེ༔ བདག་ལ་བརྩེ་དགོངས་བར་ཆད་སེལ་བར་བསམ༔ འོད་འཕྲོས་བཙན་གྱི་ཡུལ་ནས་སྤྱན་དྲངས་བསྟིམ༔ སྤྱན་འདྲེན་པ་ནི༔ ཀྱཻ༔ ཕྱོགས་ཕྱོགས་དག་གི་ཕ་ཀི་ན༔ བཙན་ཡུལཟངས་ཐང་དམར་པོ་ན༔ ལྗོན་ཤིང་བྲག་གཏམས་ཕོ་བྲང་གི༔ བཙན་རྒོད་ཆེན་པོ་གཤེགས་སུ་གསོལ༔ ནཱ་ག་ཙནྟྲི་ཡེ་ས་མ་ཡ་ཛ་ཛཿབཞུགས་གསོལ་ནི༔ ཀྱཻ༔ བཙན་རྗེ་སྲོག་གི་སྤུ་གྲི་ཁྱོད༔ དམ་ཚིག་དབང་གིས་འདིར་གཤེགས་ལ༔ བརྩེ་ཞིང་དགྱེས་ཏེ་བདག་གྲོགས་སུ༔ དགྱེས་པའི་གདན་ལ་བཞུགས་སུ་གསོལ༔ ཕྱག་འཚལ་བ་ནི༔ ཀྱཻ༔ བཅོམ་ལྡན་ཐུབ་པའི་དབང་པོ་དང་༔ རྗེ་བཙུན་པདྨ་ཐོད་ཕྲེང་གི༔ བཀའ་ཉན་བཙན་རྒྱལ་ཆེན་པོ་ལ༔ ཕྲིན་ལས་བསྒྲུབ་ཕྱིར་ཕྱག་ཀྱང་འཚལ༔ ས་མ་ཡ་ཧོ༔ མཆོད་པ་འབུལ་བ་ནི༔ ཀྱཻ༔ བཙན་རྒྱལ་སྲོག་གི་སྤུ་གྲི་ལ༔ མཐུན་རྫས་འདོད་ཡོན་བྱེ་བྲག་དང་༔ དགྲ་བགེགས་ཤ་ཁྲག་དམར་གྱིས་མཆོད༔ དམ་ཚིག་བཞིན་དུ་ཕྲིན་ལས་སྒྲུབས༔ ནཱ་ག་ཙནྟྲི་ས་མ་ཡ་སརྦ་ག་ཎ་པཉྩ་པཱུ་ཛ་ཧོཿདེ་ནས་བསྟོད་པ་ནི༔ ཧོཿབསྟན་བསྲུང་ཆེན་པོ་རྫུ་འཕྲུལ་ཅན༔ བཙན་དམར་སྲོག་གི་ཤན་པ་ཆེ༔ སྤྲུལ་འཁོར་མགུལ་གྱི་གྭའུར་སྦས༔ འདོད་འབྱུང་ནོར་བུས་རབ་ཏུ་བརྒྱན༔ དགྲ་བགེགས་བསྒྲལ་ཕྱིར་མདུང་ཞགས་ཐོགས༔ མགྱོགས་བྱེད་འཕྲུལ་གྱི་ཅང་ཤེས་ཆིབས༔ ཆོ་འཕྲུལ་གློག་ལྟར་ཐོགས་མེད་བསྒྱུར༔ འཇིགས་བྱེད་ཁྱོད་ལ་བདག་གིས་བསྟོད༔ དམ་བསྒྲག་པ་ནི༔ ཀྱཻ༔ བཙན་རྒྱལ་ཤན་པ་སྐྱ་གཅིག་ཁྱོད༔ སྔོན་ཚེ་པདྨའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་ཇི་བཞིན་དུ༔ དམ་ཚིག་གཉན་ལ་མ་འདའ་བར༔ བདག་གི་གྲོགས་མཛོད་བསྟན་པ་སྲུངས༔ བར་ཆད་དགྲ་བགེགས་རྡུལ་དུ་རློག༔ ཡིད་མཐུན་རེ་བའི་འདོད་པ་སྐོངས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལ་བརྟེན་པའི་འཛབ་དམིགས་ནི༔ རང་ཉིད་གསང་བ་ཡེ་ཤེས་སུ་གསལ་བའི་མདུན་དུ་རབ་འཇིགས་དྲག་པོའི་དཀྱིལ་འཁོར་དུ་བཙན་རྒྱལ་ཆེན་པོའི་ཐུགས་ཀར་ཡི་གེ་ཙཿདམར་པོའི་མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར་བ་དེ་ལ་རང་གི་ཐུགས་ཀའི་ཧྲཱིཿཡིག་གི་འོད་ཟེར་ཕོག་པས་སྔོན་གྱི་དམ་ཚིག་གཉན་པོ་རྗེས་སུ་དྲན་ནས་བཀའ་ཉན་གསུང་སྡོད་བྲན་ཁས་ལེན་པར་བསམ༔ ནཱ་ག་ཙནྟྲི་ཡཀྴ་ཀྲོ་ཏ་ཧཱུྃ་ཕཊ༔ དེ་ནས་བསྒྲུབ་པ་ནི༔ ནཱ་ག་ཙནྟྲི་ཡཀྴ་ས་མ་ཡ་སརྦ་རཏྣ་སིདྡྷི་ཧཱུྃ༔ ལས་སྦྱོར་ནི༔ ནཱ་ག་ཙནྟྲི་ས་མ་ཡ་བར་ཆད་དགྲ་བགེགས་མཱ་ར་ཡ་རྦད་བྷྱོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལ་བརྟེན་པའི་བསྐང་གསོལ་ནི༔ ཀྱཻ༔ ཕྱོགས་ཕྱོགས་དག་གི་ཕ་གི་ན༔ ལྗོན་ཤིང་བྲག་རི་གཏམས་པའི་ཚལ༔ བཙན་མཁར་དམར་པོའི་ནང་ཤེད་ནས༔ བཙན་རྒྱལ་སྐྱ་གཅིག་གཤེགས་སུ་གསོལ༔ འདིར་བཞུགས་དམ་སྐོང་མཆོད་པ་བཞེས༔ རིན་ཆེན་སྣ་ཚོགས་འབྲུ་སྣ་ཚོགས༔ དཀར་དམར་མཆོད་པའི་བྱེ་བྲག་གིས༔ བཙན་རྒྱལ་ཆེན་པོའི་ཐུགས་དམ་བསྐང་༔ གསང་བའི་འཁོར་གྱི་ཐུགས་དམ་བསྐང་༔ མཐུན་པའི་དམ་རྫས་སྣ་ཚོགས་དང་༔ དགྲ་བགེགས་ཤ་ཁྲག་རུས་པ་ཡིས༔ བཙན་རྒྱལ་སྲོག་གི་སྤུ་གྲི་མཆོད༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ འདོད་དོན་ཡིད་བཞིན་འགྲུབ་པ་དང་༔ འགལ་རྐྱེན་དགྲ་བགེགས་རྡུལ་དུ་རློག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ལ་བརྟེན་པའི་གཉེར་བཅོལ་ནི༔ ཀྱཻ༔ བཀའ་ཡི་སྲུང་མ་ཐ་ཚིག་ཅན༔ དམ་ཅན་ཁྱོད་ཀྱིས་བདག་གྲོགས་མཛོད༔ བདག་གི་ཟས་ནོར་དཀོར་མཛོད་དང་༔ ཁང་ཁྱིམ་བསྲུང་ལ་དགྲ་བགེགས་སྒྲོལ༔ ནཱ་ག་ཙནྟྲི་ས་མ་ཡ་བདག་གི་མི་ནོར་ལོངས་སྤྱོད་དཀོར་ལ་རཀྵ་རཀྵ༔ དེ་ལ་བརྟེན་པའི་བསང་མཆོད་ནི༔ ཀྱཻ༔ རྡོ་རྗེ་འཛིན་རྒྱལ་ཐོད་ཕྲེང་གི༔ བཀའ་ཡི་སྲུང་མ་མཐུ་རྩལ་ཅན༔ བཙན་རྒྱལ་ཤན་པ་སྐྱ་གཅིག་ལ༔ བཟང་ཤིང་ཕྱེ་མར་སྣ་ཚོགས་དང་༔ འཆི་མེད་བདུད་རྩིའི་བསང་དུད་ཀྱིས༔ བསང་ངོ་བརྔན་ནོ་མཆོད་པ་འབུལ༔ མཐུན་རྐྱེན་ཟས་ནོར་དངོས་གྲུབ་སྩོལ༔ དགྲ་ཇག་ཆོམ་རྐུན་གཅན་གཟན་སོགས༔ འཇིགས་པ་ཐམས་ཅད་བཟློག་པ་དང་༔ བསམ་པའི་དོན་ཀུན་འགྲུབ་པར་མཛོད༔ ནཱ་ག་ཙནྡྷྲི་ས་མ་ཡ་ཨ་མྲྀ་ཏ་དྷུ་པེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ དེ་ལ་བརྟེན་པའི་གྲོགས་ཆོས་ནི༔ ཀྱཻ༔ བཙན་རྒྱལ་ཤན་པ་སྐྱ་གཅིག་ཁྱོད༔ བདག་གི་གྲོགས་སུ་བརྟེན་འཚལ་ལོ༔ མདའ་གང་ཕན་ལ་རྒྱང་མ་རིང་༔ འདོམ་གང་ཙམ་ལས་ཡར་མ་རིང་༔ གཡེལ་མེད་གྲོགས་མཛོད་ས་མ་ཡ༔ བསྒྲུབ་བོ་བརྟེན་ནོ་གྲོགས་མཛོད་ཅིག༔ དེ་ལ་བརྟེན་པའི་དམོད་བསྐུལ་ནི༔ ཀྱཻ༔ བཙན་རྒྱལ་ཆེན་པོའི་ཐུགས་དམ་བསྐུལ༔ ཤན་པ་ཆེན་པོའི་དུས་ལ་བབ༔ སྲོག་གི་སྤུ་གྲིའི་དུས་ལ་བབ༔ རོལ་པ་ཆེན་པོའི་དུས་ལ་བབ༔ གནོད་སྦྱིན་སྐྱ་གཅིག་དུས་ལ་བབ༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ མ་ཉེས་བདག་ལ་རྒོལ་བའི་དགྲ༔ ད་ལྟ་ཉིད་དུ་སོད་ལ་ཤོག༔ དགྲ་ལ་ཐན་སྣ་སྣ་ཚོགས་ཀུན༔ མ་འགྱང་དོ་ནུབ་ཉིད་ལ་ཐོང་༔ བཙན་རྒོད་ཤན་པ་ཀུས་འདེབས་ཁྱོད༔ བཀའ་དང་ཐ་ཚིག་གཉན་གྱིས་བསྐུལ༔ འདའ་ན་དམ་ཉམས་བསྐུལ་དོན་ཆུང་༔ སྔོན་ཚེ་པདྨའི་སྤྱན་སྔ་རུ༔ རྣལ་འབྱོར་གྲོགས་མཛོད་མ་ཆད་དམ༔ ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ དགྲ་བགེགས་བསྒྲལ་བར་མ་ཆད་དམ༔ མནའ་ཐོ་ཉམས་ན་མནའ་ཡང་ཟོས༔ དམ་བཅའ་ཉམས་ན་དམ་ཉམས་ཏེ༔ ཁྲིམས་ལ་འགལ་ན་རྫུན་མ་སྟེ༔ བསྒྲུབ་ཚེ་ང་ཡིས་དཀའ་སྤྱད་བསྒྲུབ༔ མཆོད་ཚེ་དཀའ་བ་བཙལ་ཞིང་མཆོད༔ ད་ནི་བསྐུལ་ཚེ་ཁྱོད་ལ་རག༔ མནའ་ཐོ་ཆད་དོན་ཁྲིམས་རྣམས་དང་༔ དམ་བཅའ་དམ་ཚིག་ཉམས་སམ་བསྲུང་༔ དམ་ཅན་ཁྱོད་ལ་རག་ལས་སོ༔ བསྐུལ་ནི་དམ་ཚིག་གཉན་གྱིས་བསྐུལ༔ རྒྱལ་བའི་ཐ་ཚིག་དཔང་ལ་ཡོད༔ ཆོས་ཉིད་བདེན་པ་མི་འགྱུར་བས༔ དགེ་འདུན་བདག་གིས་གནད་ནས་བསྐུལ༔ དཀོན་མཆོག་བདེན་པའི་མཐུ་ཡིས་བསྐུལ༔ མ་གཡེལ་མ་གཡེལ་ལས་ལ་རྒྱུག༔ དགྲ་བོ་དམ་ཉམས་ལས་ངན་འདི༔ ལོ་ཟླར་བཞག་པའི་ལོང་མེད་ཀྱི༔ ད་ལྟ་ཉིད་དུ་སོད་ལ་ཤོག༔ སྲོག་རྩ་ཧུར་ཐུམ་ཆོད་ལ་ཤོག༔ གསོད་པའི་ལག་དམར་ཁྱོད་ཀྱིས་མཛོད༔ བསད་རྟགས་དོན་སྙིང་ཁྱེར་ལ་ཤོག༔ བདག་ནི་མ་ཉེས་མ་ཡོའོ༔ ཕར་ལ་བསྐུལ་བའི་དམོད་པའི་ཚིག༔ དམོད་མཁན་བདག་ལ་ཚུར་མ་ལྡོག༔ ཟས་ཟོས་དུག་ཏུ་མ་འགྱུར་ཅིག༔ ཉེས་བྱེད་དགྲ་རུ་མ་སྡང་ཅིག༔ མདའ་མོ་དགྲ་ལ་འཕེན་པའི་ཚེ༔ མདེའུ་དབལ་ཚུར་ལ་མ་ལྟ་ཅིག༔ འདི་ཡང་རྡོ་རྗེའི་དམ་ཚིག་གོ༔ ནཱ་ག་ཙནྡྲི་ས་མ་ཡ༔ དགྲ་བགེགས་སརྦ་ས་ཏྲུཾ་མ་ར་ཡ་རྦད་སོད༔ ཅེས་ལན་བདུན་བཟླས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལ་བརྟེན་པའི་བཟློག་པ་ནི༔ ཧོཿརྡོ་རྗེ་འཛིན་རྒྱལ་པད་འབྱུང་གི༔ སྐུ་གསུང་ཐུགས་ཀྱི་བདེན་སྟོབས་ཀྱིས༔ བཙན་གྱིས་ཚུར་རྒོལ་དགྲ་ལ་བཟློག༔ དཀོན་མཆོག་གསུམ་གྱི་བདེན་སྟོབས་ཀྱིས༔ དམོད་བསྐུལ་ཚུར་ལ་ལྡོག་པ་བཟློག༔ རྩ་བ་གསུམ་གྱི་བྱིན་རླབས་དང་༔ རྟེན་འབྲེལ་བསླུ་བ་མེད་པའི་མཐུས༔ དམོད་བསྐུལ་ཚུར་ལ་ལྡོག་པ་བཟློག༔ བཟློག་གོ་སྡང་བའི་དགྲ་ལ་བཟློག༔ བཟློག་གོ་གནོད་པའི་བགེགས་ལ་བཟློག༔ ནཱ་ག་ཙནྟྲི་ས་མ་ཡ་བྷྱོ་བཟློག༔ མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ས་མ་ཡ༔ འདི་ནི་དབེན་པའི་རི་ཁྲོད་དུ༔ གཅིག་པུར་གནས་པའི་རྣལ་འབྱོར་གྱིས༔ གྲོགས་ཀྱི་སྐལ་པར་བསྔགས་པ་སྟེ༔ ཉམས་ལེན་སླ་སྟེ་འགྲུབ་ཐག་ཉེ༔ ལས་ལ་མྱུར་བ་གཞན་ལས་ལྷག༔ དེ་ཕྱིར་སྐལ་ལྡན་ཉམས་སུ་ལོངས༔ ཟབ་ཆོས་ཡེ་ཤེས་ཉི་མའི་ཆ་རྐྱེན་དུ༔ བུད་མེད་མཚོ་རྒྱལ་བདག་གིས་ཡི་གེར་བཀོད༔ བཀའ་འདི་མ་མོ་རེ་མ་ཏཱི་ལ་གཉེར༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ཡང་སྔགས་པ་བདུད་འཇོམས་རྡོ་རྗེས་གཏེར་ནས་སྤྱན་དྲངས་ཏེ་འབྲོས་ཕུག་མཁའ་འགྲོའི་འདུ་ཁང་དུ་དག་པར་ཕབ་པའི་ཡི་གེའི་རིས་བྱེད་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །ལེགས་སོ། །བཀྲ་ཤིས། ཨྠིྀ།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Revision as of 12:27, 16 August 2024
| Wylie title | zab gsang mkha' 'gro'i snying thig las: btsan rgod srog sgrub pad+ma dkar po: | |
|---|---|---|
| Location | bdud 'joms gling pa zab gter Volume 9, Text 38, Pages 265-274 (Folios 1a1 to 5b2) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las btsan rgod srog sgrub pad+ma dkar po. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 9: 265-274. Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Recto: srog sgrub Verso: bdud 'joms bka' srung btsan rgod skya gcig | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | Sadhanas - Evocation Ritual - sgrub thabs | |
| Cycle | ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig) | |
| Colophon |
ཞེས་པ་འདི་ཡང་སྔགས་པ་བདུད་འཇོམས་རྡོ་རྗེས་གཏེར་ནས་སྤྱན་དྲངས་ཏེ་འབྲོས་ཕུག་མཁའ་འགྲོའི་འདུ་ཁང་དུ་དག་པར་ཕབ་པའི་ཡི་གེའི་རིས་བྱེད་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །ལེགས་སོ། །བཀྲ་ཤིས། ཨྠིྀ། | |
|
zhes pa 'di yang sngags pa bdud 'joms rdo rjes gter nas spyan drangs te 'bros phug mkha' 'gro'i 'du khang du dag par phab pa'i yi ge'i ris byed phun tshogs bkra shis so/_/dge'o/_/legs so/_/bkra shis/_a+thi+-i/ | ||