TTDL-ZABTER-12-NA-014: Difference between revisions

From Dudjom Wiki
TTDL-ZABTER-12-NA-014
No edit summary
m (Text replacement - "༴" to "༴ ")
 
Line 36: Line 36:
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|སྱྃ༔  མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བའི་བསྐང་བ་འདོད་འབྱུང་ནོར་བུ་ཞེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔  ({{TibChung|བརྡ་ཡིག་}})  དམ་བསྐང་འདོད་འབྱུང་མ་ཎི་ལ༔ བསྐང་རྫས་སྤྱན་གཟིགས་རིམ་པ་བཤམས༔ ཤ་ཆེན་གསུར་དང་རོལ་མོ་ཁྲོལ༔ དེ་ནས་བསྐང་བ་ལ༔ ཧཱུྃ་ཧྲཱིཿ སྐྱེ་མེད་རྣམ་པར་དག་པའི་གཞལ་ཡས་ནས༔ རྩ་གསུམ་དཔའ་བོ་མཁའ་འགྲོ་དམ་ཅན་ཚོགས༔ བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཐུགས་རྗེས་རྩེར་དགོངས་དབང་བྱིན་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཛ་ཛཿཧཱུྃ་ཧྲཱིཿ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ བླ་མེད་མཆོད་པའི་སྤྲིན་ཚོགས་རབ་ཏུ་བཀོད༔ རྣལ་འབྱོར་ཉམས་ཆག་མ་ལུས་སྐོང་བ་དང་༔ འགྲོ་རྣམས་ཚོགས་རྫོགས་སངས་རྒྱས་ཐོབ་པའི་རྫས༔ མཆོག་དང་ཐུན་མོང་དངོས་གྲུབ་འགྲུབ་པའི་ཕྱིར༔ རྒྱལ་བ་རྒྱ་མཚོའི་ཐུགས་རྗེ་བརྩེ་བས་རོལ༔ ཧཱུྃ་ཧྲཱིཿའོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ཐུགས་དམ་བསྐང་༔ མ་འགགས་གཞོམ་བྲལ་རྡོ་རྗེའི་གཞལ་ཡས་ནས༔ གསང་བདག་ཕྱག་ན་རྡོ་རྗེའི་ཐུགས་དམ་བསྐང་༔ གཞོན་ནུ་བུམ་པ་སྐུ་ཡི་དཀྱིལ་འཁོར་ནས༔ སྤྲུལ་སྐུ་དགའ་རབ་རྡོ་རྗེའི༴དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ནས༔ རིག་འཛིན་པདྨ་འབྱུང་གནས༴མཁའ་སྤྱོད་རིག་འཛིན་མཁའ་འགྲོའི་དལ་དབུས་ནས༔ མ་ཅིག་ཡེ་ཤེས་མཚོ་རྒྱལ༴སྣ་ཚོགས་ཡོན་ཏན་ལྷུན་གྲུབ་དཀྱིལ་འཁོར་ནས༔ གྲུབ་ཆེན་འབྲོག་བན་ལོ་ཙཱའི༴ཟབ་གསང་སྙིང་ཐིག་གཏེར་མཛོད་གཞལ་ཡས་ནས༔ གར་དབང་བདུད་འཇོམས་རྡོ་རྗེའི༴སྤྱི་གཙུག་བདེ་ཆེན་འཁོར་ལོའི་གཞལ་ཡས་ནས༔ དྲིན་ཆེན་རྩ་བརྒྱུད་བླ་མའི༴ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐང་བ་ནི༔ ཕྱི་མཆོད་ཉེར་སྤྱོད་བདུན་གྱིས་ཐུགས་དམ་བསྐང་༔ ནང་མཆོད་འདོད་ཡོན་ལྔ་ཡིས༴གསང་མཆོད་སྨན་རཀ་གཏོར་མས༴གུ་ཧྱ་ག་ཎ་ཙ་ཀྲས་ཐུགས་དམ་བསྐང་༔ རྣལ་འབྱོར་ཉམས་ཆག་བཤགས་སོ་བཟོད་པར་བཞེས༔ ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ་ཧྲཱིཿརང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ནས༔ ཆེ་མཆོག་བདུད་རྩི་འཁྱིལ་བའི་ཐུགས་དམ་བསྐང་༔ ཐབས་ཤེས་གཉིས་མེད་ཡབ་ཀྱི་སྐེད་ལ་འཁྲིལ༔ ཡུམ་མཆོག་རླུང་འབྱིན་མ་ཡིས༴ཞེ་སྡང་འཇོམས་མཛད་མེ་ལོང་ཡེ་ཤེས་སྐུ༔ ཁྲོ་རྒྱལ་རྡོ་རྗེ་ཁྲག་འཐུང་༴ང་རྒྱལ་འཇོམས་མཛད་མཉམ་ཉིད་ཡེ་ཤེས་སྐུ༔ ཁྲོ་རྒྱལ་རིན་ཆེན་ཁྲག་འཐུང་༴འདོད་ཆགས་འཇོམས་མཛད་སོར་རྟོག་ཡེ་ཤེས་སྐུ༔ ཁྲོ་རྒྱལ་པདྨ་ཁྲག་འཐུང་༴ཕྲག་དོག་འཇོམས་མཛད་བྱ་གྲུབ་ཡེ་ཤེས་སྐུ༔ ཁྲོ་རྒྱལ་ལས་ཀྱི་ཁྲག་འཐུང་༴སྙིང་རྗེའི་རང་མདངས་ཞི་བའི་ཕྲིན་ལས་བསྒྲུབ༔ སྒོ་མ་ལྕགས་ཀྱུ་མ་ཡི༴བྱམས་པའི་རང་མདངས་རྒྱས་པའི་ཕྲིན་ལས་བསྒྲུབ༔ སྒོ་མ་ཞགས་པ་མ་ཡི༴དགའ་བའི་རང་མདངས་དབང་གི་ཕྲིན་ལས་བསྒྲུབ༔ སྒོ་མ་ལྕགས་སྒྲོག་མ་ཡི༴བཏང་སྙོམས་རང་མདངས་དྲག་པོའི་ཕྲིན་ལས་བསྒྲུབ༔ སྒོ་མ་དྲིལ་བུ་མ་ཡི༴རྟོག་ཚོགས་རང་གྲོལ་དག་པ་རབ་འབྱམས་ལྷ༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ཡི༴ཁྱེད་ཀྱི་ཐུགས་དམ་སོགས༔ ཧཱུྃ་ཧྲཱིཿསྨུག་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ སྔགས་སྲུང་ཨེ་ཀ་ཙ་ཊཱིའི་ཐུགས་དམ་བསྐང་༔ བྱང་ཕྱོགས་རིན་ཆེན་གཏེར་གྱི་གཞལ་ཡས་ནས༔ རྣམ་སྲས་ཛམ་ལྷ་རིགས་ལྔའི༴བཀའ་གཏེར་བསྟན་པ་གཉན་པོ་བསྲུང་མཛད་པ༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད༴ཁྱེད་ཀྱི་ཐུགས་དམ་སོགས༔ ཧཱུྃ་ཧྲཱིཿརྩ་གསུམ་དམ་ཅན་སྲུང་མ་དགོངས་སུ་གསོལ༔ བདག་སོགས་འདིར་འདུས་རྣལ་འབྱོར་འཁོར་བཅས་ཀྱིས༔ མ་ཚོར་མ་རིག་མ་ཤེས་དབང་གྱུར་པའི༔ འགལ་འཁྲུལ་ཉམས་ཆག་ཉེས་བྱས་ཐམས་ཅད་ཀུན༔ བསྐང་ངོ་བཤགས་སོ་བཟོད་གསོལ་ཚངས་པར་སྩོལ༔ འདི་དང་ཕྱི་མའི་རྐྱེན་སྒྲིབ་མེད་པར་མཛོད༔ ཡིག་བརྒྱ་བརྗོད༔ གསང་སྔགས་ཉམས་སུ་ལེན་པའི་གང་ཟག་རྣམས༔ འདི་ལ་མ་བརྟེན་ཉེས་འགལ་བཤགས་ཐབས་གང་༔ དེ་ཕྱིར་རྒྱུན་དུ་ཚོགས་དང་བསྐང་བར་བརྩོན༔ མཐར་ཐུག་རྫོགས་པའི་སངས་རྒྱས་དེས་ཐོབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔  ({{TibChung|བརྡ་ཡིག་}}) ཞེས་པ་འདི་ཡང་ཕྲིན་ལས་གྲགས་པ་རྡོ་རྗེས་བསྐུལ་ངོར། སྔགས་འཆང་བདུད་འཇོམས་རྡོ་རྗེས་ཡིག་མེད་མཁའ་འགྲོའི་ཀློང་བྱང་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།}}
{{TibP|སྱྃ༔  མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བའི་བསྐང་བ་འདོད་འབྱུང་ནོར་བུ་ཞེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔  ({{TibChung|བརྡ་ཡིག་}})  དམ་བསྐང་འདོད་འབྱུང་མ་ཎི་ལ༔ བསྐང་རྫས་སྤྱན་གཟིགས་རིམ་པ་བཤམས༔ ཤ་ཆེན་གསུར་དང་རོལ་མོ་ཁྲོལ༔ དེ་ནས་བསྐང་བ་ལ༔ ཧཱུྃ་ཧྲཱིཿ སྐྱེ་མེད་རྣམ་པར་དག་པའི་གཞལ་ཡས་ནས༔ རྩ་གསུམ་དཔའ་བོ་མཁའ་འགྲོ་དམ་ཅན་ཚོགས༔ བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཐུགས་རྗེས་རྩེར་དགོངས་དབང་བྱིན་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཛ་ཛཿཧཱུྃ་ཧྲཱིཿ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ བླ་མེད་མཆོད་པའི་སྤྲིན་ཚོགས་རབ་ཏུ་བཀོད༔ རྣལ་འབྱོར་ཉམས་ཆག་མ་ལུས་སྐོང་བ་དང་༔ འགྲོ་རྣམས་ཚོགས་རྫོགས་སངས་རྒྱས་ཐོབ་པའི་རྫས༔ མཆོག་དང་ཐུན་མོང་དངོས་གྲུབ་འགྲུབ་པའི་ཕྱིར༔ རྒྱལ་བ་རྒྱ་མཚོའི་ཐུགས་རྗེ་བརྩེ་བས་རོལ༔ ཧཱུྃ་ཧྲཱིཿའོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ཐུགས་དམ་བསྐང་༔ མ་འགགས་གཞོམ་བྲལ་རྡོ་རྗེའི་གཞལ་ཡས་ནས༔ གསང་བདག་ཕྱག་ན་རྡོ་རྗེའི་ཐུགས་དམ་བསྐང་༔ གཞོན་ནུ་བུམ་པ་སྐུ་ཡི་དཀྱིལ་འཁོར་ནས༔ སྤྲུལ་སྐུ་དགའ་རབ་རྡོ་རྗེའི༴ དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ནས༔ རིག་འཛིན་པདྨ་འབྱུང་གནས༴ མཁའ་སྤྱོད་རིག་འཛིན་མཁའ་འགྲོའི་དལ་དབུས་ནས༔ མ་ཅིག་ཡེ་ཤེས་མཚོ་རྒྱལ༴ སྣ་ཚོགས་ཡོན་ཏན་ལྷུན་གྲུབ་དཀྱིལ་འཁོར་ནས༔ གྲུབ་ཆེན་འབྲོག་བན་ལོ་ཙཱའི༴ ཟབ་གསང་སྙིང་ཐིག་གཏེར་མཛོད་གཞལ་ཡས་ནས༔ གར་དབང་བདུད་འཇོམས་རྡོ་རྗེའི༴ སྤྱི་གཙུག་བདེ་ཆེན་འཁོར་ལོའི་གཞལ་ཡས་ནས༔ དྲིན་ཆེན་རྩ་བརྒྱུད་བླ་མའི༴ ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐང་བ་ནི༔ ཕྱི་མཆོད་ཉེར་སྤྱོད་བདུན་གྱིས་ཐུགས་དམ་བསྐང་༔ ནང་མཆོད་འདོད་ཡོན་ལྔ་ཡིས༴ གསང་མཆོད་སྨན་རཀ་གཏོར་མས༴ གུ་ཧྱ་ག་ཎ་ཙ་ཀྲས་ཐུགས་དམ་བསྐང་༔ རྣལ་འབྱོར་ཉམས་ཆག་བཤགས་སོ་བཟོད་པར་བཞེས༔ ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ་ཧྲཱིཿརང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ནས༔ ཆེ་མཆོག་བདུད་རྩི་འཁྱིལ་བའི་ཐུགས་དམ་བསྐང་༔ ཐབས་ཤེས་གཉིས་མེད་ཡབ་ཀྱི་སྐེད་ལ་འཁྲིལ༔ ཡུམ་མཆོག་རླུང་འབྱིན་མ་ཡིས༴ ཞེ་སྡང་འཇོམས་མཛད་མེ་ལོང་ཡེ་ཤེས་སྐུ༔ ཁྲོ་རྒྱལ་རྡོ་རྗེ་ཁྲག་འཐུང་༴ ང་རྒྱལ་འཇོམས་མཛད་མཉམ་ཉིད་ཡེ་ཤེས་སྐུ༔ ཁྲོ་རྒྱལ་རིན་ཆེན་ཁྲག་འཐུང་༴ འདོད་ཆགས་འཇོམས་མཛད་སོར་རྟོག་ཡེ་ཤེས་སྐུ༔ ཁྲོ་རྒྱལ་པདྨ་ཁྲག་འཐུང་༴ ཕྲག་དོག་འཇོམས་མཛད་བྱ་གྲུབ་ཡེ་ཤེས་སྐུ༔ ཁྲོ་རྒྱལ་ལས་ཀྱི་ཁྲག་འཐུང་༴ སྙིང་རྗེའི་རང་མདངས་ཞི་བའི་ཕྲིན་ལས་བསྒྲུབ༔ སྒོ་མ་ལྕགས་ཀྱུ་མ་ཡི༴ བྱམས་པའི་རང་མདངས་རྒྱས་པའི་ཕྲིན་ལས་བསྒྲུབ༔ སྒོ་མ་ཞགས་པ་མ་ཡི༴ དགའ་བའི་རང་མདངས་དབང་གི་ཕྲིན་ལས་བསྒྲུབ༔ སྒོ་མ་ལྕགས་སྒྲོག་མ་ཡི༴ བཏང་སྙོམས་རང་མདངས་དྲག་པོའི་ཕྲིན་ལས་བསྒྲུབ༔ སྒོ་མ་དྲིལ་བུ་མ་ཡི༴ རྟོག་ཚོགས་རང་གྲོལ་དག་པ་རབ་འབྱམས་ལྷ༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ཡི༴ ཁྱེད་ཀྱི་ཐུགས་དམ་སོགས༔ ཧཱུྃ་ཧྲཱིཿསྨུག་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ སྔགས་སྲུང་ཨེ་ཀ་ཙ་ཊཱིའི་ཐུགས་དམ་བསྐང་༔ བྱང་ཕྱོགས་རིན་ཆེན་གཏེར་གྱི་གཞལ་ཡས་ནས༔ རྣམ་སྲས་ཛམ་ལྷ་རིགས་ལྔའི༴ བཀའ་གཏེར་བསྟན་པ་གཉན་པོ་བསྲུང་མཛད་པ༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད༴ ཁྱེད་ཀྱི་ཐུགས་དམ་སོགས༔ ཧཱུྃ་ཧྲཱིཿརྩ་གསུམ་དམ་ཅན་སྲུང་མ་དགོངས་སུ་གསོལ༔ བདག་སོགས་འདིར་འདུས་རྣལ་འབྱོར་འཁོར་བཅས་ཀྱིས༔ མ་ཚོར་མ་རིག་མ་ཤེས་དབང་གྱུར་པའི༔ འགལ་འཁྲུལ་ཉམས་ཆག་ཉེས་བྱས་ཐམས་ཅད་ཀུན༔ བསྐང་ངོ་བཤགས་སོ་བཟོད་གསོལ་ཚངས་པར་སྩོལ༔ འདི་དང་ཕྱི་མའི་རྐྱེན་སྒྲིབ་མེད་པར་མཛོད༔ ཡིག་བརྒྱ་བརྗོད༔ གསང་སྔགས་ཉམས་སུ་ལེན་པའི་གང་ཟག་རྣམས༔ འདི་ལ་མ་བརྟེན་ཉེས་འགལ་བཤགས་ཐབས་གང་༔ དེ་ཕྱིར་རྒྱུན་དུ་ཚོགས་དང་བསྐང་བར་བརྩོན༔ མཐར་ཐུག་རྫོགས་པའི་སངས་རྒྱས་དེས་ཐོབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔  ({{TibChung|བརྡ་ཡིག་}}) ཞེས་པ་འདི་ཡང་ཕྲིན་ལས་གྲགས་པ་རྡོ་རྗེས་བསྐུལ་ངོར། སྔགས་འཆང་བདུད་འཇོམས་རྡོ་རྗེས་ཡིག་མེད་མཁའ་འགྲོའི་ཀློང་བྱང་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 10:11, 4 September 2025

Wylie title ma hA a ti yo ga'i zab chos dgongs pa klong rdol las: khro rgyal bdud rtsi 'khyil ba'i bskang ba 'dod 'byung nor bu: TTDL-ZABTER-12-NA-014.pdf
Location bdud 'joms gling pa zab gter
Volume 12, Text 14, Pages 67-70 (Folios 1a1 to 2b3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Ma hA a ti yo ga'i zab chos dgongs pa klong rdol las khro rgyal bdud rtsi 'khyil ba'i bskang ba 'dod 'byung nor bu. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 12: 67-70. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskang ba   Verso: bdud 'joms bdud rtsi 'khyil ba
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Mending Rituals - bskang chog
Cycle མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ (ma ha a ti yo ga'i zab chos dgongs pa klong rdol)
Colophon

ཞེས་པ་འདི་ཡང་ཕྲིན་ལས་གྲགས་པ་རྡོ་རྗེས་བསྐུལ་ངོར། སྔགས་འཆང་བདུད་འཇོམས་རྡོ་རྗེས་ཡིག་མེད་མཁའ་འགྲོའི་ཀློང་བྱང་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།

zhes pa 'di yang phrin las grags pa rdo rjes bskul ngor/ sngags 'chang bdud 'joms rdo rjes yig med mkha' 'gro'i klong byang las zhal bshus te dag par phab pa'i yi ge pa ni phun tshogs bkra shis so//

[edit]
སྱྃ༔ མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བའི་བསྐང་བ་འདོད་འབྱུང་ནོར་བུ་ཞེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) དམ་བསྐང་འདོད་འབྱུང་མ་ཎི་ལ༔ བསྐང་རྫས་སྤྱན་གཟིགས་རིམ་པ་བཤམས༔ ཤ་ཆེན་གསུར་དང་རོལ་མོ་ཁྲོལ༔ དེ་ནས་བསྐང་བ་ལ༔ ཧཱུྃ་ཧྲཱིཿ སྐྱེ་མེད་རྣམ་པར་དག་པའི་གཞལ་ཡས་ནས༔ རྩ་གསུམ་དཔའ་བོ་མཁའ་འགྲོ་དམ་ཅན་ཚོགས༔ བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཐུགས་རྗེས་རྩེར་དགོངས་དབང་བྱིན་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཛ་ཛཿཧཱུྃ་ཧྲཱིཿ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ བླ་མེད་མཆོད་པའི་སྤྲིན་ཚོགས་རབ་ཏུ་བཀོད༔ རྣལ་འབྱོར་ཉམས་ཆག་མ་ལུས་སྐོང་བ་དང་༔ འགྲོ་རྣམས་ཚོགས་རྫོགས་སངས་རྒྱས་ཐོབ་པའི་རྫས༔ མཆོག་དང་ཐུན་མོང་དངོས་གྲུབ་འགྲུབ་པའི་ཕྱིར༔ རྒྱལ་བ་རྒྱ་མཚོའི་ཐུགས་རྗེ་བརྩེ་བས་རོལ༔ ཧཱུྃ་ཧྲཱིཿའོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ཐུགས་དམ་བསྐང་༔ མ་འགགས་གཞོམ་བྲལ་རྡོ་རྗེའི་གཞལ་ཡས་ནས༔ གསང་བདག་ཕྱག་ན་རྡོ་རྗེའི་ཐུགས་དམ་བསྐང་༔ གཞོན་ནུ་བུམ་པ་སྐུ་ཡི་དཀྱིལ་འཁོར་ནས༔ སྤྲུལ་སྐུ་དགའ་རབ་རྡོ་རྗེའི༴ དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ནས༔ རིག་འཛིན་པདྨ་འབྱུང་གནས༴ མཁའ་སྤྱོད་རིག་འཛིན་མཁའ་འགྲོའི་དལ་དབུས་ནས༔ མ་ཅིག་ཡེ་ཤེས་མཚོ་རྒྱལ༴ སྣ་ཚོགས་ཡོན་ཏན་ལྷུན་གྲུབ་དཀྱིལ་འཁོར་ནས༔ གྲུབ་ཆེན་འབྲོག་བན་ལོ་ཙཱའི༴ ཟབ་གསང་སྙིང་ཐིག་གཏེར་མཛོད་གཞལ་ཡས་ནས༔ གར་དབང་བདུད་འཇོམས་རྡོ་རྗེའི༴ སྤྱི་གཙུག་བདེ་ཆེན་འཁོར་ལོའི་གཞལ་ཡས་ནས༔ དྲིན་ཆེན་རྩ་བརྒྱུད་བླ་མའི༴ ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐང་བ་ནི༔ ཕྱི་མཆོད་ཉེར་སྤྱོད་བདུན་གྱིས་ཐུགས་དམ་བསྐང་༔ ནང་མཆོད་འདོད་ཡོན་ལྔ་ཡིས༴ གསང་མཆོད་སྨན་རཀ་གཏོར་མས༴ གུ་ཧྱ་ག་ཎ་ཙ་ཀྲས་ཐུགས་དམ་བསྐང་༔ རྣལ་འབྱོར་ཉམས་ཆག་བཤགས་སོ་བཟོད་པར་བཞེས༔ ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ་ཧྲཱིཿརང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ནས༔ ཆེ་མཆོག་བདུད་རྩི་འཁྱིལ་བའི་ཐུགས་དམ་བསྐང་༔ ཐབས་ཤེས་གཉིས་མེད་ཡབ་ཀྱི་སྐེད་ལ་འཁྲིལ༔ ཡུམ་མཆོག་རླུང་འབྱིན་མ་ཡིས༴ ཞེ་སྡང་འཇོམས་མཛད་མེ་ལོང་ཡེ་ཤེས་སྐུ༔ ཁྲོ་རྒྱལ་རྡོ་རྗེ་ཁྲག་འཐུང་༴ ང་རྒྱལ་འཇོམས་མཛད་མཉམ་ཉིད་ཡེ་ཤེས་སྐུ༔ ཁྲོ་རྒྱལ་རིན་ཆེན་ཁྲག་འཐུང་༴ འདོད་ཆགས་འཇོམས་མཛད་སོར་རྟོག་ཡེ་ཤེས་སྐུ༔ ཁྲོ་རྒྱལ་པདྨ་ཁྲག་འཐུང་༴ ཕྲག་དོག་འཇོམས་མཛད་བྱ་གྲུབ་ཡེ་ཤེས་སྐུ༔ ཁྲོ་རྒྱལ་ལས་ཀྱི་ཁྲག་འཐུང་༴ སྙིང་རྗེའི་རང་མདངས་ཞི་བའི་ཕྲིན་ལས་བསྒྲུབ༔ སྒོ་མ་ལྕགས་ཀྱུ་མ་ཡི༴ བྱམས་པའི་རང་མདངས་རྒྱས་པའི་ཕྲིན་ལས་བསྒྲུབ༔ སྒོ་མ་ཞགས་པ་མ་ཡི༴ དགའ་བའི་རང་མདངས་དབང་གི་ཕྲིན་ལས་བསྒྲུབ༔ སྒོ་མ་ལྕགས་སྒྲོག་མ་ཡི༴ བཏང་སྙོམས་རང་མདངས་དྲག་པོའི་ཕྲིན་ལས་བསྒྲུབ༔ སྒོ་མ་དྲིལ་བུ་མ་ཡི༴ རྟོག་ཚོགས་རང་གྲོལ་དག་པ་རབ་འབྱམས་ལྷ༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ཡི༴ ཁྱེད་ཀྱི་ཐུགས་དམ་སོགས༔ ཧཱུྃ་ཧྲཱིཿསྨུག་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ སྔགས་སྲུང་ཨེ་ཀ་ཙ་ཊཱིའི་ཐུགས་དམ་བསྐང་༔ བྱང་ཕྱོགས་རིན་ཆེན་གཏེར་གྱི་གཞལ་ཡས་ནས༔ རྣམ་སྲས་ཛམ་ལྷ་རིགས་ལྔའི༴ བཀའ་གཏེར་བསྟན་པ་གཉན་པོ་བསྲུང་མཛད་པ༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད༴ ཁྱེད་ཀྱི་ཐུགས་དམ་སོགས༔ ཧཱུྃ་ཧྲཱིཿརྩ་གསུམ་དམ་ཅན་སྲུང་མ་དགོངས་སུ་གསོལ༔ བདག་སོགས་འདིར་འདུས་རྣལ་འབྱོར་འཁོར་བཅས་ཀྱིས༔ མ་ཚོར་མ་རིག་མ་ཤེས་དབང་གྱུར་པའི༔ འགལ་འཁྲུལ་ཉམས་ཆག་ཉེས་བྱས་ཐམས་ཅད་ཀུན༔ བསྐང་ངོ་བཤགས་སོ་བཟོད་གསོལ་ཚངས་པར་སྩོལ༔ འདི་དང་ཕྱི་མའི་རྐྱེན་སྒྲིབ་མེད་པར་མཛོད༔ ཡིག་བརྒྱ་བརྗོད༔ གསང་སྔགས་ཉམས་སུ་ལེན་པའི་གང་ཟག་རྣམས༔ འདི་ལ་མ་བརྟེན་ཉེས་འགལ་བཤགས་ཐབས་གང་༔ དེ་ཕྱིར་རྒྱུན་དུ་ཚོགས་དང་བསྐང་བར་བརྩོན༔ མཐར་ཐུག་རྫོགས་པའི་སངས་རྒྱས་དེས་ཐོབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ (བརྡ་ཡིག་) ཞེས་པ་འདི་ཡང་ཕྲིན་ལས་གྲགས་པ་རྡོ་རྗེས་བསྐུལ་ངོར། སྔགས་འཆང་བདུད་འཇོམས་རྡོ་རྗེས་ཡིག་མེད་མཁའ་འགྲོའི་ཀློང་བྱང་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།