TTDL-ZABTER-13-PA-036: Difference between revisions

From Dudjom Wiki
TTDL-ZABTER-13-PA-036
No edit summary
m (Text replacement - "༴" to "༴ ")
 
Line 37: Line 37:
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|དྡྂ།༔    ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གནོད་སྦྱིན་ཤན་པ་དམར་ནག་མི་སྲུན་དྲག་པོ་རྩལ་གྱི་སྐོར་ལས་མངའ་གསོལ་ཡིད་བཞིན་ནོར་བུ་ཕ་རོལ་དཔུང་འཇོམས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡ༔  ({{TibChung|བརྡ་ཡིག་}})  གཏོར་མ་སྐྱེམས་ཕུད་ཤ་དང་སྤོས༔ བཤམས་ཏེ་སྭ་བྷཱ་ཝ་ཡིས་སྦྱངས༔ ནམ་མཁའ་མཛོད་སྔགས་ཨ་ཀཱ་རོས༔ དཔག་མེད་ནམ་མཁའ་མཇོད་དུ་སྤེལ༔ མདུན་དུ་གནོད་སྦྱིན་ཆེན་པོ་རྒྱལ༔ དུས་གསུམ་བདེ་གཤེགས་སྲས་འཁོར་བཅས༔ ཆུ་ལས་ཆུ་ལྦུར་རྡོལ་བ་བཞིན༔ ཕྱོགས་བཅུའི་མཁའ་ཁྱབ་འཁོར་ལོ་བསྐྱེད༔ དེ་དག་རྣམས་ཀྱིས་མགྲིན་གཅིག་ཏུ༔ ཧེ་ཀྵ༔ ཞི་བའི་ལས་མཛད་རྣམ་པར་རྒྱལ༔ རྒྱས་པའི་ལས་མཛད་རྣམ་ཐོས་སྲས༔ དབང་གི་ལས་མཛད་རྟ་མཆོག་དཔལ༔ དྲག་པོའི་ལས་མཛད་མིག་དམར་གཟའ༔ ཀུན་གྱི་ཕྲིན་ལས་གཅིག་བསྡུས་པ༔ གནོད་སྦྱིན་རཀྴ་གཟི་འབར་གྱི༔ སྲས་མཆོག་གནོད་སྦྱིན་ཤན་པ་ཆེ༔ མི་མངོན་དབྱིངས་ནས་སྐུར་བཞེངས་ལ༔ བསྟན་དང་འགྲོ་བའི་དོན་དུ་བཞུགས༔ ཀྱཻ༔ གནོད་སྦྱིན་ཤན་པ་ཆེན་པོ་ལ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱིས༔ མངའ་གསོལ་དབང་བསྐུར་བྱིན་རླབས་རྟགས༔ དབང་གི་ཁ་ཏོག་འབར་བ་སྟེ༔ དེ་བཞིན་བདག་གིས་མངའ་གསོལ་ལོ༔ ཞིང་བཅུའི་སྲོག་གི་གཤེད་མའི་རྟགས༔ དམར་ལ་ནག་མདངས་ཆགས་པ་སྟེ༔ དེ་བཞིན་བདག་གིས༴དུག་གསུམ་དགྲ་བགེགས་ཡོངས་སྒྲོལ་རྟགས༔ སྤྱན་གསུམ་ཕྱོགས་བཅུར་སྡང་མིག་བསྒྲད༔ དེ་བཞིན་བདག་གིས༴དགྲ་བོའི་སྐྱེ་རྒྱུད་གཅོད་པའི་རྟགས༔ ཁྲོ་གཉེར་ཆུ་ཡི་རླབས་བཞིན་འཁྲུགས༔ དེ་བཞིན་བདག་གིས༴འགྲོ་བློ་ཁ་ལོ་བསྒྱུར་བ་དང་༔ མངོན་སྤྱོད་ཕྲིན་ལས་ཐོགས་མེད་རྟགས༔ རལ་པ་དམར་ནག་གྱེན་དུ་བརྫིས༔ དེ་བཞིན་བདག་གིས༴དགྲ་བགེགས་ཧུར་ཐུམ་གསོད་པའི་རྟགས༔ ཞལ་གདངས་ཁྲག་འཛག་དུག་རླངས་འཕྲོ༔ དེ་བཞིན་བདག་གིས༴ཞིང་བཅུའི་ཤ་ལ་རྔམས་པའི་རྟགས༔ མཆེ་བ་ཟངས་ཡག་ཟླ་ལྟར་གཙིགས༔ དེ་བཞིན་བདག་གིས༴མི་སྲུན་ལོག་འདྲེན་བསྲེགས་པའི་རྟགས༔ སྨ་ར་དམར་སེར་མེ་ཞགས་འཕྱོ༔ དེ་བཞིན་བདག་གིས༴དགྲ་སྲོག་དམར་པོ་གཅོད་པའི་རྟགས༔ ཕྱག་གཡས་རལ་གྲི་མེ་འབར་ཕྱར༔ དེ་བཞིན་བདག་གི༴དགྲ་སྙིང་དམར་འབྱིན་རོལ་པའི་རྟགས༔ གཡོན་པས་སྙིང་དང་རྒྱུ་ཞགས་བསྣམས༔ དེ་བཞིན་བདག་གིས༴ཁམས་གསུམ་དབང་དུ་སྡུད་པའི་རྟགས༔ ཕྱག་གཡས་གྲི་གུག་ཐུགས་ཀར་བསྣམས༔ དེ་བཞིན་བདག་གིས༴དགྲ་བགེགས་ཁྲག་ཏུ་རོལ་པའི་རྟགས༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས༔ དེ་བཞིིན་བདག་གིས༴མ་རུངས་གདུག་པ་གནོན་པའི་ཕྱིར༔ ཞབས་གཉིས་ཕྱེད་སྐྱིལ་རྔམས་སྟབས་བཞུགས༔ དེ་བཞིན་བདག་གིས༴མཁའ་ལ་ཐོགས་མེད་བསྒྲོད་པའི་རྟགས༔ མེ་ཁྱུང་དམར་པོ་རླུང་གཤོག་ཆིབས༔ དེ་བཞིན་བདག་གིས༴སྲིད་ལས་རྣམ་པར་རྒྱལ་བའི་ཕྱིར༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ དེ་བཞིན་བདག་གིས༴ རཱུ་དྲའི་སྙིང་ཁྲག་འབྱིན་པའི་རྟགས༔ མཁུར་ཚོས་རཀྟའི་ཐིག་ལེ་བྱུག༔ དེ་བཞིན་བདག་གིས༴དགྲ་དཔུང་ཐལ་བར་བརླགས་པའི་རྟགས༔ དཔྲལ་བར་ཐལ་ཆེན་ཚོམ་བུ་བྱུག༔ དེ་བཞིན་བདག་གིས༴ཟ་སྐལ་དགྲ་ཤ་ལ་རོལ་རྟགས༔ ཞལ་ལ་ཞག་གི་ཟོ་རིས་བཀྲ༔ དེ་བཞིན་བདག་གིས༴སྡེ་བརྒྱད་དབང་དུ་སྡུད་པའི་རྟགས༔ ཞལ་ནས་ཀྵ་སྒྲ་འབྲུག་ལྟར་སྒྲོགས༔ དེ་བཞིན་བདག་གིས༴གཞན་གྱིས་མི་ཐུབ་སྟོབས་ལྡན་རྟགས༔ གླང་ཆེན་ཀོ་རློན་གོས་སུ་ཀླུབ༔ དེ་བཞིན་བདག་གིས༴བསྟན་དགྲ་མི་སྲུན་ཡོངས་སྒྲོལ་རྟགས༔ མི་ལྤགས་རློན་པ་སྟོད་དུ་ཀླུབ༔ དེ་བཞིན་བདག་གིས༴རྒོལ་བའི་དགྲ་རྣམས་ཚར་གཅོད་རྟགས༔ སྟག་ལྤགས་རློན་པའི་ཤམ་ཐབས་གསོལ༔ དེ་བཞིན་བདག་གིས༴ རྡོ་རྗེའི་གོ་ཁྲབ་བགོ་བའི་རྟགས༔ བེར་ཆེན་ལྗང་ནག་ལྷུབ་ཆེན་གསོལ༔ དེ་བཞིན་བདག་གིས༴གསོད་དང་བསྲེགས་པའི་ཤུགས་ལྡན་རྟགས༔ སྐུ་ལས་མེ་རླུང་དམར་ནག་གཡོ༔ དེ་བཞིན་བདག་གིས༴ཕྱོགས་བཅུའི་སྲིད་པ་ཟིལ་གནོན་པའི༔ ལས་མཁན་སྤྲུལ་པའི་འཁོར་བརྒྱད་འགྱེད༔ དེ་བཞིན་བདག་གིས༴སྣང་སྲིད་དྲེགས་པ་དབང་བསྒྱུར་ཕྱིར༔ དྲེགས་པའི་འཁོར་ཚོགས་བྱེ་བ་འགྱེད༔ དེ་བཞིན་བདག་གིས༴དགྲ་བགེགས་གསོད་བྱེད་ཐོགས་མེད་རྟགས༔ མ་མོ་གསོད་བྱེད་དམར་མོ་འཁྲིལ༔ དེ་བཞིན་བདག་གིས༴དགྲ་སྲོག་དམར་པོ་གཅོད་པའི་རྟགས༔ གཡས་པས་སྤུ་གྲི་འབར་བ་ཕྱར༔ དེ་བཞིན་བདག་གིས༴དགྲ་སྙིང་ཐད་དུ་འབྱིན་པའི་རྟགས༔ གཡོན་པས་གློ་སྙིང་དྲོན་མོ་བསྡམ༔ དེ་བཞིན་བདག་གིས༴ཐམས་ཅད་མཁར་རུ་སྡུད་པའི་རྟགས༔ ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྱུད༔ དེ་བཞིན་བདག་གིས༴སྲིད་གསུམ་གདུག་པ་འདུལ་བའི་རྟགས༔ གཡང་གཞི་ཐོད་ཕྲེང་རྒྱན་དུ་སྤྲས༔ དེ་བཞིན་བདག་གིས་མངའ་གསོལ་ལོ༔ བདག་གིས་མངའ་གསོལ་བྱས་པའི་ཚིག༔ དོན་དང་མི་འགལ་ཇི་བཞིན་དུ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ རྟེན་འབྲེལ་བསླུ་བ་མེད་པའི་མཐུས༔ ཡོངས་སུ་རྫོགས་པ་འགྲུབ་གྱུར་ཅིག༔ དགྲ་ཤ་ཁྲག་གི་རྒྱ་མཚོ་དང་༔ སྐུ་གསུང་ཐུགས་ཀྱི་བདུད་རྩི་རུ༔ བསྒྱུར་བའི་གཏོར་སྐྱེམས་འདི་བཞེས་ལ༔ བསླུ་མེད་བདེན་ཚིག་དེ་འགྲུབ་ཅིང་༔ བདག་གི་འདི་ཕྱིའི་དཔལ་ཡོན་ཀུན༔ གེགས་མེད་འགྲུབ་པའི་ཕྲིན་ལས་མཛོད༔ དེ་ལྟར་མངའ་གསོལ་བྱས་པ་ཡིས༔ ལས་བཞིའི་ཕྲིན་ལས་ཐོགས་མེད་འགྲུབ༔ བཀའ་སྲུང་གཉན་པོས་བུ་ལྟར་སྐྱོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཡང་རིགས་སྲས་དྲི་མེད་འོད་ཟེར་དང་དཔོན་པོ་སྡོང་རིག་ཀུན་བཟང་མཁས་གྲུབ་པས་ནན་དུ་བསྐུལ་ངོར་བདུད་འཇོམས་པས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ།། །།}}
{{TibP|དྡྂ།༔    ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གནོད་སྦྱིན་ཤན་པ་དམར་ནག་མི་སྲུན་དྲག་པོ་རྩལ་གྱི་སྐོར་ལས་མངའ་གསོལ་ཡིད་བཞིན་ནོར་བུ་ཕ་རོལ་དཔུང་འཇོམས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡ༔  ({{TibChung|བརྡ་ཡིག་}})  གཏོར་མ་སྐྱེམས་ཕུད་ཤ་དང་སྤོས༔ བཤམས་ཏེ་སྭ་བྷཱ་ཝ་ཡིས་སྦྱངས༔ ནམ་མཁའ་མཛོད་སྔགས་ཨ་ཀཱ་རོས༔ དཔག་མེད་ནམ་མཁའ་མཇོད་དུ་སྤེལ༔ མདུན་དུ་གནོད་སྦྱིན་ཆེན་པོ་རྒྱལ༔ དུས་གསུམ་བདེ་གཤེགས་སྲས་འཁོར་བཅས༔ ཆུ་ལས་ཆུ་ལྦུར་རྡོལ་བ་བཞིན༔ ཕྱོགས་བཅུའི་མཁའ་ཁྱབ་འཁོར་ལོ་བསྐྱེད༔ དེ་དག་རྣམས་ཀྱིས་མགྲིན་གཅིག་ཏུ༔ ཧེ་ཀྵ༔ ཞི་བའི་ལས་མཛད་རྣམ་པར་རྒྱལ༔ རྒྱས་པའི་ལས་མཛད་རྣམ་ཐོས་སྲས༔ དབང་གི་ལས་མཛད་རྟ་མཆོག་དཔལ༔ དྲག་པོའི་ལས་མཛད་མིག་དམར་གཟའ༔ ཀུན་གྱི་ཕྲིན་ལས་གཅིག་བསྡུས་པ༔ གནོད་སྦྱིན་རཀྴ་གཟི་འབར་གྱི༔ སྲས་མཆོག་གནོད་སྦྱིན་ཤན་པ་ཆེ༔ མི་མངོན་དབྱིངས་ནས་སྐུར་བཞེངས་ལ༔ བསྟན་དང་འགྲོ་བའི་དོན་དུ་བཞུགས༔ ཀྱཻ༔ གནོད་སྦྱིན་ཤན་པ་ཆེན་པོ་ལ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱིས༔ མངའ་གསོལ་དབང་བསྐུར་བྱིན་རླབས་རྟགས༔ དབང་གི་ཁ་ཏོག་འབར་བ་སྟེ༔ དེ་བཞིན་བདག་གིས་མངའ་གསོལ་ལོ༔ ཞིང་བཅུའི་སྲོག་གི་གཤེད་མའི་རྟགས༔ དམར་ལ་ནག་མདངས་ཆགས་པ་སྟེ༔ དེ་བཞིན་བདག་གིས༴ དུག་གསུམ་དགྲ་བགེགས་ཡོངས་སྒྲོལ་རྟགས༔ སྤྱན་གསུམ་ཕྱོགས་བཅུར་སྡང་མིག་བསྒྲད༔ དེ་བཞིན་བདག་གིས༴ དགྲ་བོའི་སྐྱེ་རྒྱུད་གཅོད་པའི་རྟགས༔ ཁྲོ་གཉེར་ཆུ་ཡི་རླབས་བཞིན་འཁྲུགས༔ དེ་བཞིན་བདག་གིས༴ འགྲོ་བློ་ཁ་ལོ་བསྒྱུར་བ་དང་༔ མངོན་སྤྱོད་ཕྲིན་ལས་ཐོགས་མེད་རྟགས༔ རལ་པ་དམར་ནག་གྱེན་དུ་བརྫིས༔ དེ་བཞིན་བདག་གིས༴ དགྲ་བགེགས་ཧུར་ཐུམ་གསོད་པའི་རྟགས༔ ཞལ་གདངས་ཁྲག་འཛག་དུག་རླངས་འཕྲོ༔ དེ་བཞིན་བདག་གིས༴ ཞིང་བཅུའི་ཤ་ལ་རྔམས་པའི་རྟགས༔ མཆེ་བ་ཟངས་ཡག་ཟླ་ལྟར་གཙིགས༔ དེ་བཞིན་བདག་གིས༴ མི་སྲུན་ལོག་འདྲེན་བསྲེགས་པའི་རྟགས༔ སྨ་ར་དམར་སེར་མེ་ཞགས་འཕྱོ༔ དེ་བཞིན་བདག་གིས༴ དགྲ་སྲོག་དམར་པོ་གཅོད་པའི་རྟགས༔ ཕྱག་གཡས་རལ་གྲི་མེ་འབར་ཕྱར༔ དེ་བཞིན་བདག་གི༴ དགྲ་སྙིང་དམར་འབྱིན་རོལ་པའི་རྟགས༔ གཡོན་པས་སྙིང་དང་རྒྱུ་ཞགས་བསྣམས༔ དེ་བཞིན་བདག་གིས༴ ཁམས་གསུམ་དབང་དུ་སྡུད་པའི་རྟགས༔ ཕྱག་གཡས་གྲི་གུག་ཐུགས་ཀར་བསྣམས༔ དེ་བཞིན་བདག་གིས༴ དགྲ་བགེགས་ཁྲག་ཏུ་རོལ་པའི་རྟགས༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས༔ དེ་བཞིིན་བདག་གིས༴ མ་རུངས་གདུག་པ་གནོན་པའི་ཕྱིར༔ ཞབས་གཉིས་ཕྱེད་སྐྱིལ་རྔམས་སྟབས་བཞུགས༔ དེ་བཞིན་བདག་གིས༴ མཁའ་ལ་ཐོགས་མེད་བསྒྲོད་པའི་རྟགས༔ མེ་ཁྱུང་དམར་པོ་རླུང་གཤོག་ཆིབས༔ དེ་བཞིན་བདག་གིས༴ སྲིད་ལས་རྣམ་པར་རྒྱལ་བའི་ཕྱིར༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ དེ་བཞིན་བདག་གིས༴ རཱུ་དྲའི་སྙིང་ཁྲག་འབྱིན་པའི་རྟགས༔ མཁུར་ཚོས་རཀྟའི་ཐིག་ལེ་བྱུག༔ དེ་བཞིན་བདག་གིས༴ དགྲ་དཔུང་ཐལ་བར་བརླགས་པའི་རྟགས༔ དཔྲལ་བར་ཐལ་ཆེན་ཚོམ་བུ་བྱུག༔ དེ་བཞིན་བདག་གིས༴ ཟ་སྐལ་དགྲ་ཤ་ལ་རོལ་རྟགས༔ ཞལ་ལ་ཞག་གི་ཟོ་རིས་བཀྲ༔ དེ་བཞིན་བདག་གིས༴ སྡེ་བརྒྱད་དབང་དུ་སྡུད་པའི་རྟགས༔ ཞལ་ནས་ཀྵ་སྒྲ་འབྲུག་ལྟར་སྒྲོགས༔ དེ་བཞིན་བདག་གིས༴ གཞན་གྱིས་མི་ཐུབ་སྟོབས་ལྡན་རྟགས༔ གླང་ཆེན་ཀོ་རློན་གོས་སུ་ཀླུབ༔ དེ་བཞིན་བདག་གིས༴ བསྟན་དགྲ་མི་སྲུན་ཡོངས་སྒྲོལ་རྟགས༔ མི་ལྤགས་རློན་པ་སྟོད་དུ་ཀླུབ༔ དེ་བཞིན་བདག་གིས༴ རྒོལ་བའི་དགྲ་རྣམས་ཚར་གཅོད་རྟགས༔ སྟག་ལྤགས་རློན་པའི་ཤམ་ཐབས་གསོལ༔ དེ་བཞིན་བདག་གིས༴ རྡོ་རྗེའི་གོ་ཁྲབ་བགོ་བའི་རྟགས༔ བེར་ཆེན་ལྗང་ནག་ལྷུབ་ཆེན་གསོལ༔ དེ་བཞིན་བདག་གིས༴ གསོད་དང་བསྲེགས་པའི་ཤུགས་ལྡན་རྟགས༔ སྐུ་ལས་མེ་རླུང་དམར་ནག་གཡོ༔ དེ་བཞིན་བདག་གིས༴ ཕྱོགས་བཅུའི་སྲིད་པ་ཟིལ་གནོན་པའི༔ ལས་མཁན་སྤྲུལ་པའི་འཁོར་བརྒྱད་འགྱེད༔ དེ་བཞིན་བདག་གིས༴ སྣང་སྲིད་དྲེགས་པ་དབང་བསྒྱུར་ཕྱིར༔ དྲེགས་པའི་འཁོར་ཚོགས་བྱེ་བ་འགྱེད༔ དེ་བཞིན་བདག་གིས༴ དགྲ་བགེགས་གསོད་བྱེད་ཐོགས་མེད་རྟགས༔ མ་མོ་གསོད་བྱེད་དམར་མོ་འཁྲིལ༔ དེ་བཞིན་བདག་གིས༴ དགྲ་སྲོག་དམར་པོ་གཅོད་པའི་རྟགས༔ གཡས་པས་སྤུ་གྲི་འབར་བ་ཕྱར༔ དེ་བཞིན་བདག་གིས༴ དགྲ་སྙིང་ཐད་དུ་འབྱིན་པའི་རྟགས༔ གཡོན་པས་གློ་སྙིང་དྲོན་མོ་བསྡམ༔ དེ་བཞིན་བདག་གིས༴ ཐམས་ཅད་མཁར་རུ་སྡུད་པའི་རྟགས༔ ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྱུད༔ དེ་བཞིན་བདག་གིས༴ སྲིད་གསུམ་གདུག་པ་འདུལ་བའི་རྟགས༔ གཡང་གཞི་ཐོད་ཕྲེང་རྒྱན་དུ་སྤྲས༔ དེ་བཞིན་བདག་གིས་མངའ་གསོལ་ལོ༔ བདག་གིས་མངའ་གསོལ་བྱས་པའི་ཚིག༔ དོན་དང་མི་འགལ་ཇི་བཞིན་དུ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ རྟེན་འབྲེལ་བསླུ་བ་མེད་པའི་མཐུས༔ ཡོངས་སུ་རྫོགས་པ་འགྲུབ་གྱུར་ཅིག༔ དགྲ་ཤ་ཁྲག་གི་རྒྱ་མཚོ་དང་༔ སྐུ་གསུང་ཐུགས་ཀྱི་བདུད་རྩི་རུ༔ བསྒྱུར་བའི་གཏོར་སྐྱེམས་འདི་བཞེས་ལ༔ བསླུ་མེད་བདེན་ཚིག་དེ་འགྲུབ་ཅིང་༔ བདག་གི་འདི་ཕྱིའི་དཔལ་ཡོན་ཀུན༔ གེགས་མེད་འགྲུབ་པའི་ཕྲིན་ལས་མཛོད༔ དེ་ལྟར་མངའ་གསོལ་བྱས་པ་ཡིས༔ ལས་བཞིའི་ཕྲིན་ལས་ཐོགས་མེད་འགྲུབ༔ བཀའ་སྲུང་གཉན་པོས་བུ་ལྟར་སྐྱོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཡང་རིགས་སྲས་དྲི་མེད་འོད་ཟེར་དང་དཔོན་པོ་སྡོང་རིག་ཀུན་བཟང་མཁས་གྲུབ་པས་ནན་དུ་བསྐུལ་ངོར་བདུད་འཇོམས་པས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ།། །།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 10:11, 4 September 2025

Wylie title chos nyid nam mkha'i klong mdzod las: gnod sbyin shan pa dmar nag mi srun drag po rtsal gyi skor las mnga' gsol yid bzhin nor bu pha rol dpung 'joms: TTDL-ZABTER-13-PA-036.pdf
Location bdud 'joms gling pa zab gter
Volume 13, Text 36, Pages 121-125 (Folios 1a1 to 3a4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las gnod sbyin shan pa dmar nag mi srun drag po rtsal gyi skor las mnga' gsol yid bzhin nor bu pha rol dpung 'joms. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: 121-125. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: mnga' gsol   Verso: bdud 'joms srung ma shan pa
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Investitures - mnga' gsol
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity Shan pa dmar nag
Colophon

ཞེས་པ་འདི་ཡང་རིགས་སྲས་དྲི་མེད་འོད་ཟེར་དང་དཔོན་པོ་སྡོང་རིག་ཀུན་བཟང་མཁས་གྲུབ་པས་ནན་དུ་བསྐུལ་ངོར་བདུད་འཇོམས་པས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ།།

zhes pa 'di yang rigs sras dri med 'od zer dang dpon po sdong rig kun bzang mkhas grub pas nan du bskul ngor bdud 'joms pas chos nyid nam mkha'i mdzod las bsgyur ba'o/_/dge'o//

[edit]
དྡྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གནོད་སྦྱིན་ཤན་པ་དམར་ནག་མི་སྲུན་དྲག་པོ་རྩལ་གྱི་སྐོར་ལས་མངའ་གསོལ་ཡིད་བཞིན་ནོར་བུ་ཕ་རོལ་དཔུང་འཇོམས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡ༔ (བརྡ་ཡིག་) གཏོར་མ་སྐྱེམས་ཕུད་ཤ་དང་སྤོས༔ བཤམས་ཏེ་སྭ་བྷཱ་ཝ་ཡིས་སྦྱངས༔ ནམ་མཁའ་མཛོད་སྔགས་ཨ་ཀཱ་རོས༔ དཔག་མེད་ནམ་མཁའ་མཇོད་དུ་སྤེལ༔ མདུན་དུ་གནོད་སྦྱིན་ཆེན་པོ་རྒྱལ༔ དུས་གསུམ་བདེ་གཤེགས་སྲས་འཁོར་བཅས༔ ཆུ་ལས་ཆུ་ལྦུར་རྡོལ་བ་བཞིན༔ ཕྱོགས་བཅུའི་མཁའ་ཁྱབ་འཁོར་ལོ་བསྐྱེད༔ དེ་དག་རྣམས་ཀྱིས་མགྲིན་གཅིག་ཏུ༔ ཧེ་ཀྵ༔ ཞི་བའི་ལས་མཛད་རྣམ་པར་རྒྱལ༔ རྒྱས་པའི་ལས་མཛད་རྣམ་ཐོས་སྲས༔ དབང་གི་ལས་མཛད་རྟ་མཆོག་དཔལ༔ དྲག་པོའི་ལས་མཛད་མིག་དམར་གཟའ༔ ཀུན་གྱི་ཕྲིན་ལས་གཅིག་བསྡུས་པ༔ གནོད་སྦྱིན་རཀྴ་གཟི་འབར་གྱི༔ སྲས་མཆོག་གནོད་སྦྱིན་ཤན་པ་ཆེ༔ མི་མངོན་དབྱིངས་ནས་སྐུར་བཞེངས་ལ༔ བསྟན་དང་འགྲོ་བའི་དོན་དུ་བཞུགས༔ ཀྱཻ༔ གནོད་སྦྱིན་ཤན་པ་ཆེན་པོ་ལ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱིས༔ མངའ་གསོལ་དབང་བསྐུར་བྱིན་རླབས་རྟགས༔ དབང་གི་ཁ་ཏོག་འབར་བ་སྟེ༔ དེ་བཞིན་བདག་གིས་མངའ་གསོལ་ལོ༔ ཞིང་བཅུའི་སྲོག་གི་གཤེད་མའི་རྟགས༔ དམར་ལ་ནག་མདངས་ཆགས་པ་སྟེ༔ དེ་བཞིན་བདག་གིས༴ དུག་གསུམ་དགྲ་བགེགས་ཡོངས་སྒྲོལ་རྟགས༔ སྤྱན་གསུམ་ཕྱོགས་བཅུར་སྡང་མིག་བསྒྲད༔ དེ་བཞིན་བདག་གིས༴ དགྲ་བོའི་སྐྱེ་རྒྱུད་གཅོད་པའི་རྟགས༔ ཁྲོ་གཉེར་ཆུ་ཡི་རླབས་བཞིན་འཁྲུགས༔ དེ་བཞིན་བདག་གིས༴ འགྲོ་བློ་ཁ་ལོ་བསྒྱུར་བ་དང་༔ མངོན་སྤྱོད་ཕྲིན་ལས་ཐོགས་མེད་རྟགས༔ རལ་པ་དམར་ནག་གྱེན་དུ་བརྫིས༔ དེ་བཞིན་བདག་གིས༴ དགྲ་བགེགས་ཧུར་ཐུམ་གསོད་པའི་རྟགས༔ ཞལ་གདངས་ཁྲག་འཛག་དུག་རླངས་འཕྲོ༔ དེ་བཞིན་བདག་གིས༴ ཞིང་བཅུའི་ཤ་ལ་རྔམས་པའི་རྟགས༔ མཆེ་བ་ཟངས་ཡག་ཟླ་ལྟར་གཙིགས༔ དེ་བཞིན་བདག་གིས༴ མི་སྲུན་ལོག་འདྲེན་བསྲེགས་པའི་རྟགས༔ སྨ་ར་དམར་སེར་མེ་ཞགས་འཕྱོ༔ དེ་བཞིན་བདག་གིས༴ དགྲ་སྲོག་དམར་པོ་གཅོད་པའི་རྟགས༔ ཕྱག་གཡས་རལ་གྲི་མེ་འབར་ཕྱར༔ དེ་བཞིན་བདག་གི༴ དགྲ་སྙིང་དམར་འབྱིན་རོལ་པའི་རྟགས༔ གཡོན་པས་སྙིང་དང་རྒྱུ་ཞགས་བསྣམས༔ དེ་བཞིན་བདག་གིས༴ ཁམས་གསུམ་དབང་དུ་སྡུད་པའི་རྟགས༔ ཕྱག་གཡས་གྲི་གུག་ཐུགས་ཀར་བསྣམས༔ དེ་བཞིན་བདག་གིས༴ དགྲ་བགེགས་ཁྲག་ཏུ་རོལ་པའི་རྟགས༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས༔ དེ་བཞིིན་བདག་གིས༴ མ་རུངས་གདུག་པ་གནོན་པའི་ཕྱིར༔ ཞབས་གཉིས་ཕྱེད་སྐྱིལ་རྔམས་སྟབས་བཞུགས༔ དེ་བཞིན་བདག་གིས༴ མཁའ་ལ་ཐོགས་མེད་བསྒྲོད་པའི་རྟགས༔ མེ་ཁྱུང་དམར་པོ་རླུང་གཤོག་ཆིབས༔ དེ་བཞིན་བདག་གིས༴ སྲིད་ལས་རྣམ་པར་རྒྱལ་བའི་ཕྱིར༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ དེ་བཞིན་བདག་གིས༴ རཱུ་དྲའི་སྙིང་ཁྲག་འབྱིན་པའི་རྟགས༔ མཁུར་ཚོས་རཀྟའི་ཐིག་ལེ་བྱུག༔ དེ་བཞིན་བདག་གིས༴ དགྲ་དཔུང་ཐལ་བར་བརླགས་པའི་རྟགས༔ དཔྲལ་བར་ཐལ་ཆེན་ཚོམ་བུ་བྱུག༔ དེ་བཞིན་བདག་གིས༴ ཟ་སྐལ་དགྲ་ཤ་ལ་རོལ་རྟགས༔ ཞལ་ལ་ཞག་གི་ཟོ་རིས་བཀྲ༔ དེ་བཞིན་བདག་གིས༴ སྡེ་བརྒྱད་དབང་དུ་སྡུད་པའི་རྟགས༔ ཞལ་ནས་ཀྵ་སྒྲ་འབྲུག་ལྟར་སྒྲོགས༔ དེ་བཞིན་བདག་གིས༴ གཞན་གྱིས་མི་ཐུབ་སྟོབས་ལྡན་རྟགས༔ གླང་ཆེན་ཀོ་རློན་གོས་སུ་ཀླུབ༔ དེ་བཞིན་བདག་གིས༴ བསྟན་དགྲ་མི་སྲུན་ཡོངས་སྒྲོལ་རྟགས༔ མི་ལྤགས་རློན་པ་སྟོད་དུ་ཀླུབ༔ དེ་བཞིན་བདག་གིས༴ རྒོལ་བའི་དགྲ་རྣམས་ཚར་གཅོད་རྟགས༔ སྟག་ལྤགས་རློན་པའི་ཤམ་ཐབས་གསོལ༔ དེ་བཞིན་བདག་གིས༴ རྡོ་རྗེའི་གོ་ཁྲབ་བགོ་བའི་རྟགས༔ བེར་ཆེན་ལྗང་ནག་ལྷུབ་ཆེན་གསོལ༔ དེ་བཞིན་བདག་གིས༴ གསོད་དང་བསྲེགས་པའི་ཤུགས་ལྡན་རྟགས༔ སྐུ་ལས་མེ་རླུང་དམར་ནག་གཡོ༔ དེ་བཞིན་བདག་གིས༴ ཕྱོགས་བཅུའི་སྲིད་པ་ཟིལ་གནོན་པའི༔ ལས་མཁན་སྤྲུལ་པའི་འཁོར་བརྒྱད་འགྱེད༔ དེ་བཞིན་བདག་གིས༴ སྣང་སྲིད་དྲེགས་པ་དབང་བསྒྱུར་ཕྱིར༔ དྲེགས་པའི་འཁོར་ཚོགས་བྱེ་བ་འགྱེད༔ དེ་བཞིན་བདག་གིས༴ དགྲ་བགེགས་གསོད་བྱེད་ཐོགས་མེད་རྟགས༔ མ་མོ་གསོད་བྱེད་དམར་མོ་འཁྲིལ༔ དེ་བཞིན་བདག་གིས༴ དགྲ་སྲོག་དམར་པོ་གཅོད་པའི་རྟགས༔ གཡས་པས་སྤུ་གྲི་འབར་བ་ཕྱར༔ དེ་བཞིན་བདག་གིས༴ དགྲ་སྙིང་ཐད་དུ་འབྱིན་པའི་རྟགས༔ གཡོན་པས་གློ་སྙིང་དྲོན་མོ་བསྡམ༔ དེ་བཞིན་བདག་གིས༴ ཐམས་ཅད་མཁར་རུ་སྡུད་པའི་རྟགས༔ ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྱུད༔ དེ་བཞིན་བདག་གིས༴ སྲིད་གསུམ་གདུག་པ་འདུལ་བའི་རྟགས༔ གཡང་གཞི་ཐོད་ཕྲེང་རྒྱན་དུ་སྤྲས༔ དེ་བཞིན་བདག་གིས་མངའ་གསོལ་ལོ༔ བདག་གིས་མངའ་གསོལ་བྱས་པའི་ཚིག༔ དོན་དང་མི་འགལ་ཇི་བཞིན་དུ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ རྟེན་འབྲེལ་བསླུ་བ་མེད་པའི་མཐུས༔ ཡོངས་སུ་རྫོགས་པ་འགྲུབ་གྱུར་ཅིག༔ དགྲ་ཤ་ཁྲག་གི་རྒྱ་མཚོ་དང་༔ སྐུ་གསུང་ཐུགས་ཀྱི་བདུད་རྩི་རུ༔ བསྒྱུར་བའི་གཏོར་སྐྱེམས་འདི་བཞེས་ལ༔ བསླུ་མེད་བདེན་ཚིག་དེ་འགྲུབ་ཅིང་༔ བདག་གི་འདི་ཕྱིའི་དཔལ་ཡོན་ཀུན༔ གེགས་མེད་འགྲུབ་པའི་ཕྲིན་ལས་མཛོད༔ དེ་ལྟར་མངའ་གསོལ་བྱས་པ་ཡིས༔ ལས་བཞིའི་ཕྲིན་ལས་ཐོགས་མེད་འགྲུབ༔ བཀའ་སྲུང་གཉན་པོས་བུ་ལྟར་སྐྱོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཡང་རིགས་སྲས་དྲི་མེད་འོད་ཟེར་དང་དཔོན་པོ་སྡོང་རིག་ཀུན་བཟང་མཁས་གྲུབ་པས་ནན་དུ་བསྐུལ་ངོར་བདུད་འཇོམས་པས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ།། །།