TTDL-ZABTER-13-PA-103: Difference between revisions

From Dudjom Wiki
TTDL-ZABTER-13-PA-103
No edit summary
m (Text replacement - "༴" to "༴ ")
 
Line 39: Line 39:
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|ཕྚ༔  ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དྲེགས་པ་ཡོངས་འདུས་ཀྱི་སྤྱི་བསྐང་རྡོ་རྗེའི་གད་མོ་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བཀའ་སྲུང་དྲེགས་པའི་སྤྱི་བསྐང་ཉམས་ལེན་ནི༔ ནམ་མཁའ་མཛོད་སྔགས་ལན་གསུམ་བརྗོད་པའི་མཐར༔ ཨོཾ་ཨཱཿཧཱུྃ༔ དངོས་སུ་འབྱོར་བའི་མཆོད་པ་ལ༔ ཡིད་ཀྱི་ནམ་མཁའ་མཛོད་དུ་སྤེལ༔ མགོན་པོ་ཕོ་རྒྱུད་ཐུགས་དམ་བསྐང་༔ ལྷ་མོ་མོ་རྒྱུད་ཐུགས་དམ་བསྐང་༔ ཨེ་ཀ་ཙ་ཏིའི༴སྲིད་པའི་མ་མོའི༴ཕུར་སྲུང་རྒྱ་མཚོའི༴དབང་ཕྱུག་ཆེན་པོའི༴རྣམ་སྲས་ནོར་ལྷའི༴གནོད་སྦྱིན་དམར་ནག༴ཞིང་སྐྱོང་ཆེན་པོའི༴གཟའ་བདུད་འཁོར་བཅས༴རྡོ་རྗེ་ལེགས་པའི༴བཙན་རྒོད་འཁོར་བཅས༴མི་མགོན་དཀར་པོའི༴ཡ་མ་རཱ་ཙའི༴ཆོས་རྒྱལ་སྐུ་ལྔའི༴ལྷ་སྲིན་སྡེ་བརྒྱད༴རྨ་རྒྱལ་སྤོམ་རའི༴ཕྲིན་ལས་བསྒྲུབ་ལ་རོགས་ལྡན་མཛོད༔ ཕྱི་ནང་གསང་བའི་བར་ཆད་བཟློག༔ དགྲ་བགེགས་མ་ལུས་རྡུལ་དུ་རློག༔ བཀའ་དམ་གཉན་པོ་དཔང་བཙུག་གོ༔ ཕྲིན་ལས་སྒྲུབས་ཤིག་ས་མ་ཡ༔ ཞེས་རྣལ་འབྱོར་བདེ་ལྡན་གྱི་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །སརྦ་མངྒ་ལཾ།། །།  ཕྚ༔    ཧཱུྃ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཕྱི་ནང་གསང་མཆོད་སྣ་ཚོགས་ཀྱིས༔ དབང་ཕྱུག་ཆེན་པོའི་ཐུགས་དམ་བསྐང་༔ གནོད་སྦྱིན་དམར་ནག་ཐུགས༴མ་མགོན་ལྕམ་དྲལ་ཐུགས༴དཔལ་ལྡན་ཕྱག་བཞིའི་ཐུགས༴ཞིང་སྐྱོང་སེང་གདོང་ཐུགས༴གཟའ་བདུད་ཆེན་པོའི་ཐུགས༴གནོད་སྦྱིན་ཙི་དམར་ཐུགས༴འཁོར་དང་བཅས་པའི་ཐུགས༴ཐུགས་དང་འགལ་བའི་ཉེས་པ་བཤགས༔ འཁུ་ལྡོག་ཁྲོས་འཁྲུགས་ཞི་བ་དང་༔ མི་མཐུན་མི་འདོད་རྐྱེན་ཀུན་བཟློག༔ གང་འདུལ་ཐབས་དང་ཕྲིན་ལས་ཀྱིས༔ བདག་གི་འདོད་དོན་ཡོངས་འགྲུབ་མཛོད༔ དམ་ལ་མ་འདའ་ས་མ་ཡ༔ ཞེས་རང་གི་བཀའ་སྲུང་སྤྱི་བསྐང་འདི་ཉིད་ཨོ་རྒྱན་རིན་པོ་ཆེས་དངོས་སུ་བསྟན་པ་བདུད་འཇོམས་པས་སོ།། །།}}
{{TibP|ཕྚ༔  ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དྲེགས་པ་ཡོངས་འདུས་ཀྱི་སྤྱི་བསྐང་རྡོ་རྗེའི་གད་མོ་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བཀའ་སྲུང་དྲེགས་པའི་སྤྱི་བསྐང་ཉམས་ལེན་ནི༔ ནམ་མཁའ་མཛོད་སྔགས་ལན་གསུམ་བརྗོད་པའི་མཐར༔ ཨོཾ་ཨཱཿཧཱུྃ༔ དངོས་སུ་འབྱོར་བའི་མཆོད་པ་ལ༔ ཡིད་ཀྱི་ནམ་མཁའ་མཛོད་དུ་སྤེལ༔ མགོན་པོ་ཕོ་རྒྱུད་ཐུགས་དམ་བསྐང་༔ ལྷ་མོ་མོ་རྒྱུད་ཐུགས་དམ་བསྐང་༔ ཨེ་ཀ་ཙ་ཏིའི༴ སྲིད་པའི་མ་མོའི༴ ཕུར་སྲུང་རྒྱ་མཚོའི༴ དབང་ཕྱུག་ཆེན་པོའི༴ རྣམ་སྲས་ནོར་ལྷའི༴ གནོད་སྦྱིན་དམར་ནག༴ ཞིང་སྐྱོང་ཆེན་པོའི༴ གཟའ་བདུད་འཁོར་བཅས༴ རྡོ་རྗེ་ལེགས་པའི༴ བཙན་རྒོད་འཁོར་བཅས༴ མི་མགོན་དཀར་པོའི༴ ཡ་མ་རཱ་ཙའི༴ ཆོས་རྒྱལ་སྐུ་ལྔའི༴ ལྷ་སྲིན་སྡེ་བརྒྱད༴ རྨ་རྒྱལ་སྤོམ་རའི༴ ཕྲིན་ལས་བསྒྲུབ་ལ་རོགས་ལྡན་མཛོད༔ ཕྱི་ནང་གསང་བའི་བར་ཆད་བཟློག༔ དགྲ་བགེགས་མ་ལུས་རྡུལ་དུ་རློག༔ བཀའ་དམ་གཉན་པོ་དཔང་བཙུག་གོ༔ ཕྲིན་ལས་སྒྲུབས་ཤིག་ས་མ་ཡ༔ ཞེས་རྣལ་འབྱོར་བདེ་ལྡན་གྱི་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །སརྦ་མངྒ་ལཾ།། །།  ཕྚ༔    ཧཱུྃ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཕྱི་ནང་གསང་མཆོད་སྣ་ཚོགས་ཀྱིས༔ དབང་ཕྱུག་ཆེན་པོའི་ཐུགས་དམ་བསྐང་༔ གནོད་སྦྱིན་དམར་ནག་ཐུགས༴ མ་མགོན་ལྕམ་དྲལ་ཐུགས༴ དཔལ་ལྡན་ཕྱག་བཞིའི་ཐུགས༴ ཞིང་སྐྱོང་སེང་གདོང་ཐུགས༴ གཟའ་བདུད་ཆེན་པོའི་ཐུགས༴ གནོད་སྦྱིན་ཙི་དམར་ཐུགས༴ འཁོར་དང་བཅས་པའི་ཐུགས༴ ཐུགས་དང་འགལ་བའི་ཉེས་པ་བཤགས༔ འཁུ་ལྡོག་ཁྲོས་འཁྲུགས་ཞི་བ་དང་༔ མི་མཐུན་མི་འདོད་རྐྱེན་ཀུན་བཟློག༔ གང་འདུལ་ཐབས་དང་ཕྲིན་ལས་ཀྱིས༔ བདག་གི་འདོད་དོན་ཡོངས་འགྲུབ་མཛོད༔ དམ་ལ་མ་འདའ་ས་མ་ཡ༔ ཞེས་རང་གི་བཀའ་སྲུང་སྤྱི་བསྐང་འདི་ཉིད་ཨོ་རྒྱན་རིན་པོ་ཆེས་དངོས་སུ་བསྟན་པ་བདུད་འཇོམས་པས་སོ།། །།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 10:12, 4 September 2025

Wylie title chos nyid nam mkha'i klong mdzod las: dregs pa yongs 'dus kyi spyi bskang rdo rje'i gad mo: TTDL-ZABTER-13-PA-103.pdf
Location bdud 'joms gling pa zab gter
Volume 13, Text 103, Pages 375-376 (Folios 1a1 to 1b4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las dregs pa yongs 'dus kyi spyi bskang rdo rje'i gad mo. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: 375-376. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: spyi bskang   Verso: bdud 'joms bak' srung skor
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Mending Rituals - bskang chog
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity bka' srung
Colophon
  • First colophon: ཞེས་རྣལ་འབྱོར་བདེ་ལྡན་གྱི་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །སརྦ་མངྒ་ལཾ།།
  • Second colophon: ཞེས་རང་གི་བཀའ་སྲུང་སྤྱི་བསྐང་འདི་ཉིད་ཨོ་རྒྱན་རིན་པོ་ཆེས་དངོས་སུ་བསྟན་པ་བདུད་འཇོམས་པས་སོ།།
  • First colophon: zhes rnal 'byor bde ldan gyi ngor bdud 'joms rdo rjes nam mkha'i mdzod las bsgyur ba'o/_/dge'o/_/sarba mang+ga laM//
  • Second colophon: zhes rang gi bka' srung spyi bskang 'di nyid o rgyan rin po ches dngos su bstan pa bdud 'joms pas so//
[edit]
ཕྚ༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དྲེགས་པ་ཡོངས་འདུས་ཀྱི་སྤྱི་བསྐང་རྡོ་རྗེའི་གད་མོ་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བཀའ་སྲུང་དྲེགས་པའི་སྤྱི་བསྐང་ཉམས་ལེན་ནི༔ ནམ་མཁའ་མཛོད་སྔགས་ལན་གསུམ་བརྗོད་པའི་མཐར༔ ཨོཾ་ཨཱཿཧཱུྃ༔ དངོས་སུ་འབྱོར་བའི་མཆོད་པ་ལ༔ ཡིད་ཀྱི་ནམ་མཁའ་མཛོད་དུ་སྤེལ༔ མགོན་པོ་ཕོ་རྒྱུད་ཐུགས་དམ་བསྐང་༔ ལྷ་མོ་མོ་རྒྱུད་ཐུགས་དམ་བསྐང་༔ ཨེ་ཀ་ཙ་ཏིའི༴ སྲིད་པའི་མ་མོའི༴ ཕུར་སྲུང་རྒྱ་མཚོའི༴ དབང་ཕྱུག་ཆེན་པོའི༴ རྣམ་སྲས་ནོར་ལྷའི༴ གནོད་སྦྱིན་དམར་ནག༴ ཞིང་སྐྱོང་ཆེན་པོའི༴ གཟའ་བདུད་འཁོར་བཅས༴ རྡོ་རྗེ་ལེགས་པའི༴ བཙན་རྒོད་འཁོར་བཅས༴ མི་མགོན་དཀར་པོའི༴ ཡ་མ་རཱ་ཙའི༴ ཆོས་རྒྱལ་སྐུ་ལྔའི༴ ལྷ་སྲིན་སྡེ་བརྒྱད༴ རྨ་རྒྱལ་སྤོམ་རའི༴ ཕྲིན་ལས་བསྒྲུབ་ལ་རོགས་ལྡན་མཛོད༔ ཕྱི་ནང་གསང་བའི་བར་ཆད་བཟློག༔ དགྲ་བགེགས་མ་ལུས་རྡུལ་དུ་རློག༔ བཀའ་དམ་གཉན་པོ་དཔང་བཙུག་གོ༔ ཕྲིན་ལས་སྒྲུབས་ཤིག་ས་མ་ཡ༔ ཞེས་རྣལ་འབྱོར་བདེ་ལྡན་གྱི་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །སརྦ་མངྒ་ལཾ།། །། ཕྚ༔ ཧཱུྃ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཕྱི་ནང་གསང་མཆོད་སྣ་ཚོགས་ཀྱིས༔ དབང་ཕྱུག་ཆེན་པོའི་ཐུགས་དམ་བསྐང་༔ གནོད་སྦྱིན་དམར་ནག་ཐུགས༴ མ་མགོན་ལྕམ་དྲལ་ཐུགས༴ དཔལ་ལྡན་ཕྱག་བཞིའི་ཐུགས༴ ཞིང་སྐྱོང་སེང་གདོང་ཐུགས༴ གཟའ་བདུད་ཆེན་པོའི་ཐུགས༴ གནོད་སྦྱིན་ཙི་དམར་ཐུགས༴ འཁོར་དང་བཅས་པའི་ཐུགས༴ ཐུགས་དང་འགལ་བའི་ཉེས་པ་བཤགས༔ འཁུ་ལྡོག་ཁྲོས་འཁྲུགས་ཞི་བ་དང་༔ མི་མཐུན་མི་འདོད་རྐྱེན་ཀུན་བཟློག༔ གང་འདུལ་ཐབས་དང་ཕྲིན་ལས་ཀྱིས༔ བདག་གི་འདོད་དོན་ཡོངས་འགྲུབ་མཛོད༔ དམ་ལ་མ་འདའ་ས་མ་ཡ༔ ཞེས་རང་གི་བཀའ་སྲུང་སྤྱི་བསྐང་འདི་ཉིད་ཨོ་རྒྱན་རིན་པོ་ཆེས་དངོས་སུ་བསྟན་པ་བདུད་འཇོམས་པས་སོ།། །།