TTDL-ZABTER-13-PA-104: Difference between revisions
No edit summary |
m (Text replacement - "༴" to "༴ ") |
||
| Line 37: | Line 37: | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|ཕྚ༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གཏེར་སྲུང་སྤྱི་བསྐང་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ སྒྱུ་མའི་རྫས་ལྡན་འབྱོར་བའི་ཚོགས༔ སྒྱུ་མའི་སྔགས་བཞིན་སྤེལ་བའི་སྔགས༔ སྒྱུ་མཁན་བསམ་པའི་བྱེ་བྲག་བཞིན༔ འདོད་ཡོན་མི་ཟད་ཡིད་ཀྱིས་འཕྲུལ༔ ལྷ་རྣམས་ཡིད་ལ་དྲན་བཞིན་དུ༔ ཨོཾ་ཨཿཧཱུྃ༔ ཆོས་ཉིད་ནམ་མཁའ་རྣམ་དག་མཁའ་ཀློང་དུ༔ རྒྱ་མཚོའི་གཟའ་སྐར་ལྟ་བུའི་ལྷ་སྣང་བཀོད༔ ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་འདོད་ཡོན་གཏེར༔ འཁོར་འདས་ཡོངས་ལ་རྒྱུན་མི་འཆད་པར་སྤྲོས༔ ལྷ་ཆེན་དབང་ཕྱུག་འཁོར་བཅས་ཐུགས་དམ་བསྐང་༔ | {{TibP|ཕྚ༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གཏེར་སྲུང་སྤྱི་བསྐང་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ སྒྱུ་མའི་རྫས་ལྡན་འབྱོར་བའི་ཚོགས༔ སྒྱུ་མའི་སྔགས་བཞིན་སྤེལ་བའི་སྔགས༔ སྒྱུ་མཁན་བསམ་པའི་བྱེ་བྲག་བཞིན༔ འདོད་ཡོན་མི་ཟད་ཡིད་ཀྱིས་འཕྲུལ༔ ལྷ་རྣམས་ཡིད་ལ་དྲན་བཞིན་དུ༔ ཨོཾ་ཨཿཧཱུྃ༔ ཆོས་ཉིད་ནམ་མཁའ་རྣམ་དག་མཁའ་ཀློང་དུ༔ རྒྱ་མཚོའི་གཟའ་སྐར་ལྟ་བུའི་ལྷ་སྣང་བཀོད༔ ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་འདོད་ཡོན་གཏེར༔ འཁོར་འདས་ཡོངས་ལ་རྒྱུན་མི་འཆད་པར་སྤྲོས༔ ལྷ་ཆེན་དབང་ཕྱུག་འཁོར་བཅས་ཐུགས་དམ་བསྐང་༔ གནོད་སྦྱིན་ཤན་དམར་འཁོར་བཅས༴ བཀའ་སྲུང་མ་མགོན་ལྕམ་དྲལ༴ དཔལ་མགོན་ཕྱག་བཞི་འཁོར་བཅས༴ ཞིང་སྐྱོང་སེང་གདོང་འཁོར་བཅས༴ དྲང་སྲོང་གཟའ་བདུད་འཁོར་བཅས༴ ཀླུ་རྒྱལ་མི་མགོན་འཁོར་བཅས༴ ཡ་མ་རཱ་ཛ་འཁོར་བཅས༴ བཙན་རྒྱལ་སྲོག་བདག་འཁོར་བཅས༴ མ་གཅིག་དཔལ་ལྡན་འཁོར་བཅས༴ གནོད་སྦྱིན་ཙི་དམར་འཁོར་བཅས༴ འགོ་ཞིང་རང་འཁོར་ལྷ་སྲུང་ཐུགས་དམ་བསྐང་༔ ཐུགས་དང་འགལ་གྱུར་ཅི་མཆིས་ཉེས་པ་བཤགས༔ བདག་གི་ཆོས་སྲིད་དགེ་ལེགས་ཡོན་ཏན་སྤེལ༔ ཕྲིན་ལས་རབ་འབྱམས་ཐོགས་པ་མེད་པ་ཡིས༔ བསམ་པའི་དོན་ཀུན་འབད་མེད་ཡོངས་གྲུབ་མཛོད༔ འགལ་རྐྱེན་ཀུན་བཟློག་སྡང་དགྲ་གནོད་པའི་བགེགས༔ མ་ལུས་མི་འགྱང་མངོན་སྤྱོད་དྲག་པོ་ཡིས༔ བཀུག་བསྒྲལ་མནན་བསྲེགས་གསོད་གཅོད་ཕྲིན་ལས་མཛོད༔ བཀའ་དམ་དཔང་བཙུགས་ལས་བཅོལ་ཚིག་དེ་དག༔ མ་འགྱང་མྱུར་དུ་སྒྲུབ་མཛོད་ས་མ་ཡ༔ དེ་ལྟར་གྲངས་ལྡན་བསྐྱར་བས་བྲན་བཞིན་འདུ༔ ཕྲིན་ལས་འགྲུབ་ཅིང་དགེ་ལེགས་གོང་འཕེལ་བྱེད༔ སྤྱི་བསྐུལ་བརྗོད་ཚེ་དགྲ་དཔུང་ཕྱེ་མར་བརླག༔ དེ་ཕྱིར་འདི་ལ་ནན་དུ་བརྩོན་པར་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་རང་ལ་ཉེར་མཁོའི་ཆེད་དུ་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའོ།། །།}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Latest revision as of 10:13, 4 September 2025
| Wylie title | chos nyid nam mkha'i klong mdzod las: gter srung spyi bskang: | |
|---|---|---|
| Location | bdud 'joms gling pa zab gter Volume 13, Text 104, Pages 377-378 (Folios 1a1 to 1b3) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las gter srung spyi bskang. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: 377-378. Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Recto: spyi bskang Verso: bdud 'joms gter srung skor | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | Mending Rituals - bskang chog | |
| Cycle | ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod) | |
| Deity | Gter srung | |
| Colophon |
ཞེས་པ་འདི་ནི་རང་ལ་ཉེར་མཁོའི་ཆེད་དུ་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའོ།། | |
|
zhes pa 'di ni rang la nyer mkho'i ched du bdud 'joms rdo rjes gtan la phab pa'o// | ||