TTDL-ZABTER-18-TSHA-027: Difference between revisions

From Dudjom Wiki
TTDL-ZABTER-18-TSHA-027
No edit summary
m Text replacement - "བདུད་འཇོམས་གླིང་པ་ཟབ་གཏེར" to "བདུད་འཇོམས་གླིང་པའི་ཟབ་གཏེར"
Line 5: Line 5:
|fulltitle=pha bla ma mtsho skyes rdo rje sogs skom me la gdams pa
|fulltitle=pha bla ma mtsho skyes rdo rje sogs skom me la gdams pa
|citation=Khrag 'thung [[Bdud 'joms gling pa]]. ''Pha bla ma mtsho skyes rdo rje sogs skom me la gdams pa''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 18: 101-102. Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''Pha bla ma mtsho skyes rdo rje sogs skom me la gdams pa''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 18: 101-102. Thimphu, Bhutan: Lama Kuenzang Wangdue, 2004.
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|collectiontitletib=བདུད་འཇོམས་གླིང་པའི་ཟབ་གཏེར།
|collectiontitle=bdud 'joms gling pa zab gter
|collectiontitle=bdud 'joms gling pa zab gter
|author=bdud 'joms gling pa
|author=bdud 'joms gling pa

Revision as of 13:46, 24 February 2026

Wylie title pha bla ma mtsho skyes rdo rje sogs skom me la gdams pa
Location bdud 'joms gling pa zab gter
Volume 18, Text 27, Pages 101-102 (Folios 51a1 to 51b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Pha bla ma mtsho skyes rdo rje sogs skom me la gdams pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: 101-102. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zhal gdams   Verso: bdud 'joms gsung mgur skor
More details More details
Genre Advice - zhal gdams
Colophon

ཞེས་སྐོམ་མེ་ལ་གདམས་པའི་ལབ་མོ་མཁན་བདུད་འཇོམས་པས་སོ། །དགེའོ།།

zhes skom me la gdams pa'i lab mo mkhan bdud 'joms pas so/_/dge'o//

[edit]
༄༅། །ཕ་བླ་མ་མཚོ་སྐྱེས་རྡོ་རྗེས་སྐྱོངས། །དུས་ད་རེས་དལ་འབྱོར་མི་ལུས་ཐོབ། །འདི་དོན་ལྡན་བྱུང་ན་ཕོ་རབ་ཡིན། །ཚེ་མི་རྟག་རྨི་ལམ་གནས་སྐབས་ཙམ། །དེ་ཆོས་ལ་དྲིལ་ན་ཕོ་རབ་ཡིན། །ཕ་བླ་མ་དུས་གསུམ་སངས་རྒྱས་ཞལ། །ཡིད་ཁྱེད་ཤེས་དད་གུས་ཀྱིས་བསྟེན་མཛོད། །ཆོས་གདམས་པ་གཏན་གྱི་ལོངས་སྤྱོད་ཡིན། །དེ་ཡལ་བར་མ་དོར་ཉམས་སུ་ལོངས། །དམ་སྡོམ་པ་ཆོས་ཀྱི་རྩ་བ་ཡིན། །དེ་ངོ་ལྐོག་མེད་པར་བསྲུང་བ་གལ། །ནོར་ལོངས་སྤྱོད་སྒྱུ་མའི་རྟ་གླང་འདྲ། །དེའི་ཕྱིར་དུ་ཟོལ་ཟོག་མ་བྱེད་གནད། །གཞན་བསླུ་བའི་བསམ་སྤྱོད་རང་ལ་འཁོར། །རྫུན་གཡོ་སྒྱུ་མེད་པ་ཞིག་ལ་རེམ། །ཡུལ་འཁོར་འདས་ཆོས་ཀུན་མེད་བཞིན་སྣང་། །དོན་སྟོང་ཉིད་རྟོགས་ན་ལྟ་བ་ཡིན། །གཞི་བརྡལ་ཁྱབ་དྭངས་གསལ་ཟང་མ་ཐལ། །ངང་མངོན་དུ་གྱུར་ན་སྒོམ་པ་ཡིན། །སྒོ་གསུམ་གྱི་བྱ་བ་དགུ་ཕྲུགས་བཏང་། །བྱར་མེད་དུ་གནས་པ་སྤྱོད་པ་ཡིན། །གཞི་ཀ་དག་མཐའ་བྲལ་རྫོགས་པ་ཆེ། །ལམ་ངང་གནས་ཡེ་ཤེས་མངོན་གྱུར་མཁར། །འབྲས་རང་ཐོག་རང་གྲོལ་ཆོས་ཀྱི་སྐུ། །དེ་གཟའ་གཏད་མེད་པར་རང་སར་ཞོག །ཚེ་སྙིང་པོ་སྒྲུབ་ལ་དྲིལ་མཛོད་དང་། །རྗེ་རྒྱལ་བ་གོང་མའི་མཛད་སྤྱོད་ཡིན། །ཕ་དུས་གསུམ་རྒྱལ་པའི་ཐུགས་སྲས་ཡིན། །གནད་སྙིང་ལ་འཆོངས་ཤིག་སྐལ་ལྡན་བུ། །དོན་དེ་ལས་མེད་དོ་རྒན་པོའི་གཏམ། །ཞེས་སྐོམ་མེ་ལ་གདམས་པའི་ལབ་མོ་མཁན་བདུད་འཇོམས་པས་སོ། །དགེའོ།། །།