DUDJOM-THROMA-025: Difference between revisions

From Dudjom Wiki
DUDJOM-THROMA-025
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༠༠༠༠༠བརྡ་ཡིག་༢༥༩༔  ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔  ཟབ་ཆོས་སྐོར་བཞིའི་བསྟན་སྲུང་སྤྱིའི་བསྐང་གསོལ་དཔག་བསམ་རྒྱས་པ་བཞུགས་སོ༔  ན་མོ་གུ་རུ་པདྨ་ཀ་ར་ཡེ༔  ༠༠༠༠༠བརྡ་ཡིག་༢༥༩༔  རང་ཉིད་རྡོ་རྗེ་གཏུམ་པོའི་ང་རྒྱལ་གྱིས༔  མེ་ལོང་ལ་ནི་གཟུགས་བརྙན་ཤར་བ་བཞིན༔  མདུན་གྱི་ནམ་མཁར་བཀའ་སྲུང་དྲེགས་པའི་ཚོགས༔  ལྷ་དང་མི་ཡི་ཁྲོམ་ཚོགས་ལྟ་བུར་བསྐྱེད༔  མཆོད་རྫས་ཤ་ཁྲག་གཏོར་མ་འདོད་རྒུའི་ཚོགས༔  འབྱོར་ཚོགས་ཡོ་བྱད་གང་འོས་བཤམས་ནས་སུ༔  སྟོང་པར་སྦྱངས་ནས་སྟོང་པའི་ཆོ་འཕྲུལ་ལས༔  ཆོས་ཉིད་ནམ་མཁའ་མཛོད་ཀྱི་མཆོད་སྤྲིན་སྤེལ༔  ཨོཾ་སྭ་བྷཱ་ཝ་སོགས་ སྟོང་པ་ཉིད་དུ་གྱུར༔  སྟོང་པའི་ངང་ལས་ཨཱཿ ལས་ཡེ་ཤེས་ཀྱི་ཀ་པཱ་ལ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ་གཏོར་མ་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་ཨོཾཿ ཧཱུྃཿ ཏྲཱཾཿ ཧྲཱིཿ ཨཱཿ ཞུ་བའི་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་ཕྱི་ནང་གསང་བའི་མཆོད་སྤྲིན་མ་ཚང་བ་མེད་པ་ནམ་མཁའི་མཐའ་དང་མཉམ་པར་གྱུར༔  ནམ་མཁའ་མཛོད་སྔགས་བརྗོད༔  ཨོཾ་ཨཱཿ ཧཱུྃ༔  ཆོས་ཉིད་སྒྱུ་མར་རོལ་པའི་ཆོ་འཕྲུལ་ལས༔  འདོད་རྒུའི་དཔལ་ཡོན་མི་ཟད་ནམ་མཁའ་མཛོད༔  རབ་འབྱམས་ཕྱོགས་བཅུའི་ཞིང་རྣམས་ཁྱབ་པ་འདིས༔  བརྒྱུད་གསུམ་བླ་མ་ཡི་དམ་མཁའ་འགྲོ་དང་༔  ལེགས་ལྡན་ཚོགས་བདག་གུར་མགོན་ཞལ་བཞི་དང་༔  ཕྱག་དྲུག་མ་ནིང་བེར་ནག་ཏྲག་ཤད་དང་༔  དུར་ཁྲོད་མགོན་པོ་བྱ་རོག་གདོང་ཅན་དང་༔  ལེགས་གྲུབ་རྡོ་རྗེ་བདུད་ཀྱི་མགོན་པོ་སོགས༔  མགོན་པོ་ཕོ་རྒྱུད་མ་ལུས་ཐམས་ཅད་ལ༔  གསོལ་ལོ་མཆོད་དོ་ཐུགས་དམ་གཉན་པོ་བསྐང་༔  ཨེ་ཀ་ཛ་ཊཱི་དཔལ་ལྡན་རེ་མ་ཏཱི༔  བརྟན་མ་བཅུ་གཉིས་ཚེ་རིང་མཆེད་ལྔ་དང་༔  ཕུར་སྲུང་བཅུ་གཉིས་ལྷ་མོ་ངན་ནེ་མ༔  ཤ་ཟ་ཧོར་མོ་མཆེད་འཁོར་བཅས་པ་སོགས༔  ལྷ་མོ་མོ་རྒྱུད་མ་ལུས་ཐམས་ཅད་ལ༔  གསོལ་ལོ་མཆོད་དོ༴ ལྷ་ཆེན་དབང་ཕྱུག་ཚོགས་བདག་འདོད་རྒྱལ་དང་༔  གནོད་སྦྱིན་དམར་ནག་ཨ་པར་ཛི་ཏ་དང་༔  རྒྱལ་ཆེན་རྣམ་སྲས་གཟའ་བདུད་རཱ་ཧུ་ལ༔  ཡབ་ཡུམ་སྲས་འཁོར་བཀའ་སྡོད་བཅས་པ་ལ༔  གསོལ་ལོ་མཆོད་དོ༴ དམ་ཅན་རྡོར་ལེགས་བཙན་ཆེན་རོལ་པ་བདུན༔  གཤིན་རྗེ་ཡ་མ་རཱ་ཛ་ཙ་མུནྡྲི༔  ཆོས་རྒྱལ་སྐུ་ལྔ་གནོད་སྦྱིན་ཙི་མ་ར༔  བཙན་རྒྱལ་སྐྱ་གཅིག་ཀླུ་རྒྱལ་མི་མགོན་དཀར༔  ཡབ་ཡུམ་སྤྲུལ་འཁོར་བཀའ་སྡོད་བཅས་པ་ལ༔  གསོལ་ལོ་མཆོད་དོ༴ ཐང་ལྷ་ཡར་བཞུད་རྨ་ཆེན་སྤོམ་ར་དང་༔  རྫ་རྒྱལ་འཕན་ཕྱུག་དགེ་བསྙེན་འབྲོང་རི་སོགས༔  དཀར་ཕྱོགས་སྐྱོང་བའི་གཞི་བདག་ཐམས་ཅད་ལ༔  གསོལ་ལོ་མཆོད་དོ༴ དགོན་གནས་གཙུག་ལག་ཆོས་འཁོར་དབེན་གནས་དང་༔  ཕ་མྱེས་བརྒྱུད་སྲུང་སློབ་དཔོན་གཉན་སྲུང་དང་༔  འགོ་ཞིང་སྡོང་གྲོགས་བྱེད་པའི་སྲུང་མ་ལ༔  གསོལ་ལོ་མཆོད་དོ༴ དུས་གསུམ་རྒྱལ་བའི་བཀའ་དམ་དཔང་བཙུགས་ཏེ༔  དམ་ཅན་ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔  སངས་རྒྱས་བསྟན་སྲུང་དཀོན་མཆོག་དབུ་འཕང་བསྟོད༔  དགེ་འདུན་སྡེ་སྐྱོང་གྲགས་པའི་བ་དན་ཕྱོར༔  བདག་ཅག་རྣལ་འབྱོར་སྒྲུབ་མཆོག་འཁོར་བཅས་ཀྱི༔  ནད་གདོན་འགལ་རྐྱེན་བར་ཆད་ཞི་བ་དང་༔  ཆོས་སྲིད་བསྟན་པའི་མངའ་ཐང་འཕེལ་རྒྱས་ཤིང་༔  ཁམས་གསུམ་མོས་པ་རྣམ་བཞིས་དབང་དུ་སྡུས༔  དགྲ་བགེགས་ལོག་འདྲེན་དྲག་པོས་ཚར་ཆོད་ཅིག༔  བཀའ་དང་དམ་ལས་མ་འདའ་ས་མ་ཡ༔  དེ་ལྟར་གྲངས་ལྡན་བསྐྱར་བས་བཀའ་སྲུང་ཚོགས༔  ལས་ལ་འཁོལ་ཞིང་རབ་འབྱམས་ཕྲིན་ལས་འགྲུབ༔  ས་མ་ཡ༔  རྒྱ་རྒྱ་རྒྱ༔  གུ་ཧྱ༔  ཞེས་པ་འདི་ཡང་མཆོག་གཙང་བླ་མ་དོན་རྟོགས་ཀྱིས་དབྱངས་སྙན་གླིང་བུའི་མེ་ཏོག་དང་བཅས་བསྐུལ་བའི་བཞེད་ངོར་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །སརྦ་མངྒ་ལཾ།།  །། [[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=khros ma'i sgrub skor
|collectiontitletib=ཁྲོས་མའི་སྒྲུབ་སྐོར་
|totalvolumes=1
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=1
|volumeLetter=
|textnuminvol=025
|pdflink=File:DUDJOM-THROMA-025.pdf
|InitCategories=Dudjom Tersar Project; DUDJOM-THROMA
}}
<h1>Tibetan Text</h1>
<onlyinclude>
{{TibP|༠༠༠༠༠བརྡ་ཡིག་༢༥༩༔  ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔  ཟབ་ཆོས་སྐོར་བཞིའི་བསྟན་སྲུང་སྤྱིའི་བསྐང་གསོལ་དཔག་བསམ་རྒྱས་པ་བཞུགས་སོ༔  ན་མོ་གུ་རུ་པདྨ་ཀ་ར་ཡེ༔  ༠༠༠༠༠བརྡ་ཡིག་༢༥༩༔  རང་ཉིད་རྡོ་རྗེ་གཏུམ་པོའི་ང་རྒྱལ་གྱིས༔  མེ་ལོང་ལ་ནི་གཟུགས་བརྙན་ཤར་བ་བཞིན༔  མདུན་གྱི་ནམ་མཁར་བཀའ་སྲུང་དྲེགས་པའི་ཚོགས༔  ལྷ་དང་མི་ཡི་ཁྲོམ་ཚོགས་ལྟ་བུར་བསྐྱེད༔  མཆོད་རྫས་ཤ་ཁྲག་གཏོར་མ་འདོད་རྒུའི་ཚོགས༔  འབྱོར་ཚོགས་ཡོ་བྱད་གང་འོས་བཤམས་ནས་སུ༔  སྟོང་པར་སྦྱངས་ནས་སྟོང་པའི་ཆོ་འཕྲུལ་ལས༔  ཆོས་ཉིད་ནམ་མཁའ་མཛོད་ཀྱི་མཆོད་སྤྲིན་སྤེལ༔  ཨོཾ་སྭ་བྷཱ་ཝ་སོགས་ སྟོང་པ་ཉིད་དུ་གྱུར༔  སྟོང་པའི་ངང་ལས་ཨཱཿ ལས་ཡེ་ཤེས་ཀྱི་ཀ་པཱ་ལ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ་གཏོར་མ་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་ཨོཾཿ ཧཱུྃཿ ཏྲཱཾཿ ཧྲཱིཿ ཨཱཿ ཞུ་བའི་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་ཕྱི་ནང་གསང་བའི་མཆོད་སྤྲིན་མ་ཚང་བ་མེད་པ་ནམ་མཁའི་མཐའ་དང་མཉམ་པར་གྱུར༔  ནམ་མཁའ་མཛོད་སྔགས་བརྗོད༔  ཨོཾ་ཨཱཿ ཧཱུྃ༔  ཆོས་ཉིད་སྒྱུ་མར་རོལ་པའི་ཆོ་འཕྲུལ་ལས༔  འདོད་རྒུའི་དཔལ་ཡོན་མི་ཟད་ནམ་མཁའ་མཛོད༔  རབ་འབྱམས་ཕྱོགས་བཅུའི་ཞིང་རྣམས་ཁྱབ་པ་འདིས༔  བརྒྱུད་གསུམ་བླ་མ་ཡི་དམ་མཁའ་འགྲོ་དང་༔  ལེགས་ལྡན་ཚོགས་བདག་གུར་མགོན་ཞལ་བཞི་དང་༔  ཕྱག་དྲུག་མ་ནིང་བེར་ནག་ཏྲག་ཤད་དང་༔  དུར་ཁྲོད་མགོན་པོ་བྱ་རོག་གདོང་ཅན་དང་༔  ལེགས་གྲུབ་རྡོ་རྗེ་བདུད་ཀྱི་མགོན་པོ་སོགས༔  མགོན་པོ་ཕོ་རྒྱུད་མ་ལུས་ཐམས་ཅད་ལ༔  གསོལ་ལོ་མཆོད་དོ་ཐུགས་དམ་གཉན་པོ་བསྐང་༔  ཨེ་ཀ་ཛ་ཊཱི་དཔལ་ལྡན་རེ་མ་ཏཱི༔  བརྟན་མ་བཅུ་གཉིས་ཚེ་རིང་མཆེད་ལྔ་དང་༔  ཕུར་སྲུང་བཅུ་གཉིས་ལྷ་མོ་ངན་ནེ་མ༔  ཤ་ཟ་ཧོར་མོ་མཆེད་འཁོར་བཅས་པ་སོགས༔  ལྷ་མོ་མོ་རྒྱུད་མ་ལུས་ཐམས་ཅད་ལ༔  གསོལ་ལོ་མཆོད་དོ༴ ལྷ་ཆེན་དབང་ཕྱུག་ཚོགས་བདག་འདོད་རྒྱལ་དང་༔  གནོད་སྦྱིན་དམར་ནག་ཨ་པར་ཛི་ཏ་དང་༔  རྒྱལ་ཆེན་རྣམ་སྲས་གཟའ་བདུད་རཱ་ཧུ་ལ༔  ཡབ་ཡུམ་སྲས་འཁོར་བཀའ་སྡོད་བཅས་པ་ལ༔  གསོལ་ལོ་མཆོད་དོ༴ དམ་ཅན་རྡོར་ལེགས་བཙན་ཆེན་རོལ་པ་བདུན༔  གཤིན་རྗེ་ཡ་མ་རཱ་ཛ་ཙ་མུནྡྲི༔  ཆོས་རྒྱལ་སྐུ་ལྔ་གནོད་སྦྱིན་ཙི་མ་ར༔  བཙན་རྒྱལ་སྐྱ་གཅིག་ཀླུ་རྒྱལ་མི་མགོན་དཀར༔  ཡབ་ཡུམ་སྤྲུལ་འཁོར་བཀའ་སྡོད་བཅས་པ་ལ༔  གསོལ་ལོ་མཆོད་དོ༴ ཐང་ལྷ་ཡར་བཞུད་རྨ་ཆེན་སྤོམ་ར་དང་༔  རྫ་རྒྱལ་འཕན་ཕྱུག་དགེ་བསྙེན་འབྲོང་རི་སོགས༔  དཀར་ཕྱོགས་སྐྱོང་བའི་གཞི་བདག་ཐམས་ཅད་ལ༔  གསོལ་ལོ་མཆོད་དོ༴ དགོན་གནས་གཙུག་ལག་ཆོས་འཁོར་དབེན་གནས་དང་༔  ཕ་མྱེས་བརྒྱུད་སྲུང་སློབ་དཔོན་གཉན་སྲུང་དང་༔  འགོ་ཞིང་སྡོང་གྲོགས་བྱེད་པའི་སྲུང་མ་ལ༔  གསོལ་ལོ་མཆོད་དོ༴ དུས་གསུམ་རྒྱལ་བའི་བཀའ་དམ་དཔང་བཙུགས་ཏེ༔  དམ་ཅན་ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔  སངས་རྒྱས་བསྟན་སྲུང་དཀོན་མཆོག་དབུ་འཕང་བསྟོད༔  དགེ་འདུན་སྡེ་སྐྱོང་གྲགས་པའི་བ་དན་ཕྱོར༔  བདག་ཅག་རྣལ་འབྱོར་སྒྲུབ་མཆོག་འཁོར་བཅས་ཀྱི༔  ནད་གདོན་འགལ་རྐྱེན་བར་ཆད་ཞི་བ་དང་༔  ཆོས་སྲིད་བསྟན་པའི་མངའ་ཐང་འཕེལ་རྒྱས་ཤིང་༔  ཁམས་གསུམ་མོས་པ་རྣམ་བཞིས་དབང་དུ་སྡུས༔  དགྲ་བགེགས་ལོག་འདྲེན་དྲག་པོས་ཚར་ཆོད་ཅིག༔  བཀའ་དང་དམ་ལས་མ་འདའ་ས་མ་ཡ༔  དེ་ལྟར་གྲངས་ལྡན་བསྐྱར་བས་བཀའ་སྲུང་ཚོགས༔  ལས་ལ་འཁོལ་ཞིང་རབ་འབྱམས་ཕྲིན་ལས་འགྲུབ༔  ས་མ་ཡ༔  རྒྱ་རྒྱ་རྒྱ༔  གུ་ཧྱ༔  ཞེས་པ་འདི་ཡང་མཆོག་གཙང་བླ་མ་དོན་རྟོགས་ཀྱིས་དབྱངས་སྙན་གླིང་བུའི་མེ་ཏོག་དང་བཅས་བསྐུལ་བའི་བཞེད་ངོར་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །སརྦ་མངྒ་ལཾ།།  །། }}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:30, 16 July 2025

Wylie title DUDJOM-THROMA-025.pdf
Location khros ma'i sgrub skor
Volume 1, Text 25, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠༠བརྡ་ཡིག་༢༥༩༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཟབ་ཆོས་སྐོར་བཞིའི་བསྟན་སྲུང་སྤྱིའི་བསྐང་གསོལ་དཔག་བསམ་རྒྱས་པ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག་༢༥༩༔ རང་ཉིད་རྡོ་རྗེ་གཏུམ་པོའི་ང་རྒྱལ་གྱིས༔ མེ་ལོང་ལ་ནི་གཟུགས་བརྙན་ཤར་བ་བཞིན༔ མདུན་གྱི་ནམ་མཁར་བཀའ་སྲུང་དྲེགས་པའི་ཚོགས༔ ལྷ་དང་མི་ཡི་ཁྲོམ་ཚོགས་ལྟ་བུར་བསྐྱེད༔ མཆོད་རྫས་ཤ་ཁྲག་གཏོར་མ་འདོད་རྒུའི་ཚོགས༔ འབྱོར་ཚོགས་ཡོ་བྱད་གང་འོས་བཤམས་ནས་སུ༔ སྟོང་པར་སྦྱངས་ནས་སྟོང་པའི་ཆོ་འཕྲུལ་ལས༔ ཆོས་ཉིད་ནམ་མཁའ་མཛོད་ཀྱི་མཆོད་སྤྲིན་སྤེལ༔ ཨོཾ་སྭ་བྷཱ་ཝ་སོགས་ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཨཱཿ ལས་ཡེ་ཤེས་ཀྱི་ཀ་པཱ་ལ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ་གཏོར་མ་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་ཨོཾཿ ཧཱུྃཿ ཏྲཱཾཿ ཧྲཱིཿ ཨཱཿ ཞུ་བའི་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་ཕྱི་ནང་གསང་བའི་མཆོད་སྤྲིན་མ་ཚང་བ་མེད་པ་ནམ་མཁའི་མཐའ་དང་མཉམ་པར་གྱུར༔ ནམ་མཁའ་མཛོད་སྔགས་བརྗོད༔ ཨོཾ་ཨཱཿ ཧཱུྃ༔ ཆོས་ཉིད་སྒྱུ་མར་རོལ་པའི་ཆོ་འཕྲུལ་ལས༔ འདོད་རྒུའི་དཔལ་ཡོན་མི་ཟད་ནམ་མཁའ་མཛོད༔ རབ་འབྱམས་ཕྱོགས་བཅུའི་ཞིང་རྣམས་ཁྱབ་པ་འདིས༔ བརྒྱུད་གསུམ་བླ་མ་ཡི་དམ་མཁའ་འགྲོ་དང་༔ ལེགས་ལྡན་ཚོགས་བདག་གུར་མགོན་ཞལ་བཞི་དང་༔ ཕྱག་དྲུག་མ་ནིང་བེར་ནག་ཏྲག་ཤད་དང་༔ དུར་ཁྲོད་མགོན་པོ་བྱ་རོག་གདོང་ཅན་དང་༔ ལེགས་གྲུབ་རྡོ་རྗེ་བདུད་ཀྱི་མགོན་པོ་སོགས༔ མགོན་པོ་ཕོ་རྒྱུད་མ་ལུས་ཐམས་ཅད་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་གཉན་པོ་བསྐང་༔ ཨེ་ཀ་ཛ་ཊཱི་དཔལ་ལྡན་རེ་མ་ཏཱི༔ བརྟན་མ་བཅུ་གཉིས་ཚེ་རིང་མཆེད་ལྔ་དང་༔ ཕུར་སྲུང་བཅུ་གཉིས་ལྷ་མོ་ངན་ནེ་མ༔ ཤ་ཟ་ཧོར་མོ་མཆེད་འཁོར་བཅས་པ་སོགས༔ ལྷ་མོ་མོ་རྒྱུད་མ་ལུས་ཐམས་ཅད་ལ༔ གསོལ་ལོ་མཆོད་དོ༴ ལྷ་ཆེན་དབང་ཕྱུག་ཚོགས་བདག་འདོད་རྒྱལ་དང་༔ གནོད་སྦྱིན་དམར་ནག་ཨ་པར་ཛི་ཏ་དང་༔ རྒྱལ་ཆེན་རྣམ་སྲས་གཟའ་བདུད་རཱ་ཧུ་ལ༔ ཡབ་ཡུམ་སྲས་འཁོར་བཀའ་སྡོད་བཅས་པ་ལ༔ གསོལ་ལོ་མཆོད་དོ༴ དམ་ཅན་རྡོར་ལེགས་བཙན་ཆེན་རོལ་པ་བདུན༔ གཤིན་རྗེ་ཡ་མ་རཱ་ཛ་ཙ་མུནྡྲི༔ ཆོས་རྒྱལ་སྐུ་ལྔ་གནོད་སྦྱིན་ཙི་མ་ར༔ བཙན་རྒྱལ་སྐྱ་གཅིག་ཀླུ་རྒྱལ་མི་མགོན་དཀར༔ ཡབ་ཡུམ་སྤྲུལ་འཁོར་བཀའ་སྡོད་བཅས་པ་ལ༔ གསོལ་ལོ་མཆོད་དོ༴ ཐང་ལྷ་ཡར་བཞུད་རྨ་ཆེན་སྤོམ་ར་དང་༔ རྫ་རྒྱལ་འཕན་ཕྱུག་དགེ་བསྙེན་འབྲོང་རི་སོགས༔ དཀར་ཕྱོགས་སྐྱོང་བའི་གཞི་བདག་ཐམས་ཅད་ལ༔ གསོལ་ལོ་མཆོད་དོ༴ དགོན་གནས་གཙུག་ལག་ཆོས་འཁོར་དབེན་གནས་དང་༔ ཕ་མྱེས་བརྒྱུད་སྲུང་སློབ་དཔོན་གཉན་སྲུང་དང་༔ འགོ་ཞིང་སྡོང་གྲོགས་བྱེད་པའི་སྲུང་མ་ལ༔ གསོལ་ལོ་མཆོད་དོ༴ དུས་གསུམ་རྒྱལ་བའི་བཀའ་དམ་དཔང་བཙུགས་ཏེ༔ དམ་ཅན་ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ སངས་རྒྱས་བསྟན་སྲུང་དཀོན་མཆོག་དབུ་འཕང་བསྟོད༔ དགེ་འདུན་སྡེ་སྐྱོང་གྲགས་པའི་བ་དན་ཕྱོར༔ བདག་ཅག་རྣལ་འབྱོར་སྒྲུབ་མཆོག་འཁོར་བཅས་ཀྱི༔ ནད་གདོན་འགལ་རྐྱེན་བར་ཆད་ཞི་བ་དང་༔ ཆོས་སྲིད་བསྟན་པའི་མངའ་ཐང་འཕེལ་རྒྱས་ཤིང་༔ ཁམས་གསུམ་མོས་པ་རྣམ་བཞིས་དབང་དུ་སྡུས༔ དགྲ་བགེགས་ལོག་འདྲེན་དྲག་པོས་ཚར་ཆོད་ཅིག༔ བཀའ་དང་དམ་ལས་མ་འདའ་ས་མ་ཡ༔ དེ་ལྟར་གྲངས་ལྡན་བསྐྱར་བས་བཀའ་སྲུང་ཚོགས༔ ལས་ལ་འཁོལ་ཞིང་རབ་འབྱམས་ཕྲིན་ལས་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཡང་མཆོག་གཙང་བླ་མ་དོན་རྟོགས་ཀྱིས་དབྱངས་སྙན་གླིང་བུའི་མེ་ཏོག་དང་བཅས་བསྐུལ་བའི་བཞེད་ངོར་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །སརྦ་མངྒ་ལཾ།། །།