DUDJOM-THROMA-046: Difference between revisions

From Dudjom Wiki
DUDJOM-THROMA-046
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
དབུ་ཁྲིད་༠༠༠༠༠༠༠༠༠༠༠བརྡ་ཡིག ༤༤༧ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔  ཚེ་འདས་རྗེས་འཛིན་གནས་ལུང་ཁྲུས་ལུང་བཞུགས་སོ༔   
{{Text
དབུ་ཁྲིད་༠༠༠༠༠༠༠༠༠༠༠བརྡ་ཡིག ༤༤༨ ༠༠༠༠༠༠༠༠༠༠༠བརྡ་ཡིག ༤༤༨ ན་མོ་གུ་རུ་པདྨ་ཀ་ར་ཡེ༔  རང་མདུན་པདྨ་འདབ་དྲུག་གི༔  སྟེང་དུ་བཤོས་ཟླུམ་ལན་ཆགས་དང་༔  ཞལ་ཟས་རེ་རེ་བཤམས་ནས་སུ༔  ཟས་གཏད་དཀར་གསུམ་མངར་གསུམ་སྐྱེམས༔  ཁྲུས་ཀྱི་བུམ་པ་ལྟེ་བར་བཞག༔  འདབ་དྲུག་རིགས་དྲུག་གནས་དྲུག་ཏུ༔  འདྲེན་མཛད་ཡེ་ཤེས་མཁའ་འགྲོ་དྲུག༔  འོད་ལྔའི་ཀློང་དུ་རྒྱན་རྫོགས་བསམ༔  རང་ཉིད་ཁྲོས་མའི་ང་རྒྱལ་གྱིས༔  ཕཊ༔  རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོར་གསལ་བའི་མདུན་དུ་པདྨ་འདབ་མ་དྲུག་པའི་ཟེའུ་འབྲུའི་སྟེང་དུ་ལས་ཀྱི་བུམ་པ་གཞལ་ཡས་ཁང་ཡངས་པའི་ནང་དུ་མ་ཅིག་ཁྲོས་མ་དཀར་མོའི་སྐུ་ལས་དག་བྱེད་ཡེ་ཤེས་བདུད་རྩིའི་རྒྱུན་བབས་པས་བུམ་པ་མེར་གྱིས་གང་ནས་ཁམས་གསུམ་གྱི་བག་ཆགས་ཐམས་ཅད་སྦྱོང་བའི་ནུས་པ་དང་ལྡན་པར་གྱུར༔  ཨོཾ་ཤྲཱི་བཛྲ་ཀྲོ་དྷི་ཀ་ལི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔  ཞེས་བརྒྱ་རྩ་བརྗོད༔  ཨོཾ་སྭ་བྷཱ་ཝ་སོགས༔  པདྨ་འདབ་མ་དྲུག་གི་རང་མདུན་ཤར་དུ་མི་ནས་རིམ་པས་གཡས་སྐོར་དུ་དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་མ་ཡིན་དང་ལྷ་ཡི་གནས་ཁམས་མ་ལུས་ཡོངས་སུ་རྫོགས་པ་ཚེ་འདས་ཉིད་ཀྱི་སྣང་ཉམས་སུ་སྐད་ཅིག་ཉིད་ལ་ཤར་ནས་དེ་ཉིད་གནས་འགྱུར་ཏེ་རིགས་དྲུག་གི་སྡུག་བསྔལ་ལ་རྟག་ཏུ་སྤྱོད་བྱེད་ཀྱི་བག་ཆགས་གཟུང་འཛིན་ཐམས་ཅད་དུས་གཅིག་ལ་སྦྱངས་ཤིང་དག་ཅིང་གྲོལ་ནས་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་ཏེ་མ་ཡུམ་ཆེན་གྱི་དགོངས་ཀློང་དུ་གྲོལ་བར་བྱེད་པའི་བདག་ཉིད་ཅན་དུ་གྱུར༔  ཕཊ་ཕཊ་ཕཊ༔  སྐད་ཅིག་གིས་མདུན་དུ་ཡུམ་ཆེན་ལྔའི་ཐུགས་རྗེ་འོད་ཀྱི་གྭའུའི་ནང་དུ་ཚེ་ལས་འདས་པའི་རྣམ་པར་ཤེས་པ་གསོན་པོའི་གནས་སྐབས་ཇི་ལྟ་བ་བཞིན་དུ་གནས་པའི་མདུན་དུ་བླ་ཡང་འཁོད་པར་བསམ༔  ཞལ་ཟས་རྣམས་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་ཁམས་གསུམ་འཁོར་བ་མ་སྟོང་གི་བར་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་མཆོད་སྤྲིན་རྒྱ་མཚོའི་རྒྱུན་མི་འཆད་པར་སྤྲོ་བ༔  བཤོས་ཟླུམ་ཆངས་བུ་རྣམས་འདོད་པའི་ཡོན་ཏན་ལྔ་དང་ལྡན་ཅིང་ལོངས་སྤྱོད་མི་ཟད་པ་རྒྱན་གྱི་འཁོར་ལོ་རྒྱུན་མི་འཆད་པར་སྤྲོས་ཏེ་ཚེ་འདས་ཀྱི་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱི་ལན་ཆགས་བྱང་༔  བུ་ལོན་སོད༔  ཤ་མཁོན་དག་ནས་བདེ་ཆེན་འཕོ་འགྱུར་མེད་པའི་དབྱིངས་སུ་སྒྲོལ་བྱེད་ཀྱི་ནུས་པ་དང་ལྡན་པར་གྱུར༔  ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ལན་གསུམ་གྱིས་སྤེལ༔  ཕཊ༔  ཧཱུྃ༔  ང་ནི་ཡེ་ཤེས་མཁའ་འགྲོ་མ༔  སྐུ་གསུམ་ལྷུན་གྲུབ་ཁྲོས་མའི་སྐུ༔  འཁོར་འདས་ཡོངས་ལ་མངའ་དབང་བསྒྱུར༔  ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི༔  མཁྱེན་བརྩེ་ནུས་པའི་བདག་ཉིད་ཡིན༔  སྐྱབས་བྲལ་མགོན་མེད་ཚེ་འདས་ཁྱོད༔  མ་ཡེངས་དད་གུས་མོས་པས་ཉོན༔  ཁྱོད་སྲིད་པའི་རྩེ་མོ་མན་ཆད་ནས༔  མནར་མེད་དམྱལ་བ་ཡན་ཆད་དུ༔  གང་ན་གནས་ཀྱང་འདིར་ཤོག་ཅིག༔  སྐྱབས་གནས་དཀོན་མཆོག་གསུམ་པོ་དང་༔  རྩ་གསུམ་སྐུ་གསུམ་བདེན་པ་དང་༔  ཆོས་ཉིད་མི་འགྱུར་བདེན་མཐུ་དང་༔  རྟེན་འབྲེལ་བསླུ་བ་མེད་པའི་མཐུས༔  ཚེ་འདས་བླ་ཡིད་སེམས་གསུམ་ནི༔  ཁམས་གསུམ་གང་ན་གནས་གྱུར་ཀྱང་༔  གཟུགས་མིང་འདི་ལ་མཆིས་གྱུར་ཅིག༔  རང་དབང་དད་གུས་ལྡན་པ་ཡིས༔  བདེ་སྐྱིད་ངང་དུ་བག་ཕེབ་ཤོག༔  ཕཊ་ཕཊ་ཕཊ༔  ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔  འདི་ལྟར་སྣང་བ་ཐམས་ཅད་ནི༔  རང་གི་སེམས་ལས་གཞན་མ་ཡིན༔  ང་ཁྱོད་གཉིས་འཛིན་ཞེན་པ་ཆོད༔  ཕྱི་རུ་འཛིན་པའི་ཡུལ་གནས་དང་༔  ནང་དུ་ངར་འཛིན་འཆིང་བ་གཉིས༔  དོན་ལ་རྣམ་པར་རྟོག་པ་ཉིད༔  སེམས་གཞིའི་ཀློང་དུ་འཐས་པ་ལས༔  ཡུལ་དང་ཡུལ་ཅན་དེ་ལས་བྱུང་༔  སྒྱུ་མ་དང་ནི་སྨིག་སྒྱུ་དང་༔  ན་བུན་ཁུ་རླངས་སྤྲིན་རླུང་བཅས༔  ནམ་མཁའ་ལས་བྱུང་ནམ་མཁར་ཡལ༔  ཉིན་སྣང་རྨི་སྣང་བདེ་སྡུག་སྣང་༔  རིགས་དྲུག་གནས་ཁམས་སྐྱེ་འགྲོ་སོགས༔  ཚོགས་དྲུག་ཡུལ་སྣང་ཐམས་ཅད་ཀུན༔  སེམས་ལས་བྱུང་སྟེ་སེམས་སུ་ཐིམ༔  དག་པ་སངས་རྒྱས་སངས་རྒྱས་ཞིང་༔  ཐམས་ཅད་སེམས་ཉིད་རང་གཞིའི་ཞལ༔  ངོ་བོ་སྟོང་པའི་ཡེ་ཤེས་སུ༔  སེམས་ཉིད་མ་བཅོས་ངང་ལ་ཞོག༔  འདི་ལྟར་སྣང་བ་ཐམས་ཅད་ནི༔  སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔  ཆོས་སྐུ་ཁྱབ་བརྡལ་ངང་དུ་ཤིག༔  ངོ་ཤེས་ངང་དུ་གདིང་ཐོབ་ན༔  འགྱུར་མེད་བཙན་ས་ཟིན་འགྱུར་རོ༔  འཁོར་འདས་རང་སྣང་ངོས་ཟིན་མཛོད༔  མ་ཡེངས་མ་འཁྲུལ་རིགས་ཀྱི་བུ༔  ཕཊ་ཕཊ་ཕཊ༔  ཀྱཻ༔  ཡང་ཅིག་གསོན་དང་རིགས་ཀྱི་བུ༔  ཞེ་སྡང་དྲག་པོའི་སྣང་ཆའི་འཕྲུལ༔  དམྱལ་བའི་སྡུག་བསྔལ་ཉེ་བར་ལེན༔  གཟུང་ཡུལ་མཁན་པོ་བདག་མེད་སྟོང་༔  བཤོས་ཟླུམ་ལན་ཆགས་ཐོགས་ལ༔  ཧཱུྃ༔  ཞེ་སྡང་དྲག་པོའི་དབང་གྱུར་ནས༔  ཚེ་འདས་དམྱལ་བར་སྐྱེ་བའི་རྒྱུ༔  བསླུ་བྱེད་བདུད་ལ་བཤོས་ཟླུམ་འཇལ༔  ལན་ཆགས་བགེགས་ལ་ཆངས་གླུད་འབུལ༔  སླན་ཆད་ཐར་པའི་གེགས་མ་བྱེད༔  དཀོན་མཆོག་གསུམ་གྱི་བཀའ་ཡིན་ནོ༔  ཧཱུྃ༔  རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ལ༔  ཚོགས་གཉིས་རྫོགས་ཕྱིར་མཆོད་སྤྲིན་འབུལ༔  མེ་ལོང་ཡེ་ཤེས་བདུད་རྩི་ཡིས༔  ཞེ་སྡང་ལས་ཉོན་སྒྲིབ་དག་ཤོག༔  ཧཱུྃ་བཛྲ་ཌཱ་ཀི་ནཱི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔  ཕཊ༔  མཁའ་འགྲོ་སེམས་དང་གཉིས་མེད་འདྲེས༔  སྐད་ཅིག་སྣང་བ་གནས་འགྱུར་ནས༔  འདོད་ཆགས་ལས་ཀྱི་སྣང་ཆའི་འཕྲུལ༔  ཡི་དྭགས་སྡུག་བསྔལ་ཉེ་བར་ལེན༔  གཟུང་ཡུལ་བཀྲེས་སྐོམ་འཁྲུལ་སྣང་ཉམས༔  བཤོས་ཟླུམ་ལན་ཆགས་ཐོགས་ལ༔  ཧཱུྃ༔  འདོད་ཆགས་དབང་གྱུར་མཐུ་བརྟས་ནས༔  ཚེ་འདས་ཡི་དྭགས་སྡུག་བསྔལ་དུ༔  འཆིང་བྱེད་བདུད་ལ་བཤོས་ཟླུམ་འཇལ༔  ལན་ཆགས་བགེགས་ལ་ཆངས་གླུད་འབུལ༔  སླན་ཆད་བདུད་དང་གེགས་མ་བྱེད༔  དཀོན་མཆོག་གསུམ་གྱི་བཀའ་ཡིན་ནོ༔  ཧཱུྃ༔  པདྨ་རིགས་ཀྱི་མཁའ་འགྲོ་ལ༔  ཚོགས་གཉིས་རྫོགས་ཕྱིར་མཆོད་སྤྲིན་འབུལ༔  སོར་རྟོག་ཡེ་ཤེས་ཆུ་རྒྱུན་གྱིས༔  འདོད་ཆགས་ལས་ཉོན་སྒྲིབ་དག་ཤོག༔  ཨོཾ་པདྨ་ཌཱ་ཀི་ནཱི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔  ཕཊ༔  མཁའ་འགྲོ་སེམས་དང་གཉིས་མེད་འདྲེས༔  སྐད་ཅིག་སྣང་བ་གནས་འགྱུར་ནས༔  གཏི་མུག་ལས་ཀྱི་སྣང་ཆའི་འཕྲུལ༔  བྱོལ་སོང་སྡུག་བསྔལ་ཉེ་བར་ལེན༔  གཟུང་ཡུལ་སྡུག་བསྔལ་འཁྲུལ་སྣང་ཉམས༔  བཤོས་ཟླུམ་ལན་ཆགས་ཐོགས་ལ༔  ཧཱུྃ༔  གཏི་མུག་དབང་གྱུར་མཐུ་བརྟས་པས༔  ཚེ་འདས་བྱོལ་སོང་སྡུག་བསྔལ་དུ༔  འཆིང་བྱེད་བདུད་ལ་བཤོས་བུ་འཇལ༔  ལན་ཆགས་བགེགས་ལ་ཆངས་གླུད་འབུལ༔  སླན་ཆད་བདུད་གེགས་མ་བྱེད་ཅིག༔  དཀོན་མཆོག་གསུམ་གྱི་བཀའ་ཡིན་ནོ༔  ཧཱུྃ༔  སངས་རྒྱས་རིགས་ཀྱི་མཁའ་འགྲོ་ལ༔  འདོད་ཡོན་མཆོད་པའི་སྤྲིན་ཕུང་འབུལ༔  ཆོས་དབྱིངས་ཡེ་ཤེས་ཆུ་རྒྱུན་གྱིས༔  གཏི་མུག་ལས་ཉོན་སྒྲིབ་དག་ཤོག༔  ཨོཾ་བུདྡྷ་ཌཱ་ཀི་ནཱི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔  ཕཊ༔  མཁའ་འགྲོ་སེམས་དང་གཉིས་མེད་གྱུར༔  སྐད་ཅིག་སྣང་བ་གནས་འགྱུར་ནས༔  ཕྲག་དོག་ལས་ཀྱི་སྣང་ཆའི་འཕྲུལ༔  ལྷ་མིན་སྡུག་བསྔལ་ཉེ་བར་ལེན༔  གཟུང་ཡུལ་སྡུག་བསྔལ་འཁྲུལ་སྣང་ཉམས༔  དེ་ནས་བཤོས་ཟླུམ་ཆངས་བུ་ཐོགས་ལ༔  ཧཱུྃ༔  ཕྲག་དོག་དབང་གྱུར་མཐུ་བརྟས་པས༔  ཚེ་འདས་ལྷ་མིན་སྡུག་བསྔལ་དུ༔  འཆིང་བྱེད་བདུད་ལ་བཤོས་ཟླུམ་འཇལ༔  ལན་ཆགས་བགེགས་ལ་ཆངས་གླུད་འབུལ༔  སླན་ཆད་བདུད་གེགས་མ་བྱེད་ཅིག༔  དཀོན་མཆོག་གསུམ་གྱི་བཀའ་ཡིན་ནོ༔  ཧཱུྃ༔  ལས་ཀྱི་རིགས་ཀྱི་མཁའ་འགྲོ་ལ༔  འདོད་ཡོན་མཆོད་པའི་སྤྲིན་ཕུང་འབུལ༔  བྱ་གྲུབ་ཡེ་ཤེས་ཆུ་རྒྱུན་གྱིས༔  ཕྲག་དོག་ལས་ཉོན་སྒྲིབ་དག་ཤོག༔  ཨོཾ་ཀརྨ་ཌཱ་ཀི་ནཱི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔  ཕཊ༔  མཁའ་འགྲོ་སེམས་དང་གཉིས་མེད་གྱུར༔  སྐད་ཅིག་སྣང་བ་གནས་འགྱུར་ནས༔  ང་རྒྱལ་ལས་ཀྱི་སྣང་ཆའི་འཕྲུལ༔  ལྷ་ཡི་སྡུག་བསྔལ་ཉེ་བར་ལེན༔  གཟུང་ཡུལ་སྡུག་བསྔལ་འཁྲུལ་སྣང་ཉམས༔  དེ་ནས་བཤོས་ཟླུམ་ལན་ཆགས་ཐོགས་ལ༔  ཧཱུྃ༔  ང་རྒྱལ་དབང་གྱུར་མཐུ་བརྟས་པས༔  ཚེ་འདས་ཕམ་ལྟུང་ལྡུག་བསྔལ་དུ༔  འཆིང་བྱེད་བདུད་ལ་བཤོས་ཟླུམ་འཇལ༔  ལན་ཆགས་བགེགས་ལ་ཆངས་གླུད་འབུལ༔  སླན་ཆད་བདུད་གེགས་མ་བྱེད་ཅིག༔  དཀོན་མཆོག་གསུམ་གྱི་བཀའ་ཡིན་ནོ༔  ཧཱུྃ༔  རིན་ཆེན་རིགས་ཀྱི་མཁའ་འགྲོ་ལ༔  འདོད་ཡོན་རྒྱན་གྱི་མཆོད་ཚོགས་འབུལ༔  མཉམ་ཉིད་ཡེ་ཤེས་ཆུ་རྒྱུན་གྱིས༔  ང་རྒྱལ་ལས་ཉོན་སྒྲིབ་དག་ཤོག༔  སྭཱ་རཏྣ་ཌཱ་ཀི་ནཱི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔  ཕཊ༔  མཁའ་འགྲོ་སེམས་དང་གཉིས་མེད་གྱུར༔  སྐད་ཅིག་སྣང་བ་གནས་འགྱུར་ནས༔  དུག་ལྔའི་མཐུ་བརྟས་སྣང་ཆའི་འཕྲུལ༔  མི་ཡི་བདེ་སྡུག་མྱོང་ཚོར་ལེན༔  སྣོད་བཅུད་སྣང་སྲིད་འཁྲུལ་སྣང་ཉམས༔  བདེན་མེད་སྒྱུ་མར་ཤེས་མཛོད་ལ༔  ཞེན་ཆགས་མེད་པའི་ངང་དུ་ཤིག༔  དེ་ནས་བཤོས་ཟླུམ་ལན་ཆགས་ཐོགས་ལ༔  ཧཱུྃ༔  ཉོན་མོངས་ལྔ་དང་འདོད་པའི་ཤུགས༔  བརྟས་པས་མི་ཡི་སྡུག་བསྔལ་དུ༔  འཆིང་བྱེད་བདུད་ལ་བཤོས་ཟླུམ་འཇལ༔  སྡེ་བརྒྱད་ལྷ་འདྲེ་ལན་ཆགས་བགེགས༔  ཀུན་ལ་ཆངས་གླུད་འདོད་ཡོན་འབུལ༔  སླན་ཆད་ཐར་པའི་གེགས་མ་བྱེད༔  དཀོན་མཆོག་གསུམ་གྱི་བཀའ་ཡིན་ནོ༔  ཧཱུྃ༔  མ་ཅིག་ཁྲོས་མ་ནག་མོ་ལ༔  འདོད་ཡོན་རྒྱན་གྱི་མཆོད་ཚོགས་འབུལ༔  ཡེ་ཤེས་ལྔ་ཡི་ཆུ་རྒྱུན་གྱིས༔  དུག་ལྔའི་ལས་ཉོན་སྒྲིབ་དག་ཤོག༔  ཨོཾ་ཤྲཱི་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔  ཕཊ༔  ཡེ་ཤེས་མཁའ་འགྲོའི་སྐུ་གསུང་ཐུགས༔  ཚེ་འདས་སྒོ་གསུམ་ལ་འཕོས་ཏེ༔  རྡོ་རྗེ་གསུམ་གྱི་གྲོང་དུ་འཕོས༔  དཀྱིལ་འཁོར་ཤར་སྒོར་པད་ཉིའི་སྟེང་༔  འོད་ཀྱི་གོང་བུར་འོད་ཕུང་གསལ༔  སྤྱི་བོར་ཡས་རིམ་ཁྲོས་མ་དང་༔  རྡོ་རྗེ་ཕག་མོ་ཀུན་བཟང་མོ༔  རིགས་བདག་ཐོ་བརྩེགས་ཚུལ་དུ་གསལ༔  དེ་དག་ཐུགས་ཀའི་གསེང་ལམ་ནི༔  འོད་ལྔའི་སྦུ་གུར་ཚུད་པར་བསམ༔  དེ་ནས་བླ་གླུད་བསྔོ་བ་ནི༔  ཕཊ༔  ང་ནི་ཁྲོས་མ་ནག་མོ་སྟེ༔  ཉོན་ཅིག་སྣང་སྲིད་ལྷ་འདྲེའི་ཚོགས༔  ང་ཡི་བཀའ་ལས་འདའ་མ་བྱེད༔  ཚེ་འདས་བླ་ཡིད་སེམས་གསུམ་གྱི༔  ཚབ་དང་རིན་དུ་འདོད་ཡོན་ལྔའི༔  ལོངས་སྤྱོད་གླུད་གཏོར་སྣ་ཚོགས་འཇལ༔  ཁྱེད་ཅག་མགུ་ཞིང་ཚིམ་གྱིས་ལ༔  བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔  བསྡམས་པ་ཀློད་ལ་མནན་པ་ཐེག༔  ཚེ་འདས་བླ་ཡིད་སེམས་གསུམ་ལ༔  སླན་ཆད་སྡོང་གྲོགས་རྒྱབ་བརྟེན་དང་༔  མགོན་སྐྱབས་དཔུང་གཉེན་མ་བྱེད་ཅིག༔  ཆགས་ཞེན་འཁོར་བར་མ་བྱེད་ཅིག༔  བསྐལ་བཟང་སངས་རྒྱས་སྟོང་དང་ནི༔  སྟོབས་ཆེན་ཕྱག་ན་རྡོ་རྗེ་ཡི༔  བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔  དམ་ཚིག་ཡིན་ནོ་དམ་མ་ཉམས༔  སོ་སོ་རང་རང་གནས་སུ་དེངས༔  ཧཱུྃ་བཞིའི་སྔགས་བརྗོད་ཐུན་གྱིས་བྲབ་ལ་བསྐྲད༔  ཕཊ་ཕཊ་ཕཊ༔  སྟེང་འོག་བར་གསུམ་རྡོ་རྗེའི་གུར༔  ཡེ་ཤེས་ལྔ་དང་འོད་ལྔ་འཁྲིགས༔  མེ་དཔུང་རྡོ་རྗེའི་མཚོན་ཐུན་འཕྲོ༔  ཡེ་ཤེས་འོད་ཀྱི་གྭའུར་བསྒོམ༔  དེ་ནས་ཟས་བསྔོ་བ་ནི༔  ཨོཾ་སྭ་བྷཱ་ཝ་སོགས༔  སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་འདོད་ཡོན་གྱི་ངོ་བོ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་མིག་གི་ཡུལ་དུ་གཟུགས་མཛེས་པ་ཕུན་སུམ་ཚོགས་པ༔  རྣ་བའི་ཡུལ་དུ་སྒྲ་སྙན་པ་ཕུན་སུམ་ཚོགས་པ༔  སྣའི་ཡུལ་དུ་དྲི་ཞིམ་པ་ཕུན་སུམ་ཚོགས་པ༔  ལྕེའི་ཡུལ་དུ་རོ་བརྒྱ་ནུས་པ་སྟོང་དང་ལྡན་པའི་བཟའ་བཅའ་བཏུང་བ་ལྡག་གཞིབ་ཕུན་སུམ་ཚོགས་པ༔  ལུས་ཀྱི་ཡུལ་དུ་མཛེས་འཇམ་ཡང་སྲབ་བདེ་བའི་རེག་བྱ་ཕུན་སུམ་ཚོགས་པ༔  ཡིད་ཀྱི་ཡུལ་དུ་འདོད་པའི་ལོངས་སྤྱོད་མཛའ་བའི་གཉེན་གྲོགས་འཁོར་གཡོག༔  བརྒྱན་པའི་ཆས༔  བརྟེན་པའི་གནས་ཁང་༔  བསྲེལ་བའི་གཟུགས་འགྲོས༔  བསགས་པའི་དཀོར་ནོར་ཕུན་སུམ་ཚོགས་པ༔  ནད་གསོ་བའི་སྨན༔  འཆི་བ་བསླུ་བའི་བདུད་རྩི༔  སྡུག་བསྔལ་སེལ་བར་བྱེད་པའི་འདོད་ཡོན་མི་ཟད་པ་རྒྱན་གྱི་འཁོར་ལོ་རྒྱ་ཆེན་པོར་གྱུར་ཅིག༔  བསླུ་མེད་དཀོན་མཆོག་གསུམ་དང་བདེན་གཉིས་བསླུ་བ་མེད་པའི་མཐུ་དང་སྟོབས་ཀྱིས་དེ་བཞིན་དུ་གྱུར་ཅིག༔  སྭཱ་ཧཱ༔  ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ་ལ༔  དེ་བཞིན་གཤེགས་པ་བཞིའི་མཚན་དང་སམྦྷ་ར་བཅས་བརྗོད༔  ཨོཾ་ཨཱཿ ཧཱུྃ༔  གསུར་མཆོད་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་འདི་ཉིད་དཀོན་མཆོག་སྲི་ཞུའི་མགྲོན་དང་མགོན་པོ་ཡོན་ཏན་གྱི་མགྲོན་དུ་གྱུར་པ་ཐམས་ཅད་ལ་འབུལ་ལོ༔  བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ཚོགས་གཉིས་རྫོགས་སྒྲིབ་གཉིས་བྱང་ནས་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་གྱུར་ཏེ་ཀུན་བཟང་གདོད་མའི་མགོན་པོའི་དགོངས་ཀློང་དུ་གཞོན་ནུ་བུམ་སྐུར་གཏན་སྲིད་ཟིན་པར་ཤོག་ཅིག༔  ཨོཾ་ཨཱཿ ཧཱུྃ༔  ལན་གསུམ༔  བཀའི་ལྷ་སྲིན་སྡེ་བརྒྱད་ལྷ་ཀླུ་གཉན་དང་ས་བདག་མི་མ་ཡིན་ཡུལ་ལྷ་ཟོ་དོར་ནད་བདག་རིགས་བདག་ཕོ་གདོན་མོ་གདོན་ཀླུ་གདོན་གནས་གདོན་ལུས་གདོན་ཚེ་རབས་ཐོག་མ་མེད་པ་ནས་ལན་ཆགས་བུ་ལོན་ཤ་མཁོན་གྱི་བདག་པོ་བདག་མོ་ཐམས་ཅད་ལ་འབུལ་ལོ༔  བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ལན་ཆགས་བྱང་༔  བུ་ལོན་སོད༔  ཤ་མཁོན་དག་ནས་གནོད་བྱ་གནོད་བྱེད་ཐམས་ཅད་བདེ་བ་མཆོག་དང་ལྡན་ནས་སྡུག་བསྔལ་གྱི་རྒྱུ་འབྲས་ཐམས་ཅད་དང་བྲལ་ཏེ་ཆོས་སྐུ་སྐྱེ་བ་མེད་པའི་དབྱིངས་སུ་སངས་རྒྱས་པར་གྱུར་ཅིག༔  ཨོཾ་ཨཱཿ ཧཱུྃ༔  ལན་གསུམ༔  མཐོ་སྲིད་པའི་རྩེ་མོ་མན་ཆད་དམའ་མནར་མེད་པའི་དམྱལ་ཁམས་ཡན་ཆད་ཀྱི་སེམས་ཅན་ཐམས་ཅད་ལ་བསྔོའོ༔  འབུལ་ལོ༔  སྦྱིན་ནོ༔  སོ་སོའི་སྡུག་བསྔལ་དང་བྲལ་ནས་རང་བཞིན་སྤྲོས་པ་དང་བྲལ་བའི་ཀློང་དུ་མ་རིག་པའི་གཉིད་འཐུག་པོ་ལས་སད་ནས༔  འོད་གསལ་བདེ་བ་ཆེན་པོའི་ངང་དུ་སྐུ་དང་ཡེ་ཤེས་ཀྱི་རོལ་པར་བཙན་ས་ཟིན་པར་གྱུར་ཅིག༔  ཨོཾ་ཨཱཿཧཱུྃ༔  ལན་གསུམ༔  ཚེ་ལས་འདས་པའི་ཐོག་དྲངས་བར་དོའི་སེམས་ཅན་ལུས་སྔ་མ་བོར༔  ཕྱི་མ་མ་རྙེད་པ༔  ཁས་ཞན་དབང་ཆུང་བ༔  རང་དབང་དང་བྲལ་བ༔  བཀྲེས་སྐོམ་གྱིས་གདུང་བ༔  སྡུག་བསྔལ་སྣ་ཚོགས་ཀྱིས་མནར་བ༔  སྐྱབས་དང་སྐྱེལ་མ་མེད་པ༔  མགོན་དང་དཔུང་གཉེན་བྲལ་བའི་བར་དོའི་སེམས་ཅན་ཐམས་ཅད་ལ་བསྔོའོ༔  འབུལ་ལོ༔  སྦྱིན་ནོ༔  སྐད་ཅིག་ཉིད་ལ་བག་ཆགས་ངན་པའི་ལས་སྒྲིབ་དང་བྲལ་ནས་བར་དོ་ལ་བར་དོ་ཡིན་པར་ངོ་ཤེས༔  བར་དོར་རང་སྣང་གི་ཆོ་འཕྲུལ་རྨི་ལམ་དང་མིག་འཕྲུལ་སེང་གེའི་གསོབ་ལྟ་བུར་ཤེས་ནས་གཟུང་འཛིན་རང་གྲོལ་གྱི་དོན་རྗེས་སུ་དྲན་ཏེ་འཁོར་འདས་འུབ་ཆུབ་རྫོགས་པ་ཆེན་པོའི་དགོངས་ཀློང་དུ་འཕོ་མེད་ཆོས་སྐུའི་རྒྱལ་སྲིད་ལ་དབང་འབྱོར་བར་གྱུར་ཅིག༔  ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་སོགས༔  ཨ་ལི་ཨུ་ལི་ཏ་ལི་ཏམྦྷ་ལི་བྷ་ལི་ཡ་ཡེ་སྭཱ་ཧཱ༔  བསོད་ནམས་ཀྱི་ཚོགས་ཆེན་པོ་འདིའི་སྟོབས་ལ་བརྟེན་ནས༔  བདག་ཅག་རྣལ་འབྱོར་པའི་ལུས་ཀྱི་ནད་གདོན༔  ངག་གི་ཉེས་སྐྱོན༔  སེམས་ཀྱི་སྡུག་བསྔལ༔  ས་ལམ་གྱི་བར་ཆད་ཐམས་ཅད་རྗེས་ཤུལ་ལྷག་མ་ཙམ་ཡང་མ་ལུས་པར་བྱང་ཞིང་དག་པར་གྱུར་ཅིག༔  སླན་ཆད་ཀྱང་མི་མཐུན་པའི་ཕྱོགས་རིས་ངན་པ་སྤུའི་རྩེ་མོ་ཙམ་ཡང་མི་འབྱུང་བར་གྱུར་ཅིག༔  དགའ་རབ་རྡོ་རྗེ་ལ་སོགས་པའི་བརྒྱུད་པའི་བླ་མ༔  ཧཱུྃ་ཆེན་ཀཱ་ར་ལ་སོགས་པའི་རིག་འཛིན་ཆེན་པོ་བརྒྱད༔  ས་ར་ཧ་ལ་སོགས་པའི་གྲུབ་ཆེན་བརྒྱད་ཅུ༔  པདྨ་འབྱུང་གནས་ལ་སོགས་པའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ད་ལྟ་ཉིད་དུ་བདག་གི་རྒྱུད་ལ་འཕོ་བར་གྱུར་ཅིག༔  ཡོངས་སུ་རྫོགས་པར་གྱུར་ཅིག༔  གཉིས་སུ་མེད་པར་གྱུར་ཅིག༔  བདག་གི་སྒོ་གསུམ་རྡོ་རྗེ་གསུམ་དུ་འཕོ་བར་གྱུར་ཅིག༔  སྨིན་པར་གྱུར་ཅིག༔  གྲོལ་བར་གྱུར་ཅིག༔  གནས་ལུགས་རང་གཞིའི་ཞལ་རས་མངོན་སུམ་དུ་མཐོང་ནས་རྣམ་པར་སྨིན་པའི་རིག་འཛིན་གྱི་ས་ལམ་མཐར་ཕྱིན་ཏེ་ལུང་དང་མཐུན་པའི་ཉམས་མྱོང་རྒྱུན་ཆད་མེད་པར་རྒྱུད་ལ་སྐྱེས་ཏེ་སྣང་བ་འོད་གསལ་དུ་སྨིན་ནས་ཚེ་ལ་དབང་བའི་རིག་འཛིན་གྱི་ས་དང་གོ་འཕང་མངོན་དུ་བརྙེས་ཤིང་ཐོབ་པར་གྱུར་ཅིག༔  ཆོས་ཉིད་བསམ་མི་ཁྱབ་པའི་ཡེ་ཤེས་ལ་དབང་བསྒྱུར་ནས་འོད་སྣང་ལོངས་སྐུར་སྨིན་ཏེ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་ས་དང་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག༔  ཆོས་ཅན་གྱི་སྣང་བ་ཆོས་ཉིད་ཀྱི་དབྱིངས་སུ་ཟད་ནས་ནང་གསལ་ཐིམ་ལ་མ་རྨུག་པའི་ཡེ་ཤེས་མངོན་དུ་གྱུར་ནས་ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་ས་དང་གོ་འཕང་མྱུར་དུ་ཐོབ་སྟེ་ལུས་འཇའ་ལུས་ཟང་ཐལ་ཆེན་པོ་སེམས་ཆོས་ཉིད་འོད་གསལ་གྱི་ཀློང་དུ་གཞོན་ནུ་བུམ་པའི་སྐུར་ཚེ་འདི་ཉིད་ལ་གྲོལ་བར་ཤོག་ཅིག༔  སྐུ་དང་ཡེ་ཤེས་རྩལ་སྣང་བསམ་གྱིས་མི་ཁྱབ་པར་དབང་བསྒྱུར་ཏེ་འགྲོ་ཁམས་རྒྱ་མཚོ་དོང་ནས་སྤྲུགས་ནུས་པར་ཤོག་ཅིག༔  བདག་མཐོང་བ་དང་དྲན་པ་དང་མིང་ཐོས་པ་དང་རེག་པ་ཙམ་གྱིས་སྐྱེ་འགྲོ་སེམས་ཅན་ཐམས་ཅད་ཀྱི་ལས་ངན་སྡིག་སྒྲིབ་བག་ཆགས་ཐམས་ཅད་སྐད་ཅིག་ཉིད་ལ་བྱང་ཞིང་དག་ནས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག༔  ཅེས་བདེན་བརྗོད་དང་འགྲུབ་སྔགས་བརྗོད༔  ན་མོ༔  བསླུ་མེད་མཆོག་གསུམ་བདེན་པ་དང་༔  ཏིང་འཛིན་སྔགས་ཀྱི་བྱིན་རླབས་ཀྱིས༔  ཚེ་འདས་དབང་པོ་དྲུག་གི་ཡུལ༔  ཚིམ་ནས་ཟག་མེད་བདེ་སྐྱིད་ཀྱི༔  འདོད་ཡོན་མི་ཟད་གཏེར་ཐོབ་ཤོག༔  ཀྱཻ༔  ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔  བཟའ་བཅའ་བཏུང་བ་ལྡག་གཞིབ་པའི༔  ལོངས་སྤྱོད་བཤམས་པའི་དངོས་པོ་ལ༔  ཏིང་འཛིན་སྔགས་ཀྱིས་བྱིན་བརླབས་ནས༔  བརྩེ་བ་ཆེན་པོས་ཁྱོད་ལ་བསྔོ༔  མ་ཅིག་ཁྲོས་མའི་ཐུགས་རྗེས་དང་༔  མཁའ་འགྲོ་སྡེ་ལྔའི་བྱིན་བརླབས་ཀྱིས༔  བསྔོས་པ་བཞིན་དུ་ཚིམ་གྱུར་ནས༔  གཏན་བདེའི་ལོངས་སྤྱོད་དཔལ་ཐོབ་ཤོག༔  ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་སོགས༔  དེ་ནས་འཕོ་ལུང་ནི༔  དྲིན་ཆེན་རྩ་བརྒྱུད་བླ་མ་མཁྱེན་ནོ༔  ཆོས་སྐུ་དབྱིངས་ཀྱི་ཡུམ་ཆེན་ལ༔  གསོལ་བ་འདེབས་སོ་ལམ་སྣ་དྲོངས༔  དྲིན་ཆེན་རྩ་བརྒྱུད་བླ་མ་མཁྱེན་ནོ༔  ལོངས་སྐུ་རྡོ་རྗེ་ཕག་མོ་ལ༔  གསོལ་བ་འདེབས་སོ་ལམ་སྣ་དྲོངས༔  དྲིན་ཆེན་རྩ་བརྒྱུད་བླ་མ་མཁྱེན་ནོ༔  སྤྲུལ་སྐུ་ཁྲོས་མ་ནག་མོ་ལ༔  གསོལ་བ་འདེབས་སོ་ལམ་སྣ་དྲོངས༔  གསང་བ་ཆེན་པོའི་འཕོ་ལམ་ཕྱེས༔  མཁའ་སྤྱོད་དག་པའི་ཞིང་དུ་དྲོངས༔  དཔའ་བོ་མཁའ་འགྲོའི་སུན་མ་བྱོན༔  བདེ་བ་ཆེན་པོས་རྒྱས་ཐོབ་ཅིག༔  ཚེ་ལས་འདས་པའི་རླུང་སེམས་རྣམ་པར་ཤེས་པའི་ངོ་བོ་འོད་ལྔའི་གོང་བུ་དེ་ཉིད་འོད་ཟེར་གྱི་གསེང་ལམ་ནས་བརྒྱུད་དེ་སྐུ་གསུམ་མཁའ་འགྲོའི་དགོངས་པ་དང་གཉིས་སུ་མེད་པར་གྱུར༔  ཕཊ་ཕཊ་ཕཊ༔  ཀྱཻ༔  འཁོར་བ་སྡུག་བསྔལ་རྒྱ་མཚོ་ལ༔  ཆགས་ཞེན་འཁྲི་བ་ཀུན་ཆོད་ཅིག༔  མཁའ་སྤྱོད་ཞིང་ཁམས་ཡིད་ལ་གྱིས༔  ཁྲོས་མ་ནག་མོའི་ཐུགས་ཀར་འཕོས༔  ཕཊ་ཕཊ་ཕཊ༔  ཕཊ་ཀྱིས་སྐྱེ་མེད་ཀློང་དུ་བསྟིམ༔  ས་མ་ཡ༔  རྒྱ་རྒྱ་རྒྱ༔  མ་འོངས་ལན་ཅན་སྐལ་ལྡན་རྣམས༔  དང་པོར་རང་དོན་མཐར་ཕྱིན་ནས༔  སླར་ནི་གཞན་དོན་དང་ལེན་མཛོད༔  རང་གཞན་མགོ་བསྐོར་ལས་མ་བྱེད༔  ཆོས་ཕྱིར་གཞན་གྱི་སྲོག་མ་གཅོད༔  ངས་ནི་འགྲོ་ལ་ཕན་ཕྱིར་ལས༔  ཤན་པའི་སྤུ་གྲིར་བསྟན་དུ་མེད༔  ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔  གཤེད་ཀྱིས་གཤིན་བཟུང་གསོན་པོར་གནོད༔  ནད་དང་རིམས་ཡམས་མཚོན་འཁྲུགས་འགྱེད༔  ནག་ཕྱོགས་ཁ་དར་དཀར་ཕྱོགས་ཕམ༔  དུས་དེར་བདུད་ཀྱི་སྟོབས་བཙན་པས༔  དམ་སྲི་བདུད་རྒྱལ་སྤྲུལ་པ་འགས༔  གྲོང་ཆོག་འདྲེ་བརྡུང་སེམས་ཅན་གསོད༔  ཤ་ཁྲག་དམར་གཡོས་བྱེད་པ་འབྱུང་༔  དེ་དུས་གཅིག་ལ་ཕན་ཕན་འདྲ༔  ཡུལ་དུ་མི་འདོད་སྣ་ཚོགས་འབྱུང་༔  སྙིགས་མ་ལྔ་བདོའི་སེམས་ཅན་གྱི༔  སེམས་རྒྱུད་བདུད་ཀྱིས་བརླམ་པ་ཡིས༔  རྣལ་འབྱོར་ཅན་ལ་བརྙས་སྐུར་འདེབས༔  བསླུ་བདུད་སྤྱི་བོའི་གཙུག་ཏུ་ཁུར༔  རང་ཚོད་ཟུངས་ལ་ཆོས་ཚུལ་སྐྱོངས༔  འདི་ནི་ཚུལ་བཞིན་ཉམས་ལེན་པའི༔  སྐལ་ལྡན་སྐྱེས་བུ་དམ་པ་ཡིས༔  རང་གཞན་དོན་གཉིས་མྱུར་དུ་འགྲུབ༔  མཁའ་འགྲོ་འབུམ་གྱི་གསང་མཛོད་ཐོབ༔  རིག་འཛིན་བརྒྱད་ཀྱི་ཐུགས་བཅུད་ལོན༔  གྲུབ་ཆེན་བརྒྱད་ཅུའི་ཐུགས་བཅུད་འདུས༔  སྣང་སྲིད་མ་ལུས་དབང་སྡུད་འགྱུར༔  ཚེ་གཅིག་སངས་རྒྱས་འགྲུབ་འགྱུར་རོ༔  གཟའ་བདུད་དུག་གི་སྤུ་གྲིས་སྲུངས༔  གཤེ་སྐུར་མཁན་གྱི་སྲོག་རྩ་ཆོད༔  ས་མ་ཡ༔  རྒྱ་རྒྱ་རྒྱ༔  གཏེར་རྒྱ༔  སྦས་རྒྱ༔  གཏད་རྒྱ༔  ཟབ་རྒྱ༔  བརྡ་ཐིམ༔  ཞེས་པ་འདི་ནི་ཆུ་ཕོ་སྤྲེལ་གྱི་ལོ་ཧོར་ཟླ་དང་པོའི་ཚེས་ལྔ་ཉིན་པར། མི་སྨྱོན་བདུད་འཇོམས་རྡོ་རྗེ་གྲོལ་རྩལ་གྱིས་འཕོ་མེད་ནམ་མཁའི་ཀློང་མཛོད་ནས་བཏོན་པ་ལས་རང་སློབ་འཇིགས་མེད་དམ་ཆོས་དང་བསོད་ནམས་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་གསུམ་གྱིས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་དྷརྨ་བཛྲ་རོ། །དགེའོ། །དགེའོ། །དགེའོ།། །། [[Category:Wyckibaat]]
|classification=Tibetan Publications
|subclass=Tibetan Texts
|collectiontitle=khros ma'i sgrub skor
|collectiontitletib=ཁྲོས་མའི་སྒྲུབ་སྐོར་
|totalvolumes=1
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=1
|volumeLetter=
|textnuminvol=046
|pdflink=File:DUDJOM-THROMA-046.pdf
|InitCategories=Dudjom Tersar Project; DUDJOM-THROMA
}}
<h1>Tibetan Text</h1>
<onlyinclude>
{{TibP|དབུ་ཁྲིད་༠༠༠༠༠༠༠༠༠༠༠བརྡ་ཡིག ༤༤༧ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔  ཚེ་འདས་རྗེས་འཛིན་གནས་ལུང་ཁྲུས་ལུང་བཞུགས་སོ༔   
དབུ་ཁྲིད་༠༠༠༠༠༠༠༠༠༠༠བརྡ་ཡིག ༤༤༨ ༠༠༠༠༠༠༠༠༠༠༠བརྡ་ཡིག ༤༤༨ ན་མོ་གུ་རུ་པདྨ་ཀ་ར་ཡེ༔  རང་མདུན་པདྨ་འདབ་དྲུག་གི༔  སྟེང་དུ་བཤོས་ཟླུམ་ལན་ཆགས་དང་༔  ཞལ་ཟས་རེ་རེ་བཤམས་ནས་སུ༔  ཟས་གཏད་དཀར་གསུམ་མངར་གསུམ་སྐྱེམས༔  ཁྲུས་ཀྱི་བུམ་པ་ལྟེ་བར་བཞག༔  འདབ་དྲུག་རིགས་དྲུག་གནས་དྲུག་ཏུ༔  འདྲེན་མཛད་ཡེ་ཤེས་མཁའ་འགྲོ་དྲུག༔  འོད་ལྔའི་ཀློང་དུ་རྒྱན་རྫོགས་བསམ༔  རང་ཉིད་ཁྲོས་མའི་ང་རྒྱལ་གྱིས༔  ཕཊ༔  རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོར་གསལ་བའི་མདུན་དུ་པདྨ་འདབ་མ་དྲུག་པའི་ཟེའུ་འབྲུའི་སྟེང་དུ་ལས་ཀྱི་བུམ་པ་གཞལ་ཡས་ཁང་ཡངས་པའི་ནང་དུ་མ་ཅིག་ཁྲོས་མ་དཀར་མོའི་སྐུ་ལས་དག་བྱེད་ཡེ་ཤེས་བདུད་རྩིའི་རྒྱུན་བབས་པས་བུམ་པ་མེར་གྱིས་གང་ནས་ཁམས་གསུམ་གྱི་བག་ཆགས་ཐམས་ཅད་སྦྱོང་བའི་ནུས་པ་དང་ལྡན་པར་གྱུར༔  ཨོཾ་ཤྲཱི་བཛྲ་ཀྲོ་དྷི་ཀ་ལི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔  ཞེས་བརྒྱ་རྩ་བརྗོད༔  ཨོཾ་སྭ་བྷཱ་ཝ་སོགས༔  པདྨ་འདབ་མ་དྲུག་གི་རང་མདུན་ཤར་དུ་མི་ནས་རིམ་པས་གཡས་སྐོར་དུ་དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་མ་ཡིན་དང་ལྷ་ཡི་གནས་ཁམས་མ་ལུས་ཡོངས་སུ་རྫོགས་པ་ཚེ་འདས་ཉིད་ཀྱི་སྣང་ཉམས་སུ་སྐད་ཅིག་ཉིད་ལ་ཤར་ནས་དེ་ཉིད་གནས་འགྱུར་ཏེ་རིགས་དྲུག་གི་སྡུག་བསྔལ་ལ་རྟག་ཏུ་སྤྱོད་བྱེད་ཀྱི་བག་ཆགས་གཟུང་འཛིན་ཐམས་ཅད་དུས་གཅིག་ལ་སྦྱངས་ཤིང་དག་ཅིང་གྲོལ་ནས་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་ཏེ་མ་ཡུམ་ཆེན་གྱི་དགོངས་ཀློང་དུ་གྲོལ་བར་བྱེད་པའི་བདག་ཉིད་ཅན་དུ་གྱུར༔  ཕཊ་ཕཊ་ཕཊ༔  སྐད་ཅིག་གིས་མདུན་དུ་ཡུམ་ཆེན་ལྔའི་ཐུགས་རྗེ་འོད་ཀྱི་གྭའུའི་ནང་དུ་ཚེ་ལས་འདས་པའི་རྣམ་པར་ཤེས་པ་གསོན་པོའི་གནས་སྐབས་ཇི་ལྟ་བ་བཞིན་དུ་གནས་པའི་མདུན་དུ་བླ་ཡང་འཁོད་པར་བསམ༔  ཞལ་ཟས་རྣམས་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་ཁམས་གསུམ་འཁོར་བ་མ་སྟོང་གི་བར་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་མཆོད་སྤྲིན་རྒྱ་མཚོའི་རྒྱུན་མི་འཆད་པར་སྤྲོ་བ༔  བཤོས་ཟླུམ་ཆངས་བུ་རྣམས་འདོད་པའི་ཡོན་ཏན་ལྔ་དང་ལྡན་ཅིང་ལོངས་སྤྱོད་མི་ཟད་པ་རྒྱན་གྱི་འཁོར་ལོ་རྒྱུན་མི་འཆད་པར་སྤྲོས་ཏེ་ཚེ་འདས་ཀྱི་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱི་ལན་ཆགས་བྱང་༔  བུ་ལོན་སོད༔  ཤ་མཁོན་དག་ནས་བདེ་ཆེན་འཕོ་འགྱུར་མེད་པའི་དབྱིངས་སུ་སྒྲོལ་བྱེད་ཀྱི་ནུས་པ་དང་ལྡན་པར་གྱུར༔  ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ལན་གསུམ་གྱིས་སྤེལ༔  ཕཊ༔  ཧཱུྃ༔  ང་ནི་ཡེ་ཤེས་མཁའ་འགྲོ་མ༔  སྐུ་གསུམ་ལྷུན་གྲུབ་ཁྲོས་མའི་སྐུ༔  འཁོར་འདས་ཡོངས་ལ་མངའ་དབང་བསྒྱུར༔  ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི༔  མཁྱེན་བརྩེ་ནུས་པའི་བདག་ཉིད་ཡིན༔  སྐྱབས་བྲལ་མགོན་མེད་ཚེ་འདས་ཁྱོད༔  མ་ཡེངས་དད་གུས་མོས་པས་ཉོན༔  ཁྱོད་སྲིད་པའི་རྩེ་མོ་མན་ཆད་ནས༔  མནར་མེད་དམྱལ་བ་ཡན་ཆད་དུ༔  གང་ན་གནས་ཀྱང་འདིར་ཤོག་ཅིག༔  སྐྱབས་གནས་དཀོན་མཆོག་གསུམ་པོ་དང་༔  རྩ་གསུམ་སྐུ་གསུམ་བདེན་པ་དང་༔  ཆོས་ཉིད་མི་འགྱུར་བདེན་མཐུ་དང་༔  རྟེན་འབྲེལ་བསླུ་བ་མེད་པའི་མཐུས༔  ཚེ་འདས་བླ་ཡིད་སེམས་གསུམ་ནི༔  ཁམས་གསུམ་གང་ན་གནས་གྱུར་ཀྱང་༔  གཟུགས་མིང་འདི་ལ་མཆིས་གྱུར་ཅིག༔  རང་དབང་དད་གུས་ལྡན་པ་ཡིས༔  བདེ་སྐྱིད་ངང་དུ་བག་ཕེབ་ཤོག༔  ཕཊ་ཕཊ་ཕཊ༔  ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔  འདི་ལྟར་སྣང་བ་ཐམས་ཅད་ནི༔  རང་གི་སེམས་ལས་གཞན་མ་ཡིན༔  ང་ཁྱོད་གཉིས་འཛིན་ཞེན་པ་ཆོད༔  ཕྱི་རུ་འཛིན་པའི་ཡུལ་གནས་དང་༔  ནང་དུ་ངར་འཛིན་འཆིང་བ་གཉིས༔  དོན་ལ་རྣམ་པར་རྟོག་པ་ཉིད༔  སེམས་གཞིའི་ཀློང་དུ་འཐས་པ་ལས༔  ཡུལ་དང་ཡུལ་ཅན་དེ་ལས་བྱུང་༔  སྒྱུ་མ་དང་ནི་སྨིག་སྒྱུ་དང་༔  ན་བུན་ཁུ་རླངས་སྤྲིན་རླུང་བཅས༔  ནམ་མཁའ་ལས་བྱུང་ནམ་མཁར་ཡལ༔  ཉིན་སྣང་རྨི་སྣང་བདེ་སྡུག་སྣང་༔  རིགས་དྲུག་གནས་ཁམས་སྐྱེ་འགྲོ་སོགས༔  ཚོགས་དྲུག་ཡུལ་སྣང་ཐམས་ཅད་ཀུན༔  སེམས་ལས་བྱུང་སྟེ་སེམས་སུ་ཐིམ༔  དག་པ་སངས་རྒྱས་སངས་རྒྱས་ཞིང་༔  ཐམས་ཅད་སེམས་ཉིད་རང་གཞིའི་ཞལ༔  ངོ་བོ་སྟོང་པའི་ཡེ་ཤེས་སུ༔  སེམས་ཉིད་མ་བཅོས་ངང་ལ་ཞོག༔  འདི་ལྟར་སྣང་བ་ཐམས་ཅད་ནི༔  སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔  ཆོས་སྐུ་ཁྱབ་བརྡལ་ངང་དུ་ཤིག༔  ངོ་ཤེས་ངང་དུ་གདིང་ཐོབ་ན༔  འགྱུར་མེད་བཙན་ས་ཟིན་འགྱུར་རོ༔  འཁོར་འདས་རང་སྣང་ངོས་ཟིན་མཛོད༔  མ་ཡེངས་མ་འཁྲུལ་རིགས་ཀྱི་བུ༔  ཕཊ་ཕཊ་ཕཊ༔  ཀྱཻ༔  ཡང་ཅིག་གསོན་དང་རིགས་ཀྱི་བུ༔  ཞེ་སྡང་དྲག་པོའི་སྣང་ཆའི་འཕྲུལ༔  དམྱལ་བའི་སྡུག་བསྔལ་ཉེ་བར་ལེན༔  གཟུང་ཡུལ་མཁན་པོ་བདག་མེད་སྟོང་༔  བཤོས་ཟླུམ་ལན་ཆགས་ཐོགས་ལ༔  ཧཱུྃ༔  ཞེ་སྡང་དྲག་པོའི་དབང་གྱུར་ནས༔  ཚེ་འདས་དམྱལ་བར་སྐྱེ་བའི་རྒྱུ༔  བསླུ་བྱེད་བདུད་ལ་བཤོས་ཟླུམ་འཇལ༔  ལན་ཆགས་བགེགས་ལ་ཆངས་གླུད་འབུལ༔  སླན་ཆད་ཐར་པའི་གེགས་མ་བྱེད༔  དཀོན་མཆོག་གསུམ་གྱི་བཀའ་ཡིན་ནོ༔  ཧཱུྃ༔  རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ལ༔  ཚོགས་གཉིས་རྫོགས་ཕྱིར་མཆོད་སྤྲིན་འབུལ༔  མེ་ལོང་ཡེ་ཤེས་བདུད་རྩི་ཡིས༔  ཞེ་སྡང་ལས་ཉོན་སྒྲིབ་དག་ཤོག༔  ཧཱུྃ་བཛྲ་ཌཱ་ཀི་ནཱི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔  ཕཊ༔  མཁའ་འགྲོ་སེམས་དང་གཉིས་མེད་འདྲེས༔  སྐད་ཅིག་སྣང་བ་གནས་འགྱུར་ནས༔  འདོད་ཆགས་ལས་ཀྱི་སྣང་ཆའི་འཕྲུལ༔  ཡི་དྭགས་སྡུག་བསྔལ་ཉེ་བར་ལེན༔  གཟུང་ཡུལ་བཀྲེས་སྐོམ་འཁྲུལ་སྣང་ཉམས༔  བཤོས་ཟླུམ་ལན་ཆགས་ཐོགས་ལ༔  ཧཱུྃ༔  འདོད་ཆགས་དབང་གྱུར་མཐུ་བརྟས་ནས༔  ཚེ་འདས་ཡི་དྭགས་སྡུག་བསྔལ་དུ༔  འཆིང་བྱེད་བདུད་ལ་བཤོས་ཟླུམ་འཇལ༔  ལན་ཆགས་བགེགས་ལ་ཆངས་གླུད་འབུལ༔  སླན་ཆད་བདུད་དང་གེགས་མ་བྱེད༔  དཀོན་མཆོག་གསུམ་གྱི་བཀའ་ཡིན་ནོ༔  ཧཱུྃ༔  པདྨ་རིགས་ཀྱི་མཁའ་འགྲོ་ལ༔  ཚོགས་གཉིས་རྫོགས་ཕྱིར་མཆོད་སྤྲིན་འབུལ༔  སོར་རྟོག་ཡེ་ཤེས་ཆུ་རྒྱུན་གྱིས༔  འདོད་ཆགས་ལས་ཉོན་སྒྲིབ་དག་ཤོག༔  ཨོཾ་པདྨ་ཌཱ་ཀི་ནཱི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔  ཕཊ༔  མཁའ་འགྲོ་སེམས་དང་གཉིས་མེད་འདྲེས༔  སྐད་ཅིག་སྣང་བ་གནས་འགྱུར་ནས༔  གཏི་མུག་ལས་ཀྱི་སྣང་ཆའི་འཕྲུལ༔  བྱོལ་སོང་སྡུག་བསྔལ་ཉེ་བར་ལེན༔  གཟུང་ཡུལ་སྡུག་བསྔལ་འཁྲུལ་སྣང་ཉམས༔  བཤོས་ཟླུམ་ལན་ཆགས་ཐོགས་ལ༔  ཧཱུྃ༔  གཏི་མུག་དབང་གྱུར་མཐུ་བརྟས་པས༔  ཚེ་འདས་བྱོལ་སོང་སྡུག་བསྔལ་དུ༔  འཆིང་བྱེད་བདུད་ལ་བཤོས་བུ་འཇལ༔  ལན་ཆགས་བགེགས་ལ་ཆངས་གླུད་འབུལ༔  སླན་ཆད་བདུད་གེགས་མ་བྱེད་ཅིག༔  དཀོན་མཆོག་གསུམ་གྱི་བཀའ་ཡིན་ནོ༔  ཧཱུྃ༔  སངས་རྒྱས་རིགས་ཀྱི་མཁའ་འགྲོ་ལ༔  འདོད་ཡོན་མཆོད་པའི་སྤྲིན་ཕུང་འབུལ༔  ཆོས་དབྱིངས་ཡེ་ཤེས་ཆུ་རྒྱུན་གྱིས༔  གཏི་མུག་ལས་ཉོན་སྒྲིབ་དག་ཤོག༔  ཨོཾ་བུདྡྷ་ཌཱ་ཀི་ནཱི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔  ཕཊ༔  མཁའ་འགྲོ་སེམས་དང་གཉིས་མེད་གྱུར༔  སྐད་ཅིག་སྣང་བ་གནས་འགྱུར་ནས༔  ཕྲག་དོག་ལས་ཀྱི་སྣང་ཆའི་འཕྲུལ༔  ལྷ་མིན་སྡུག་བསྔལ་ཉེ་བར་ལེན༔  གཟུང་ཡུལ་སྡུག་བསྔལ་འཁྲུལ་སྣང་ཉམས༔  དེ་ནས་བཤོས་ཟླུམ་ཆངས་བུ་ཐོགས་ལ༔  ཧཱུྃ༔  ཕྲག་དོག་དབང་གྱུར་མཐུ་བརྟས་པས༔  ཚེ་འདས་ལྷ་མིན་སྡུག་བསྔལ་དུ༔  འཆིང་བྱེད་བདུད་ལ་བཤོས་ཟླུམ་འཇལ༔  ལན་ཆགས་བགེགས་ལ་ཆངས་གླུད་འབུལ༔  སླན་ཆད་བདུད་གེགས་མ་བྱེད་ཅིག༔  དཀོན་མཆོག་གསུམ་གྱི་བཀའ་ཡིན་ནོ༔  ཧཱུྃ༔  ལས་ཀྱི་རིགས་ཀྱི་མཁའ་འགྲོ་ལ༔  འདོད་ཡོན་མཆོད་པའི་སྤྲིན་ཕུང་འབུལ༔  བྱ་གྲུབ་ཡེ་ཤེས་ཆུ་རྒྱུན་གྱིས༔  ཕྲག་དོག་ལས་ཉོན་སྒྲིབ་དག་ཤོག༔  ཨོཾ་ཀརྨ་ཌཱ་ཀི་ནཱི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔  ཕཊ༔  མཁའ་འགྲོ་སེམས་དང་གཉིས་མེད་གྱུར༔  སྐད་ཅིག་སྣང་བ་གནས་འགྱུར་ནས༔  ང་རྒྱལ་ལས་ཀྱི་སྣང་ཆའི་འཕྲུལ༔  ལྷ་ཡི་སྡུག་བསྔལ་ཉེ་བར་ལེན༔  གཟུང་ཡུལ་སྡུག་བསྔལ་འཁྲུལ་སྣང་ཉམས༔  དེ་ནས་བཤོས་ཟླུམ་ལན་ཆགས་ཐོགས་ལ༔  ཧཱུྃ༔  ང་རྒྱལ་དབང་གྱུར་མཐུ་བརྟས་པས༔  ཚེ་འདས་ཕམ་ལྟུང་ལྡུག་བསྔལ་དུ༔  འཆིང་བྱེད་བདུད་ལ་བཤོས་ཟླུམ་འཇལ༔  ལན་ཆགས་བགེགས་ལ་ཆངས་གླུད་འབུལ༔  སླན་ཆད་བདུད་གེགས་མ་བྱེད་ཅིག༔  དཀོན་མཆོག་གསུམ་གྱི་བཀའ་ཡིན་ནོ༔  ཧཱུྃ༔  རིན་ཆེན་རིགས་ཀྱི་མཁའ་འགྲོ་ལ༔  འདོད་ཡོན་རྒྱན་གྱི་མཆོད་ཚོགས་འབུལ༔  མཉམ་ཉིད་ཡེ་ཤེས་ཆུ་རྒྱུན་གྱིས༔  ང་རྒྱལ་ལས་ཉོན་སྒྲིབ་དག་ཤོག༔  སྭཱ་རཏྣ་ཌཱ་ཀི་ནཱི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔  ཕཊ༔  མཁའ་འགྲོ་སེམས་དང་གཉིས་མེད་གྱུར༔  སྐད་ཅིག་སྣང་བ་གནས་འགྱུར་ནས༔  དུག་ལྔའི་མཐུ་བརྟས་སྣང་ཆའི་འཕྲུལ༔  མི་ཡི་བདེ་སྡུག་མྱོང་ཚོར་ལེན༔  སྣོད་བཅུད་སྣང་སྲིད་འཁྲུལ་སྣང་ཉམས༔  བདེན་མེད་སྒྱུ་མར་ཤེས་མཛོད་ལ༔  ཞེན་ཆགས་མེད་པའི་ངང་དུ་ཤིག༔  དེ་ནས་བཤོས་ཟླུམ་ལན་ཆགས་ཐོགས་ལ༔  ཧཱུྃ༔  ཉོན་མོངས་ལྔ་དང་འདོད་པའི་ཤུགས༔  བརྟས་པས་མི་ཡི་སྡུག་བསྔལ་དུ༔  འཆིང་བྱེད་བདུད་ལ་བཤོས་ཟླུམ་འཇལ༔  སྡེ་བརྒྱད་ལྷ་འདྲེ་ལན་ཆགས་བགེགས༔  ཀུན་ལ་ཆངས་གླུད་འདོད་ཡོན་འབུལ༔  སླན་ཆད་ཐར་པའི་གེགས་མ་བྱེད༔  དཀོན་མཆོག་གསུམ་གྱི་བཀའ་ཡིན་ནོ༔  ཧཱུྃ༔  མ་ཅིག་ཁྲོས་མ་ནག་མོ་ལ༔  འདོད་ཡོན་རྒྱན་གྱི་མཆོད་ཚོགས་འབུལ༔  ཡེ་ཤེས་ལྔ་ཡི་ཆུ་རྒྱུན་གྱིས༔  དུག་ལྔའི་ལས་ཉོན་སྒྲིབ་དག་ཤོག༔  ཨོཾ་ཤྲཱི་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔  ཕཊ༔  ཡེ་ཤེས་མཁའ་འགྲོའི་སྐུ་གསུང་ཐུགས༔  ཚེ་འདས་སྒོ་གསུམ་ལ་འཕོས་ཏེ༔  རྡོ་རྗེ་གསུམ་གྱི་གྲོང་དུ་འཕོས༔  དཀྱིལ་འཁོར་ཤར་སྒོར་པད་ཉིའི་སྟེང་༔  འོད་ཀྱི་གོང་བུར་འོད་ཕུང་གསལ༔  སྤྱི་བོར་ཡས་རིམ་ཁྲོས་མ་དང་༔  རྡོ་རྗེ་ཕག་མོ་ཀུན་བཟང་མོ༔  རིགས་བདག་ཐོ་བརྩེགས་ཚུལ་དུ་གསལ༔  དེ་དག་ཐུགས་ཀའི་གསེང་ལམ་ནི༔  འོད་ལྔའི་སྦུ་གུར་ཚུད་པར་བསམ༔  དེ་ནས་བླ་གླུད་བསྔོ་བ་ནི༔  ཕཊ༔  ང་ནི་ཁྲོས་མ་ནག་མོ་སྟེ༔  ཉོན་ཅིག་སྣང་སྲིད་ལྷ་འདྲེའི་ཚོགས༔  ང་ཡི་བཀའ་ལས་འདའ་མ་བྱེད༔  ཚེ་འདས་བླ་ཡིད་སེམས་གསུམ་གྱི༔  ཚབ་དང་རིན་དུ་འདོད་ཡོན་ལྔའི༔  ལོངས་སྤྱོད་གླུད་གཏོར་སྣ་ཚོགས་འཇལ༔  ཁྱེད་ཅག་མགུ་ཞིང་ཚིམ་གྱིས་ལ༔  བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔  བསྡམས་པ་ཀློད་ལ་མནན་པ་ཐེག༔  ཚེ་འདས་བླ་ཡིད་སེམས་གསུམ་ལ༔  སླན་ཆད་སྡོང་གྲོགས་རྒྱབ་བརྟེན་དང་༔  མགོན་སྐྱབས་དཔུང་གཉེན་མ་བྱེད་ཅིག༔  ཆགས་ཞེན་འཁོར་བར་མ་བྱེད་ཅིག༔  བསྐལ་བཟང་སངས་རྒྱས་སྟོང་དང་ནི༔  སྟོབས་ཆེན་ཕྱག་ན་རྡོ་རྗེ་ཡི༔  བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔  དམ་ཚིག་ཡིན་ནོ་དམ་མ་ཉམས༔  སོ་སོ་རང་རང་གནས་སུ་དེངས༔  ཧཱུྃ་བཞིའི་སྔགས་བརྗོད་ཐུན་གྱིས་བྲབ་ལ་བསྐྲད༔  ཕཊ་ཕཊ་ཕཊ༔  སྟེང་འོག་བར་གསུམ་རྡོ་རྗེའི་གུར༔  ཡེ་ཤེས་ལྔ་དང་འོད་ལྔ་འཁྲིགས༔  མེ་དཔུང་རྡོ་རྗེའི་མཚོན་ཐུན་འཕྲོ༔  ཡེ་ཤེས་འོད་ཀྱི་གྭའུར་བསྒོམ༔  དེ་ནས་ཟས་བསྔོ་བ་ནི༔  ཨོཾ་སྭ་བྷཱ་ཝ་སོགས༔  སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་འདོད་ཡོན་གྱི་ངོ་བོ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་མིག་གི་ཡུལ་དུ་གཟུགས་མཛེས་པ་ཕུན་སུམ་ཚོགས་པ༔  རྣ་བའི་ཡུལ་དུ་སྒྲ་སྙན་པ་ཕུན་སུམ་ཚོགས་པ༔  སྣའི་ཡུལ་དུ་དྲི་ཞིམ་པ་ཕུན་སུམ་ཚོགས་པ༔  ལྕེའི་ཡུལ་དུ་རོ་བརྒྱ་ནུས་པ་སྟོང་དང་ལྡན་པའི་བཟའ་བཅའ་བཏུང་བ་ལྡག་གཞིབ་ཕུན་སུམ་ཚོགས་པ༔  ལུས་ཀྱི་ཡུལ་དུ་མཛེས་འཇམ་ཡང་སྲབ་བདེ་བའི་རེག་བྱ་ཕུན་སུམ་ཚོགས་པ༔  ཡིད་ཀྱི་ཡུལ་དུ་འདོད་པའི་ལོངས་སྤྱོད་མཛའ་བའི་གཉེན་གྲོགས་འཁོར་གཡོག༔  བརྒྱན་པའི་ཆས༔  བརྟེན་པའི་གནས་ཁང་༔  བསྲེལ་བའི་གཟུགས་འགྲོས༔  བསགས་པའི་དཀོར་ནོར་ཕུན་སུམ་ཚོགས་པ༔  ནད་གསོ་བའི་སྨན༔  འཆི་བ་བསླུ་བའི་བདུད་རྩི༔  སྡུག་བསྔལ་སེལ་བར་བྱེད་པའི་འདོད་ཡོན་མི་ཟད་པ་རྒྱན་གྱི་འཁོར་ལོ་རྒྱ་ཆེན་པོར་གྱུར་ཅིག༔  བསླུ་མེད་དཀོན་མཆོག་གསུམ་དང་བདེན་གཉིས་བསླུ་བ་མེད་པའི་མཐུ་དང་སྟོབས་ཀྱིས་དེ་བཞིན་དུ་གྱུར་ཅིག༔  སྭཱ་ཧཱ༔  ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ་ལ༔  དེ་བཞིན་གཤེགས་པ་བཞིའི་མཚན་དང་སམྦྷ་ར་བཅས་བརྗོད༔  ཨོཾ་ཨཱཿ ཧཱུྃ༔  གསུར་མཆོད་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་འདི་ཉིད་དཀོན་མཆོག་སྲི་ཞུའི་མགྲོན་དང་མགོན་པོ་ཡོན་ཏན་གྱི་མགྲོན་དུ་གྱུར་པ་ཐམས་ཅད་ལ་འབུལ་ལོ༔  བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ཚོགས་གཉིས་རྫོགས་སྒྲིབ་གཉིས་བྱང་ནས་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་གྱུར་ཏེ་ཀུན་བཟང་གདོད་མའི་མགོན་པོའི་དགོངས་ཀློང་དུ་གཞོན་ནུ་བུམ་སྐུར་གཏན་སྲིད་ཟིན་པར་ཤོག་ཅིག༔  ཨོཾ་ཨཱཿ ཧཱུྃ༔  ལན་གསུམ༔  བཀའི་ལྷ་སྲིན་སྡེ་བརྒྱད་ལྷ་ཀླུ་གཉན་དང་ས་བདག་མི་མ་ཡིན་ཡུལ་ལྷ་ཟོ་དོར་ནད་བདག་རིགས་བདག་ཕོ་གདོན་མོ་གདོན་ཀླུ་གདོན་གནས་གདོན་ལུས་གདོན་ཚེ་རབས་ཐོག་མ་མེད་པ་ནས་ལན་ཆགས་བུ་ལོན་ཤ་མཁོན་གྱི་བདག་པོ་བདག་མོ་ཐམས་ཅད་ལ་འབུལ་ལོ༔  བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ལན་ཆགས་བྱང་༔  བུ་ལོན་སོད༔  ཤ་མཁོན་དག་ནས་གནོད་བྱ་གནོད་བྱེད་ཐམས་ཅད་བདེ་བ་མཆོག་དང་ལྡན་ནས་སྡུག་བསྔལ་གྱི་རྒྱུ་འབྲས་ཐམས་ཅད་དང་བྲལ་ཏེ་ཆོས་སྐུ་སྐྱེ་བ་མེད་པའི་དབྱིངས་སུ་སངས་རྒྱས་པར་གྱུར་ཅིག༔  ཨོཾ་ཨཱཿ ཧཱུྃ༔  ལན་གསུམ༔  མཐོ་སྲིད་པའི་རྩེ་མོ་མན་ཆད་དམའ་མནར་མེད་པའི་དམྱལ་ཁམས་ཡན་ཆད་ཀྱི་སེམས་ཅན་ཐམས་ཅད་ལ་བསྔོའོ༔  འབུལ་ལོ༔  སྦྱིན་ནོ༔  སོ་སོའི་སྡུག་བསྔལ་དང་བྲལ་ནས་རང་བཞིན་སྤྲོས་པ་དང་བྲལ་བའི་ཀློང་དུ་མ་རིག་པའི་གཉིད་འཐུག་པོ་ལས་སད་ནས༔  འོད་གསལ་བདེ་བ་ཆེན་པོའི་ངང་དུ་སྐུ་དང་ཡེ་ཤེས་ཀྱི་རོལ་པར་བཙན་ས་ཟིན་པར་གྱུར་ཅིག༔  ཨོཾ་ཨཱཿཧཱུྃ༔  ལན་གསུམ༔  ཚེ་ལས་འདས་པའི་ཐོག་དྲངས་བར་དོའི་སེམས་ཅན་ལུས་སྔ་མ་བོར༔  ཕྱི་མ་མ་རྙེད་པ༔  ཁས་ཞན་དབང་ཆུང་བ༔  རང་དབང་དང་བྲལ་བ༔  བཀྲེས་སྐོམ་གྱིས་གདུང་བ༔  སྡུག་བསྔལ་སྣ་ཚོགས་ཀྱིས་མནར་བ༔  སྐྱབས་དང་སྐྱེལ་མ་མེད་པ༔  མགོན་དང་དཔུང་གཉེན་བྲལ་བའི་བར་དོའི་སེམས་ཅན་ཐམས་ཅད་ལ་བསྔོའོ༔  འབུལ་ལོ༔  སྦྱིན་ནོ༔  སྐད་ཅིག་ཉིད་ལ་བག་ཆགས་ངན་པའི་ལས་སྒྲིབ་དང་བྲལ་ནས་བར་དོ་ལ་བར་དོ་ཡིན་པར་ངོ་ཤེས༔  བར་དོར་རང་སྣང་གི་ཆོ་འཕྲུལ་རྨི་ལམ་དང་མིག་འཕྲུལ་སེང་གེའི་གསོབ་ལྟ་བུར་ཤེས་ནས་གཟུང་འཛིན་རང་གྲོལ་གྱི་དོན་རྗེས་སུ་དྲན་ཏེ་འཁོར་འདས་འུབ་ཆུབ་རྫོགས་པ་ཆེན་པོའི་དགོངས་ཀློང་དུ་འཕོ་མེད་ཆོས་སྐུའི་རྒྱལ་སྲིད་ལ་དབང་འབྱོར་བར་གྱུར་ཅིག༔  ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་སོགས༔  ཨ་ལི་ཨུ་ལི་ཏ་ལི་ཏམྦྷ་ལི་བྷ་ལི་ཡ་ཡེ་སྭཱ་ཧཱ༔  བསོད་ནམས་ཀྱི་ཚོགས་ཆེན་པོ་འདིའི་སྟོབས་ལ་བརྟེན་ནས༔  བདག་ཅག་རྣལ་འབྱོར་པའི་ལུས་ཀྱི་ནད་གདོན༔  ངག་གི་ཉེས་སྐྱོན༔  སེམས་ཀྱི་སྡུག་བསྔལ༔  ས་ལམ་གྱི་བར་ཆད་ཐམས་ཅད་རྗེས་ཤུལ་ལྷག་མ་ཙམ་ཡང་མ་ལུས་པར་བྱང་ཞིང་དག་པར་གྱུར་ཅིག༔  སླན་ཆད་ཀྱང་མི་མཐུན་པའི་ཕྱོགས་རིས་ངན་པ་སྤུའི་རྩེ་མོ་ཙམ་ཡང་མི་འབྱུང་བར་གྱུར་ཅིག༔  དགའ་རབ་རྡོ་རྗེ་ལ་སོགས་པའི་བརྒྱུད་པའི་བླ་མ༔  ཧཱུྃ་ཆེན་ཀཱ་ར་ལ་སོགས་པའི་རིག་འཛིན་ཆེན་པོ་བརྒྱད༔  ས་ར་ཧ་ལ་སོགས་པའི་གྲུབ་ཆེན་བརྒྱད་ཅུ༔  པདྨ་འབྱུང་གནས་ལ་སོགས་པའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ད་ལྟ་ཉིད་དུ་བདག་གི་རྒྱུད་ལ་འཕོ་བར་གྱུར་ཅིག༔  ཡོངས་སུ་རྫོགས་པར་གྱུར་ཅིག༔  གཉིས་སུ་མེད་པར་གྱུར་ཅིག༔  བདག་གི་སྒོ་གསུམ་རྡོ་རྗེ་གསུམ་དུ་འཕོ་བར་གྱུར་ཅིག༔  སྨིན་པར་གྱུར་ཅིག༔  གྲོལ་བར་གྱུར་ཅིག༔  གནས་ལུགས་རང་གཞིའི་ཞལ་རས་མངོན་སུམ་དུ་མཐོང་ནས་རྣམ་པར་སྨིན་པའི་རིག་འཛིན་གྱི་ས་ལམ་མཐར་ཕྱིན་ཏེ་ལུང་དང་མཐུན་པའི་ཉམས་མྱོང་རྒྱུན་ཆད་མེད་པར་རྒྱུད་ལ་སྐྱེས་ཏེ་སྣང་བ་འོད་གསལ་དུ་སྨིན་ནས་ཚེ་ལ་དབང་བའི་རིག་འཛིན་གྱི་ས་དང་གོ་འཕང་མངོན་དུ་བརྙེས་ཤིང་ཐོབ་པར་གྱུར་ཅིག༔  ཆོས་ཉིད་བསམ་མི་ཁྱབ་པའི་ཡེ་ཤེས་ལ་དབང་བསྒྱུར་ནས་འོད་སྣང་ལོངས་སྐུར་སྨིན་ཏེ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་ས་དང་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག༔  ཆོས་ཅན་གྱི་སྣང་བ་ཆོས་ཉིད་ཀྱི་དབྱིངས་སུ་ཟད་ནས་ནང་གསལ་ཐིམ་ལ་མ་རྨུག་པའི་ཡེ་ཤེས་མངོན་དུ་གྱུར་ནས་ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་ས་དང་གོ་འཕང་མྱུར་དུ་ཐོབ་སྟེ་ལུས་འཇའ་ལུས་ཟང་ཐལ་ཆེན་པོ་སེམས་ཆོས་ཉིད་འོད་གསལ་གྱི་ཀློང་དུ་གཞོན་ནུ་བུམ་པའི་སྐུར་ཚེ་འདི་ཉིད་ལ་གྲོལ་བར་ཤོག་ཅིག༔  སྐུ་དང་ཡེ་ཤེས་རྩལ་སྣང་བསམ་གྱིས་མི་ཁྱབ་པར་དབང་བསྒྱུར་ཏེ་འགྲོ་ཁམས་རྒྱ་མཚོ་དོང་ནས་སྤྲུགས་ནུས་པར་ཤོག་ཅིག༔  བདག་མཐོང་བ་དང་དྲན་པ་དང་མིང་ཐོས་པ་དང་རེག་པ་ཙམ་གྱིས་སྐྱེ་འགྲོ་སེམས་ཅན་ཐམས་ཅད་ཀྱི་ལས་ངན་སྡིག་སྒྲིབ་བག་ཆགས་ཐམས་ཅད་སྐད་ཅིག་ཉིད་ལ་བྱང་ཞིང་དག་ནས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག༔  ཅེས་བདེན་བརྗོད་དང་འགྲུབ་སྔགས་བརྗོད༔  ན་མོ༔  བསླུ་མེད་མཆོག་གསུམ་བདེན་པ་དང་༔  ཏིང་འཛིན་སྔགས་ཀྱི་བྱིན་རླབས་ཀྱིས༔  ཚེ་འདས་དབང་པོ་དྲུག་གི་ཡུལ༔  ཚིམ་ནས་ཟག་མེད་བདེ་སྐྱིད་ཀྱི༔  འདོད་ཡོན་མི་ཟད་གཏེར་ཐོབ་ཤོག༔  ཀྱཻ༔  ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔  བཟའ་བཅའ་བཏུང་བ་ལྡག་གཞིབ་པའི༔  ལོངས་སྤྱོད་བཤམས་པའི་དངོས་པོ་ལ༔  ཏིང་འཛིན་སྔགས་ཀྱིས་བྱིན་བརླབས་ནས༔  བརྩེ་བ་ཆེན་པོས་ཁྱོད་ལ་བསྔོ༔  མ་ཅིག་ཁྲོས་མའི་ཐུགས་རྗེས་དང་༔  མཁའ་འགྲོ་སྡེ་ལྔའི་བྱིན་བརླབས་ཀྱིས༔  བསྔོས་པ་བཞིན་དུ་ཚིམ་གྱུར་ནས༔  གཏན་བདེའི་ལོངས་སྤྱོད་དཔལ་ཐོབ་ཤོག༔  ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་སོགས༔  དེ་ནས་འཕོ་ལུང་ནི༔  དྲིན་ཆེན་རྩ་བརྒྱུད་བླ་མ་མཁྱེན་ནོ༔  ཆོས་སྐུ་དབྱིངས་ཀྱི་ཡུམ་ཆེན་ལ༔  གསོལ་བ་འདེབས་སོ་ལམ་སྣ་དྲོངས༔  དྲིན་ཆེན་རྩ་བརྒྱུད་བླ་མ་མཁྱེན་ནོ༔  ལོངས་སྐུ་རྡོ་རྗེ་ཕག་མོ་ལ༔  གསོལ་བ་འདེབས་སོ་ལམ་སྣ་དྲོངས༔  དྲིན་ཆེན་རྩ་བརྒྱུད་བླ་མ་མཁྱེན་ནོ༔  སྤྲུལ་སྐུ་ཁྲོས་མ་ནག་མོ་ལ༔  གསོལ་བ་འདེབས་སོ་ལམ་སྣ་དྲོངས༔  གསང་བ་ཆེན་པོའི་འཕོ་ལམ་ཕྱེས༔  མཁའ་སྤྱོད་དག་པའི་ཞིང་དུ་དྲོངས༔  དཔའ་བོ་མཁའ་འགྲོའི་སུན་མ་བྱོན༔  བདེ་བ་ཆེན་པོས་རྒྱས་ཐོབ་ཅིག༔  ཚེ་ལས་འདས་པའི་རླུང་སེམས་རྣམ་པར་ཤེས་པའི་ངོ་བོ་འོད་ལྔའི་གོང་བུ་དེ་ཉིད་འོད་ཟེར་གྱི་གསེང་ལམ་ནས་བརྒྱུད་དེ་སྐུ་གསུམ་མཁའ་འགྲོའི་དགོངས་པ་དང་གཉིས་སུ་མེད་པར་གྱུར༔  ཕཊ་ཕཊ་ཕཊ༔  ཀྱཻ༔  འཁོར་བ་སྡུག་བསྔལ་རྒྱ་མཚོ་ལ༔  ཆགས་ཞེན་འཁྲི་བ་ཀུན་ཆོད་ཅིག༔  མཁའ་སྤྱོད་ཞིང་ཁམས་ཡིད་ལ་གྱིས༔  ཁྲོས་མ་ནག་མོའི་ཐུགས་ཀར་འཕོས༔  ཕཊ་ཕཊ་ཕཊ༔  ཕཊ་ཀྱིས་སྐྱེ་མེད་ཀློང་དུ་བསྟིམ༔  ས་མ་ཡ༔  རྒྱ་རྒྱ་རྒྱ༔  མ་འོངས་ལན་ཅན་སྐལ་ལྡན་རྣམས༔  དང་པོར་རང་དོན་མཐར་ཕྱིན་ནས༔  སླར་ནི་གཞན་དོན་དང་ལེན་མཛོད༔  རང་གཞན་མགོ་བསྐོར་ལས་མ་བྱེད༔  ཆོས་ཕྱིར་གཞན་གྱི་སྲོག་མ་གཅོད༔  ངས་ནི་འགྲོ་ལ་ཕན་ཕྱིར་ལས༔  ཤན་པའི་སྤུ་གྲིར་བསྟན་དུ་མེད༔  ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔  གཤེད་ཀྱིས་གཤིན་བཟུང་གསོན་པོར་གནོད༔  ནད་དང་རིམས་ཡམས་མཚོན་འཁྲུགས་འགྱེད༔  ནག་ཕྱོགས་ཁ་དར་དཀར་ཕྱོགས་ཕམ༔  དུས་དེར་བདུད་ཀྱི་སྟོབས་བཙན་པས༔  དམ་སྲི་བདུད་རྒྱལ་སྤྲུལ་པ་འགས༔  གྲོང་ཆོག་འདྲེ་བརྡུང་སེམས་ཅན་གསོད༔  ཤ་ཁྲག་དམར་གཡོས་བྱེད་པ་འབྱུང་༔  དེ་དུས་གཅིག་ལ་ཕན་ཕན་འདྲ༔  ཡུལ་དུ་མི་འདོད་སྣ་ཚོགས་འབྱུང་༔  སྙིགས་མ་ལྔ་བདོའི་སེམས་ཅན་གྱི༔  སེམས་རྒྱུད་བདུད་ཀྱིས་བརླམ་པ་ཡིས༔  རྣལ་འབྱོར་ཅན་ལ་བརྙས་སྐུར་འདེབས༔  བསླུ་བདུད་སྤྱི་བོའི་གཙུག་ཏུ་ཁུར༔  རང་ཚོད་ཟུངས་ལ་ཆོས་ཚུལ་སྐྱོངས༔  འདི་ནི་ཚུལ་བཞིན་ཉམས་ལེན་པའི༔  སྐལ་ལྡན་སྐྱེས་བུ་དམ་པ་ཡིས༔  རང་གཞན་དོན་གཉིས་མྱུར་དུ་འགྲུབ༔  མཁའ་འགྲོ་འབུམ་གྱི་གསང་མཛོད་ཐོབ༔  རིག་འཛིན་བརྒྱད་ཀྱི་ཐུགས་བཅུད་ལོན༔  གྲུབ་ཆེན་བརྒྱད་ཅུའི་ཐུགས་བཅུད་འདུས༔  སྣང་སྲིད་མ་ལུས་དབང་སྡུད་འགྱུར༔  ཚེ་གཅིག་སངས་རྒྱས་འགྲུབ་འགྱུར་རོ༔  གཟའ་བདུད་དུག་གི་སྤུ་གྲིས་སྲུངས༔  གཤེ་སྐུར་མཁན་གྱི་སྲོག་རྩ་ཆོད༔  ས་མ་ཡ༔  རྒྱ་རྒྱ་རྒྱ༔  གཏེར་རྒྱ༔  སྦས་རྒྱ༔  གཏད་རྒྱ༔  ཟབ་རྒྱ༔  བརྡ་ཐིམ༔  ཞེས་པ་འདི་ནི་ཆུ་ཕོ་སྤྲེལ་གྱི་ལོ་ཧོར་ཟླ་དང་པོའི་ཚེས་ལྔ་ཉིན་པར། མི་སྨྱོན་བདུད་འཇོམས་རྡོ་རྗེ་གྲོལ་རྩལ་གྱིས་འཕོ་མེད་ནམ་མཁའི་ཀློང་མཛོད་ནས་བཏོན་པ་ལས་རང་སློབ་འཇིགས་མེད་དམ་ཆོས་དང་བསོད་ནམས་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་གསུམ་གྱིས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་དྷརྨ་བཛྲ་རོ། །དགེའོ། །དགེའོ། །དགེའོ།། །། }}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:30, 16 July 2025

Wylie title DUDJOM-THROMA-046.pdf
Location khros ma'i sgrub skor
Volume 1, Text 46, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
དབུ་ཁྲིད་༠༠༠༠༠༠༠༠༠༠༠བརྡ་ཡིག ༤༤༧ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཚེ་འདས་རྗེས་འཛིན་གནས་ལུང་ཁྲུས་ལུང་བཞུགས་སོ༔ དབུ་ཁྲིད་༠༠༠༠༠༠༠༠༠༠༠བརྡ་ཡིག ༤༤༨ ༠༠༠༠༠༠༠༠༠༠༠བརྡ་ཡིག ༤༤༨ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ རང་མདུན་པདྨ་འདབ་དྲུག་གི༔ སྟེང་དུ་བཤོས་ཟླུམ་ལན་ཆགས་དང་༔ ཞལ་ཟས་རེ་རེ་བཤམས་ནས་སུ༔ ཟས་གཏད་དཀར་གསུམ་མངར་གསུམ་སྐྱེམས༔ ཁྲུས་ཀྱི་བུམ་པ་ལྟེ་བར་བཞག༔ འདབ་དྲུག་རིགས་དྲུག་གནས་དྲུག་ཏུ༔ འདྲེན་མཛད་ཡེ་ཤེས་མཁའ་འགྲོ་དྲུག༔ འོད་ལྔའི་ཀློང་དུ་རྒྱན་རྫོགས་བསམ༔ རང་ཉིད་ཁྲོས་མའི་ང་རྒྱལ་གྱིས༔ ཕཊ༔ རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོར་གསལ་བའི་མདུན་དུ་པདྨ་འདབ་མ་དྲུག་པའི་ཟེའུ་འབྲུའི་སྟེང་དུ་ལས་ཀྱི་བུམ་པ་གཞལ་ཡས་ཁང་ཡངས་པའི་ནང་དུ་མ་ཅིག་ཁྲོས་མ་དཀར་མོའི་སྐུ་ལས་དག་བྱེད་ཡེ་ཤེས་བདུད་རྩིའི་རྒྱུན་བབས་པས་བུམ་པ་མེར་གྱིས་གང་ནས་ཁམས་གསུམ་གྱི་བག་ཆགས་ཐམས་ཅད་སྦྱོང་བའི་ནུས་པ་དང་ལྡན་པར་གྱུར༔ ཨོཾ་ཤྲཱི་བཛྲ་ཀྲོ་དྷི་ཀ་ལི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བརྒྱ་རྩ་བརྗོད༔ ཨོཾ་སྭ་བྷཱ་ཝ་སོགས༔ པདྨ་འདབ་མ་དྲུག་གི་རང་མདུན་ཤར་དུ་མི་ནས་རིམ་པས་གཡས་སྐོར་དུ་དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་མ་ཡིན་དང་ལྷ་ཡི་གནས་ཁམས་མ་ལུས་ཡོངས་སུ་རྫོགས་པ་ཚེ་འདས་ཉིད་ཀྱི་སྣང་ཉམས་སུ་སྐད་ཅིག་ཉིད་ལ་ཤར་ནས་དེ་ཉིད་གནས་འགྱུར་ཏེ་རིགས་དྲུག་གི་སྡུག་བསྔལ་ལ་རྟག་ཏུ་སྤྱོད་བྱེད་ཀྱི་བག་ཆགས་གཟུང་འཛིན་ཐམས་ཅད་དུས་གཅིག་ལ་སྦྱངས་ཤིང་དག་ཅིང་གྲོལ་ནས་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་ཏེ་མ་ཡུམ་ཆེན་གྱི་དགོངས་ཀློང་དུ་གྲོལ་བར་བྱེད་པའི་བདག་ཉིད་ཅན་དུ་གྱུར༔ ཕཊ་ཕཊ་ཕཊ༔ སྐད་ཅིག་གིས་མདུན་དུ་ཡུམ་ཆེན་ལྔའི་ཐུགས་རྗེ་འོད་ཀྱི་གྭའུའི་ནང་དུ་ཚེ་ལས་འདས་པའི་རྣམ་པར་ཤེས་པ་གསོན་པོའི་གནས་སྐབས་ཇི་ལྟ་བ་བཞིན་དུ་གནས་པའི་མདུན་དུ་བླ་ཡང་འཁོད་པར་བསམ༔ ཞལ་ཟས་རྣམས་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་ཁམས་གསུམ་འཁོར་བ་མ་སྟོང་གི་བར་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་མཆོད་སྤྲིན་རྒྱ་མཚོའི་རྒྱུན་མི་འཆད་པར་སྤྲོ་བ༔ བཤོས་ཟླུམ་ཆངས་བུ་རྣམས་འདོད་པའི་ཡོན་ཏན་ལྔ་དང་ལྡན་ཅིང་ལོངས་སྤྱོད་མི་ཟད་པ་རྒྱན་གྱི་འཁོར་ལོ་རྒྱུན་མི་འཆད་པར་སྤྲོས་ཏེ་ཚེ་འདས་ཀྱི་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱི་ལན་ཆགས་བྱང་༔ བུ་ལོན་སོད༔ ཤ་མཁོན་དག་ནས་བདེ་ཆེན་འཕོ་འགྱུར་མེད་པའི་དབྱིངས་སུ་སྒྲོལ་བྱེད་ཀྱི་ནུས་པ་དང་ལྡན་པར་གྱུར༔ ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ལན་གསུམ་གྱིས་སྤེལ༔ ཕཊ༔ ཧཱུྃ༔ ང་ནི་ཡེ་ཤེས་མཁའ་འགྲོ་མ༔ སྐུ་གསུམ་ལྷུན་གྲུབ་ཁྲོས་མའི་སྐུ༔ འཁོར་འདས་ཡོངས་ལ་མངའ་དབང་བསྒྱུར༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི༔ མཁྱེན་བརྩེ་ནུས་པའི་བདག་ཉིད་ཡིན༔ སྐྱབས་བྲལ་མགོན་མེད་ཚེ་འདས་ཁྱོད༔ མ་ཡེངས་དད་གུས་མོས་པས་ཉོན༔ ཁྱོད་སྲིད་པའི་རྩེ་མོ་མན་ཆད་ནས༔ མནར་མེད་དམྱལ་བ་ཡན་ཆད་དུ༔ གང་ན་གནས་ཀྱང་འདིར་ཤོག་ཅིག༔ སྐྱབས་གནས་དཀོན་མཆོག་གསུམ་པོ་དང་༔ རྩ་གསུམ་སྐུ་གསུམ་བདེན་པ་དང་༔ ཆོས་ཉིད་མི་འགྱུར་བདེན་མཐུ་དང་༔ རྟེན་འབྲེལ་བསླུ་བ་མེད་པའི་མཐུས༔ ཚེ་འདས་བླ་ཡིད་སེམས་གསུམ་ནི༔ ཁམས་གསུམ་གང་ན་གནས་གྱུར་ཀྱང་༔ གཟུགས་མིང་འདི་ལ་མཆིས་གྱུར་ཅིག༔ རང་དབང་དད་གུས་ལྡན་པ་ཡིས༔ བདེ་སྐྱིད་ངང་དུ་བག་ཕེབ་ཤོག༔ ཕཊ་ཕཊ་ཕཊ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ འདི་ལྟར་སྣང་བ་ཐམས་ཅད་ནི༔ རང་གི་སེམས་ལས་གཞན་མ་ཡིན༔ ང་ཁྱོད་གཉིས་འཛིན་ཞེན་པ་ཆོད༔ ཕྱི་རུ་འཛིན་པའི་ཡུལ་གནས་དང་༔ ནང་དུ་ངར་འཛིན་འཆིང་བ་གཉིས༔ དོན་ལ་རྣམ་པར་རྟོག་པ་ཉིད༔ སེམས་གཞིའི་ཀློང་དུ་འཐས་པ་ལས༔ ཡུལ་དང་ཡུལ་ཅན་དེ་ལས་བྱུང་༔ སྒྱུ་མ་དང་ནི་སྨིག་སྒྱུ་དང་༔ ན་བུན་ཁུ་རླངས་སྤྲིན་རླུང་བཅས༔ ནམ་མཁའ་ལས་བྱུང་ནམ་མཁར་ཡལ༔ ཉིན་སྣང་རྨི་སྣང་བདེ་སྡུག་སྣང་༔ རིགས་དྲུག་གནས་ཁམས་སྐྱེ་འགྲོ་སོགས༔ ཚོགས་དྲུག་ཡུལ་སྣང་ཐམས་ཅད་ཀུན༔ སེམས་ལས་བྱུང་སྟེ་སེམས་སུ་ཐིམ༔ དག་པ་སངས་རྒྱས་སངས་རྒྱས་ཞིང་༔ ཐམས་ཅད་སེམས་ཉིད་རང་གཞིའི་ཞལ༔ ངོ་བོ་སྟོང་པའི་ཡེ་ཤེས་སུ༔ སེམས་ཉིད་མ་བཅོས་ངང་ལ་ཞོག༔ འདི་ལྟར་སྣང་བ་ཐམས་ཅད་ནི༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔ ཆོས་སྐུ་ཁྱབ་བརྡལ་ངང་དུ་ཤིག༔ ངོ་ཤེས་ངང་དུ་གདིང་ཐོབ་ན༔ འགྱུར་མེད་བཙན་ས་ཟིན་འགྱུར་རོ༔ འཁོར་འདས་རང་སྣང་ངོས་ཟིན་མཛོད༔ མ་ཡེངས་མ་འཁྲུལ་རིགས་ཀྱི་བུ༔ ཕཊ་ཕཊ་ཕཊ༔ ཀྱཻ༔ ཡང་ཅིག་གསོན་དང་རིགས་ཀྱི་བུ༔ ཞེ་སྡང་དྲག་པོའི་སྣང་ཆའི་འཕྲུལ༔ དམྱལ་བའི་སྡུག་བསྔལ་ཉེ་བར་ལེན༔ གཟུང་ཡུལ་མཁན་པོ་བདག་མེད་སྟོང་༔ བཤོས་ཟླུམ་ལན་ཆགས་ཐོགས་ལ༔ ཧཱུྃ༔ ཞེ་སྡང་དྲག་པོའི་དབང་གྱུར་ནས༔ ཚེ་འདས་དམྱལ་བར་སྐྱེ་བའི་རྒྱུ༔ བསླུ་བྱེད་བདུད་ལ་བཤོས་ཟླུམ་འཇལ༔ ལན་ཆགས་བགེགས་ལ་ཆངས་གླུད་འབུལ༔ སླན་ཆད་ཐར་པའི་གེགས་མ་བྱེད༔ དཀོན་མཆོག་གསུམ་གྱི་བཀའ་ཡིན་ནོ༔ ཧཱུྃ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ལ༔ ཚོགས་གཉིས་རྫོགས་ཕྱིར་མཆོད་སྤྲིན་འབུལ༔ མེ་ལོང་ཡེ་ཤེས་བདུད་རྩི་ཡིས༔ ཞེ་སྡང་ལས་ཉོན་སྒྲིབ་དག་ཤོག༔ ཧཱུྃ་བཛྲ་ཌཱ་ཀི་ནཱི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཕཊ༔ མཁའ་འགྲོ་སེམས་དང་གཉིས་མེད་འདྲེས༔ སྐད་ཅིག་སྣང་བ་གནས་འགྱུར་ནས༔ འདོད་ཆགས་ལས་ཀྱི་སྣང་ཆའི་འཕྲུལ༔ ཡི་དྭགས་སྡུག་བསྔལ་ཉེ་བར་ལེན༔ གཟུང་ཡུལ་བཀྲེས་སྐོམ་འཁྲུལ་སྣང་ཉམས༔ བཤོས་ཟླུམ་ལན་ཆགས་ཐོགས་ལ༔ ཧཱུྃ༔ འདོད་ཆགས་དབང་གྱུར་མཐུ་བརྟས་ནས༔ ཚེ་འདས་ཡི་དྭགས་སྡུག་བསྔལ་དུ༔ འཆིང་བྱེད་བདུད་ལ་བཤོས་ཟླུམ་འཇལ༔ ལན་ཆགས་བགེགས་ལ་ཆངས་གླུད་འབུལ༔ སླན་ཆད་བདུད་དང་གེགས་མ་བྱེད༔ དཀོན་མཆོག་གསུམ་གྱི་བཀའ་ཡིན་ནོ༔ ཧཱུྃ༔ པདྨ་རིགས་ཀྱི་མཁའ་འགྲོ་ལ༔ ཚོགས་གཉིས་རྫོགས་ཕྱིར་མཆོད་སྤྲིན་འབུལ༔ སོར་རྟོག་ཡེ་ཤེས་ཆུ་རྒྱུན་གྱིས༔ འདོད་ཆགས་ལས་ཉོན་སྒྲིབ་དག་ཤོག༔ ཨོཾ་པདྨ་ཌཱ་ཀི་ནཱི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཕཊ༔ མཁའ་འགྲོ་སེམས་དང་གཉིས་མེད་འདྲེས༔ སྐད་ཅིག་སྣང་བ་གནས་འགྱུར་ནས༔ གཏི་མུག་ལས་ཀྱི་སྣང་ཆའི་འཕྲུལ༔ བྱོལ་སོང་སྡུག་བསྔལ་ཉེ་བར་ལེན༔ གཟུང་ཡུལ་སྡུག་བསྔལ་འཁྲུལ་སྣང་ཉམས༔ བཤོས་ཟླུམ་ལན་ཆགས་ཐོགས་ལ༔ ཧཱུྃ༔ གཏི་མུག་དབང་གྱུར་མཐུ་བརྟས་པས༔ ཚེ་འདས་བྱོལ་སོང་སྡུག་བསྔལ་དུ༔ འཆིང་བྱེད་བདུད་ལ་བཤོས་བུ་འཇལ༔ ལན་ཆགས་བགེགས་ལ་ཆངས་གླུད་འབུལ༔ སླན་ཆད་བདུད་གེགས་མ་བྱེད་ཅིག༔ དཀོན་མཆོག་གསུམ་གྱི་བཀའ་ཡིན་ནོ༔ ཧཱུྃ༔ སངས་རྒྱས་རིགས་ཀྱི་མཁའ་འགྲོ་ལ༔ འདོད་ཡོན་མཆོད་པའི་སྤྲིན་ཕུང་འབུལ༔ ཆོས་དབྱིངས་ཡེ་ཤེས་ཆུ་རྒྱུན་གྱིས༔ གཏི་མུག་ལས་ཉོན་སྒྲིབ་དག་ཤོག༔ ཨོཾ་བུདྡྷ་ཌཱ་ཀི་ནཱི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཕཊ༔ མཁའ་འགྲོ་སེམས་དང་གཉིས་མེད་གྱུར༔ སྐད་ཅིག་སྣང་བ་གནས་འགྱུར་ནས༔ ཕྲག་དོག་ལས་ཀྱི་སྣང་ཆའི་འཕྲུལ༔ ལྷ་མིན་སྡུག་བསྔལ་ཉེ་བར་ལེན༔ གཟུང་ཡུལ་སྡུག་བསྔལ་འཁྲུལ་སྣང་ཉམས༔ དེ་ནས་བཤོས་ཟླུམ་ཆངས་བུ་ཐོགས་ལ༔ ཧཱུྃ༔ ཕྲག་དོག་དབང་གྱུར་མཐུ་བརྟས་པས༔ ཚེ་འདས་ལྷ་མིན་སྡུག་བསྔལ་དུ༔ འཆིང་བྱེད་བདུད་ལ་བཤོས་ཟླུམ་འཇལ༔ ལན་ཆགས་བགེགས་ལ་ཆངས་གླུད་འབུལ༔ སླན་ཆད་བདུད་གེགས་མ་བྱེད་ཅིག༔ དཀོན་མཆོག་གསུམ་གྱི་བཀའ་ཡིན་ནོ༔ ཧཱུྃ༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་ལ༔ འདོད་ཡོན་མཆོད་པའི་སྤྲིན་ཕུང་འབུལ༔ བྱ་གྲུབ་ཡེ་ཤེས་ཆུ་རྒྱུན་གྱིས༔ ཕྲག་དོག་ལས་ཉོན་སྒྲིབ་དག་ཤོག༔ ཨོཾ་ཀརྨ་ཌཱ་ཀི་ནཱི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཕཊ༔ མཁའ་འགྲོ་སེམས་དང་གཉིས་མེད་གྱུར༔ སྐད་ཅིག་སྣང་བ་གནས་འགྱུར་ནས༔ ང་རྒྱལ་ལས་ཀྱི་སྣང་ཆའི་འཕྲུལ༔ ལྷ་ཡི་སྡུག་བསྔལ་ཉེ་བར་ལེན༔ གཟུང་ཡུལ་སྡུག་བསྔལ་འཁྲུལ་སྣང་ཉམས༔ དེ་ནས་བཤོས་ཟླུམ་ལན་ཆགས་ཐོགས་ལ༔ ཧཱུྃ༔ ང་རྒྱལ་དབང་གྱུར་མཐུ་བརྟས་པས༔ ཚེ་འདས་ཕམ་ལྟུང་ལྡུག་བསྔལ་དུ༔ འཆིང་བྱེད་བདུད་ལ་བཤོས་ཟླུམ་འཇལ༔ ལན་ཆགས་བགེགས་ལ་ཆངས་གླུད་འབུལ༔ སླན་ཆད་བདུད་གེགས་མ་བྱེད་ཅིག༔ དཀོན་མཆོག་གསུམ་གྱི་བཀའ་ཡིན་ནོ༔ ཧཱུྃ༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་ལ༔ འདོད་ཡོན་རྒྱན་གྱི་མཆོད་ཚོགས་འབུལ༔ མཉམ་ཉིད་ཡེ་ཤེས་ཆུ་རྒྱུན་གྱིས༔ ང་རྒྱལ་ལས་ཉོན་སྒྲིབ་དག་ཤོག༔ སྭཱ་རཏྣ་ཌཱ་ཀི་ནཱི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཕཊ༔ མཁའ་འགྲོ་སེམས་དང་གཉིས་མེད་གྱུར༔ སྐད་ཅིག་སྣང་བ་གནས་འགྱུར་ནས༔ དུག་ལྔའི་མཐུ་བརྟས་སྣང་ཆའི་འཕྲུལ༔ མི་ཡི་བདེ་སྡུག་མྱོང་ཚོར་ལེན༔ སྣོད་བཅུད་སྣང་སྲིད་འཁྲུལ་སྣང་ཉམས༔ བདེན་མེད་སྒྱུ་མར་ཤེས་མཛོད་ལ༔ ཞེན་ཆགས་མེད་པའི་ངང་དུ་ཤིག༔ དེ་ནས་བཤོས་ཟླུམ་ལན་ཆགས་ཐོགས་ལ༔ ཧཱུྃ༔ ཉོན་མོངས་ལྔ་དང་འདོད་པའི་ཤུགས༔ བརྟས་པས་མི་ཡི་སྡུག་བསྔལ་དུ༔ འཆིང་བྱེད་བདུད་ལ་བཤོས་ཟླུམ་འཇལ༔ སྡེ་བརྒྱད་ལྷ་འདྲེ་ལན་ཆགས་བགེགས༔ ཀུན་ལ་ཆངས་གླུད་འདོད་ཡོན་འབུལ༔ སླན་ཆད་ཐར་པའི་གེགས་མ་བྱེད༔ དཀོན་མཆོག་གསུམ་གྱི་བཀའ་ཡིན་ནོ༔ ཧཱུྃ༔ མ་ཅིག་ཁྲོས་མ་ནག་མོ་ལ༔ འདོད་ཡོན་རྒྱན་གྱི་མཆོད་ཚོགས་འབུལ༔ ཡེ་ཤེས་ལྔ་ཡི་ཆུ་རྒྱུན་གྱིས༔ དུག་ལྔའི་ལས་ཉོན་སྒྲིབ་དག་ཤོག༔ ཨོཾ་ཤྲཱི་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཕཊ༔ ཡེ་ཤེས་མཁའ་འགྲོའི་སྐུ་གསུང་ཐུགས༔ ཚེ་འདས་སྒོ་གསུམ་ལ་འཕོས་ཏེ༔ རྡོ་རྗེ་གསུམ་གྱི་གྲོང་དུ་འཕོས༔ དཀྱིལ་འཁོར་ཤར་སྒོར་པད་ཉིའི་སྟེང་༔ འོད་ཀྱི་གོང་བུར་འོད་ཕུང་གསལ༔ སྤྱི་བོར་ཡས་རིམ་ཁྲོས་མ་དང་༔ རྡོ་རྗེ་ཕག་མོ་ཀུན་བཟང་མོ༔ རིགས་བདག་ཐོ་བརྩེགས་ཚུལ་དུ་གསལ༔ དེ་དག་ཐུགས་ཀའི་གསེང་ལམ་ནི༔ འོད་ལྔའི་སྦུ་གུར་ཚུད་པར་བསམ༔ དེ་ནས་བླ་གླུད་བསྔོ་བ་ནི༔ ཕཊ༔ ང་ནི་ཁྲོས་མ་ནག་མོ་སྟེ༔ ཉོན་ཅིག་སྣང་སྲིད་ལྷ་འདྲེའི་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ ཚེ་འདས་བླ་ཡིད་སེམས་གསུམ་གྱི༔ ཚབ་དང་རིན་དུ་འདོད་ཡོན་ལྔའི༔ ལོངས་སྤྱོད་གླུད་གཏོར་སྣ་ཚོགས་འཇལ༔ ཁྱེད་ཅག་མགུ་ཞིང་ཚིམ་གྱིས་ལ༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཐེག༔ ཚེ་འདས་བླ་ཡིད་སེམས་གསུམ་ལ༔ སླན་ཆད་སྡོང་གྲོགས་རྒྱབ་བརྟེན་དང་༔ མགོན་སྐྱབས་དཔུང་གཉེན་མ་བྱེད་ཅིག༔ ཆགས་ཞེན་འཁོར་བར་མ་བྱེད་ཅིག༔ བསྐལ་བཟང་སངས་རྒྱས་སྟོང་དང་ནི༔ སྟོབས་ཆེན་ཕྱག་ན་རྡོ་རྗེ་ཡི༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ སོ་སོ་རང་རང་གནས་སུ་དེངས༔ ཧཱུྃ་བཞིའི་སྔགས་བརྗོད་ཐུན་གྱིས་བྲབ་ལ་བསྐྲད༔ ཕཊ་ཕཊ་ཕཊ༔ སྟེང་འོག་བར་གསུམ་རྡོ་རྗེའི་གུར༔ ཡེ་ཤེས་ལྔ་དང་འོད་ལྔ་འཁྲིགས༔ མེ་དཔུང་རྡོ་རྗེའི་མཚོན་ཐུན་འཕྲོ༔ ཡེ་ཤེས་འོད་ཀྱི་གྭའུར་བསྒོམ༔ དེ་ནས་ཟས་བསྔོ་བ་ནི༔ ཨོཾ་སྭ་བྷཱ་ཝ་སོགས༔ སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་འདོད་ཡོན་གྱི་ངོ་བོ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་མིག་གི་ཡུལ་དུ་གཟུགས་མཛེས་པ་ཕུན་སུམ་ཚོགས་པ༔ རྣ་བའི་ཡུལ་དུ་སྒྲ་སྙན་པ་ཕུན་སུམ་ཚོགས་པ༔ སྣའི་ཡུལ་དུ་དྲི་ཞིམ་པ་ཕུན་སུམ་ཚོགས་པ༔ ལྕེའི་ཡུལ་དུ་རོ་བརྒྱ་ནུས་པ་སྟོང་དང་ལྡན་པའི་བཟའ་བཅའ་བཏུང་བ་ལྡག་གཞིབ་ཕུན་སུམ་ཚོགས་པ༔ ལུས་ཀྱི་ཡུལ་དུ་མཛེས་འཇམ་ཡང་སྲབ་བདེ་བའི་རེག་བྱ་ཕུན་སུམ་ཚོགས་པ༔ ཡིད་ཀྱི་ཡུལ་དུ་འདོད་པའི་ལོངས་སྤྱོད་མཛའ་བའི་གཉེན་གྲོགས་འཁོར་གཡོག༔ བརྒྱན་པའི་ཆས༔ བརྟེན་པའི་གནས་ཁང་༔ བསྲེལ་བའི་གཟུགས་འགྲོས༔ བསགས་པའི་དཀོར་ནོར་ཕུན་སུམ་ཚོགས་པ༔ ནད་གསོ་བའི་སྨན༔ འཆི་བ་བསླུ་བའི་བདུད་རྩི༔ སྡུག་བསྔལ་སེལ་བར་བྱེད་པའི་འདོད་ཡོན་མི་ཟད་པ་རྒྱན་གྱི་འཁོར་ལོ་རྒྱ་ཆེན་པོར་གྱུར་ཅིག༔ བསླུ་མེད་དཀོན་མཆོག་གསུམ་དང་བདེན་གཉིས་བསླུ་བ་མེད་པའི་མཐུ་དང་སྟོབས་ཀྱིས་དེ་བཞིན་དུ་གྱུར་ཅིག༔ སྭཱ་ཧཱ༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ་ལ༔ དེ་བཞིན་གཤེགས་པ་བཞིའི་མཚན་དང་སམྦྷ་ར་བཅས་བརྗོད༔ ཨོཾ་ཨཱཿ ཧཱུྃ༔ གསུར་མཆོད་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་འདི་ཉིད་དཀོན་མཆོག་སྲི་ཞུའི་མགྲོན་དང་མགོན་པོ་ཡོན་ཏན་གྱི་མགྲོན་དུ་གྱུར་པ་ཐམས་ཅད་ལ་འབུལ་ལོ༔ བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ཚོགས་གཉིས་རྫོགས་སྒྲིབ་གཉིས་བྱང་ནས་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་གྱུར་ཏེ་ཀུན་བཟང་གདོད་མའི་མགོན་པོའི་དགོངས་ཀློང་དུ་གཞོན་ནུ་བུམ་སྐུར་གཏན་སྲིད་ཟིན་པར་ཤོག་ཅིག༔ ཨོཾ་ཨཱཿ ཧཱུྃ༔ ལན་གསུམ༔ བཀའི་ལྷ་སྲིན་སྡེ་བརྒྱད་ལྷ་ཀླུ་གཉན་དང་ས་བདག་མི་མ་ཡིན་ཡུལ་ལྷ་ཟོ་དོར་ནད་བདག་རིགས་བདག་ཕོ་གདོན་མོ་གདོན་ཀླུ་གདོན་གནས་གདོན་ལུས་གདོན་ཚེ་རབས་ཐོག་མ་མེད་པ་ནས་ལན་ཆགས་བུ་ལོན་ཤ་མཁོན་གྱི་བདག་པོ་བདག་མོ་ཐམས་ཅད་ལ་འབུལ་ལོ༔ བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ལན་ཆགས་བྱང་༔ བུ་ལོན་སོད༔ ཤ་མཁོན་དག་ནས་གནོད་བྱ་གནོད་བྱེད་ཐམས་ཅད་བདེ་བ་མཆོག་དང་ལྡན་ནས་སྡུག་བསྔལ་གྱི་རྒྱུ་འབྲས་ཐམས་ཅད་དང་བྲལ་ཏེ་ཆོས་སྐུ་སྐྱེ་བ་མེད་པའི་དབྱིངས་སུ་སངས་རྒྱས་པར་གྱུར་ཅིག༔ ཨོཾ་ཨཱཿ ཧཱུྃ༔ ལན་གསུམ༔ མཐོ་སྲིད་པའི་རྩེ་མོ་མན་ཆད་དམའ་མནར་མེད་པའི་དམྱལ་ཁམས་ཡན་ཆད་ཀྱི་སེམས་ཅན་ཐམས་ཅད་ལ་བསྔོའོ༔ འབུལ་ལོ༔ སྦྱིན་ནོ༔ སོ་སོའི་སྡུག་བསྔལ་དང་བྲལ་ནས་རང་བཞིན་སྤྲོས་པ་དང་བྲལ་བའི་ཀློང་དུ་མ་རིག་པའི་གཉིད་འཐུག་པོ་ལས་སད་ནས༔ འོད་གསལ་བདེ་བ་ཆེན་པོའི་ངང་དུ་སྐུ་དང་ཡེ་ཤེས་ཀྱི་རོལ་པར་བཙན་ས་ཟིན་པར་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ ཚེ་ལས་འདས་པའི་ཐོག་དྲངས་བར་དོའི་སེམས་ཅན་ལུས་སྔ་མ་བོར༔ ཕྱི་མ་མ་རྙེད་པ༔ ཁས་ཞན་དབང་ཆུང་བ༔ རང་དབང་དང་བྲལ་བ༔ བཀྲེས་སྐོམ་གྱིས་གདུང་བ༔ སྡུག་བསྔལ་སྣ་ཚོགས་ཀྱིས་མནར་བ༔ སྐྱབས་དང་སྐྱེལ་མ་མེད་པ༔ མགོན་དང་དཔུང་གཉེན་བྲལ་བའི་བར་དོའི་སེམས་ཅན་ཐམས་ཅད་ལ་བསྔོའོ༔ འབུལ་ལོ༔ སྦྱིན་ནོ༔ སྐད་ཅིག་ཉིད་ལ་བག་ཆགས་ངན་པའི་ལས་སྒྲིབ་དང་བྲལ་ནས་བར་དོ་ལ་བར་དོ་ཡིན་པར་ངོ་ཤེས༔ བར་དོར་རང་སྣང་གི་ཆོ་འཕྲུལ་རྨི་ལམ་དང་མིག་འཕྲུལ་སེང་གེའི་གསོབ་ལྟ་བུར་ཤེས་ནས་གཟུང་འཛིན་རང་གྲོལ་གྱི་དོན་རྗེས་སུ་དྲན་ཏེ་འཁོར་འདས་འུབ་ཆུབ་རྫོགས་པ་ཆེན་པོའི་དགོངས་ཀློང་དུ་འཕོ་མེད་ཆོས་སྐུའི་རྒྱལ་སྲིད་ལ་དབང་འབྱོར་བར་གྱུར་ཅིག༔ ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་སོགས༔ ཨ་ལི་ཨུ་ལི་ཏ་ལི་ཏམྦྷ་ལི་བྷ་ལི་ཡ་ཡེ་སྭཱ་ཧཱ༔ བསོད་ནམས་ཀྱི་ཚོགས་ཆེན་པོ་འདིའི་སྟོབས་ལ་བརྟེན་ནས༔ བདག་ཅག་རྣལ་འབྱོར་པའི་ལུས་ཀྱི་ནད་གདོན༔ ངག་གི་ཉེས་སྐྱོན༔ སེམས་ཀྱི་སྡུག་བསྔལ༔ ས་ལམ་གྱི་བར་ཆད་ཐམས་ཅད་རྗེས་ཤུལ་ལྷག་མ་ཙམ་ཡང་མ་ལུས་པར་བྱང་ཞིང་དག་པར་གྱུར་ཅིག༔ སླན་ཆད་ཀྱང་མི་མཐུན་པའི་ཕྱོགས་རིས་ངན་པ་སྤུའི་རྩེ་མོ་ཙམ་ཡང་མི་འབྱུང་བར་གྱུར་ཅིག༔ དགའ་རབ་རྡོ་རྗེ་ལ་སོགས་པའི་བརྒྱུད་པའི་བླ་མ༔ ཧཱུྃ་ཆེན་ཀཱ་ར་ལ་སོགས་པའི་རིག་འཛིན་ཆེན་པོ་བརྒྱད༔ ས་ར་ཧ་ལ་སོགས་པའི་གྲུབ་ཆེན་བརྒྱད་ཅུ༔ པདྨ་འབྱུང་གནས་ལ་སོགས་པའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ད་ལྟ་ཉིད་དུ་བདག་གི་རྒྱུད་ལ་འཕོ་བར་གྱུར་ཅིག༔ ཡོངས་སུ་རྫོགས་པར་གྱུར་ཅིག༔ གཉིས་སུ་མེད་པར་གྱུར་ཅིག༔ བདག་གི་སྒོ་གསུམ་རྡོ་རྗེ་གསུམ་དུ་འཕོ་བར་གྱུར་ཅིག༔ སྨིན་པར་གྱུར་ཅིག༔ གྲོལ་བར་གྱུར་ཅིག༔ གནས་ལུགས་རང་གཞིའི་ཞལ་རས་མངོན་སུམ་དུ་མཐོང་ནས་རྣམ་པར་སྨིན་པའི་རིག་འཛིན་གྱི་ས་ལམ་མཐར་ཕྱིན་ཏེ་ལུང་དང་མཐུན་པའི་ཉམས་མྱོང་རྒྱུན་ཆད་མེད་པར་རྒྱུད་ལ་སྐྱེས་ཏེ་སྣང་བ་འོད་གསལ་དུ་སྨིན་ནས་ཚེ་ལ་དབང་བའི་རིག་འཛིན་གྱི་ས་དང་གོ་འཕང་མངོན་དུ་བརྙེས་ཤིང་ཐོབ་པར་གྱུར་ཅིག༔ ཆོས་ཉིད་བསམ་མི་ཁྱབ་པའི་ཡེ་ཤེས་ལ་དབང་བསྒྱུར་ནས་འོད་སྣང་ལོངས་སྐུར་སྨིན་ཏེ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་ས་དང་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག༔ ཆོས་ཅན་གྱི་སྣང་བ་ཆོས་ཉིད་ཀྱི་དབྱིངས་སུ་ཟད་ནས་ནང་གསལ་ཐིམ་ལ་མ་རྨུག་པའི་ཡེ་ཤེས་མངོན་དུ་གྱུར་ནས་ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་ས་དང་གོ་འཕང་མྱུར་དུ་ཐོབ་སྟེ་ལུས་འཇའ་ལུས་ཟང་ཐལ་ཆེན་པོ་སེམས་ཆོས་ཉིད་འོད་གསལ་གྱི་ཀློང་དུ་གཞོན་ནུ་བུམ་པའི་སྐུར་ཚེ་འདི་ཉིད་ལ་གྲོལ་བར་ཤོག་ཅིག༔ སྐུ་དང་ཡེ་ཤེས་རྩལ་སྣང་བསམ་གྱིས་མི་ཁྱབ་པར་དབང་བསྒྱུར་ཏེ་འགྲོ་ཁམས་རྒྱ་མཚོ་དོང་ནས་སྤྲུགས་ནུས་པར་ཤོག་ཅིག༔ བདག་མཐོང་བ་དང་དྲན་པ་དང་མིང་ཐོས་པ་དང་རེག་པ་ཙམ་གྱིས་སྐྱེ་འགྲོ་སེམས་ཅན་ཐམས་ཅད་ཀྱི་ལས་ངན་སྡིག་སྒྲིབ་བག་ཆགས་ཐམས་ཅད་སྐད་ཅིག་ཉིད་ལ་བྱང་ཞིང་དག་ནས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག༔ ཅེས་བདེན་བརྗོད་དང་འགྲུབ་སྔགས་བརྗོད༔ ན་མོ༔ བསླུ་མེད་མཆོག་གསུམ་བདེན་པ་དང་༔ ཏིང་འཛིན་སྔགས་ཀྱི་བྱིན་རླབས་ཀྱིས༔ ཚེ་འདས་དབང་པོ་དྲུག་གི་ཡུལ༔ ཚིམ་ནས་ཟག་མེད་བདེ་སྐྱིད་ཀྱི༔ འདོད་ཡོན་མི་ཟད་གཏེར་ཐོབ་ཤོག༔ ཀྱཻ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ བཟའ་བཅའ་བཏུང་བ་ལྡག་གཞིབ་པའི༔ ལོངས་སྤྱོད་བཤམས་པའི་དངོས་པོ་ལ༔ ཏིང་འཛིན་སྔགས་ཀྱིས་བྱིན་བརླབས་ནས༔ བརྩེ་བ་ཆེན་པོས་ཁྱོད་ལ་བསྔོ༔ མ་ཅིག་ཁྲོས་མའི་ཐུགས་རྗེས་དང་༔ མཁའ་འགྲོ་སྡེ་ལྔའི་བྱིན་བརླབས་ཀྱིས༔ བསྔོས་པ་བཞིན་དུ་ཚིམ་གྱུར་ནས༔ གཏན་བདེའི་ལོངས་སྤྱོད་དཔལ་ཐོབ་ཤོག༔ ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་སོགས༔ དེ་ནས་འཕོ་ལུང་ནི༔ དྲིན་ཆེན་རྩ་བརྒྱུད་བླ་མ་མཁྱེན་ནོ༔ ཆོས་སྐུ་དབྱིངས་ཀྱི་ཡུམ་ཆེན་ལ༔ གསོལ་བ་འདེབས་སོ་ལམ་སྣ་དྲོངས༔ དྲིན་ཆེན་རྩ་བརྒྱུད་བླ་མ་མཁྱེན་ནོ༔ ལོངས་སྐུ་རྡོ་རྗེ་ཕག་མོ་ལ༔ གསོལ་བ་འདེབས་སོ་ལམ་སྣ་དྲོངས༔ དྲིན་ཆེན་རྩ་བརྒྱུད་བླ་མ་མཁྱེན་ནོ༔ སྤྲུལ་སྐུ་ཁྲོས་མ་ནག་མོ་ལ༔ གསོལ་བ་འདེབས་སོ་ལམ་སྣ་དྲོངས༔ གསང་བ་ཆེན་པོའི་འཕོ་ལམ་ཕྱེས༔ མཁའ་སྤྱོད་དག་པའི་ཞིང་དུ་དྲོངས༔ དཔའ་བོ་མཁའ་འགྲོའི་སུན་མ་བྱོན༔ བདེ་བ་ཆེན་པོས་རྒྱས་ཐོབ་ཅིག༔ ཚེ་ལས་འདས་པའི་རླུང་སེམས་རྣམ་པར་ཤེས་པའི་ངོ་བོ་འོད་ལྔའི་གོང་བུ་དེ་ཉིད་འོད་ཟེར་གྱི་གསེང་ལམ་ནས་བརྒྱུད་དེ་སྐུ་གསུམ་མཁའ་འགྲོའི་དགོངས་པ་དང་གཉིས་སུ་མེད་པར་གྱུར༔ ཕཊ་ཕཊ་ཕཊ༔ ཀྱཻ༔ འཁོར་བ་སྡུག་བསྔལ་རྒྱ་མཚོ་ལ༔ ཆགས་ཞེན་འཁྲི་བ་ཀུན་ཆོད་ཅིག༔ མཁའ་སྤྱོད་ཞིང་ཁམས་ཡིད་ལ་གྱིས༔ ཁྲོས་མ་ནག་མོའི་ཐུགས་ཀར་འཕོས༔ ཕཊ་ཕཊ་ཕཊ༔ ཕཊ་ཀྱིས་སྐྱེ་མེད་ཀློང་དུ་བསྟིམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་འོངས་ལན་ཅན་སྐལ་ལྡན་རྣམས༔ དང་པོར་རང་དོན་མཐར་ཕྱིན་ནས༔ སླར་ནི་གཞན་དོན་དང་ལེན་མཛོད༔ རང་གཞན་མགོ་བསྐོར་ལས་མ་བྱེད༔ ཆོས་ཕྱིར་གཞན་གྱི་སྲོག་མ་གཅོད༔ ངས་ནི་འགྲོ་ལ་ཕན་ཕྱིར་ལས༔ ཤན་པའི་སྤུ་གྲིར་བསྟན་དུ་མེད༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ གཤེད་ཀྱིས་གཤིན་བཟུང་གསོན་པོར་གནོད༔ ནད་དང་རིམས་ཡམས་མཚོན་འཁྲུགས་འགྱེད༔ ནག་ཕྱོགས་ཁ་དར་དཀར་ཕྱོགས་ཕམ༔ དུས་དེར་བདུད་ཀྱི་སྟོབས་བཙན་པས༔ དམ་སྲི་བདུད་རྒྱལ་སྤྲུལ་པ་འགས༔ གྲོང་ཆོག་འདྲེ་བརྡུང་སེམས་ཅན་གསོད༔ ཤ་ཁྲག་དམར་གཡོས་བྱེད་པ་འབྱུང་༔ དེ་དུས་གཅིག་ལ་ཕན་ཕན་འདྲ༔ ཡུལ་དུ་མི་འདོད་སྣ་ཚོགས་འབྱུང་༔ སྙིགས་མ་ལྔ་བདོའི་སེམས་ཅན་གྱི༔ སེམས་རྒྱུད་བདུད་ཀྱིས་བརླམ་པ་ཡིས༔ རྣལ་འབྱོར་ཅན་ལ་བརྙས་སྐུར་འདེབས༔ བསླུ་བདུད་སྤྱི་བོའི་གཙུག་ཏུ་ཁུར༔ རང་ཚོད་ཟུངས་ལ་ཆོས་ཚུལ་སྐྱོངས༔ འདི་ནི་ཚུལ་བཞིན་ཉམས་ལེན་པའི༔ སྐལ་ལྡན་སྐྱེས་བུ་དམ་པ་ཡིས༔ རང་གཞན་དོན་གཉིས་མྱུར་དུ་འགྲུབ༔ མཁའ་འགྲོ་འབུམ་གྱི་གསང་མཛོད་ཐོབ༔ རིག་འཛིན་བརྒྱད་ཀྱི་ཐུགས་བཅུད་ལོན༔ གྲུབ་ཆེན་བརྒྱད་ཅུའི་ཐུགས་བཅུད་འདུས༔ སྣང་སྲིད་མ་ལུས་དབང་སྡུད་འགྱུར༔ ཚེ་གཅིག་སངས་རྒྱས་འགྲུབ་འགྱུར་རོ༔ གཟའ་བདུད་དུག་གི་སྤུ་གྲིས་སྲུངས༔ གཤེ་སྐུར་མཁན་གྱི་སྲོག་རྩ་ཆོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཆུ་ཕོ་སྤྲེལ་གྱི་ལོ་ཧོར་ཟླ་དང་པོའི་ཚེས་ལྔ་ཉིན་པར། མི་སྨྱོན་བདུད་འཇོམས་རྡོ་རྗེ་གྲོལ་རྩལ་གྱིས་འཕོ་མེད་ནམ་མཁའི་ཀློང་མཛོད་ནས་བཏོན་པ་ལས་རང་སློབ་འཇིགས་མེད་དམ་ཆོས་དང་བསོད་ནམས་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་གསུམ་གྱིས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་དྷརྨ་བཛྲ་རོ། །དགེའོ། །དགེའོ། །དགེའོ།། །།