DUDJOM-THROMA-049: Difference between revisions

From Dudjom Wiki
DUDJOM-THROMA-049
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༠༠༠༠དབུ་ཁྲིད༥༢༩༔  དག་སྣང་ལས༔  ཀླུ་གཏོར་བདུད་རྩིའི་རྒྱ་མཚོ་བཞུགས་སོ༔  ༠༠༠བརྡ་ཡིག༥༢༩༔  ན་མོ་གུ་རུ་ཝེ༔  ཆུ་ལ་དཀར་གསུམ་མངར་གསུམ་དང་༔  ཀླུ་སྨན་སྣ་ཚོགས་བཏབ་ནས་འབུལ༔  ཡང་ན་ཆུ་དང་འོ་མ་ལ༔  ཨོཾ་སྭ་བྷཱ་ཝས་སྦྱང་༔  སྟོང་པ་ཉིད་དུ་གྱུར༔  སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་ཆུ་སྦྱིན་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩི་ནད་པ་གསོ་བའི་སྨན༔  འཆི་བ་བསླུ་བའི་བདུད་རྩི༔  དབུལ་ཕོངས་དང་སྡུག་བསྔལ་སེལ་བའི་འདོད་ཡོན་ཕུན་སུམ་ཚོགས་པ༔  མི་ཟད་ནམ་མཁའ་མཛོད་དུ་གྱུར༔  ཨོཾ་ཨཱཿ ཧཱུྃ་ཨ་མྲྀ་ཏེ་སྭ་ཧཱ༔  ལན་བདུན༔  ནམ་མཁའ་མཛོད་སྔགས་གསུམ་བརྗོད༔  ཨ་ཀཱ་རོས་བརླབ༔  ཛཿ སྟོན་པ་རྗོགས་པའི་སངས་རྒྱས་དང་༔  གསང་བདག་ཕྱག་ན་རྡོ་རྗེ་ཡིས༔  སྤྱན་སྔར་ཁས་བླངས་དམ་བཅས་པའི༔  ཀླུ་ཆེན་བརྒྱད་དང་དེ་ཡི་འཁོར༔  འབྱུང་བ་ལྔ་ལ་དབང་མཛད་པའི༔  ཀླུ་གཉན་མ་ལུས་ཐམས་ཅད་ཀུན༔  མཆོད་སྦྱིན་གནས་འདིར་གཤེགས་སུ་གསོལ༔  ཁྱད་པར་ས་མིག་འདི་དང་ནི༔  ཕྱོགས་མཚམས་སྟེང་འོག་ལ་གནས་པའི༔  ཀླུ་གཉན་ས་བདག་ཐམས་ཅད་ཀུན༔  ཁྲོ་གཏུམ་གདུག་པའི་སེམས་སྤོངས་ལ༔  བྱམས་བརྩེ་གུས་པའི་ཚུལ་ལྡན་པས༔  སྐད་ཅིག་ཉིད་དུ་གཤེགས་སུ་གསོལ༔  ཕུ་ཏྲི་ནཱའ་ག་རཱ་ཛ་བྷུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ ཀྱཻ༔  འབྱུང་བ་ལྔ་དང་སྤར་ཁ་བརྒྱད༔  སྨེ་བ་དགུ་དང་ལོ་ཟླ་བ༔  ཞག་དང་ཟ་མ་དུས་ཚོད་ལ༔  དབང་བསྒྱུར་ས་བདག་ཀླུ་གཉན་ཚོགས༔  མ་ལུས་ལུས་པ་མེད་པ་ལ༔  འདོད་ཡོན་ལོངས་སྤྱོད་ཕུན་ཚོགས་གཏེར༔  མི་ཟད་ནམ་མཁའ་མཛོད་དུ་འབུལ༔  གནོད་གདུག་དྲག་ཤུལ་སེམས་བྲལ་ནས༔  བྱམས་བརྩེའི་ངང་ལ་གནས་གྱུར་ཅིག༔  ན་མཿ སརྦ་ཏ་ཐཱ་ག་ཏ་སོགས་མཚན་བཞིའི་སྔགས་ཅི་མང་བརྗོད༔  ཕུ་ཏྲི་ནཱ་ག་རཱ་ཛ་བྷུ་མི་པ་ཏི་ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔  ཅི་མང་བརྗོད་ནས་ཕུལ༔  ཀྱཻ༔  སྣང་ཞིང་སྲིད་པར་དབང་མཛད་པའི༔  ཀླུ་གཉན་ས་བདག་ཐམས་ཅད་ལ༔  མཆོད་སྦྱིན་རྒྱ་ཆེན་འདི་འབུལ་བས༔  གཟུགས་ཁམས་ལྷ་ཡི་དགའ་བདེ་བཞིན༔  མི་ཟད་གཏེར་ལ་སྤྱོད་པར་ཤོག༔  བདག་ཅན་དཔོན་སློབ་འཁོར་བཅས་ལ༔  དགོས་འདོད་ཡིད་བཞིན་དངོས་གྲུབ་ཀུན༔  རྒྱུན་ཆད་མེད་པར་སྩལ་དུ་གསོལ༔  འཛམ་གླིང་སྤྱི་དང་རྒྱལ་ཁམས་འདིར༔  ཆར་ཆུ་དུས་སུ་འབབས་པ་དང་༔  ལོ་ལེགས་འབྲུ་དང་ཕྱུགས་འཕེལ་མཛོད༔  དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔  བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔  རིག་འཛིན་རྩ་བརྒྱུད་བླ་མ་ཡི༔  དམ་ཚིག་ཡིན་ནོ་དམ་མ་ཉམས༔  ཨོཾ་ཕུ་ཏྲི་ནཱ་ག་བྷུ་མི་པ་ཏི་སརྦ་ཨ་མྲྀ་ཏ་ཁཱ་ཧི༔  ལན་བརྒྱད་ཕུལ༔  དེ་ནས་དངོས་གྲུབ་བླང་བ་ནི༔  ནཱ་ག་ཕུ་ཏྲི་བྷུ་མི་པ་ཏི་སརྦ་རཏྣ་སིདྡྷི་བ་སུ་སིདྡྷི་ཁ་ངྷེ་སིདྡྷི་སིདྡྷི་ཕ་ལ་ཧཱུྃ༔  ལན་གསུམ་མཐར༔  ཀྱཻ༔  སྣང་ཞིང་སྲིད་པའི་ཀླུ་གཉན་རྣམས༔  མགུ་བར་གྱིས་ལ་རང་གནས་གཤེགས༔  བདག་གི་འདོད་དོན་རྟག་ཏུ་སྒྲུབས༔  བསྟན་འགྲོའི་དགེ་ལེགས་དཔལ་རྒྱས་མཛོད༔  བཛྲ་མུཿ བསྔོ་སྨོན་བྱ༔  ཤིས་པ་བརྗོད༔  དེ་ལྟར་རྟག་ཏུ་བརྩོན་བྱས་ན༔  ཉེས་པ་ཀུན་སེལ་དགེ་ལེགས་འཕེལ༔  འདོད་དོན་འབྱུང་ཞིང་ལོ་ཕྱུགས་ལེགས༔  བཀྲ་ཤིས་དགེ་ལེགས་དཔལ་རྒྱས་བྱེད༔  ས་མ་ཡ༔  རྒྱ་རྒྱ་རྒྱ༔  བརྡ་ཐིམཿ ཞེས་པ་འདིའང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་འཇིགས་མེད་བསྟན་པའི་རྒྱལ་མཚན་ནོ། །དགེའོ།།  །།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=khros ma'i sgrub skor
|collectiontitletib=ཁྲོས་མའི་སྒྲུབ་སྐོར་
|totalvolumes=1
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=1
|volumeLetter=
|textnuminvol=049
|pdflink=File:DUDJOM-THROMA-049.pdf
|InitCategories=Dudjom Tersar Project; DUDJOM-THROMA
}}
<h1>Tibetan Text</h1>
<onlyinclude>
{{TibP|༠༠༠༠དབུ་ཁྲིད༥༢༩༔  དག་སྣང་ལས༔  ཀླུ་གཏོར་བདུད་རྩིའི་རྒྱ་མཚོ་བཞུགས་སོ༔  ༠༠༠བརྡ་ཡིག༥༢༩༔  ན་མོ་གུ་རུ་ཝེ༔  ཆུ་ལ་དཀར་གསུམ་མངར་གསུམ་དང་༔  ཀླུ་སྨན་སྣ་ཚོགས་བཏབ་ནས་འབུལ༔  ཡང་ན་ཆུ་དང་འོ་མ་ལ༔  ཨོཾ་སྭ་བྷཱ་ཝས་སྦྱང་༔  སྟོང་པ་ཉིད་དུ་གྱུར༔  སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་ཆུ་སྦྱིན་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩི་ནད་པ་གསོ་བའི་སྨན༔  འཆི་བ་བསླུ་བའི་བདུད་རྩི༔  དབུལ་ཕོངས་དང་སྡུག་བསྔལ་སེལ་བའི་འདོད་ཡོན་ཕུན་སུམ་ཚོགས་པ༔  མི་ཟད་ནམ་མཁའ་མཛོད་དུ་གྱུར༔  ཨོཾ་ཨཱཿ ཧཱུྃ་ཨ་མྲྀ་ཏེ་སྭ་ཧཱ༔  ལན་བདུན༔  ནམ་མཁའ་མཛོད་སྔགས་གསུམ་བརྗོད༔  ཨ་ཀཱ་རོས་བརླབ༔  ཛཿ སྟོན་པ་རྗོགས་པའི་སངས་རྒྱས་དང་༔  གསང་བདག་ཕྱག་ན་རྡོ་རྗེ་ཡིས༔  སྤྱན་སྔར་ཁས་བླངས་དམ་བཅས་པའི༔  ཀླུ་ཆེན་བརྒྱད་དང་དེ་ཡི་འཁོར༔  འབྱུང་བ་ལྔ་ལ་དབང་མཛད་པའི༔  ཀླུ་གཉན་མ་ལུས་ཐམས་ཅད་ཀུན༔  མཆོད་སྦྱིན་གནས་འདིར་གཤེགས་སུ་གསོལ༔  ཁྱད་པར་ས་མིག་འདི་དང་ནི༔  ཕྱོགས་མཚམས་སྟེང་འོག་ལ་གནས་པའི༔  ཀླུ་གཉན་ས་བདག་ཐམས་ཅད་ཀུན༔  ཁྲོ་གཏུམ་གདུག་པའི་སེམས་སྤོངས་ལ༔  བྱམས་བརྩེ་གུས་པའི་ཚུལ་ལྡན་པས༔  སྐད་ཅིག་ཉིད་དུ་གཤེགས་སུ་གསོལ༔  ཕུ་ཏྲི་ནཱའ་ག་རཱ་ཛ་བྷུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ ཀྱཻ༔  འབྱུང་བ་ལྔ་དང་སྤར་ཁ་བརྒྱད༔  སྨེ་བ་དགུ་དང་ལོ་ཟླ་བ༔  ཞག་དང་ཟ་མ་དུས་ཚོད་ལ༔  དབང་བསྒྱུར་ས་བདག་ཀླུ་གཉན་ཚོགས༔  མ་ལུས་ལུས་པ་མེད་པ་ལ༔  འདོད་ཡོན་ལོངས་སྤྱོད་ཕུན་ཚོགས་གཏེར༔  མི་ཟད་ནམ་མཁའ་མཛོད་དུ་འབུལ༔  གནོད་གདུག་དྲག་ཤུལ་སེམས་བྲལ་ནས༔  བྱམས་བརྩེའི་ངང་ལ་གནས་གྱུར་ཅིག༔  ན་མཿ སརྦ་ཏ་ཐཱ་ག་ཏ་སོགས་མཚན་བཞིའི་སྔགས་ཅི་མང་བརྗོད༔  ཕུ་ཏྲི་ནཱ་ག་རཱ་ཛ་བྷུ་མི་པ་ཏི་ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔  ཅི་མང་བརྗོད་ནས་ཕུལ༔  ཀྱཻ༔  སྣང་ཞིང་སྲིད་པར་དབང་མཛད་པའི༔  ཀླུ་གཉན་ས་བདག་ཐམས་ཅད་ལ༔  མཆོད་སྦྱིན་རྒྱ་ཆེན་འདི་འབུལ་བས༔  གཟུགས་ཁམས་ལྷ་ཡི་དགའ་བདེ་བཞིན༔  མི་ཟད་གཏེར་ལ་སྤྱོད་པར་ཤོག༔  བདག་ཅན་དཔོན་སློབ་འཁོར་བཅས་ལ༔  དགོས་འདོད་ཡིད་བཞིན་དངོས་གྲུབ་ཀུན༔  རྒྱུན་ཆད་མེད་པར་སྩལ་དུ་གསོལ༔  འཛམ་གླིང་སྤྱི་དང་རྒྱལ་ཁམས་འདིར༔  ཆར་ཆུ་དུས་སུ་འབབས་པ་དང་༔  ལོ་ལེགས་འབྲུ་དང་ཕྱུགས་འཕེལ་མཛོད༔  དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔  བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔  རིག་འཛིན་རྩ་བརྒྱུད་བླ་མ་ཡི༔  དམ་ཚིག་ཡིན་ནོ་དམ་མ་ཉམས༔  ཨོཾ་ཕུ་ཏྲི་ནཱ་ག་བྷུ་མི་པ་ཏི་སརྦ་ཨ་མྲྀ་ཏ་ཁཱ་ཧི༔  ལན་བརྒྱད་ཕུལ༔  དེ་ནས་དངོས་གྲུབ་བླང་བ་ནི༔  ནཱ་ག་ཕུ་ཏྲི་བྷུ་མི་པ་ཏི་སརྦ་རཏྣ་སིདྡྷི་བ་སུ་སིདྡྷི་ཁ་ངྷེ་སིདྡྷི་སིདྡྷི་ཕ་ལ་ཧཱུྃ༔  ལན་གསུམ་མཐར༔  ཀྱཻ༔  སྣང་ཞིང་སྲིད་པའི་ཀླུ་གཉན་རྣམས༔  མགུ་བར་གྱིས་ལ་རང་གནས་གཤེགས༔  བདག་གི་འདོད་དོན་རྟག་ཏུ་སྒྲུབས༔  བསྟན་འགྲོའི་དགེ་ལེགས་དཔལ་རྒྱས་མཛོད༔  བཛྲ་མུཿ བསྔོ་སྨོན་བྱ༔  ཤིས་པ་བརྗོད༔  དེ་ལྟར་རྟག་ཏུ་བརྩོན་བྱས་ན༔  ཉེས་པ་ཀུན་སེལ་དགེ་ལེགས་འཕེལ༔  འདོད་དོན་འབྱུང་ཞིང་ལོ་ཕྱུགས་ལེགས༔  བཀྲ་ཤིས་དགེ་ལེགས་དཔལ་རྒྱས་བྱེད༔  ས་མ་ཡ༔  རྒྱ་རྒྱ་རྒྱ༔  བརྡ་ཐིམཿ ཞེས་པ་འདིའང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་འཇིགས་མེད་བསྟན་པའི་རྒྱལ་མཚན་ནོ། །དགེའོ།།  །།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:30, 16 July 2025

Wylie title DUDJOM-THROMA-049.pdf
Location khros ma'i sgrub skor
Volume 1, Text 49, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠དབུ་ཁྲིད༥༢༩༔ དག་སྣང་ལས༔ ཀླུ་གཏོར་བདུད་རྩིའི་རྒྱ་མཚོ་བཞུགས་སོ༔ ༠༠༠བརྡ་ཡིག༥༢༩༔ ན་མོ་གུ་རུ་ཝེ༔ ཆུ་ལ་དཀར་གསུམ་མངར་གསུམ་དང་༔ ཀླུ་སྨན་སྣ་ཚོགས་བཏབ་ནས་འབུལ༔ ཡང་ན་ཆུ་དང་འོ་མ་ལ༔ ཨོཾ་སྭ་བྷཱ་ཝས་སྦྱང་༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་ཆུ་སྦྱིན་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩི་ནད་པ་གསོ་བའི་སྨན༔ འཆི་བ་བསླུ་བའི་བདུད་རྩི༔ དབུལ་ཕོངས་དང་སྡུག་བསྔལ་སེལ་བའི་འདོད་ཡོན་ཕུན་སུམ་ཚོགས་པ༔ མི་ཟད་ནམ་མཁའ་མཛོད་དུ་གྱུར༔ ཨོཾ་ཨཱཿ ཧཱུྃ་ཨ་མྲྀ་ཏེ་སྭ་ཧཱ༔ ལན་བདུན༔ ནམ་མཁའ་མཛོད་སྔགས་གསུམ་བརྗོད༔ ཨ་ཀཱ་རོས་བརླབ༔ ཛཿ སྟོན་པ་རྗོགས་པའི་སངས་རྒྱས་དང་༔ གསང་བདག་ཕྱག་ན་རྡོ་རྗེ་ཡིས༔ སྤྱན་སྔར་ཁས་བླངས་དམ་བཅས་པའི༔ ཀླུ་ཆེན་བརྒྱད་དང་དེ་ཡི་འཁོར༔ འབྱུང་བ་ལྔ་ལ་དབང་མཛད་པའི༔ ཀླུ་གཉན་མ་ལུས་ཐམས་ཅད་ཀུན༔ མཆོད་སྦྱིན་གནས་འདིར་གཤེགས་སུ་གསོལ༔ ཁྱད་པར་ས་མིག་འདི་དང་ནི༔ ཕྱོགས་མཚམས་སྟེང་འོག་ལ་གནས་པའི༔ ཀླུ་གཉན་ས་བདག་ཐམས་ཅད་ཀུན༔ ཁྲོ་གཏུམ་གདུག་པའི་སེམས་སྤོངས་ལ༔ བྱམས་བརྩེ་གུས་པའི་ཚུལ་ལྡན་པས༔ སྐད་ཅིག་ཉིད་དུ་གཤེགས་སུ་གསོལ༔ ཕུ་ཏྲི་ནཱའ་ག་རཱ་ཛ་བྷུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ ཀྱཻ༔ འབྱུང་བ་ལྔ་དང་སྤར་ཁ་བརྒྱད༔ སྨེ་བ་དགུ་དང་ལོ་ཟླ་བ༔ ཞག་དང་ཟ་མ་དུས་ཚོད་ལ༔ དབང་བསྒྱུར་ས་བདག་ཀླུ་གཉན་ཚོགས༔ མ་ལུས་ལུས་པ་མེད་པ་ལ༔ འདོད་ཡོན་ལོངས་སྤྱོད་ཕུན་ཚོགས་གཏེར༔ མི་ཟད་ནམ་མཁའ་མཛོད་དུ་འབུལ༔ གནོད་གདུག་དྲག་ཤུལ་སེམས་བྲལ་ནས༔ བྱམས་བརྩེའི་ངང་ལ་གནས་གྱུར་ཅིག༔ ན་མཿ སརྦ་ཏ་ཐཱ་ག་ཏ་སོགས་མཚན་བཞིའི་སྔགས་ཅི་མང་བརྗོད༔ ཕུ་ཏྲི་ནཱ་ག་རཱ་ཛ་བྷུ་མི་པ་ཏི་ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ ཅི་མང་བརྗོད་ནས་ཕུལ༔ ཀྱཻ༔ སྣང་ཞིང་སྲིད་པར་དབང་མཛད་པའི༔ ཀླུ་གཉན་ས་བདག་ཐམས་ཅད་ལ༔ མཆོད་སྦྱིན་རྒྱ་ཆེན་འདི་འབུལ་བས༔ གཟུགས་ཁམས་ལྷ་ཡི་དགའ་བདེ་བཞིན༔ མི་ཟད་གཏེར་ལ་སྤྱོད་པར་ཤོག༔ བདག་ཅན་དཔོན་སློབ་འཁོར་བཅས་ལ༔ དགོས་འདོད་ཡིད་བཞིན་དངོས་གྲུབ་ཀུན༔ རྒྱུན་ཆད་མེད་པར་སྩལ་དུ་གསོལ༔ འཛམ་གླིང་སྤྱི་དང་རྒྱལ་ཁམས་འདིར༔ ཆར་ཆུ་དུས་སུ་འབབས་པ་དང་༔ ལོ་ལེགས་འབྲུ་དང་ཕྱུགས་འཕེལ་མཛོད༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ རིག་འཛིན་རྩ་བརྒྱུད་བླ་མ་ཡི༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ ཨོཾ་ཕུ་ཏྲི་ནཱ་ག་བྷུ་མི་པ་ཏི་སརྦ་ཨ་མྲྀ་ཏ་ཁཱ་ཧི༔ ལན་བརྒྱད་ཕུལ༔ དེ་ནས་དངོས་གྲུབ་བླང་བ་ནི༔ ནཱ་ག་ཕུ་ཏྲི་བྷུ་མི་པ་ཏི་སརྦ་རཏྣ་སིདྡྷི་བ་སུ་སིདྡྷི་ཁ་ངྷེ་སིདྡྷི་སིདྡྷི་ཕ་ལ་ཧཱུྃ༔ ལན་གསུམ་མཐར༔ ཀྱཻ༔ སྣང་ཞིང་སྲིད་པའི་ཀླུ་གཉན་རྣམས༔ མགུ་བར་གྱིས་ལ་རང་གནས་གཤེགས༔ བདག་གི་འདོད་དོན་རྟག་ཏུ་སྒྲུབས༔ བསྟན་འགྲོའི་དགེ་ལེགས་དཔལ་རྒྱས་མཛོད༔ བཛྲ་མུཿ བསྔོ་སྨོན་བྱ༔ ཤིས་པ་བརྗོད༔ དེ་ལྟར་རྟག་ཏུ་བརྩོན་བྱས་ན༔ ཉེས་པ་ཀུན་སེལ་དགེ་ལེགས་འཕེལ༔ འདོད་དོན་འབྱུང་ཞིང་ལོ་ཕྱུགས་ལེགས༔ བཀྲ་ཤིས་དགེ་ལེགས་དཔལ་རྒྱས་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམཿ ཞེས་པ་འདིའང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་འཇིགས་མེད་བསྟན་པའི་རྒྱལ་མཚན་ནོ། །དགེའོ།། །།