DUDJOM-THROMA-054: Difference between revisions
From Dudjom Wiki
DUDJOM-THROMA-054
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
དབུ་ཁྲིད་བརྡ་ཡིག༔ ༥ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མཁའ་འགྲོ་ཁྲོས་མ་ནག་མོ་ལ་བརྟེན་ནས་བླ་ཚེ་འགུགས་པ་ཐུགས་རྗེའི་ལྕགས་ཀྱུ་བཞུགས་སོ༔ ན་མོ་གུ་རུ་ཝེ༔ ༠༠༠༠༠བརྡ་ཡིག༔ ༥ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ སྐྱེ་འགྲོའི་བླ་ཚེ་བགེགས་ཀྱིས་འཕྲོག༔ ཚེ་ཐུང་ནད་མང་ལོངས་སྤྱོད་དབུལ༔ དེ་ཚེ་མ་མོ་མཁའ་འགྲོ་ཡི༔ སྒྲུབ་པ་ལ་བརྟེན་བླ་ཚེ་འགུགས༔ ལྟ་བའི་གདིང་ལྡན་རྣལ་འབྱོར་པས༔ བསྐྱེད་རྫོགས་གདིང་བསྐྱེད་གནད་ཀྱིས་འདི༔ ཧཱུྃ༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ལོངས་སྐུ་རྡོ་རྗེ་རྣལ་འབྱོར་མ༔ སྤྲུལ་སྐུ་ཁྲོས་མ་ནག་མོ་སོགས༔ སྐུ་གསུམ་ཡེ་ཤེས་མཁའ་འགྲོའི་ཚོགས༔ གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ ཐུགས་རྗེས་དགོངས་ཤིག་དབྱིངས་ནས་བཞེངས༔ ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ བླ་ཚེ་ཉམས་པ་བླ་ཚེ་ཁུག༔ སྲོག་ཚེ་ཉམས་པ་སྲོག་ཚེ་ཁུག༔ དབུགས་ཚེ་ཉམས་པ་དབུགས་ཚེ་ཁུག༔ བྃ༔ དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་མ༔ འབུམ་ཕྲག་མཁའ་འགྲོའི་ཚོགས་བཅས་ལ༔ གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ ཐུགས་རྗེས་དགོངས་ཤིག་དབྱིངས་ནས་བཞེངས༔ ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ བླ་ཚེ་ཉམས་པ་བླ་ཚེ་ཁུག༔ སྲོག་ཚེ་ཉམས་པ་སྲོག་ཚེ་ཁུག༔ དབུགས་ཚེ་ཉམས་པ་དབུགས་ཚེ་ཁུག༔ ཧ༔ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མ༔ འབུམ་ཕྲག་མཁའ་འགྲོའི་ཚོགས་བཅས་ལ༔ གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ ཐུགས་རྗེས་དགོངས་ཤིག་དབྱིངས་ནས་བཞེངས༔ ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ བླ་ཚེ་ཉམས་པ་བླ་ཚེ་ཁུག༔ སྲོག་ཚེ་ཉམས་པ་སྲོག་ཚེ་ཁུག༔ དབུགས་ཚེ་ཉམས་པ་དབུགས་ཚེ་ཁུག༔ རི༔ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མ༔ འབུམ་ཕྲག་མཁའ་འགྲོའི་ཚོགས་བཅས་ལ༔ གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ ཐུགས་རྗེས་དགོངས་ཤིག་དབྱིངས་ནས་བཞེངས༔ ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ བླ་ཚེ་ཉམས་པ་བླ་ཚེ་ཁུག༔ སྲོག་ཚེ་ཉམས་པ་སྲོག་ཚེ་ཁུག༔ དབུགས་ཚེ་ཉམས་པ་དབུགས་ཚེ་ཁུག༔ ནི༔ པདྨ་རིགས་ཀྱི་མཁའ་འགྲོ་མ༔ འབུམ་ཕྲག་མཁའ་འགྲོའི་ཚོགས་བཅས་ལ༔ གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ ཐུགས་རྗེས་དགོངས་ཤིག་དབྱིངས་ནས་བཞེངས༔ ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ བླ་ཚེ་ཉམས་པ་བླ་ཚེ་ཁུག༔ སྲོག་ཚེ་ཉམས་པ་སྲོག་ཚེ་ཁུག༔ དབུགས་ཚེ་ཉམས་པ་དབུགས་ཚེ་ཁུག༔ ས༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ འབུམ་ཕྲག་མཁའ་འགྲོའི་ཚོགས་བཅས་ལ༔ གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ ཐུགས་རྗེས་དགོངས་ཤིག་དབྱིངས་ནས་བཞེངས༔ ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ བླ་ཚེ་ཉམས་པ་བླ་ཚེ་ཁུག༔ སྲོག་ཚེ་ཉམས་པ་སྲོག་ཚེ་ཁུག༔ དབུགས་ཚེ་ཉམས་པ་དབུགས་ཚེ་ཁུག༔ མ༔ ཡེ་ཤེས་མཁའ་འགྲོ་སྡེ་ལྔ་ཡི༔ སྐུ་ཡི་དབང་བྱིན་དངོས་གྲུབ་དང་༔ འབྱུང་བ་ནམ་མཁའི་དྭངས་བཅུད་བཅས༔ ཨོཾ་དཀར་འོད་ཀྱི་རྣམ་པར་བསྡུས༔ སྤྱི་བོ་བདེ་ཆེན་འཁོར་ལོར་ཐིམ༔ མི་ཤིགས་རྡོ་རྗེའི་རྒྱ་ཡིས་ཐོབ༔ གསུང་གི་དབང་བྱིན་དངོས་གྲུབ་དང་༔ འབྱུང་བ་མེ་ཡི་དྭངས་བཅུད་བཅས༔ ཨཱཿདམར་འོད་ཀྱི་རྣམ་པར་བསྡུས༔ མགྲིན་པ་ལོངས་སྤྱོད་འཁོར་ལོར་ཐིམ༔ མི་ཤིགས་རྡོ་རྗེའི་རྒྱ་ཡིས་ཐོབ༔ ཐུགས་ཀྱི་དབང་བྱིན་དངོས་གྲུབ་དང་༔ འབྱུང་བ་ཆུ་ཡི་དྭངས་བཅུད་བཅས༔ ཧཱུྃ་མཐིང་འོད་ཀྱི་རྣམ་པར་བསྡུས༔ སྙིང་ག་ཆོས་ཀྱི་འཁོར་ལོར་ཐིམ༔ མི་ཤིགས་རྡོ་རྗེའི་རྒྱ་ཡིས་ཐོབ༔ ཡོན་ཏན་དབང་བྱིན་དངོས་གྲུབ་དང་༔ འབྱུང་བ་ས་ཡི་དྭངས་བཅུད་བཅས༔ སྭཱཿསེར་འོད་ཀྱི་རྣམ་པར་བསྡུས༔ ལྟེ་བ་སྤྲུལ་པའི་འཁོར་ལོར་ཐིམ༔ བླ་ཚེ་བསོད་ནམས་ནུས་པ་བསྐྱེད༔ ཕྲིན་ལས་དབང་བྱིན་དངོས་གྲུབ་དང་༔ འབྱུང་བ་རླུང་གི་དྭངས་བཅུད་བཅས༔ ཧཱཿལྗང་འོད་ཀྱི་རྣམ་པར་བསྡུས༔ གསང་གནས་བདེ་སྐྱོང་འཁོར་ལོར་ཐིམ༔ ཚེ་བསོད་དཔལ་ཡོན་དབང་དངོས་གྲུབ༔ ནམ་མཁའ་མཛོད་དུ་འཕེལ་རྒྱས་ཤོག༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿབཛྲ་ཨ་ཡུཿཛྙཱ་ན་མ་ཧཱ་པུཎྱེ་སིདྡྷི་ཕ་ལ་ཧཱུྃ་ཨཱཿཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿདེ་ལྟར་དམིགས་པའི་གནད་ལྡན་པས༔ བླ་ཚེ་བསོད་ནམས་གོང་འཕེལ་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་རང་སློབ་དམ་པ་པདྨ་བསོད་ནམས་ཀྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་བཀོད་པའོ།།དགེའོ།།དགེའོ།།དགེའོ།།།། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=khros ma'i sgrub skor | |||
|collectiontitletib=ཁྲོས་མའི་སྒྲུབ་སྐོར་ | |||
|totalvolumes=1 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=1 | |||
|volumeLetter= | |||
|textnuminvol=054 | |||
|pdflink=File:DUDJOM-THROMA-054.pdf | |||
|InitCategories=Dudjom Tersar Project; DUDJOM-THROMA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|དབུ་ཁྲིད་བརྡ་ཡིག༔ ༥ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མཁའ་འགྲོ་ཁྲོས་མ་ནག་མོ་ལ་བརྟེན་ནས་བླ་ཚེ་འགུགས་པ་ཐུགས་རྗེའི་ལྕགས་ཀྱུ་བཞུགས་སོ༔ ན་མོ་གུ་རུ་ཝེ༔ ༠༠༠༠༠བརྡ་ཡིག༔ ༥ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ སྐྱེ་འགྲོའི་བླ་ཚེ་བགེགས་ཀྱིས་འཕྲོག༔ ཚེ་ཐུང་ནད་མང་ལོངས་སྤྱོད་དབུལ༔ དེ་ཚེ་མ་མོ་མཁའ་འགྲོ་ཡི༔ སྒྲུབ་པ་ལ་བརྟེན་བླ་ཚེ་འགུགས༔ ལྟ་བའི་གདིང་ལྡན་རྣལ་འབྱོར་པས༔ བསྐྱེད་རྫོགས་གདིང་བསྐྱེད་གནད་ཀྱིས་འདི༔ ཧཱུྃ༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ལོངས་སྐུ་རྡོ་རྗེ་རྣལ་འབྱོར་མ༔ སྤྲུལ་སྐུ་ཁྲོས་མ་ནག་མོ་སོགས༔ སྐུ་གསུམ་ཡེ་ཤེས་མཁའ་འགྲོའི་ཚོགས༔ གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ ཐུགས་རྗེས་དགོངས་ཤིག་དབྱིངས་ནས་བཞེངས༔ ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ བླ་ཚེ་ཉམས་པ་བླ་ཚེ་ཁུག༔ སྲོག་ཚེ་ཉམས་པ་སྲོག་ཚེ་ཁུག༔ དབུགས་ཚེ་ཉམས་པ་དབུགས་ཚེ་ཁུག༔ བྃ༔ དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་མ༔ འབུམ་ཕྲག་མཁའ་འགྲོའི་ཚོགས་བཅས་ལ༔ གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ ཐུགས་རྗེས་དགོངས་ཤིག་དབྱིངས་ནས་བཞེངས༔ ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ བླ་ཚེ་ཉམས་པ་བླ་ཚེ་ཁུག༔ སྲོག་ཚེ་ཉམས་པ་སྲོག་ཚེ་ཁུག༔ དབུགས་ཚེ་ཉམས་པ་དབུགས་ཚེ་ཁུག༔ ཧ༔ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མ༔ འབུམ་ཕྲག་མཁའ་འགྲོའི་ཚོགས་བཅས་ལ༔ གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ ཐུགས་རྗེས་དགོངས་ཤིག་དབྱིངས་ནས་བཞེངས༔ ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ བླ་ཚེ་ཉམས་པ་བླ་ཚེ་ཁུག༔ སྲོག་ཚེ་ཉམས་པ་སྲོག་ཚེ་ཁུག༔ དབུགས་ཚེ་ཉམས་པ་དབུགས་ཚེ་ཁུག༔ རི༔ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མ༔ འབུམ་ཕྲག་མཁའ་འགྲོའི་ཚོགས་བཅས་ལ༔ གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ ཐུགས་རྗེས་དགོངས་ཤིག་དབྱིངས་ནས་བཞེངས༔ ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ བླ་ཚེ་ཉམས་པ་བླ་ཚེ་ཁུག༔ སྲོག་ཚེ་ཉམས་པ་སྲོག་ཚེ་ཁུག༔ དབུགས་ཚེ་ཉམས་པ་དབུགས་ཚེ་ཁུག༔ ནི༔ པདྨ་རིགས་ཀྱི་མཁའ་འགྲོ་མ༔ འབུམ་ཕྲག་མཁའ་འགྲོའི་ཚོགས་བཅས་ལ༔ གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ ཐུགས་རྗེས་དགོངས་ཤིག་དབྱིངས་ནས་བཞེངས༔ ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ བླ་ཚེ་ཉམས་པ་བླ་ཚེ་ཁུག༔ སྲོག་ཚེ་ཉམས་པ་སྲོག་ཚེ་ཁུག༔ དབུགས་ཚེ་ཉམས་པ་དབུགས་ཚེ་ཁུག༔ ས༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ འབུམ་ཕྲག་མཁའ་འགྲོའི་ཚོགས་བཅས་ལ༔ གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ ཐུགས་རྗེས་དགོངས་ཤིག་དབྱིངས་ནས་བཞེངས༔ ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ བླ་ཚེ་ཉམས་པ་བླ་ཚེ་ཁུག༔ སྲོག་ཚེ་ཉམས་པ་སྲོག་ཚེ་ཁུག༔ དབུགས་ཚེ་ཉམས་པ་དབུགས་ཚེ་ཁུག༔ མ༔ ཡེ་ཤེས་མཁའ་འགྲོ་སྡེ་ལྔ་ཡི༔ སྐུ་ཡི་དབང་བྱིན་དངོས་གྲུབ་དང་༔ འབྱུང་བ་ནམ་མཁའི་དྭངས་བཅུད་བཅས༔ ཨོཾ་དཀར་འོད་ཀྱི་རྣམ་པར་བསྡུས༔ སྤྱི་བོ་བདེ་ཆེན་འཁོར་ལོར་ཐིམ༔ མི་ཤིགས་རྡོ་རྗེའི་རྒྱ་ཡིས་ཐོབ༔ གསུང་གི་དབང་བྱིན་དངོས་གྲུབ་དང་༔ འབྱུང་བ་མེ་ཡི་དྭངས་བཅུད་བཅས༔ ཨཱཿདམར་འོད་ཀྱི་རྣམ་པར་བསྡུས༔ མགྲིན་པ་ལོངས་སྤྱོད་འཁོར་ལོར་ཐིམ༔ མི་ཤིགས་རྡོ་རྗེའི་རྒྱ་ཡིས་ཐོབ༔ ཐུགས་ཀྱི་དབང་བྱིན་དངོས་གྲུབ་དང་༔ འབྱུང་བ་ཆུ་ཡི་དྭངས་བཅུད་བཅས༔ ཧཱུྃ་མཐིང་འོད་ཀྱི་རྣམ་པར་བསྡུས༔ སྙིང་ག་ཆོས་ཀྱི་འཁོར་ལོར་ཐིམ༔ མི་ཤིགས་རྡོ་རྗེའི་རྒྱ་ཡིས་ཐོབ༔ ཡོན་ཏན་དབང་བྱིན་དངོས་གྲུབ་དང་༔ འབྱུང་བ་ས་ཡི་དྭངས་བཅུད་བཅས༔ སྭཱཿསེར་འོད་ཀྱི་རྣམ་པར་བསྡུས༔ ལྟེ་བ་སྤྲུལ་པའི་འཁོར་ལོར་ཐིམ༔ བླ་ཚེ་བསོད་ནམས་ནུས་པ་བསྐྱེད༔ ཕྲིན་ལས་དབང་བྱིན་དངོས་གྲུབ་དང་༔ འབྱུང་བ་རླུང་གི་དྭངས་བཅུད་བཅས༔ ཧཱཿལྗང་འོད་ཀྱི་རྣམ་པར་བསྡུས༔ གསང་གནས་བདེ་སྐྱོང་འཁོར་ལོར་ཐིམ༔ ཚེ་བསོད་དཔལ་ཡོན་དབང་དངོས་གྲུབ༔ ནམ་མཁའ་མཛོད་དུ་འཕེལ་རྒྱས་ཤོག༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿབཛྲ་ཨ་ཡུཿཛྙཱ་ན་མ་ཧཱ་པུཎྱེ་སིདྡྷི་ཕ་ལ་ཧཱུྃ་ཨཱཿཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿདེ་ལྟར་དམིགས་པའི་གནད་ལྡན་པས༔ བླ་ཚེ་བསོད་ནམས་གོང་འཕེལ་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་རང་སློབ་དམ་པ་པདྨ་བསོད་ནམས་ཀྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་བཀོད་པའོ།།དགེའོ།།དགེའོ།།དགེའོ།།།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:30, 16 July 2025
| Wylie title | ||
|---|---|---|
| Location | khros ma'i sgrub skor Volume 1, Text 54, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | ||
| More details More details | ||
| Genre | ||