DUDJOM-THROMA-047: Difference between revisions

From Dudjom Wiki
DUDJOM-THROMA-047
No edit summary
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མ་ཅིག་ཁྲོས་མ་ནག་མོ་ལ་བརྟེན་ནས་གཤིན་པོ་རྗེས་འཛིན་ཐར་པའི་ཐེམ་སྐས༔
|fulltitle=chos nyid nam mkha'i klong mdzod las: ma cig khros ma nag mo la brten nas gshin po rjes 'dzin thar pa'i them skas:
|citation=Khrag 'thung [[Bdud 'joms gling pa]]. ''Chos nyid nam mkha'i klong mdzod las ma cig khros ma nag mo la brten nas gshin po rjes 'dzin thar pa'i them skas''. In ''Khros ma'i sgrub skor'': 393-406. Kalimpong: Mani Dorji, 1979.
|collectiontitletib=ཁྲོས་མའི་སྒྲུབ་སྐོར་
|collectiontitle=khros ma'i sgrub skor
|collectiontitle=khros ma'i sgrub skor
|collectiontitletib=ཁྲོས་མའི་སྒྲུབ་སྐོར་
|totalvolumes=1
|author=bdud 'joms gling pa
|author=bdud 'joms gling pa
|sourcerevealer=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|sourcerevealertib=བདུད་འཇོམས་གླིང་པ་
|tibgenre=Funerary Rituals - gnas lung - byang chog
|terma=Yes
|deity=khros ma nag mo
|cycle=chos nyid nam mkha'i klong mdzod
|cycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=1
|volumenumber=1
|volumeLetter=
|textnuminvol=047
|textnuminvol=047
|pagenumbers=393-406
|totalpages=14
|beginfolioline=1a1
|endfolioline=7b6
|totalfolios=7
|multivolumework=No
|rectonotes=gnas lung
|versonotes=khros ma
|colophontib=ཞེས་པ་འདི་ནི་རང་སློབ་དམ་པ་མཁྱེན་རབ་རྒྱ་མཚོས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡིག་མེད་ཨུ་པ་དེ་ཤ་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ།།
|colophonwylie=zhes pa 'di ni rang slob dam pa mkhyen rab rgya mtshos bskul ngor khrag 'thung bdud 'joms rdo rjes yig med u pa de sha las bsgyur ba'o/_/dge'o/_/dge'o/_/dge'o//
|pdflink=File:DUDJOM-THROMA-047.pdf
|pdflink=File:DUDJOM-THROMA-047.pdf
|InitCategories=Dudjom Tersar Project; DUDJOM-THROMA
|InitCategories=Dudjom Tersar Project; DUDJOM-THROMA
Line 18: Line 34:
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|དབུ་ཁྲིད་༠༠༠༠༠༠༠༠༠བརྡ་ཡིག ༤༦༧ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔  མ་ཅིག་ཁྲོས་མ་ནག་མོ་ལ་བརྟེན་ནས་གཤིན་པོ་རྗེས་འཛིན་ཐར་པའི་ཐེམ་སྐས་བཞུགས་སོ༔   
{{TibP|ཕྚ༔  ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔  མ་ཅིག་ཁྲོས་མ་ནག་མོ་ལ་བརྟེན་ནས་གཤིན་པོ་རྗེས་འཛིན་ཐར་པའི་ཐེམ་སྐས་བཞུགས་སོ༔   
དབུ་ཁྲིད་༠༠༠༠༠༠༠བརྡ་ཡིག ༤༦༨ ན་མོ་གུ་རུ་པདྨ་ཀ་ར་ཡེ༔  མཐའ་ཡས་དབང་པོ་པདྨ་འབྱུང་༔  ང་མིན་ང་དང་འདྲ་པ་ཡི༔  སྐྱེས་བུ་དག་གི་སྤྱོད་ཡུལ་ལས༔  ཁྲུས་དང་འདྲེན་པའི་བྱ་བ་ལ༔  བུམ་པ་མཚན་ལྡན་མགུལ་ཆིངས་མཐིང་༔  ཉེར་སྤྱོད་ལྔ་སོགས་བཤམས་ནས་སུ༔  དེ་ནས་ཁྲུས་བུམ་བསྒྲུབ་པ་ལ༔  ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔  སྟོང་པ་ཉིད་དུ་གྱུར༔  སྟོང་པའི་ངང་ལས་ཡེ་ཤེས་ལྔ་ལྡན་རང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་ཡངས་ཤིག་རྒྱ་ཆེ་བའི་ནང་དུ་བུམ་ཆུ་བདུད་རྩིའི་རྒྱ་མཚོ་འཁྱིལ་བའི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་མ་ཅིག་ཁྲོས་མ་མཐིང་ནག་ཕྱག་གཉིས་གྲི་ཐོད་བསྣམས་པ༔  སྐུ་གཅེར་བུ་རུས་པའི་རྒྱན་དྲུག་གིས་སྤྲས་པ་ཞབས་གཉིས་གར་སྟབས་མཛད་པ༔  ཞི་མ་ཁྲོ་འཛུམ་གྱི་ཉམས་དང་ལྡན་པ་ཡེ་ཤེས་ཀྱི་འཇའ་འོད་མེ་དཔུང་གི་ཀློང་དུ་བཞུགས་པའི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་འཕྲོས་པས་དབྱིངས་ལས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ལ་བསྟིམ་མོ༔  བྃ་ཧ་རི་ནི་ས་བཛྲ་ས་མ་ཡ་ཛ་ཛཿ ཛཿ ཧཱུྃ་བཾ་ཧོ༔  ཏིཥྛ་བཛྲ་ས་མ་ཡ་ལྷན༔  ཨ་ཏི་པཱ་ཧོཿ པྲ་ཏིཙྪ་ཧོཿ ཨོཾ་བཛྲ་ཨརྒྷཾ་ནས་ ཤཔྡའི་བར་གྱིས་མཆོད༔ དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ༔  རྒྱལ་ཀུན་ཡུམ་མཆོག་རྒྱལ་བ་སྐྱེད་པའི་མ༔  འཁོར་བའི་འཁྲུལ་འཁོར་དབྱིངས་སུ་འཇིགས་མཛད་པའི༔  དབྱིངས་ཀྱི་ཡུམ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད༔  བུམ་ལྷའི་ཐུགས་ཀར་སྔགས་ཀྱི་ཕྲེང་བས་བསྐོར་བར་བསྒོམ་ལ༔  ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔  ཅི་མང་བཟླས་མཐར༔  སྔགས་ཕྲེང་ལས་དག་བྱེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ༔  སླར་ཡང་མཆོད་བསྟོད་སྔར་ལྟར་བྱ༔  ཨོཾ་ཨཱཿ ཧཱུྃ༔  ཞེས་བརྗོད་པས༔  ལྷ་འོད་དུ་ཞུ་ནས་བུམ་པའི་ཆུ་ལ་ཐིམ་པས་དག་བྱེད་ཀྱི་ནུས་པ་དང་ལྡན་པར་གྱུར༔  དེ་ནས་བྱང་བུ་བསྐྱེད་ཆོག་ནི༔  ཨོཾ་སྭ་བྷཱ་ཝ་སོགས༔ མི་བྱང་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔  སྟོང་པའི་ངང་ལས་མདུན་དུ་ཡེ་ཤེས་ལྔའི་གུར་ཁང་ཟླུམ་པོ་སྒོ་དང་སྲུབ་མེད་པའི་ནང་ནྲྀ་ཡིག་ཡོངས་སུ་གྱུར་པ་ལས་ཚེ་ལས་འདས་པའི་ཕུང་ཁམས་སྐྱེ་མཆེད་ཡོངས་སུ་ཚང་བ་གསོན་པོའི་གནས་སྐབས་ཇི་ལྟ་བ་བཞིན་དུ་དད་ཅིང་འདུན་པའི་སྒོ་ནས་པུས་བཙུག་ཏུ་སྡོད་ཅིང་གུས་པས་ཐལ་མོ་སྦྱར་ཏེ་མེ་ཏོག་འདབ་བརྒྱད་བསྣམས་ནས་ཚིག་གི་དོན་ལ་ཉན་ཅིང་གནས་པ་ལ༔  བདག་མདུན་གྱི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་འཕྲོས་པས་ཚེ་འདས་ཀྱི་སེམས་དང་སྣང་བ་ཐམས་ཅད་འུབ་ཀྱིས་བསྡུས་ཏེ་དམིགས་པའི་རྟེན་ལ་ཐིམ་པར་བསམ༔  ཧཱུྃ༔  ང་ནི་ཡེ་ཤེས་མཁའ་འགྲོ་མ༔  སྐུ་གསུམ་ལྷུན་གྲུབ་ཁྲོས་མའི་སྐུ༔  འཁོར་འདས་ཡོངས་ལ་མངའ་དབང་བསྒྱུར༔  ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི༔  མཁྱེན་བརྩེ་ནུས་པའི་བདག་ཉིད་ཡིན༔  སྐྱབས་བྲལ་མགོན་མེད་ཚེ་འདས་ཁྱོད༔  མ་ཡེངས་དད་གུས་མོས་པས་ཉོན༔  ཁྱོད་སྲིད་པའི་རྩེ་མོ་མན་ཆད་ནས༔  མནར་མེད་དམྱལ་ཁམས་ཡན་ཆད་དུ༔  གང་ན་གནས་ཀྱང་འདིར་ཤོག་ཅིག༔  ཧཱུྃ༔  སྐྱབས་གནས་དཀོན་མཆོག་གསུམ་པོ་དང་༔  རྩ་གསུམ་སྐུ་གསུམ་བདེན་པ་དང་༔  ཆོས་ཉིད་མི་འགྱུར་བདེན་མཐུ་དང་༔  རྟེན་འབྲེལ་བསླུ་བ་མེད་པའི་མཐུས༔  ཚེ་འདས་བླ་ཡིད་སེམས་གསུམ་ནི༔  ཁམས་གསུམ་གང་ན་གནས་གྱུར་ཀྱང་༔  གཟུགས་མིང་འདི་ལ་མཆིས་གྱུར་ཅིག༔  རང་དབང་དད་གུས་ལྡན་པ་ཡིས༔  བདེ་སྐྱིད་ངང་དུ་བག་ཕེབ་ཤོག༔  སླར་ཡང་འགུགས་གཞུག་བྱ་བ་ནི༔  ན་མོ༔  གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔  སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ མ་ཅིག་ཁྲོས་མ་ནག་མོ་དབྱིངས་ཀྱི་ཡུམ་ཆེན་སྡེ་ལྔ་འབུམ་ཕྲག་ཡངས་པའི་མཁའ་འགྲོ་མའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ༴ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་དག་པའི་བདེན༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་མཐུ་དང་བདེན་པའི་བྱིན་རླབས་ཀྱིས༔  འཇིག་རྟེན་འདིས་ནས་ཕ་རོལ་ཏུ་སོང་བའི་དམིགས་ཡུལ་ཚེ་དུས་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བའི་རྣམ་པར་ཤེས་པ་ཁམས་གསུམ་འགྲོ་བ་རིགས་དྲུག་སྐྱེ་བ་རྣམ་བཞི་ལམ་རྒྱུད་ལྔ་སྲིད་པ་བར་མ་དོ་གར་ཡོད་པའི་ས་ནས་དམིགས་པའི་རྟེན་འདི་ལ་ཁུག་ཅིག༔  བཛྲ་ཨངྐུ་ཤ་ཛཿ ལན་གྲངས་གསུམ་བདུན་དགུ་སོགས་སྐབས་དང་བསྟུན༔  ཛཿཧཱུྃ་བཾ་ཧོཿ དེ་ནས་གཤེད་དང་བྲལ་བ་ལ༔  ཨོཾ་སྭ་བྷཱ་ཝ་སོགས༔ སྟོང་པ་ཉིད་དུ་གྱུར༔  སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ལས་གཏོར་མ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་ནམ་མཁའི་མཐའ་དང་མཉམ་པ་ཟད་མི་ཤེས་པའི་གཏེར་ཆེན་པོ་གཅིག་ཏུ་གྱུར༔  ཨོཾ་སརྦ་བིགྷྲཱན་ན་མཿ སརྦ་ཏ་ཐཱ་ག་ཏ་སོགས་ སྭཱ་ཧཱ༔  ཞེས་ཞི་སྦྱང་དང་༔  དེ་ནས་དྲག་སྦྱང་ལ༔  ཨོཾ་སུམྦྷ་ནི་སུམྦྷ་ནི་སོགས༔ དེ་ནས་བཀའ་བསྒོ་བ་ནི༔  ཧཱུྃ༔  འདོད་ཡོན་ལྔ་ལྡན་གླུད་ཀྱི་གཏོར་མ་འདི༔  ཚེ་འདས་འདི་ཡི་སྲོག་གཅོད་བླ་ཁྱེར་དང་༔  ས་ལམ་བར་ཆད་གེགས་བྱེད་བགེགས་ཚོགས་ལ༔  བསྔོ་ཞིང་སྦྱིན་ནོ་མགུ་ཞིང་ཚིམས་གྱིས་ལ༔  བཟུང་བ་ཐོང་ལ་བཅིང་ཁྲོལ་མནན་པ་ཐེག༔  སོ་སོ་རང་རང་གནས་སུ་ཕྱིར་དེངས་ཤིག༔ ཧཱུྃ་བཞིའི་སྔགས་བརྗོད་ཐུན་གྱིས་བྲབ༔  སླར་ཡང་སྲུང་འཁོར་བསྒོམ་པ་ནི༔  ཧཱུྃ༔  སྟེང་འོག་བར་གསུམ་རྡོ་རྗེའི་གུར༔  ཡེ་ཤེས་ལྔ་དང་འོད་ལྔ་འཁྲིགས༔  མེ་དཔུང་རྡོ་རྗེའི་མཚོན་ཐུན་འཕྲོས༔  ཡེ་ཤེས་འོད་ལྔའི་གྭ་འུར་བསྒོམ༔  དེ་ནས་བདེན་པའི་ཆོས་བཤད་པ་ནི༔  ཀྱཻ༔  ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔  འདི་ལྟར་སྣང་བ་ཐམས་ཅད་ནི༔  རང་གི་སེམས་ལས་གཞན་མ་ཡིན༔  ང་ཁྱོད་གཉིས་འཛིན་ཞེན་པ་ཁྱོད༔  ཕྱི་རུ་འཛིན་པའི་ཡུལ་གནས་དང་༔  ནང་དུ་ངར་འཛིན་འཆིང་བདག་གཉིས༔  དོན་ལ་རྣམ་པར་རྟོག་པ་གཉིས༔  སེམས་གཞིའི་ཀློང་དུ་འཐས་པ་ལས༔  ཡུལ་དང་ཡུལ་ཅན་དེ་ལས་བྱུང་༔  སྒྱུ་མ་དང་ནི་སྨིག་སྒྱུ་དང་༔  ན་བུན་ཁུ་རླངས་སྤྲིན་རླུང་བཅས༔  ནམ་མཁའ་ལས་བྱུང་ནམ་མཁར་ཡལ༔  ཉིན་སྣང་རྨི་སྣང་བདེ་སྡུག་སྣང་༔  རིགས་དྲུག་གནས་ཁམས་སྐྱེ་འགྲོ་སོགས༔  ཚོགས་དྲུག་ཡུལ་སྣང་ཐམས་ཅད་ཀུན༔  སེམས་ལས་བྱུང་སྟེ་སེམས་སུ་ཐིམ༔  དག་པ་སངས་རྒྱས་སངས་རྒྱས་ཞིང་༔  ཐམས་ཅད་སེམས་ཉིད་རང་གཞིའི་ཞལ༔  ངོ་བོ་སྟོང་པའི་ཡེ་ཤེས་སུ༔  སེམས་ཉིད་མ་བཅོས་ངང་ལ་ཞོག༔  འདི་ལྟར་སྣང་བ་ཐམས་ཅད་ནི༔  སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔  ཆོས་སྐུ་ཁྱབ་བརྡལ་ངང་དུ་ཞིག༔  ངོ་ཤེས་ངང་དུ་གདིང་ཐོབ་ན༔  འགྱུར་མེད་བཙན་ས་ཟིན་འགྱུར་རོ༔  འཁོར་འདས་རང་སྣང་ངོས་ཟིན་མཛོད༔  མ་ཡེངས་མ་འཁྲུལ་རིགས་ཀྱི་བུ༔  དེ་ནས་བག་ཆགས་བསྲེག་པ་ནི༔  ཧཱུྃ༔  རང་ཉིད་ལྷ་ཡི་ཐུགས་ཀ་ནས༔  འོད་དམར་རཾ་གྱིས་མཚན་པ་ཅན༔  འཕྲོས་པས་ཡེ་ཤེས་མེ་དཔུང་ནི༔  སྒྲིབ་གཉིས་སྲེག་བྱེད་ནུས་ལྡན་གྱུར༔  ཚེ་ལས་འདས་པའི་གནས་དྲུག་ཏུ༔  ཨཿ ནྲྀཿ སུཿ ཏྲིཿ པྲེཿ དུཿ གསལ༔  ཚེ་རབས་ལས་ཉོན་བག་ཆགས་ཀུན༔  འདུས་པའི་ངོ་བོར་གྱུར་པ་རྣམས༔  འོད་ནག་རྣམ་པར་མེར་གྱིས་ཞུ༔  སྣ་སྒོ་ནས་ཐོན་ཏིལ་ལ་བསྟིམ༔  ཧཱུྃ༔  ཡེ་ཤེས་ལྔ་ལྡན་འབར་བའི་མེས༔  ཁམས་གསུམ་འཁོར་བར་འཁྱམས་པའི་རྒྱུ༔  ལས་ཉོན་བག་ཆགས་ས་བོན་བཅས༔  རྗེས་ལྷག་མེད་པར་ཛྭ་ལ་རཾ༔  ཨོཾ་སརྦ་པཱ་པཾ་ད་ཧ་ན་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔  ལན་བདུན་བརྗོད་ཅིང་བསྲེགས་པར་བསམ༔  དེ་ནས་ཁྲུས་ཀྱི་བྱ་བ་ལ༔  ཧཱུྃ༔  མཁའ་འགྲོ་སྐུ་ཡི་བྱིན་བརླབས་པའི༔  དག་བྱེད་ཡེ་ཤེས་ཆུ་རྒྱུན་གྱིས༔  ཚེ་འདས་འདི་ལ་ཁྲུས་བགྱིས་པས༔  ལུས་ཀྱི་སྒྲིབ་པ་ཀུན་དག་ཤོག༔  རྩ་སྔགས་མཐར༔  སརྦ་པཱ་པཾ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔  ཧཱུྃ༔  མཁའ་འགྲོའི་གསུང་གི་བྱིན་བརླབས་པའི༔  དག་བྱེད་ཡེ་ཤེས༴ ཚེ་འདས་འདི་ལ༴ ངག་གི་སྒྲིབ་པ་ཀུན་དག་ཤོག༔  རྩ་སྔགས་མཐར༔  སརྦ་པཱ་པཾ་ཤུདྡྷེ༴ ཧཱུྃ༔  མཁའ་འགྲོའི་ཐུགས་ཀྱི་བྱིན་བརླབས་པའི༔  དག་བྱེད་ཡེ་ཤེས༴ ཚེ་འདས་འདི་ལ༴ ཡིད་ཀྱི་སྒྲིབ་པ་ཀུན་དག་ཤོག༔  རྩ་སྔགས་མཐར༔  སརྦ་པཱ་པཾ་ཤུདྡྷེ༴ ཧཱུྃ༔  ང་ནི་ཁྲོས་མ་ནག་མོ་སྟེ༔  རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མའི༔  བྱིན་གྱིས་བརླབས་པའི་ཆུ་རྒྱུན་གྱིས༔  ཚེ་འདས་འདི་ལ་ཁྲུས་བགྱིས་པས༔  ཞེ་སྡང་སྒྲིབ་པ་ཀུན་དག་ནས༔  མེ་ལོང་ཡེ་ཤེས་མངོན་གྱུར་ཤོག༔  ཧ་བཛྲ་ཌཱ་ཀི་ནཱི་སརྦ་པཱ་པཾ་ཤུདྡྷེ༴ ཧཱུྃ༔  ང་ནི་ཁྲོས་མ་ནག་མོ་སྟེ༔  རིན་ཆེན་རིགས་ཀྱི༴ བྱིན་གྱིས་བརླབས་པའི༴ ཚེ་འདས་འདི་ལ༴ ང་རྒྱལ་སྒྲིབ་པ༴ མཉམ་ཉིད་ཡེ་ཤེས༴ རི་རཏྣ་ཌཱ་ཀི་ནཱི་སརྦ་པཱ་པཾ་ཤུདྡྷེ༴ ཧཱུྃ༔  ང་ནི་ཁྲོས་མ་ནག་མོ་སྟེ༔  པདྨ་རིགས་ཀྱི༴ བྱིན་གྱིས་བརླབས་པའི༴ ཚེ་འདས་འདི་ལ༴ འདོད་ཆགས་སྒྲིབ་པ༴ སོར་རྟོག་ཡེ་ཤེས༴ ནི་པདྨ་ཌཱ་ཀི་ནཱི་སོགས༔ ཧཱུྃ༔  ང་ནི་ཁྲོས་མ་ནག་མོ་སྟེ༔  ལས་ཀྱི་རིགས་ཀྱི༴ བྱིན་གྱིས་བརླབས་པའི༴ ཚེ་འདས་འདི་ལ༴ ཕྲག་དོག་སྒྲིབ་པ༴ བྱ་གྲུབ་ཡེ་ཤེས༴ ས་ཀརྨ་ཌཱ་ཀི་ནཱི་སོགས༔  ཧཱུྃ༔  ང་ནི་ཁྲོས་མ་ནག་མོ་སྟེ༔  མཁྱེན་དང་གཟིགས་པའི་ཡེ་ཤེས་ཀྱིས༔  བྱིན་གྱིས་བརླབས་པའི༴ ཚེ་འདས་འདི་ལ༴ སྒྲིབ་གཉིས་བག་ཆགས་ཀུན་དག་ནས༔  ཆོས་དབྱིངས་ཡེ་ཤེས་མངོན་གྱུར་ཤོག༔  ཨོཾ་བཛྲ་ཀྲོ་དྷི་ཀ་ལི་སརྦ་ཌཱ་ཀི་ནཱི་ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཙིཏྟ་ཧྲཱིང་ཧྲཱིང་ཛ་ཛཿ སརྦ་པཱ་པཾ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔  དེ་ནས་ཀཾ་ཀ་ནི་སོགས་བརྗོད་ཅིང་བྱེ་མ་བྲབ༔  ཧཱུྃ༔  ཡེ་ཤེས་ལྔ་ཡི་མདངས་ལྡན་པའི༔  སྐྱོན་བྲལ་རྨ་བྱ་དུག་འཇོམས་པས༔  ཁྱོད་ཀྱི་སྒྲིབ་གཉིས་དྲི་མ་བྱབ༔  ཤེལ་སྒོང་རྡུལ་ཕྱིས་ཇི་བཞིན་དུ༔  ལྷག་མ་མེད་པར་བྱང་གྱུར་ཅིག༔  ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་སརྦ་པཱ་པཾ་ཨ་པ་ན་ཡེ་སྭཱ་ཧཱ༔  ཞེས་བྱབ་བོ༔  མཆོག་གསུམ་བདེན་པས་སྦྱོང་བ་ནི༔  འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔  འདི་དག་ཚེ་འདས་དུག་གསུམ་སྟེ༔  བཅོམ་ལྡན་སངས་རྒྱས་དུག་མི་མངའ༔  སངས་རྒྱས་བདེན་པས་དུག་བཅོམ་མོ༔  འདོད་ཆགས་ཞེ་སྡང་༴ འདི་དག་ཚེ་འདས༴ བཅོམ་ལྡན་དམ་ཆོས་དུག༴ དམ་ཆོས་བདེན་པས་དུག་བཅོམ་མོ༔  འདོད་ཆགས་ཞེ་སྡང་༴ འདི་དག་ཚེ་འདས༴ བཅོམ་ལྡན་དགེ་འདུན་དུག༴ དགེ་འདུན་བདེན་པས་དུག་བཅོམ་མོ༔  དེ་ནས་འབྱུང་བཞིའི་དུག་སྦྱོང་ནི༔  སོ་སོས་བྱ་བ་ལ༔  ས་ནི་དུག་གི་ཕ་ཡིན་ཏེ༔  ས་ནི་དུག་གི་མ་ཡང་ཡིན༔  བདེན་པའི་བདེན་ཚིག་འདི་བརྗོད་པས༔  དུག་གསུམ་ས་ཡི་ནང་དུ་སོང་༔  ཆུ་ནི་དུག་གི་ཕ༴ ཆུ་ནི་དུག་གི་མ༴ བདེན་པའི་བདེན༴ དུག་གསུམ་ཆུ་ཡི་ནང་དུ་སོང་༔  མེ་ནི་དུག་གི་ཕ༴ མེ་ནི་དུག་གི་མ༴ བདེན་པའི་བདེན༴ དུག་གསུམ་མེ་ཡི་ནང་དུ་སོང་༴ རླུང་ནི་དུག་གི་ཕ༴ རླུང་ནི་དུག་གི་མ༴ བདེན་པའི་བདེན༴ དུག་གསུམ་རླུང་གི་ནང་དུ་སོང་༔  དེ་ནས་ཤིས་པ་བརྗོད་པ་ནི༔  བྱང་ཆུབ་སྙིང་པོར་གཤེགས་པ་ན༔  ས་རྣམས་དྲུག་པོ་གཡོས་གྱུར་ཅིང་༔  བདུད་ཡིད་མི་བདེར་གྱུར་པ་དེས༔  ཁྱེད་ལ་བདེ་ལེགས་མཛད་པར་འགྱུར༔  ཆོས་ཀྱི་འཁོར་ལོ་བསྐོར་བ་ན༔  འཕགས་པའི་བདེན་པ་རྣམས་གསུང་ཞིང་༔  ཐུབ་པའི་སྙན་པ་གང་བྱུང་དེས༔  ཁྱེད་ལ་བདེ་ལེགས་མཛད་པར་འགྱུར༔  ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད༔  ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་༔  ཚོགས་ཀུན་དབང་དུ་མཛད་པ་དེས༔  ཁྱེད་ལ་བདེ་ལེགས་མཛད་པར་འགྱུར༔  དེ་ནས་ཚེ་འདས་ཀྱི་སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པར་འཕོ་བ་ནི༔  ཧཱུྃ༔  དབྱིངས་ཀྱི་མཁའ་འགྲོ་སྡེ་ལྔ་ཡི༔  སྐུ་དང་ཡེ་ཤེས་དབང་བྱིན་རླབས༔  འོད་ལྔའི་རྣམ་པར་མེར་གྱིས་བྱུང་༔  ཁྱོད་ཀྱི་སྒོ་གསུམ་ལ་ཐིམ་པས༔  མི་འགྱུར་མི་འགགས་མི་འཁྲུལ་པའི༔  རྡོ་རྗེ་གསུམ་གྱི་རོལ་པར་འཕོས༔  ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཨ་བྷི་ཥིཉྩ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ དེ་ནས་ཟས་བསྔོ་བྱ་བ་ལ༔  ཨོཾ་སྭ་བྷཱ་ཝ་སོགས༔  སྟོང་པ་ཉིད་དུ་གྱུར༔  སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་ས་གཞིའི་ཁྱོན་དང་མཉམ་པའི་ནང་དུ་ཨོཾ་ཨཱཿ ཧཱུྃ་གསུམ་ཡོངས་སུ་གྱུར་པ་ལས་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་མི་ཟད་པའི་གཏེར་ཆེན་པོ་ཞིག་ཏུ་གྱུར༔  ནམ་མཁའ་མཛོད་སྔགས་ལན་གསུམ༔  བསྔོ་བའི་ཡུལ་ལ་གཏད་པ་ནི༔  ཀྱཻ༔  ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔  བཟའ་བཅའ་བཏུང་བ་ལྡག་གཞིབ་པའི༔  ལོངས་སྤྱོད་བཤམས་པའི་དངོས་པོ་རྣམས༔  ཏིང་འཛིན་སྔགས་ཀྱིས་བྱིན་བརླབས་ནས༔  རྩེ་བ་ཆེན་པོས་ཁྱོད་ལ་བསྔོ༔  མ་ཅིག་ཁྲོས་མའི་ཐུགས་རྗེ་དང་༔  མཁའ་འགྲོ་སྡེ་ལྔའི་བྱིན་རླབས་ཀྱིས༔  བསྔོས་པ་བཞིན་དུ་ཚིམ་གྱུར་ནས༔  གཏན་བདེའི་ལོངས་སྤྱོད་དཔལ་ཐོབ་ཤོག༔  སམྦྷ་ར་བརྗོད༔  ན་མོ༔  བསླུ་མེད་མཆོག་གསུམ་བདེན་པ་དང་༔  ཏིང་འཛིན་སྔགས་ཀྱི་བྱིན་རླབས་ཀྱིས༔  ཚེ་འདས་དབང་པོ་དྲུག་གི་ཡུལ༔  ཚིམ་ནས་ཟག་མེད་བདེ་སྐྱིད་ཀྱི༔  འདོད་ཡོན་མི་ཟད་གཏེར་ཐོབ་ཤོག༔  དེ་ནས་མ་རིག་མུན་པའི་སྨག༔  བསལ་ཕྱིར་སྣང་གསལ་བསྔོ་བ་ནི༔  ཧཱུྃ༔  ཡེ་ཤེས་ལྔ་ལྡན་སྣང་གསལ་འདི༔  ངོ་བོ་སྟོང་ལ་རང་བཞིན་གསལ༔  ཐུགས་རྗེའི་རང་རྩལ་ཅིར་ཡང་སྣང་༔  ཚེ་འདས་མ་རིག་མུན་སེལ་ཞིང་༔  ཡེ་ཤེས་སྣང་བ་མངོན་གྱུར་ཅིག༔  ཨོཾ་བཛྲ་ཛྙཱ་ན་ཨཱ་ལོ་ཀེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔  དེ་ནས་ལམ་བསྟན་བྱ་བ་ལ༔  ཀྱཻ་མ་ཚེ་འདས་རིགས་ཀྱི་བུ༔  ཁམས་གསུམ་འཁོར་བའི་གནས་རིགས་ཀུན༔  མི་བཟད་སྡུག་བསྔལ་རྒྱ་མཚོ་སྟེ༔  ཆགས་ཞེན་འཁྲི་བ་ཀུན་ཆོད་ལ༔  དག་པའི་ཞིང་ཁམས་ཡིད་ལ་གྱིས༔  རྣམ་ཤེས་ཡི་དམ་ལྷ་ལ་གཏོད༔  དེ་ནས་གནས་སྤར་བྱ་བ་ལ༔  ཧཱུྃ༔  ཚེ་ལས་འདས་པ་སྐད་ཅིག་གིས༔  རྡོ་རྗེའི་རིགས་ཀྱི་མཁའ་འགྲོ་དཀར༔  ཕྱག་གཡས་གྲི་གུག་གཡོན་ཐོད་ཁྲག༔  ལུས་ནང་དབུ་མ་མདའ་སྨྱུག་ཙམ༔  སྙིང་གར་པདྨ་ཟླ་གདན་ལ༔  རྣམ་ཤེས་འོད་ཀྱི་ཐིག་ལེར་གསལ༔  སྤྱི་བོར་ཁྲུ་གང་ཙམ་གྱི་སྟེང་༔  པདྨ་ཟླ་རྒྱས་ལྟེ་བ་རུ༔  མཁའ་འགྲོ་རྡོ་རྗེ་རྣལ་འབྱོར་མ༔  དམར་གསལ་རྒྱན་དང་ལྡན་པར་བསྒོམ༔  ཁྱོད་ཀྱི་རྣམ་པར་ཤེས་པ་དེ༔  འོད་ཀྱི་ཐིག་ལེ་ཅོག་སྒོང་ཙམ༔  ཡེ་ཤེས་མཁའ་འགྲོའི་ཐུགས་ཀ་རུ༔  ཐེ་ཚོམ་མེད་པར་རྒྱངས་ཀྱིས་འཕོས༔  དབྱེ་བ་མེད་པར་ལྟེམ་མེར་འདྲེས༔  མཁའ་འགྲོ་དཔག་ཆེན་མདའ་འཕང་ལྟར༔  བདེ་བ་ཅན་གྱི་ཞིང་དུ་གཤེགས༔  མེ་ཏོག་པདྨའི་སྦུབས་སུ་ཐིམ༔  པདྨ་གྱེས་པའི་ཟེའུ་འབྲུ་ལ༔  བརྫུས་སྐྱེས་སྤྲུལ་སྐུ་ཐོབ་པར་ཤོག༔  ཕཊ་ཀྱིས་མཁའ་འགྲོའི་ཐུགས་ཀར་སྤར༔ ཕཊ་ཀྱིས་བདེ་བ་ཅན་དུ་གཤེགས༔ ཕཊ་ཀྱིས་ཞིང་ཁམས་མངོན་དུ་གྱུར༔ ཕཊ་ཀྱིས་ངོ་ཤེས་གདིང་ཐོབ་བསམ༔ དེ་ནས་མིང་བྱང་བསྲེག་པ་ལ༔  སྭ་བྷཱ་ཝ་སོགས༔ མེ་ཐབ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔  སྟོང་པའི་ངང་ལས་ཀོང་བུ་མེ་ཏོག་པདྨ་འདབ་བརྒྱད་གྱེས་པའི་སྟེང་དུ་མར་ཁུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་སྡོང་བུ་ས་ཡིག་ཡོངས་སུ་གྱུར་པ་ལས༔  ལས་ཀྱི་མཁའ་འགྲོ་ལྗང་མོ་གྲི་ཐོད་བསྣམས་པའི་སྐུ་ལས་ཡེ་ཤེས་ཀྱི་མེ་དཔུང་འབར་བས་ཚེ་འདས་ཀྱི་སྒྲིབ་གཉིས་བག་ཆགས་ཐམས་ཅད་མིང་བྱང་དང་ཐ་མི་དད་པར་གནས་པ་གཞོབ་ཐུལ་གྱིས་བསྲེགས་པར་གྱུར༔  ཧཱུྃ༔  ལྷུན་གྲུབ་བདེ་ཆེན་དཀྱིལ་འཁོར་ནས༔  རིགས་ལྔ་དབྱིངས་ཀྱི་ཡུམ་ཆེན་ལྔས༔  ཡེ་ཤེས་ལྔ་ཡི་མེ་སྦར་བས༔  ཉོན་མོངས་བརྒྱད་ཁྲིའི་འཁྲུལ་འཁོར་དང་༔  རྒྱུ་རྐྱེན་རྟེན་འབྲེལ་བག་ཆགས་བསྲེགས༔  ཡེ་ཤེས་རྩལ་ཆེན་འབར་གྱུར་ཅིག༔  ཨཿ ནྲྀཿ སུཿ ཏྲིཿ པྲེཿ དུཿ ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔  བསྐྱེད་རིམ་གདིང་ལྡན་རྣལ་འབྱོར་གྱིས༔  འདི་ལྟར་ཁྲུས་ཀྱི་ཆོ་ག་ལ༔  བརྟེན་ནས་གཞན་དོན་ལ་བརྩོན་ན༔  འགྲོ་དོན་རྒྱ་ཆེན་འགྲུབ་འགྱུར་རོ༔  བདེན་མཐོང་དག་གི་སྤྱོད་ཡུལ་ལས༔  ཐོ་ཅོ་གཟུགས་བརྙན་སྤྱོད་ཡུལ་མིན༔  ས་མ་ཡ༔  རྒྱ་རྒྱ་རྒྱ༔  ཞེས་པ་འདི་ནི་རང་སློབ་དམ་པ་མཁྱེན་རབ་རྒྱ་མཚོས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡིག་མེད་ཨུ་པ་དེ་ཤ་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ།། །།}}
 
 
ཕྚ༔  ན་མོ་གུ་རུ་པདྨ་ཀ་ར་ཡེ༔  {{TibChung|མཐའ་ཡས་དབང་པོ་པདྨ་འབྱུང་༔  ང་མིན་ང་དང་འདྲ་པ་ཡི༔  སྐྱེས་བུ་དག་གི་སྤྱོད་ཡུལ་ལས༔  ཁྲུས་དང་འདྲེན་པའི་བྱ་བ་ལ༔  བུམ་པ་མཚན་ལྡན་མགུལ་ཆིངས་མཐིང་༔  ཉེར་སྤྱོད་ལྔ་སོགས་བཤམས་ནས་སུ༔  དེ་ནས་ཁྲུས་བུམ་བསྒྲུབ་པ་ལ༔}} ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔  སྟོང་པ་ཉིད་དུ་གྱུར༔  སྟོང་པའི་ངང་ལས་ཡེ་ཤེས་ལྔ་ལྡན་རང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་ཡངས་ཤིག་རྒྱ་ཆེ་བའི་ནང་དུ་བུམ་ཆུ་བདུད་རྩིའི་རྒྱ་མཚོ་འཁྱིལ་བའི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་མ་ཅིག་ཁྲོས་མ་མཐིང་ནག་ཕྱག་གཉིས་གྲི་ཐོད་བསྣམས་པ༔  སྐུ་གཅེར་བུ་རུས་པའི་རྒྱན་དྲུག་གིས་སྤྲས་པ་ཞབས་གཉིས་གར་སྟབས་མཛད་པ༔  ཞི་མ་ཁྲོ་འཛུམ་གྱི་ཉམས་དང་ལྡན་པ་ཡེ་ཤེས་ཀྱི་འཇའ་འོད་མེ་དཔུང་གི་ཀློང་དུ་བཞུགས་པའི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་འཕྲོས་པས་དབྱིངས་ལས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ལ་བསྟིམ་མོ༔  བྃ་ཧ་རི་ནི་ས་བཛྲ་ས་མ་ཡ་ཛ་ཛཿ ཛཿ ཧཱུྃ་བཾ་ཧོ༔  ཏིཥྛ་བཛྲ་ས་མ་ཡ་ལྷན༔  ཨ་ཏི་པཱ་ཧོཿ པྲ་ཏིཙྪ་ཧོཿ ཨོཾ་བཛྲ་ཨརྒྷཾ་{{TibChung|ནས་}} ཤཔྡ{{TibChung|འི་བར་གྱིས་མཆོད༔}} དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ༔  རྒྱལ་ཀུན་ཡུམ་མཆོག་རྒྱལ་བ་སྐྱེད་པའི་མ༔  འཁོར་བའི་འཁྲུལ་འཁོར་དབྱིངས་སུ་འཇིགས་མཛད་པའི༔  དབྱིངས་ཀྱི་ཡུམ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད༔  བུམ་ལྷའི་ཐུགས་ཀར་སྔགས་ཀྱི་ཕྲེང་བས་བསྐོར་བར་བསྒོམ་ལ༔  ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔  {{TibChung|ཅི་མང་བཟླས་མཐར༔}} སྔགས་ཕྲེང་ལས་དག་བྱེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ༔  སླར་ཡང་མཆོད་བསྟོད་སྔར་ལྟར་བྱ༔  ཨོཾ་ཨཱཿ ཧཱུྃ༔  {{TibChung|ཞེས་བརྗོད་པས༔}} ལྷ་འོད་དུ་ཞུ་ནས་བུམ་པའི་ཆུ་ལ་ཐིམ་པས་དག་བྱེད་ཀྱི་ནུས་པ་དང་ལྡན་པར་གྱུར༔  {{TibChung|དེ་ནས་བྱང་བུ་བསྐྱེད་ཆོག་ནི༔}} ཨོཾ་སྭ་བྷཱ་ཝ་{{TibChung|སོགས༔}} མི་བྱང་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔  སྟོང་པའི་ངང་ལས་མདུན་དུ་ཡེ་ཤེས་ལྔའི་གུར་ཁང་ཟླུམ་པོ་སྒོ་དང་སྲུབ་མེད་པའི་ནང་ནྲྀ་ཡིག་ཡོངས་སུ་གྱུར་པ་ལས་ཚེ་ལས་འདས་པའི་ཕུང་ཁམས་སྐྱེ་མཆེད་ཡོངས་སུ་ཚང་བ་གསོན་པོའི་གནས་སྐབས་ཇི་ལྟ་བ་བཞིན་དུ་དད་ཅིང་འདུན་པའི་སྒོ་ནས་པུས་བཙུག་ཏུ་སྡོད་ཅིང་གུས་པས་ཐལ་མོ་སྦྱར་ཏེ་མེ་ཏོག་འདབ་བརྒྱད་བསྣམས་ནས་ཚིག་གི་དོན་ལ་ཉན་ཅིང་གནས་པ་ལ༔  བདག་མདུན་གྱི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་འཕྲོས་པས་ཚེ་འདས་ཀྱི་སེམས་དང་སྣང་བ་ཐམས་ཅད་འུབ་ཀྱིས་བསྡུས་ཏེ་དམིགས་པའི་རྟེན་ལ་ཐིམ་པར་བསམ༔  ཧཱུྃ༔  ང་ནི་ཡེ་ཤེས་མཁའ་འགྲོ་མ༔  སྐུ་གསུམ་ལྷུན་གྲུབ་ཁྲོས་མའི་སྐུ༔  འཁོར་འདས་ཡོངས་ལ་མངའ་དབང་བསྒྱུར༔  ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི༔  མཁྱེན་བརྩེ་ནུས་པའི་བདག་ཉིད་ཡིན༔  སྐྱབས་བྲལ་མགོན་མེད་ཚེ་འདས་ཁྱོད༔  མ་ཡེངས་དད་གུས་མོས་པས་ཉོན༔  ཁྱོད་སྲིད་པའི་རྩེ་མོ་མན་ཆད་ནས༔  མནར་མེད་དམྱལ་ཁམས་ཡན་ཆད་དུ༔  གང་ན་གནས་ཀྱང་འདིར་ཤོག་ཅིག༔  ཧཱུྃ༔  སྐྱབས་གནས་དཀོན་མཆོག་གསུམ་པོ་དང་༔  རྩ་གསུམ་སྐུ་གསུམ་བདེན་པ་དང་༔  ཆོས་ཉིད་མི་འགྱུར་བདེན་མཐུ་དང་༔  རྟེན་འབྲེལ་བསླུ་བ་མེད་པའི་མཐུས༔  ཚེ་འདས་བླ་ཡིད་སེམས་གསུམ་ནི༔  ཁམས་གསུམ་གང་ན་གནས་གྱུར་ཀྱང་༔  གཟུགས་མིང་འདི་ལ་མཆིས་གྱུར་ཅིག༔  རང་དབང་དད་གུས་ལྡན་པ་ཡིས༔  བདེ་སྐྱིད་ངང་དུ་བག་ཕེབ་ཤོག༔  {{TibChung|སླར་ཡང་འགུགས་གཞུག་བྱ་བ་ནི༔}} ན་མོ༔  གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔  སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ མ་ཅིག་ཁྲོས་མ་ནག་མོ་དབྱིངས་ཀྱི་ཡུམ་ཆེན་སྡེ་ལྔ་འབུམ་ཕྲག་ཡངས་པའི་མཁའ་འགྲོ་མའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ༴ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་དག་པའི་བདེན༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་མཐུ་དང་བདེན་པའི་བྱིན་རླབས་ཀྱིས༔  འཇིག་རྟེན་འདིས་ནས་ཕ་རོལ་ཏུ་སོང་བའི་དམིགས་ཡུལ་ཚེ་དུས་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བའི་རྣམ་པར་ཤེས་པ་ཁམས་གསུམ་འགྲོ་བ་རིགས་དྲུག་སྐྱེ་བ་རྣམ་བཞི་ལམ་རྒྱུད་ལྔ་སྲིད་པ་བར་མ་དོ་གར་ཡོད་པའི་ས་ནས་དམིགས་པའི་རྟེན་འདི་ལ་ཁུག་ཅིག༔  བཛྲ་ཨངྐུ་ཤ་ཛཿ {{TibChung|ལན་གྲངས་གསུམ་བདུན་དགུ་སོགས་སྐབས་དང་བསྟུན༔}} ཛཿཧཱུྃ་བཾ་ཧོཿ {{TibChung|དེ་ནས་གཤེད་དང་བྲལ་བ་ལ༔}} ཨོཾ་སྭ་བྷཱ་ཝ་{{TibChung|སོགས༔}} སྟོང་པ་ཉིད་དུ་གྱུར༔  སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ལས་གཏོར་མ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་ནམ་མཁའི་མཐའ་དང་མཉམ་པ་ཟད་མི་ཤེས་པའི་གཏེར་ཆེན་པོ་གཅིག་ཏུ་གྱུར༔  ཨོཾ་སརྦ་བིགྷྲཱན་ན་མཿ སརྦ་ཏ་ཐཱ་ག་ཏ་{{TibChung|སོགས་}} སྭཱ་ཧཱ༔  {{TibChung|ཞེས་ཞི་སྦྱང་དང་༔  དེ་ནས་དྲག་སྦྱང་ལ༔}} ཨོཾ་སུམྦྷ་ནི་སུམྦྷ་ནི་{{TibChung|སོགས༔ དེ་ནས་བཀའ་བསྒོ་བ་ནི༔}} ཧཱུྃ༔  འདོད་ཡོན་ལྔ་ལྡན་གླུད་ཀྱི་གཏོར་མ་འདི༔  ཚེ་འདས་འདི་ཡི་སྲོག་གཅོད་བླ་ཁྱེར་དང་༔  ས་ལམ་བར་ཆད་གེགས་བྱེད་བགེགས་ཚོགས་ལ༔  བསྔོ་ཞིང་སྦྱིན་ནོ་མགུ་ཞིང་ཚིམས་གྱིས་ལ༔  བཟུང་བ་ཐོང་ལ་བཅིང་ཁྲོལ་མནན་པ་ཐེག༔  སོ་སོ་རང་རང་གནས་སུ་ཕྱིར་དེངས་ཤིག༔ {{TibChung| ཧཱུྃ་བཞིའི་སྔགས་བརྗོད་ཐུན་གྱིས་བྲབ༔  སླར་ཡང་སྲུང་འཁོར་བསྒོམ་པ་ནི༔}} ཧཱུྃ༔  སྟེང་འོག་བར་གསུམ་རྡོ་རྗེའི་གུར༔  ཡེ་ཤེས་ལྔ་དང་འོད་ལྔ་འཁྲིགས༔  མེ་དཔུང་རྡོ་རྗེའི་མཚོན་ཐུན་འཕྲོས༔  ཡེ་ཤེས་འོད་ལྔའི་གྭ་འུར་བསྒོམ༔  {{TibChung|དེ་ནས་བདེན་པའི་ཆོས་བཤད་པ་ནི༔}} ཀྱཻ༔  ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔  འདི་ལྟར་སྣང་བ་ཐམས་ཅད་ནི༔  རང་གི་སེམས་ལས་གཞན་མ་ཡིན༔  ང་ཁྱོད་གཉིས་འཛིན་ཞེན་པ་ཁྱོད༔  ཕྱི་རུ་འཛིན་པའི་ཡུལ་གནས་དང་༔  ནང་དུ་ངར་འཛིན་འཆིང་བདག་གཉིས༔  དོན་ལ་རྣམ་པར་རྟོག་པ་གཉིས༔  སེམས་གཞིའི་ཀློང་དུ་འཐས་པ་ལས༔  ཡུལ་དང་ཡུལ་ཅན་དེ་ལས་བྱུང་༔  སྒྱུ་མ་དང་ནི་སྨིག་སྒྱུ་དང་༔  ན་བུན་ཁུ་རླངས་སྤྲིན་རླུང་བཅས༔  ནམ་མཁའ་ལས་བྱུང་ནམ་མཁར་ཡལ༔  ཉིན་སྣང་རྨི་སྣང་བདེ་སྡུག་སྣང་༔  རིགས་དྲུག་གནས་ཁམས་སྐྱེ་འགྲོ་སོགས༔  ཚོགས་དྲུག་ཡུལ་སྣང་ཐམས་ཅད་ཀུན༔  སེམས་ལས་བྱུང་སྟེ་སེམས་སུ་ཐིམ༔  དག་པ་སངས་རྒྱས་སངས་རྒྱས་ཞིང་༔  ཐམས་ཅད་སེམས་ཉིད་རང་གཞིའི་ཞལ༔  ངོ་བོ་སྟོང་པའི་ཡེ་ཤེས་སུ༔  སེམས་ཉིད་མ་བཅོས་ངང་ལ་ཞོག༔  འདི་ལྟར་སྣང་བ་ཐམས་ཅད་ནི༔  སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔  ཆོས་སྐུ་ཁྱབ་བརྡལ་ངང་དུ་ཞིག༔  ངོ་ཤེས་ངང་དུ་གདིང་ཐོབ་ན༔  འགྱུར་མེད་བཙན་ས་ཟིན་འགྱུར་རོ༔  འཁོར་འདས་རང་སྣང་ངོས་ཟིན་མཛོད༔  མ་ཡེངས་མ་འཁྲུལ་རིགས་ཀྱི་བུ༔  དེ་ནས་བག་ཆགས་བསྲེག་པ་ནི༔  ཧཱུྃ༔  རང་ཉིད་ལྷ་ཡི་ཐུགས་ཀ་ནས༔  འོད་དམར་རཾ་གྱིས་མཚན་པ་ཅན༔  འཕྲོས་པས་ཡེ་ཤེས་མེ་དཔུང་ནི༔  སྒྲིབ་གཉིས་སྲེག་བྱེད་ནུས་ལྡན་གྱུར༔  ཚེ་ལས་འདས་པའི་གནས་དྲུག་ཏུ༔  ཨཿ ནྲྀཿ སུཿ ཏྲིཿ པྲེཿ དུཿ གསལ༔  ཚེ་རབས་ལས་ཉོན་བག་ཆགས་ཀུན༔  འདུས་པའི་ངོ་བོར་གྱུར་པ་རྣམས༔  འོད་ནག་རྣམ་པར་མེར་གྱིས་ཞུ༔  སྣ་སྒོ་ནས་ཐོན་ཏིལ་ལ་བསྟིམ༔  ཧཱུྃ༔  ཡེ་ཤེས་ལྔ་ལྡན་འབར་བའི་མེས༔  ཁམས་གསུམ་འཁོར་བར་འཁྱམས་པའི་རྒྱུ༔  ལས་ཉོན་བག་ཆགས་ས་བོན་བཅས༔  རྗེས་ལྷག་མེད་པར་ཛྭ་ལ་རཾ༔  ཨོཾ་སརྦ་པཱ་པཾ་ད་ཧ་ན་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔  {{TibChung|ལན་བདུན་བརྗོད་ཅིང་བསྲེགས་པར་བསམ༔  དེ་ནས་ཁྲུས་ཀྱི་བྱ་བ་ལ༔}} ཧཱུྃ༔  མཁའ་འགྲོ་སྐུ་ཡི་བྱིན་བརླབས་པའི༔  དག་བྱེད་ཡེ་ཤེས་ཆུ་རྒྱུན་གྱིས༔  ཚེ་འདས་འདི་ལ་ཁྲུས་བགྱིས་པས༔  ལུས་ཀྱི་སྒྲིབ་པ་ཀུན་དག་ཤོག༔  {{TibChung|རྩ་སྔགས་མཐར༔}} སརྦ་པཱ་པཾ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔  ཧཱུྃ༔  མཁའ་འགྲོའི་གསུང་གི་བྱིན་བརླབས་པའི༔  དག་བྱེད་ཡེ་ཤེས༴ ཚེ་འདས་འདི་ལ༴ ངག་གི་སྒྲིབ་པ་ཀུན་དག་ཤོག༔  {{TibChung|རྩ་སྔགས་མཐར༔}} སརྦ་པཱ་པཾ་ཤུདྡྷེ༴ ཧཱུྃ༔  མཁའ་འགྲོའི་ཐུགས་ཀྱི་བྱིན་བརླབས་པའི༔  དག་བྱེད་ཡེ་ཤེས༴ ཚེ་འདས་འདི་ལ༴ ཡིད་ཀྱི་སྒྲིབ་པ་ཀུན་དག་ཤོག༔  རྩ་སྔགས་མཐར༔  སརྦ་པཱ་པཾ་ཤུདྡྷེ༴ ཧཱུྃ༔  ང་ནི་ཁྲོས་མ་ནག་མོ་སྟེ༔  རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མའི༔  བྱིན་གྱིས་བརླབས་པའི་ཆུ་རྒྱུན་གྱིས༔  ཚེ་འདས་འདི་ལ་ཁྲུས་བགྱིས་པས༔  ཞེ་སྡང་སྒྲིབ་པ་ཀུན་དག་ནས༔  མེ་ལོང་ཡེ་ཤེས་མངོན་གྱུར་ཤོག༔  ཧ་བཛྲ་ཌཱ་ཀི་ནཱི་སརྦ་པཱ་པཾ་ཤུདྡྷེ༴ ཧཱུྃ༔  ང་ནི་ཁྲོས་མ་ནག་མོ་སྟེ༔  རིན་ཆེན་རིགས་ཀྱི༴ བྱིན་གྱིས་བརླབས་པའི༴ ཚེ་འདས་འདི་ལ༴ ང་རྒྱལ་སྒྲིབ་པ༴ མཉམ་ཉིད་ཡེ་ཤེས༴ རི་རཏྣ་ཌཱ་ཀི་ནཱི་སརྦ་པཱ་པཾ་ཤུདྡྷེ༴ ཧཱུྃ༔  ང་ནི་ཁྲོས་མ་ནག་མོ་སྟེ༔  པདྨ་རིགས་ཀྱི༴ བྱིན་གྱིས་བརླབས་པའི༴ ཚེ་འདས་འདི་ལ༴ འདོད་ཆགས་སྒྲིབ་པ༴ སོར་རྟོག་ཡེ་ཤེས༴ ནི་པདྨ་ཌཱ་ཀི་ནཱི་{{TibChung|སོགས༔}} ཧཱུྃ༔  ང་ནི་ཁྲོས་མ་ནག་མོ་སྟེ༔  ལས་ཀྱི་རིགས་ཀྱི༴ བྱིན་གྱིས་བརླབས་པའི༴ ཚེ་འདས་འདི་ལ༴ ཕྲག་དོག་སྒྲིབ་པ༴ བྱ་གྲུབ་ཡེ་ཤེས༴ ས་ཀརྨ་ཌཱ་ཀི་ནཱི་སོགས༔  ཧཱུྃ༔  ང་ནི་ཁྲོས་མ་ནག་མོ་སྟེ༔  མཁྱེན་དང་གཟིགས་པའི་ཡེ་ཤེས་ཀྱིས༔  བྱིན་གྱིས་བརླབས་པའི༴ ཚེ་འདས་འདི་ལ༴ སྒྲིབ་གཉིས་བག་ཆགས་ཀུན་དག་ནས༔  ཆོས་དབྱིངས་ཡེ་ཤེས་མངོན་གྱུར་ཤོག༔  ཨོཾ་བཛྲ་ཀྲོ་དྷི་ཀ་ལི་སརྦ་ཌཱ་ཀི་ནཱི་ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཙིཏྟ་ཧྲཱིང་ཧྲཱིང་ཛ་ཛཿ སརྦ་པཱ་པཾ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔  {{TibChung|དེ་ནས་ཀཾ་ཀ་ནི་སོགས་བརྗོད་ཅིང་བྱེ་མ་བྲབ༔}} ཧཱུྃ༔  ཡེ་ཤེས་ལྔ་ཡི་མདངས་ལྡན་པའི༔  སྐྱོན་བྲལ་རྨ་བྱ་དུག་འཇོམས་པས༔  ཁྱོད་ཀྱི་སྒྲིབ་གཉིས་དྲི་མ་བྱབ༔  ཤེལ་སྒོང་རྡུལ་ཕྱིས་ཇི་བཞིན་དུ༔  ལྷག་མ་མེད་པར་བྱང་གྱུར་ཅིག༔  ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་སརྦ་པཱ་པཾ་ཨ་པ་ན་ཡེ་སྭཱ་ཧཱ༔  {{TibChung|ཞེས་བྱབ་བོ༔  མཆོག་གསུམ་བདེན་པས་སྦྱོང་བ་ནི༔}} འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔  འདི་དག་ཚེ་འདས་དུག་གསུམ་སྟེ༔  བཅོམ་ལྡན་སངས་རྒྱས་དུག་མི་མངའ༔  སངས་རྒྱས་བདེན་པས་དུག་བཅོམ་མོ༔  འདོད་ཆགས་ཞེ་སྡང་༴ འདི་དག་ཚེ་འདས༴ བཅོམ་ལྡན་དམ་ཆོས་དུག༴ དམ་ཆོས་བདེན་པས་དུག་བཅོམ་མོ༔  འདོད་ཆགས་ཞེ་སྡང་༴ འདི་དག་ཚེ་འདས༴ བཅོམ་ལྡན་དགེ་འདུན་དུག༴ དགེ་འདུན་བདེན་པས་དུག་བཅོམ་མོ༔  {{TibChung|དེ་ནས་འབྱུང་བཞིའི་དུག་སྦྱོང་ནི༔  སོ་སོས་བྱ་བ་ལ༔}} ས་ནི་དུག་གི་ཕ་ཡིན་ཏེ༔  ས་ནི་དུག་གི་མ་ཡང་ཡིན༔  བདེན་པའི་བདེན་ཚིག་འདི་བརྗོད་པས༔  དུག་གསུམ་ས་ཡི་ནང་དུ་སོང་༔  ཆུ་ནི་དུག་གི་ཕ༴ ཆུ་ནི་དུག་གི་མ༴ བདེན་པའི་བདེན༴ དུག་གསུམ་ཆུ་ཡི་ནང་དུ་སོང་༔  མེ་ནི་དུག་གི་ཕ༴ མེ་ནི་དུག་གི་མ༴ བདེན་པའི་བདེན༴ དུག་གསུམ་མེ་ཡི་ནང་དུ་སོང་༴ རླུང་ནི་དུག་གི་ཕ༴ རླུང་ནི་དུག་གི་མ༴ བདེན་པའི་བདེན༴ དུག་གསུམ་རླུང་གི་ནང་དུ་སོང་༔  {{TibChung|དེ་ནས་ཤིས་པ་བརྗོད་པ་ནི༔}} བྱང་ཆུབ་སྙིང་པོར་གཤེགས་པ་ན༔  ས་རྣམས་དྲུག་པོ་གཡོས་གྱུར་ཅིང་༔  བདུད་ཡིད་མི་བདེར་གྱུར་པ་དེས༔  ཁྱེད་ལ་བདེ་ལེགས་མཛད་པར་འགྱུར༔  ཆོས་ཀྱི་འཁོར་ལོ་བསྐོར་བ་ན༔  འཕགས་པའི་བདེན་པ་རྣམས་གསུང་ཞིང་༔  ཐུབ་པའི་སྙན་པ་གང་བྱུང་དེས༔  ཁྱེད་ལ་བདེ་ལེགས་མཛད་པར་འགྱུར༔  ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད༔  ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་༔  ཚོགས་ཀུན་དབང་དུ་མཛད་པ་དེས༔  ཁྱེད་ལ་བདེ་ལེགས་མཛད་པར་འགྱུར༔  {{TibChung|དེ་ནས་ཚེ་འདས་ཀྱི་སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པར་འཕོ་བ་ནི༔}} ཧཱུྃ༔  དབྱིངས་ཀྱི་མཁའ་འགྲོ་སྡེ་ལྔ་ཡི༔  སྐུ་དང་ཡེ་ཤེས་དབང་བྱིན་རླབས༔  འོད་ལྔའི་རྣམ་པར་མེར་གྱིས་བྱུང་༔  ཁྱོད་ཀྱི་སྒོ་གསུམ་ལ་ཐིམ་པས༔  མི་འགྱུར་མི་འགགས་མི་འཁྲུལ་པའི༔  རྡོ་རྗེ་གསུམ་གྱི་རོལ་པར་འཕོས༔  ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཨ་བྷི་ཥིཉྩ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ {{TibChung|དེ་ནས་ཟས་བསྔོ་བྱ་བ་ལ༔}} ཨོཾ་སྭ་བྷཱ་ཝ་སོགས༔  སྟོང་པ་ཉིད་དུ་གྱུར༔  སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་ས་གཞིའི་ཁྱོན་དང་མཉམ་པའི་ནང་དུ་ཨོཾ་ཨཱཿ ཧཱུྃ་གསུམ་ཡོངས་སུ་གྱུར་པ་ལས་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་མི་ཟད་པའི་གཏེར་ཆེན་པོ་ཞིག་ཏུ་གྱུར༔  {{TibChung|ནམ་མཁའ་མཛོད་སྔགས་ལན་གསུམ༔  བསྔོ་བའི་ཡུལ་ལ་གཏད་པ་ནི༔}} ཀྱཻ༔  ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔  བཟའ་བཅའ་བཏུང་བ་ལྡག་གཞིབ་པའི༔  ལོངས་སྤྱོད་བཤམས་པའི་དངོས་པོ་རྣམས༔  ཏིང་འཛིན་སྔགས་ཀྱིས་བྱིན་བརླབས་ནས༔  རྩེ་བ་ཆེན་པོས་ཁྱོད་ལ་བསྔོ༔  མ་ཅིག་ཁྲོས་མའི་ཐུགས་རྗེ་དང་༔  མཁའ་འགྲོ་སྡེ་ལྔའི་བྱིན་རླབས་ཀྱིས༔  བསྔོས་པ་བཞིན་དུ་ཚིམ་གྱུར་ནས༔  གཏན་བདེའི་ལོངས་སྤྱོད་དཔལ་ཐོབ་ཤོག༔  སམྦྷ་ར་བརྗོད༔  ན་མོ༔  བསླུ་མེད་མཆོག་གསུམ་བདེན་པ་དང་༔  ཏིང་འཛིན་སྔགས་ཀྱི་བྱིན་རླབས་ཀྱིས༔  ཚེ་འདས་དབང་པོ་དྲུག་གི་ཡུལ༔  ཚིམ་ནས་ཟག་མེད་བདེ་སྐྱིད་ཀྱི༔  འདོད་ཡོན་མི་ཟད་གཏེར་ཐོབ་ཤོག༔  {{TibChung|དེ་ནས་མ་རིག་མུན་པའི་སྨག༔  བསལ་ཕྱིར་སྣང་གསལ་བསྔོ་བ་ནི༔}} ཧཱུྃ༔  ཡེ་ཤེས་ལྔ་ལྡན་སྣང་གསལ་འདི༔  ངོ་བོ་སྟོང་ལ་རང་བཞིན་གསལ༔  ཐུགས་རྗེའི་རང་རྩལ་ཅིར་ཡང་སྣང་༔  ཚེ་འདས་མ་རིག་མུན་སེལ་ཞིང་༔  ཡེ་ཤེས་སྣང་བ་མངོན་གྱུར་ཅིག༔  ཨོཾ་བཛྲ་ཛྙཱ་ན་ཨཱ་ལོ་ཀེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔  {{TibChung|དེ་ནས་ལམ་བསྟན་བྱ་བ་ལ༔}} ཀྱཻ་མ་ཚེ་འདས་རིགས་ཀྱི་བུ༔  ཁམས་གསུམ་འཁོར་བའི་གནས་རིགས་ཀུན༔  མི་བཟད་སྡུག་བསྔལ་རྒྱ་མཚོ་སྟེ༔  ཆགས་ཞེན་འཁྲི་བ་ཀུན་ཆོད་ལ༔  དག་པའི་ཞིང་ཁམས་ཡིད་ལ་གྱིས༔  རྣམ་ཤེས་ཡི་དམ་ལྷ་ལ་གཏོད༔  {{TibChung|དེ་ནས་གནས་སྤར་བྱ་བ་ལ༔}} ཧཱུྃ༔  ཚེ་ལས་འདས་པ་སྐད་ཅིག་གིས༔  རྡོ་རྗེའི་རིགས་ཀྱི་མཁའ་འགྲོ་དཀར༔  ཕྱག་གཡས་གྲི་གུག་གཡོན་ཐོད་ཁྲག༔  ལུས་ནང་དབུ་མ་མདའ་སྨྱུག་ཙམ༔  སྙིང་གར་པདྨ་ཟླ་གདན་ལ༔  རྣམ་ཤེས་འོད་ཀྱི་ཐིག་ལེར་གསལ༔  སྤྱི་བོར་ཁྲུ་གང་ཙམ་གྱི་སྟེང་༔  པདྨ་ཟླ་རྒྱས་ལྟེ་བ་རུ༔  མཁའ་འགྲོ་རྡོ་རྗེ་རྣལ་འབྱོར་མ༔  དམར་གསལ་རྒྱན་དང་ལྡན་པར་བསྒོམ༔  ཁྱོད་ཀྱི་རྣམ་པར་ཤེས་པ་དེ༔  འོད་ཀྱི་ཐིག་ལེ་ཅོག་སྒོང་ཙམ༔  ཡེ་ཤེས་མཁའ་འགྲོའི་ཐུགས་ཀ་རུ༔  ཐེ་ཚོམ་མེད་པར་རྒྱངས་ཀྱིས་འཕོས༔  དབྱེ་བ་མེད་པར་ལྟེམ་མེར་འདྲེས༔  མཁའ་འགྲོ་དཔག་ཆེན་མདའ་འཕང་ལྟར༔  བདེ་བ་ཅན་གྱི་ཞིང་དུ་གཤེགས༔  མེ་ཏོག་པདྨའི་སྦུབས་སུ་ཐིམ༔  པདྨ་གྱེས་པའི་ཟེའུ་འབྲུ་ལ༔  བརྫུས་སྐྱེས་སྤྲུལ་སྐུ་ཐོབ་པར་ཤོག༔  ཕཊ་{{TibChung|ཀྱིས་མཁའ་འགྲོའི་ཐུགས་ཀར་སྤར༔}} ཕཊ་{{TibChung|ཀྱིས་བདེ་བ་ཅན་དུ་གཤེགས༔}} ཕཊ་{{TibChung|ཀྱིས་ཞིང་ཁམས་མངོན་དུ་གྱུར༔}} ཕཊ་{{TibChung|ཀྱིས་ངོ་ཤེས་གདིང་ཐོབ་བསམ༔ དེ་ནས་མིང་བྱང་བསྲེག་པ་ལ༔}} སྭ་བྷཱ་ཝ་{{TibChung|སོགས༔}} མེ་ཐབ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔  སྟོང་པའི་ངང་ལས་ཀོང་བུ་མེ་ཏོག་པདྨ་འདབ་བརྒྱད་གྱེས་པའི་སྟེང་དུ་མར་ཁུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་སྡོང་བུ་ས་ཡིག་ཡོངས་སུ་གྱུར་པ་ལས༔  ལས་ཀྱི་མཁའ་འགྲོ་ལྗང་མོ་གྲི་ཐོད་བསྣམས་པའི་སྐུ་ལས་ཡེ་ཤེས་ཀྱི་མེ་དཔུང་འབར་བས་ཚེ་འདས་ཀྱི་སྒྲིབ་གཉིས་བག་ཆགས་ཐམས་ཅད་མིང་བྱང་དང་ཐ་མི་དད་པར་གནས་པ་གཞོབ་ཐུལ་གྱིས་བསྲེགས་པར་གྱུར༔  ཧཱུྃ༔  ལྷུན་གྲུབ་བདེ་ཆེན་དཀྱིལ་འཁོར་ནས༔  རིགས་ལྔ་དབྱིངས་ཀྱི་ཡུམ་ཆེན་ལྔས༔  ཡེ་ཤེས་ལྔ་ཡི་མེ་སྦར་བས༔  ཉོན་མོངས་བརྒྱད་ཁྲིའི་འཁྲུལ་འཁོར་དང་༔  རྒྱུ་རྐྱེན་རྟེན་འབྲེལ་བག་ཆགས་བསྲེགས༔  ཡེ་ཤེས་རྩལ་ཆེན་འབར་གྱུར་ཅིག༔  ཨཿ ནྲྀཿ སུཿ ཏྲིཿ པྲེཿ དུཿ ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔  {{TibChung|བསྐྱེད་རིམ་གདིང་ལྡན་རྣལ་འབྱོར་གྱིས༔  འདི་ལྟར་ཁྲུས་ཀྱི་ཆོ་ག་ལ༔  བརྟེན་ནས་གཞན་དོན་ལ་བརྩོན་ན༔  འགྲོ་དོན་རྒྱ་ཆེན་འགྲུབ་འགྱུར་རོ༔  བདེན་མཐོང་དག་གི་སྤྱོད་ཡུལ་ལས༔  ཐོ་ཅོ་གཟུགས་བརྙན་སྤྱོད་ཡུལ་མིན༔  ས་མ་ཡ༔  རྒྱ་རྒྱ་རྒྱ༔  ཞེས་པ་འདི་ནི་རང་སློབ་དམ་པ་མཁྱེན་རབ་རྒྱ་མཚོས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡིག་མེད་ཨུ་པ་དེ་ཤ་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ།། །།}} }}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Revision as of 13:32, 22 July 2025

Wylie title chos nyid nam mkha'i klong mdzod las: ma cig khros ma nag mo la brten nas gshin po rjes 'dzin thar pa'i them skas: DUDJOM-THROMA-047.pdf
Location khros ma'i sgrub skor
Volume 1, Text 47, Pages 393-406 (Folios 1a1 to 7b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las ma cig khros ma nag mo la brten nas gshin po rjes 'dzin thar pa'i them skas. In Khros ma'i sgrub skor: 393-406. Kalimpong: Mani Dorji, 1979.
Side notes Recto: gnas lung   Verso: khros ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Funerary Rituals - gnas lung - byang chog
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity khros ma nag mo
Colophon

ཞེས་པ་འདི་ནི་རང་སློབ་དམ་པ་མཁྱེན་རབ་རྒྱ་མཚོས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡིག་མེད་ཨུ་པ་དེ་ཤ་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ།།

zhes pa 'di ni rang slob dam pa mkhyen rab rgya mtshos bskul ngor khrag 'thung bdud 'joms rdo rjes yig med u pa de sha las bsgyur ba'o/_/dge'o/_/dge'o/_/dge'o//

[edit]
ཕྚ༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མ་ཅིག་ཁྲོས་མ་ནག་མོ་ལ་བརྟེན་ནས་གཤིན་པོ་རྗེས་འཛིན་ཐར་པའི་ཐེམ་སྐས་བཞུགས་སོ༔


ཕྚ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མཐའ་ཡས་དབང་པོ་པདྨ་འབྱུང་༔ ང་མིན་ང་དང་འདྲ་པ་ཡི༔ སྐྱེས་བུ་དག་གི་སྤྱོད་ཡུལ་ལས༔ ཁྲུས་དང་འདྲེན་པའི་བྱ་བ་ལ༔ བུམ་པ་མཚན་ལྡན་མགུལ་ཆིངས་མཐིང་༔ ཉེར་སྤྱོད་ལྔ་སོགས་བཤམས་ནས་སུ༔ དེ་ནས་ཁྲུས་བུམ་བསྒྲུབ་པ་ལ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཡེ་ཤེས་ལྔ་ལྡན་རང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་ཡངས་ཤིག་རྒྱ་ཆེ་བའི་ནང་དུ་བུམ་ཆུ་བདུད་རྩིའི་རྒྱ་མཚོ་འཁྱིལ་བའི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་མ་ཅིག་ཁྲོས་མ་མཐིང་ནག་ཕྱག་གཉིས་གྲི་ཐོད་བསྣམས་པ༔ སྐུ་གཅེར་བུ་རུས་པའི་རྒྱན་དྲུག་གིས་སྤྲས་པ་ཞབས་གཉིས་གར་སྟབས་མཛད་པ༔ ཞི་མ་ཁྲོ་འཛུམ་གྱི་ཉམས་དང་ལྡན་པ་ཡེ་ཤེས་ཀྱི་འཇའ་འོད་མེ་དཔུང་གི་ཀློང་དུ་བཞུགས་པའི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་འཕྲོས་པས་དབྱིངས་ལས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ལ་བསྟིམ་མོ༔ བྃ་ཧ་རི་ནི་ས་བཛྲ་ས་མ་ཡ་ཛ་ཛཿ ཛཿ ཧཱུྃ་བཾ་ཧོ༔ ཏིཥྛ་བཛྲ་ས་མ་ཡ་ལྷན༔ ཨ་ཏི་པཱ་ཧོཿ པྲ་ཏིཙྪ་ཧོཿ ཨོཾ་བཛྲ་ཨརྒྷཾ་ནས་ ཤཔྡའི་བར་གྱིས་མཆོད༔ དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ༔ རྒྱལ་ཀུན་ཡུམ་མཆོག་རྒྱལ་བ་སྐྱེད་པའི་མ༔ འཁོར་བའི་འཁྲུལ་འཁོར་དབྱིངས་སུ་འཇིགས་མཛད་པའི༔ དབྱིངས་ཀྱི་ཡུམ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད༔ བུམ་ལྷའི་ཐུགས་ཀར་སྔགས་ཀྱི་ཕྲེང་བས་བསྐོར་བར་བསྒོམ་ལ༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཅི་མང་བཟླས་མཐར༔ སྔགས་ཕྲེང་ལས་དག་བྱེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ༔ སླར་ཡང་མཆོད་བསྟོད་སྔར་ལྟར་བྱ༔ ཨོཾ་ཨཱཿ ཧཱུྃ༔ ཞེས་བརྗོད་པས༔ ལྷ་འོད་དུ་ཞུ་ནས་བུམ་པའི་ཆུ་ལ་ཐིམ་པས་དག་བྱེད་ཀྱི་ནུས་པ་དང་ལྡན་པར་གྱུར༔ དེ་ནས་བྱང་བུ་བསྐྱེད་ཆོག་ནི༔ ཨོཾ་སྭ་བྷཱ་ཝ་སོགས༔ མི་བྱང་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་མདུན་དུ་ཡེ་ཤེས་ལྔའི་གུར་ཁང་ཟླུམ་པོ་སྒོ་དང་སྲུབ་མེད་པའི་ནང་ནྲྀ་ཡིག་ཡོངས་སུ་གྱུར་པ་ལས་ཚེ་ལས་འདས་པའི་ཕུང་ཁམས་སྐྱེ་མཆེད་ཡོངས་སུ་ཚང་བ་གསོན་པོའི་གནས་སྐབས་ཇི་ལྟ་བ་བཞིན་དུ་དད་ཅིང་འདུན་པའི་སྒོ་ནས་པུས་བཙུག་ཏུ་སྡོད་ཅིང་གུས་པས་ཐལ་མོ་སྦྱར་ཏེ་མེ་ཏོག་འདབ་བརྒྱད་བསྣམས་ནས་ཚིག་གི་དོན་ལ་ཉན་ཅིང་གནས་པ་ལ༔ བདག་མདུན་གྱི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་འཕྲོས་པས་ཚེ་འདས་ཀྱི་སེམས་དང་སྣང་བ་ཐམས་ཅད་འུབ་ཀྱིས་བསྡུས་ཏེ་དམིགས་པའི་རྟེན་ལ་ཐིམ་པར་བསམ༔ ཧཱུྃ༔ ང་ནི་ཡེ་ཤེས་མཁའ་འགྲོ་མ༔ སྐུ་གསུམ་ལྷུན་གྲུབ་ཁྲོས་མའི་སྐུ༔ འཁོར་འདས་ཡོངས་ལ་མངའ་དབང་བསྒྱུར༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི༔ མཁྱེན་བརྩེ་ནུས་པའི་བདག་ཉིད་ཡིན༔ སྐྱབས་བྲལ་མགོན་མེད་ཚེ་འདས་ཁྱོད༔ མ་ཡེངས་དད་གུས་མོས་པས་ཉོན༔ ཁྱོད་སྲིད་པའི་རྩེ་མོ་མན་ཆད་ནས༔ མནར་མེད་དམྱལ་ཁམས་ཡན་ཆད་དུ༔ གང་ན་གནས་ཀྱང་འདིར་ཤོག་ཅིག༔ ཧཱུྃ༔ སྐྱབས་གནས་དཀོན་མཆོག་གསུམ་པོ་དང་༔ རྩ་གསུམ་སྐུ་གསུམ་བདེན་པ་དང་༔ ཆོས་ཉིད་མི་འགྱུར་བདེན་མཐུ་དང་༔ རྟེན་འབྲེལ་བསླུ་བ་མེད་པའི་མཐུས༔ ཚེ་འདས་བླ་ཡིད་སེམས་གསུམ་ནི༔ ཁམས་གསུམ་གང་ན་གནས་གྱུར་ཀྱང་༔ གཟུགས་མིང་འདི་ལ་མཆིས་གྱུར་ཅིག༔ རང་དབང་དད་གུས་ལྡན་པ་ཡིས༔ བདེ་སྐྱིད་ངང་དུ་བག་ཕེབ་ཤོག༔ སླར་ཡང་འགུགས་གཞུག་བྱ་བ་ནི༔ ན་མོ༔ གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ མ་ཅིག་ཁྲོས་མ་ནག་མོ་དབྱིངས་ཀྱི་ཡུམ་ཆེན་སྡེ་ལྔ་འབུམ་ཕྲག་ཡངས་པའི་མཁའ་འགྲོ་མའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ༴ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་དག་པའི་བདེན༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་མཐུ་དང་བདེན་པའི་བྱིན་རླབས་ཀྱིས༔ འཇིག་རྟེན་འདིས་ནས་ཕ་རོལ་ཏུ་སོང་བའི་དམིགས་ཡུལ་ཚེ་དུས་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བའི་རྣམ་པར་ཤེས་པ་ཁམས་གསུམ་འགྲོ་བ་རིགས་དྲུག་སྐྱེ་བ་རྣམ་བཞི་ལམ་རྒྱུད་ལྔ་སྲིད་པ་བར་མ་དོ་གར་ཡོད་པའི་ས་ནས་དམིགས་པའི་རྟེན་འདི་ལ་ཁུག་ཅིག༔ བཛྲ་ཨངྐུ་ཤ་ཛཿ ལན་གྲངས་གསུམ་བདུན་དགུ་སོགས་སྐབས་དང་བསྟུན༔ ཛཿཧཱུྃ་བཾ་ཧོཿ དེ་ནས་གཤེད་དང་བྲལ་བ་ལ༔ ཨོཾ་སྭ་བྷཱ་ཝ་སོགས༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ལས་གཏོར་མ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་ནམ་མཁའི་མཐའ་དང་མཉམ་པ་ཟད་མི་ཤེས་པའི་གཏེར་ཆེན་པོ་གཅིག་ཏུ་གྱུར༔ ཨོཾ་སརྦ་བིགྷྲཱན་ན་མཿ སརྦ་ཏ་ཐཱ་ག་ཏ་སོགས་ སྭཱ་ཧཱ༔ ཞེས་ཞི་སྦྱང་དང་༔ དེ་ནས་དྲག་སྦྱང་ལ༔ ཨོཾ་སུམྦྷ་ནི་སུམྦྷ་ནི་སོགས༔ དེ་ནས་བཀའ་བསྒོ་བ་ནི༔ ཧཱུྃ༔ འདོད་ཡོན་ལྔ་ལྡན་གླུད་ཀྱི་གཏོར་མ་འདི༔ ཚེ་འདས་འདི་ཡི་སྲོག་གཅོད་བླ་ཁྱེར་དང་༔ ས་ལམ་བར་ཆད་གེགས་བྱེད་བགེགས་ཚོགས་ལ༔ བསྔོ་ཞིང་སྦྱིན་ནོ་མགུ་ཞིང་ཚིམས་གྱིས་ལ༔ བཟུང་བ་ཐོང་ལ་བཅིང་ཁྲོལ་མནན་པ་ཐེག༔ སོ་སོ་རང་རང་གནས་སུ་ཕྱིར་དེངས་ཤིག༔ ཧཱུྃ་བཞིའི་སྔགས་བརྗོད་ཐུན་གྱིས་བྲབ༔ སླར་ཡང་སྲུང་འཁོར་བསྒོམ་པ་ནི༔ ཧཱུྃ༔ སྟེང་འོག་བར་གསུམ་རྡོ་རྗེའི་གུར༔ ཡེ་ཤེས་ལྔ་དང་འོད་ལྔ་འཁྲིགས༔ མེ་དཔུང་རྡོ་རྗེའི་མཚོན་ཐུན་འཕྲོས༔ ཡེ་ཤེས་འོད་ལྔའི་གྭ་འུར་བསྒོམ༔ དེ་ནས་བདེན་པའི་ཆོས་བཤད་པ་ནི༔ ཀྱཻ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ འདི་ལྟར་སྣང་བ་ཐམས་ཅད་ནི༔ རང་གི་སེམས་ལས་གཞན་མ་ཡིན༔ ང་ཁྱོད་གཉིས་འཛིན་ཞེན་པ་ཁྱོད༔ ཕྱི་རུ་འཛིན་པའི་ཡུལ་གནས་དང་༔ ནང་དུ་ངར་འཛིན་འཆིང་བདག་གཉིས༔ དོན་ལ་རྣམ་པར་རྟོག་པ་གཉིས༔ སེམས་གཞིའི་ཀློང་དུ་འཐས་པ་ལས༔ ཡུལ་དང་ཡུལ་ཅན་དེ་ལས་བྱུང་༔ སྒྱུ་མ་དང་ནི་སྨིག་སྒྱུ་དང་༔ ན་བུན་ཁུ་རླངས་སྤྲིན་རླུང་བཅས༔ ནམ་མཁའ་ལས་བྱུང་ནམ་མཁར་ཡལ༔ ཉིན་སྣང་རྨི་སྣང་བདེ་སྡུག་སྣང་༔ རིགས་དྲུག་གནས་ཁམས་སྐྱེ་འགྲོ་སོགས༔ ཚོགས་དྲུག་ཡུལ་སྣང་ཐམས་ཅད་ཀུན༔ སེམས་ལས་བྱུང་སྟེ་སེམས་སུ་ཐིམ༔ དག་པ་སངས་རྒྱས་སངས་རྒྱས་ཞིང་༔ ཐམས་ཅད་སེམས་ཉིད་རང་གཞིའི་ཞལ༔ ངོ་བོ་སྟོང་པའི་ཡེ་ཤེས་སུ༔ སེམས་ཉིད་མ་བཅོས་ངང་ལ་ཞོག༔ འདི་ལྟར་སྣང་བ་ཐམས་ཅད་ནི༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔ ཆོས་སྐུ་ཁྱབ་བརྡལ་ངང་དུ་ཞིག༔ ངོ་ཤེས་ངང་དུ་གདིང་ཐོབ་ན༔ འགྱུར་མེད་བཙན་ས་ཟིན་འགྱུར་རོ༔ འཁོར་འདས་རང་སྣང་ངོས་ཟིན་མཛོད༔ མ་ཡེངས་མ་འཁྲུལ་རིགས་ཀྱི་བུ༔ དེ་ནས་བག་ཆགས་བསྲེག་པ་ནི༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་དམར་རཾ་གྱིས་མཚན་པ་ཅན༔ འཕྲོས་པས་ཡེ་ཤེས་མེ་དཔུང་ནི༔ སྒྲིབ་གཉིས་སྲེག་བྱེད་ནུས་ལྡན་གྱུར༔ ཚེ་ལས་འདས་པའི་གནས་དྲུག་ཏུ༔ ཨཿ ནྲྀཿ སུཿ ཏྲིཿ པྲེཿ དུཿ གསལ༔ ཚེ་རབས་ལས་ཉོན་བག་ཆགས་ཀུན༔ འདུས་པའི་ངོ་བོར་གྱུར་པ་རྣམས༔ འོད་ནག་རྣམ་པར་མེར་གྱིས་ཞུ༔ སྣ་སྒོ་ནས་ཐོན་ཏིལ་ལ་བསྟིམ༔ ཧཱུྃ༔ ཡེ་ཤེས་ལྔ་ལྡན་འབར་བའི་མེས༔ ཁམས་གསུམ་འཁོར་བར་འཁྱམས་པའི་རྒྱུ༔ ལས་ཉོན་བག་ཆགས་ས་བོན་བཅས༔ རྗེས་ལྷག་མེད་པར་ཛྭ་ལ་རཾ༔ ཨོཾ་སརྦ་པཱ་པཾ་ད་ཧ་ན་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ལན་བདུན་བརྗོད་ཅིང་བསྲེགས་པར་བསམ༔ དེ་ནས་ཁྲུས་ཀྱི་བྱ་བ་ལ༔ ཧཱུྃ༔ མཁའ་འགྲོ་སྐུ་ཡི་བྱིན་བརླབས་པའི༔ དག་བྱེད་ཡེ་ཤེས་ཆུ་རྒྱུན་གྱིས༔ ཚེ་འདས་འདི་ལ་ཁྲུས་བགྱིས་པས༔ ལུས་ཀྱི་སྒྲིབ་པ་ཀུན་དག་ཤོག༔ རྩ་སྔགས་མཐར༔ སརྦ་པཱ་པཾ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ མཁའ་འགྲོའི་གསུང་གི་བྱིན་བརླབས་པའི༔ དག་བྱེད་ཡེ་ཤེས༴ ཚེ་འདས་འདི་ལ༴ ངག་གི་སྒྲིབ་པ་ཀུན་དག་ཤོག༔ རྩ་སྔགས་མཐར༔ སརྦ་པཱ་པཾ་ཤུདྡྷེ༴ ཧཱུྃ༔ མཁའ་འགྲོའི་ཐུགས་ཀྱི་བྱིན་བརླབས་པའི༔ དག་བྱེད་ཡེ་ཤེས༴ ཚེ་འདས་འདི་ལ༴ ཡིད་ཀྱི་སྒྲིབ་པ་ཀུན་དག་ཤོག༔ རྩ་སྔགས་མཐར༔ སརྦ་པཱ་པཾ་ཤུདྡྷེ༴ ཧཱུྃ༔ ང་ནི་ཁྲོས་མ་ནག་མོ་སྟེ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མའི༔ བྱིན་གྱིས་བརླབས་པའི་ཆུ་རྒྱུན་གྱིས༔ ཚེ་འདས་འདི་ལ་ཁྲུས་བགྱིས་པས༔ ཞེ་སྡང་སྒྲིབ་པ་ཀུན་དག་ནས༔ མེ་ལོང་ཡེ་ཤེས་མངོན་གྱུར་ཤོག༔ ཧ་བཛྲ་ཌཱ་ཀི་ནཱི་སརྦ་པཱ་པཾ་ཤུདྡྷེ༴ ཧཱུྃ༔ ང་ནི་ཁྲོས་མ་ནག་མོ་སྟེ༔ རིན་ཆེན་རིགས་ཀྱི༴ བྱིན་གྱིས་བརླབས་པའི༴ ཚེ་འདས་འདི་ལ༴ ང་རྒྱལ་སྒྲིབ་པ༴ མཉམ་ཉིད་ཡེ་ཤེས༴ རི་རཏྣ་ཌཱ་ཀི་ནཱི་སརྦ་པཱ་པཾ་ཤུདྡྷེ༴ ཧཱུྃ༔ ང་ནི་ཁྲོས་མ་ནག་མོ་སྟེ༔ པདྨ་རིགས་ཀྱི༴ བྱིན་གྱིས་བརླབས་པའི༴ ཚེ་འདས་འདི་ལ༴ འདོད་ཆགས་སྒྲིབ་པ༴ སོར་རྟོག་ཡེ་ཤེས༴ ནི་པདྨ་ཌཱ་ཀི་ནཱི་སོགས༔ ཧཱུྃ༔ ང་ནི་ཁྲོས་མ་ནག་མོ་སྟེ༔ ལས་ཀྱི་རིགས་ཀྱི༴ བྱིན་གྱིས་བརླབས་པའི༴ ཚེ་འདས་འདི་ལ༴ ཕྲག་དོག་སྒྲིབ་པ༴ བྱ་གྲུབ་ཡེ་ཤེས༴ ས་ཀརྨ་ཌཱ་ཀི་ནཱི་སོགས༔ ཧཱུྃ༔ ང་ནི་ཁྲོས་མ་ནག་མོ་སྟེ༔ མཁྱེན་དང་གཟིགས་པའི་ཡེ་ཤེས་ཀྱིས༔ བྱིན་གྱིས་བརླབས་པའི༴ ཚེ་འདས་འདི་ལ༴ སྒྲིབ་གཉིས་བག་ཆགས་ཀུན་དག་ནས༔ ཆོས་དབྱིངས་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་སརྦ་ཌཱ་ཀི་ནཱི་ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཙིཏྟ་ཧྲཱིང་ཧྲཱིང་ཛ་ཛཿ སརྦ་པཱ་པཾ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་ཀཾ་ཀ་ནི་སོགས་བརྗོད་ཅིང་བྱེ་མ་བྲབ༔ ཧཱུྃ༔ ཡེ་ཤེས་ལྔ་ཡི་མདངས་ལྡན་པའི༔ སྐྱོན་བྲལ་རྨ་བྱ་དུག་འཇོམས་པས༔ ཁྱོད་ཀྱི་སྒྲིབ་གཉིས་དྲི་མ་བྱབ༔ ཤེལ་སྒོང་རྡུལ་ཕྱིས་ཇི་བཞིན་དུ༔ ལྷག་མ་མེད་པར་བྱང་གྱུར་ཅིག༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་སརྦ་པཱ་པཾ་ཨ་པ་ན་ཡེ་སྭཱ་ཧཱ༔ ཞེས་བྱབ་བོ༔ མཆོག་གསུམ་བདེན་པས་སྦྱོང་བ་ནི༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་ཚེ་འདས་དུག་གསུམ་སྟེ༔ བཅོམ་ལྡན་སངས་རྒྱས་དུག་མི་མངའ༔ སངས་རྒྱས་བདེན་པས་དུག་བཅོམ་མོ༔ འདོད་ཆགས་ཞེ་སྡང་༴ འདི་དག་ཚེ་འདས༴ བཅོམ་ལྡན་དམ་ཆོས་དུག༴ དམ་ཆོས་བདེན་པས་དུག་བཅོམ་མོ༔ འདོད་ཆགས་ཞེ་སྡང་༴ འདི་དག་ཚེ་འདས༴ བཅོམ་ལྡན་དགེ་འདུན་དུག༴ དགེ་འདུན་བདེན་པས་དུག་བཅོམ་མོ༔ དེ་ནས་འབྱུང་བཞིའི་དུག་སྦྱོང་ནི༔ སོ་སོས་བྱ་བ་ལ༔ ས་ནི་དུག་གི་ཕ་ཡིན་ཏེ༔ ས་ནི་དུག་གི་མ་ཡང་ཡིན༔ བདེན་པའི་བདེན་ཚིག་འདི་བརྗོད་པས༔ དུག་གསུམ་ས་ཡི་ནང་དུ་སོང་༔ ཆུ་ནི་དུག་གི་ཕ༴ ཆུ་ནི་དུག་གི་མ༴ བདེན་པའི་བདེན༴ དུག་གསུམ་ཆུ་ཡི་ནང་དུ་སོང་༔ མེ་ནི་དུག་གི་ཕ༴ མེ་ནི་དུག་གི་མ༴ བདེན་པའི་བདེན༴ དུག་གསུམ་མེ་ཡི་ནང་དུ་སོང་༴ རླུང་ནི་དུག་གི་ཕ༴ རླུང་ནི་དུག་གི་མ༴ བདེན་པའི་བདེན༴ དུག་གསུམ་རླུང་གི་ནང་དུ་སོང་༔ དེ་ནས་ཤིས་པ་བརྗོད་པ་ནི༔ བྱང་ཆུབ་སྙིང་པོར་གཤེགས་པ་ན༔ ས་རྣམས་དྲུག་པོ་གཡོས་གྱུར་ཅིང་༔ བདུད་ཡིད་མི་བདེར་གྱུར་པ་དེས༔ ཁྱེད་ལ་བདེ་ལེགས་མཛད་པར་འགྱུར༔ ཆོས་ཀྱི་འཁོར་ལོ་བསྐོར་བ་ན༔ འཕགས་པའི་བདེན་པ་རྣམས་གསུང་ཞིང་༔ ཐུབ་པའི་སྙན་པ་གང་བྱུང་དེས༔ ཁྱེད་ལ་བདེ་ལེགས་མཛད་པར་འགྱུར༔ ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད༔ ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་༔ ཚོགས་ཀུན་དབང་དུ་མཛད་པ་དེས༔ ཁྱེད་ལ་བདེ་ལེགས་མཛད་པར་འགྱུར༔ དེ་ནས་ཚེ་འདས་ཀྱི་སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པར་འཕོ་བ་ནི༔ ཧཱུྃ༔ དབྱིངས་ཀྱི་མཁའ་འགྲོ་སྡེ་ལྔ་ཡི༔ སྐུ་དང་ཡེ་ཤེས་དབང་བྱིན་རླབས༔ འོད་ལྔའི་རྣམ་པར་མེར་གྱིས་བྱུང་༔ ཁྱོད་ཀྱི་སྒོ་གསུམ་ལ་ཐིམ་པས༔ མི་འགྱུར་མི་འགགས་མི་འཁྲུལ་པའི༔ རྡོ་རྗེ་གསུམ་གྱི་རོལ་པར་འཕོས༔ ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཨ་བྷི་ཥིཉྩ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ དེ་ནས་ཟས་བསྔོ་བྱ་བ་ལ༔ ཨོཾ་སྭ་བྷཱ་ཝ་སོགས༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་ས་གཞིའི་ཁྱོན་དང་མཉམ་པའི་ནང་དུ་ཨོཾ་ཨཱཿ ཧཱུྃ་གསུམ་ཡོངས་སུ་གྱུར་པ་ལས་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་མི་ཟད་པའི་གཏེར་ཆེན་པོ་ཞིག་ཏུ་གྱུར༔ ནམ་མཁའ་མཛོད་སྔགས་ལན་གསུམ༔ བསྔོ་བའི་ཡུལ་ལ་གཏད་པ་ནི༔ ཀྱཻ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ བཟའ་བཅའ་བཏུང་བ་ལྡག་གཞིབ་པའི༔ ལོངས་སྤྱོད་བཤམས་པའི་དངོས་པོ་རྣམས༔ ཏིང་འཛིན་སྔགས་ཀྱིས་བྱིན་བརླབས་ནས༔ རྩེ་བ་ཆེན་པོས་ཁྱོད་ལ་བསྔོ༔ མ་ཅིག་ཁྲོས་མའི་ཐུགས་རྗེ་དང་༔ མཁའ་འགྲོ་སྡེ་ལྔའི་བྱིན་རླབས་ཀྱིས༔ བསྔོས་པ་བཞིན་དུ་ཚིམ་གྱུར་ནས༔ གཏན་བདེའི་ལོངས་སྤྱོད་དཔལ་ཐོབ་ཤོག༔ སམྦྷ་ར་བརྗོད༔ ན་མོ༔ བསླུ་མེད་མཆོག་གསུམ་བདེན་པ་དང་༔ ཏིང་འཛིན་སྔགས་ཀྱི་བྱིན་རླབས་ཀྱིས༔ ཚེ་འདས་དབང་པོ་དྲུག་གི་ཡུལ༔ ཚིམ་ནས་ཟག་མེད་བདེ་སྐྱིད་ཀྱི༔ འདོད་ཡོན་མི་ཟད་གཏེར་ཐོབ་ཤོག༔ དེ་ནས་མ་རིག་མུན་པའི་སྨག༔ བསལ་ཕྱིར་སྣང་གསལ་བསྔོ་བ་ནི༔ ཧཱུྃ༔ ཡེ་ཤེས་ལྔ་ལྡན་སྣང་གསལ་འདི༔ ངོ་བོ་སྟོང་ལ་རང་བཞིན་གསལ༔ ཐུགས་རྗེའི་རང་རྩལ་ཅིར་ཡང་སྣང་༔ ཚེ་འདས་མ་རིག་མུན་སེལ་ཞིང་༔ ཡེ་ཤེས་སྣང་བ་མངོན་གྱུར་ཅིག༔ ཨོཾ་བཛྲ་ཛྙཱ་ན་ཨཱ་ལོ་ཀེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ དེ་ནས་ལམ་བསྟན་བྱ་བ་ལ༔ ཀྱཻ་མ་ཚེ་འདས་རིགས་ཀྱི་བུ༔ ཁམས་གསུམ་འཁོར་བའི་གནས་རིགས་ཀུན༔ མི་བཟད་སྡུག་བསྔལ་རྒྱ་མཚོ་སྟེ༔ ཆགས་ཞེན་འཁྲི་བ་ཀུན་ཆོད་ལ༔ དག་པའི་ཞིང་ཁམས་ཡིད་ལ་གྱིས༔ རྣམ་ཤེས་ཡི་དམ་ལྷ་ལ་གཏོད༔ དེ་ནས་གནས་སྤར་བྱ་བ་ལ༔ ཧཱུྃ༔ ཚེ་ལས་འདས་པ་སྐད་ཅིག་གིས༔ རྡོ་རྗེའི་རིགས་ཀྱི་མཁའ་འགྲོ་དཀར༔ ཕྱག་གཡས་གྲི་གུག་གཡོན་ཐོད་ཁྲག༔ ལུས་ནང་དབུ་མ་མདའ་སྨྱུག་ཙམ༔ སྙིང་གར་པདྨ་ཟླ་གདན་ལ༔ རྣམ་ཤེས་འོད་ཀྱི་ཐིག་ལེར་གསལ༔ སྤྱི་བོར་ཁྲུ་གང་ཙམ་གྱི་སྟེང་༔ པདྨ་ཟླ་རྒྱས་ལྟེ་བ་རུ༔ མཁའ་འགྲོ་རྡོ་རྗེ་རྣལ་འབྱོར་མ༔ དམར་གསལ་རྒྱན་དང་ལྡན་པར་བསྒོམ༔ ཁྱོད་ཀྱི་རྣམ་པར་ཤེས་པ་དེ༔ འོད་ཀྱི་ཐིག་ལེ་ཅོག་སྒོང་ཙམ༔ ཡེ་ཤེས་མཁའ་འགྲོའི་ཐུགས་ཀ་རུ༔ ཐེ་ཚོམ་མེད་པར་རྒྱངས་ཀྱིས་འཕོས༔ དབྱེ་བ་མེད་པར་ལྟེམ་མེར་འདྲེས༔ མཁའ་འགྲོ་དཔག་ཆེན་མདའ་འཕང་ལྟར༔ བདེ་བ་ཅན་གྱི་ཞིང་དུ་གཤེགས༔ མེ་ཏོག་པདྨའི་སྦུབས་སུ་ཐིམ༔ པདྨ་གྱེས་པའི་ཟེའུ་འབྲུ་ལ༔ བརྫུས་སྐྱེས་སྤྲུལ་སྐུ་ཐོབ་པར་ཤོག༔ ཕཊ་ཀྱིས་མཁའ་འགྲོའི་ཐུགས་ཀར་སྤར༔ ཕཊ་ཀྱིས་བདེ་བ་ཅན་དུ་གཤེགས༔ ཕཊ་ཀྱིས་ཞིང་ཁམས་མངོན་དུ་གྱུར༔ ཕཊ་ཀྱིས་ངོ་ཤེས་གདིང་ཐོབ་བསམ༔ དེ་ནས་མིང་བྱང་བསྲེག་པ་ལ༔ སྭ་བྷཱ་ཝ་སོགས༔ མེ་ཐབ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཀོང་བུ་མེ་ཏོག་པདྨ་འདབ་བརྒྱད་གྱེས་པའི་སྟེང་དུ་མར་ཁུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་སྡོང་བུ་ས་ཡིག་ཡོངས་སུ་གྱུར་པ་ལས༔ ལས་ཀྱི་མཁའ་འགྲོ་ལྗང་མོ་གྲི་ཐོད་བསྣམས་པའི་སྐུ་ལས་ཡེ་ཤེས་ཀྱི་མེ་དཔུང་འབར་བས་ཚེ་འདས་ཀྱི་སྒྲིབ་གཉིས་བག་ཆགས་ཐམས་ཅད་མིང་བྱང་དང་ཐ་མི་དད་པར་གནས་པ་གཞོབ་ཐུལ་གྱིས་བསྲེགས་པར་གྱུར༔ ཧཱུྃ༔ ལྷུན་གྲུབ་བདེ་ཆེན་དཀྱིལ་འཁོར་ནས༔ རིགས་ལྔ་དབྱིངས་ཀྱི་ཡུམ་ཆེན་ལྔས༔ ཡེ་ཤེས་ལྔ་ཡི་མེ་སྦར་བས༔ ཉོན་མོངས་བརྒྱད་ཁྲིའི་འཁྲུལ་འཁོར་དང་༔ རྒྱུ་རྐྱེན་རྟེན་འབྲེལ་བག་ཆགས་བསྲེགས༔ ཡེ་ཤེས་རྩལ་ཆེན་འབར་གྱུར་ཅིག༔ ཨཿ ནྲྀཿ སུཿ ཏྲིཿ པྲེཿ དུཿ ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ བསྐྱེད་རིམ་གདིང་ལྡན་རྣལ་འབྱོར་གྱིས༔ འདི་ལྟར་ཁྲུས་ཀྱི་ཆོ་ག་ལ༔ བརྟེན་ནས་གཞན་དོན་ལ་བརྩོན་ན༔ འགྲོ་དོན་རྒྱ་ཆེན་འགྲུབ་འགྱུར་རོ༔ བདེན་མཐོང་དག་གི་སྤྱོད་ཡུལ་ལས༔ ཐོ་ཅོ་གཟུགས་བརྙན་སྤྱོད་ཡུལ་མིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ནི་རང་སློབ་དམ་པ་མཁྱེན་རབ་རྒྱ་མཚོས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡིག་མེད་ཨུ་པ་དེ་ཤ་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ།། །།