DUDJOM-THROMA-005: Difference between revisions
No edit summary |
No edit summary |
||
| Line 9: | Line 9: | ||
|author=bdud 'joms gling pa | |author=bdud 'joms gling pa | ||
|sourcerevealer=bdud 'joms gling pa | |sourcerevealer=bdud 'joms gling pa | ||
|tibgenre=Magnetizing Rites - dbang sdud | |tibgenre=Magnetizing Rites - dbang sdud | ||
|terma=Yes | |terma=Yes | ||
| Line 17: | Line 15: | ||
|cycletib=དག་སྣང་ཡེ་ཤེས་དྲྭ་བ་ | |cycletib=དག་སྣང་ཡེ་ཤེས་དྲྭ་བ་ | ||
|language=Tibetan | |language=Tibetan | ||
|volumenumber=1 | |volumenumber=1 | ||
|textnuminvol=005 | |textnuminvol=005 | ||
|pagenumbers=63-70 | |||
|totalpages=8 | |||
|beginfolioline=1a1 | |||
|endfolioline=4b4 | |||
|totalfolios=4 | |||
|multivolumework=No | |||
|rectonotes=dbang sdud | |rectonotes=dbang sdud | ||
|versonotes=khros ma | |versonotes=khros ma | ||
| Line 25: | Line 28: | ||
|colophonwylie=zhes pa 'di yang chu pho sprel gyi lo hor zla gnyis pa'i tshes lnga'i nub mo dpal o rgyan mtsho skyes rdo rjes rdzogs pa chen po'i rnal 'byor pa bdud 'joms rdo rje la gsungs pa'i dag snang ye shes drwa ba'i skor las rang snang dbang sdud gzhan snang zil gnon seng ge'i nga ro yin ces gnang nas dag par phab pa'i yi ge'i ris byed rang slob dam pa pad+ma bkra shis so/_/dge'o/_/dge'o/_/dge'o/_/sarba mang+ga laM// | |colophonwylie=zhes pa 'di yang chu pho sprel gyi lo hor zla gnyis pa'i tshes lnga'i nub mo dpal o rgyan mtsho skyes rdo rjes rdzogs pa chen po'i rnal 'byor pa bdud 'joms rdo rje la gsungs pa'i dag snang ye shes drwa ba'i skor las rang snang dbang sdud gzhan snang zil gnon seng ge'i nga ro yin ces gnang nas dag par phab pa'i yi ge'i ris byed rang slob dam pa pad+ma bkra shis so/_/dge'o/_/dge'o/_/dge'o/_/sarba mang+ga laM// | ||
|pdflink=File:DUDJOM-THROMA-005.pdf | |pdflink=File:DUDJOM-THROMA-005.pdf | ||
|authortib=བདུད་འཇོམས་གླིང་པ་ | |||
|sourcerevealertib=བདུད་འཇོམས་གླིང་པ་ | |||
|InitCategories=Dudjom Tersar Project; DUDJOM-THROMA | |InitCategories=Dudjom Tersar Project; DUDJOM-THROMA | ||
}} | }} | ||
| Line 32: | Line 37: | ||
༁ྃ༔ ཕཊ་ཕཊ་ཕཊ༔ རང་ཉིད་སྐད་ཅིག་གིས་མ་ཅིག་ཁྲོས་མ་ནག་མོ་སྐུ་སྟོད་སྲིད་པའི་རྩེ་ན་འགྱིང་ཞིང་ལྷ་ཁམས་ཐམས་ཅད་དབང་དུ་སྡུད་པ༔ སྐེད་པ་བར་སྣང་གི་ཁམས་སུ་ཁྱབ་པས་སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་པ༔ ཞབས་གཉིས་ཀྱིས་ངན་སོང་གི་སྒོ་ཐམས་ཅད་གནོན་པ༔ ཕྱག་གཡས་པས་མི་ལྤགས་ཀྱི་གཡང་གཞི་ཁྲག་གི་ཞམ་ཆུ་འབབ་པ་ཀླད་ལ་བསྐོར་ཞིང་ས་ལ་བརྡབ་པས་ཁམས་གསུམ་འཁོར་བའི་གནས་རིགས་ཐམས་ཅད་འཕར་ཞིང་ལྡེག་སྟེ་གཡོ་ཞིང་འཇིགས་པར་བྱེད་པ༔ གཡོན་པས་མི་རྐང་གི་གླིང་བུ་སེང་ལྕམ་དཀར་མོའི་ང་རོ་ལས་ཀྱང་ལྷག་པར་སྒྲོགས་པས་ཁམས་གསུམ་ཐམས་ཅད་རང་དབང་མེད་པར་བདག་གི་དབང་དུ་སྡུད་པར་བྱེད་པ༔ ཞལ་གདངས་ཤིང་ལྗགས་གློག་དམར་ལྟར་དུ་འདྲིལ་བ་མཆེ་བ་བཞི་གཙིགས་པ༔ སྤྱན་གསུམ་ཉི་མ་འབུམ་གྱི་འོད་ལས་ལྷག་པས་འཁོར་འདས་ཡོངས་སུ་གཟིགས་པ༔ དབུ་སྐྲ་དམར་སེར་གྱེན་དུ་འབར་བའི་ཁྲོད་དུ་ཕག་ཞལ་ནག་པོ་གྱེན་དུ་ངུར་བ༔ དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་ཅིང་༔ ཞབས་གཉིས་པད་ཉི་རོ་ཡི་གདན་ལ་གར་སྟབས་བསྒྱུར་བ༔ ཡབ་ཧེ་རུ་ཀའི་ངོ་བོ་ཁ་ཊྭཱྃ་རྩེ་གསུམ་མཆན་དུ་བསྟེན་པ༔ མཆོག་ཐུན་དངོས་གྲུབ་འབེབ་པའི་བྷ་ག་རྒྱས་ཤིང་ནུ་མ་འབུར་བ༔ ཡེ་ཤེས་ཀྱི་མེ་དཔུང་དང་འོད་ཕུང་རབ་ཏུ་འབར་བ༔ མཐོང་ཐོས་དྲན་རེག་ཙམ་གྱིས་སྣང་སྲིད་ལྷ་འདྲེ་ལྷ་སྲིན་སྡེ་བརྒྱད་ཁམས་གསུམ་སེམས་ཅན་ཐམས་ཅད་རང་དབང་མེད་པར་དབང་དུ་སྡུད་ཅིང་ཐམས་ཅད་ཀྱི་དཔའ་ཟིལ་མཐུ་ནུས་ཆོམས་ཏེ་ཉམ་ཐག་ནས་བདག་གི་ཟིལ་གྱིས་ནོན་པར་གྱུར༔ ཕཊ་ཕཊ་ཕཊ༔ དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བདག་ཉིད་ཁྲོས་མ་ནག་མོའི་ཐུགས་ཀ་དང་བ་སྤུའི་བུ་ག་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་དཀར་སེར་དམར་ལྗང་མཐིང་ནག་གྲངས་མེད་པ་འཕྲོས་པས༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་རང་དབང་མེད་པར་ནམ་མཁར་བྱིའུ་ཆུང་ཁྲ་ཡིས་དེད་པ་ལྟ་བུ༔ བར་སྣང་དུ་ཤོག་སྐྱ་རླུང་གིས་བསྐྱོད་པ་ལྟ་བུ༔ ས་གཞི་རུ་རི་དྭགས་ཤ་ཁྱིས་དེད་པ་ལྟ་བུར་རང་དབང་མེད་པར་དབང་དུ་བསྡུས་ཏེ་བདག་གི་མངའ་འོག་ཏུ་ཟིལ་གྱིས་ནོན་པར་གྱུར༔ ཕཊ་ཕཊ་ཕཊ༔ ཀྱཻ༔ མ་སྐྱེ་འགགས་འགྱུར་མེད་ཡེ་ཤེས་སྐུ༔ འཁོར་འདས་དབང་ཕྱུག་ཁྲོས་མ་ངས༔ སྟེང་ཕྱོགས་ནམ་མཁར་དགོངས་བསྐྱོད་ཀྱི༔ སྐུ་སྤྲུལ་སངས་རྒྱས་མཁའ་འགྲོ་མ༔ དཀར་མོ་ཞིང་ཆེན་གཡང་གཞི་རྡེབ༔ གཡོན་པས་མི་རྐང་གླིང་བུ་འབུད༔ ཆོས་དབྱིངས་ཡེ་ཤེས་བརྟུལ་ཞུགས་ཀྱིས༔ སྟེང་ཕྱོགས་ལྷ་འདྲེ་དབང་དུ་བསྡུས༔ ༈ ཕོ་གདོན་རྒྱལ་པོ་དབང་དུ༴ མོ་གདོན་འདྲེ་མོ་དབང་དུ༴ ཀླུ་གདོན་ས་བདག་དབང་དུ༴ སྣང་སྲིད་ལྷ་འདྲེ་དབང་དུ༴ ལྷ་སྲིན་སྡེ་བརྒྱད་དབང་དུ༴ གནས་གདོན་ལུས་གདོན་དབང་དུ༴ ཁམས་གསུམ་སེམས་ཅན་དབང་དུ་བསྡུས༔ བདག་མེད་སྒྱུ་མའི་གཉན་སར་འདུས༔ འཁྲུལ་མེད་ངང་དུ་ཟིལ་གྱིས་གནོན༔ སྐྱེ་མེད་ཆོས་སྐུའི་ཀློང་དུ་བཤིག༔ ཕཊ་ཕཊ་ཕཊ༔ ཀྱཻ༔ མ་སྐྱེ་འགགས་འགྱུར་མེད་ཡེ་ཤེས་སྐུ༔ འཁོར་འདས་དབང་ཕྱུག་ཁྲོས་མ་ངས༔ ཤར་གྱི་ཕྱོགས་སུ་དགོངས་པ་བསྐྱོད༔ ཐུགས་སྤྲུལ་རྡོ་རྗེ་མཁའ་འགྲོ་མ༔ མཐིང་ནག་ཞིང་ཆེན་གཡང་གཞི་རྡེབ༔ གཡོན་པས་མི་རྐང་གླིང་བུ་འབུད༔ མེ་ལོང་ཡེ་ཤེས་བརྟུལ་ཞུགས་ཀྱིས༔ ཤར་ཕྱོགས་ལྷ་འདྲེ་དབང་དུ༴{{TibChung|སོགས་འགྲེའོ།}} ཕཊ་ཕཊ་ཕཊ༔ ཀྱཻ༔ མ་སྐྱེ་འགགས་འགྱུར་མེད་ཡེ་ཤེས་སྐུ༔ འཁོར་འདས་དབང་ཕྱུག་ཁྲོས་མ་ངས༔ ལྷོ་ཡི་ཕྱོགས་སུ་དགོངས་པ་བསྐྱོད༔ ཡོན་ཏན་རིན་ཆེན་མཁའ་འགྲོ་མ༔ སེར་གསལ་ཞིང་ཆེན་གཡང་གཞི་རྡེབ༔ གཡོན་པས་མི་རྐང་གླིང་བུ་འབུད༔ མཉམ་ཉིད་ཡེ་ཤེས་བརྟུལ་ཞུགས་ཀྱིས༔ ལྷོ་ཕྱོགས་ལྷ་འདྲེ་དབང་དུ༴{{TibChung|སོགས་འགྲེ།}} ཕཊ་ཕཊ་ཕཊ༔ ཀྱཻ༔ མ་སྐྱེ་འགགས་འགྱུར་མེད་ཡེ་ཤེས་སྐུ༔ འཁོར་འདས་དབང་ཕྱུག་ཁྲོས་མ་ངས༔ ནུབ་ཀྱི་ཕྱོགས་སུ་དགོངས་པ་བསྐྱོད༔ གསུང་སྤྲུལ་པདྨ་མཁའ་འགྲོ་མ༔ དམར་གསལ་ཞིང་ཆེན་གཡང་གཞི་རྡེབ༔ གཡོན་པས་མི་རྐང་གླིང་བུ་འབུད༔ སོར་རྟོག་ཡེ་ཤེས་བརྟུལ་ཞུགས་ཀྱིས༔ ནུབ་ཕྱོགས་ལྷ་འདྲེ་དབང་དུ༴{{TibChung|སོགས་འགྲེ།}} ཕཊ་ཕཊ་ཕཊཿ ཀྱཻ༔ མ་སྐྱེ་འགགས་འགྱུར་མེད་ཡེ་ཤེས་སྐུ༔ འཁོར་འདས་དབང་ཕྱུག་ཁྲོས་མ་ངས༔ བྱང་གི་ཕྱོགས་སུ་དགོངས་པ་བསྐྱོད༔ ཕྲིན་ལས་ལས་ཀྱི་མཁའ་འགྲོ་མ༔ ལྗང་མོ་ཞིང་ཆེན་གཡང་གཞི་རྡེབ༔ གཡོན་པས་མི་རྐང་གླིང་བུ་འབུད༔ བྱ་གྲུབ་ཡེ་ཤེས་བརྟུལ་ཞུགས་ཀྱིས༔ བྱང་ཕྱོགས་ལྷ་འདྲེ་དབང་དུ༴{{TibChung|སོགས་འགྲེ།}} ཕཊ་ཕཊ་ཕཊ༔ ཀྱཻ༔ མ་སྐྱེ་འགགས་འགྱུར་མེད་ཡེ་ཤེས་སྐུ༔ འཁོར་འདས་དབང་ཕྱུག་ཁྲོས་མ་ངས༔ ཤར་ལྷོའི་མཚམས་སུ་དགོངས་པ་བསྐྱོད༔ ཞི་བའི་ལས་མཛད་མཁའ་འགྲོ་མ༔ དཀར་གསལ་ཞིང་ཆེན་གཡང་གཞི་རྡེབ༔ གཡོན་པས་མི་རྐང་གླིང་བུ་འབུད༔ ཀུན་ཁྱབ་ཐུགས་རྗེའི་བརྟུལ་ཞུགས་ཀྱིས༔ ཤར་ལྷོའི་ལྷ་འདྲེ་དབང་དུ༴{{TibChung|སོགས་འགྲེ།}} ཕཊ་ཕཊ་ཕཊ༔ ཀྱཻ༔ མ་སྐྱེ་འགགས་འགྱུར་མེད་ཡེ་ཤེས་སྐུ༔ འཁོར་འདས་དབང་ཕྱུག་ཁྲོས་མ་ངས༔ ལྷོ་ནུབ་མཚམས་སུ་དགོངས་པ་བསྐྱོད༔ རྒྱས་པའི་ལས་མཛད་མཁའ་འགྲོ་མ༔ སེར་མོ་ཞིང་ཆེན་གཡང་གཞི་རྡེབ༔ གཡོན་པས་མི་རྐང་གླིང་བུ་འབུད༔ བྱམས་པ་ཆེན་པོའི་བརྟུལ་ཞུགས་ཀྱིས༔ ལྷོ་ནུབ་ལྷ་འདྲེ་དབང་དུ༴{{TibChung|སོགས་འགྲེ།}} ཕཊ་ཕཊ་ཕཊ༔ ཀྱཻ༔ མ་སྐྱེ་འགགས་འགྱུར་མེད་ཡེ་ཤེས་སྐུ༔ འཁོར་འདས་དབང་ཕྱུག་ཁྲོས་མ་ངས༔ ནུབ་བྱང་མཚམས་སུ་དགོངས་པ་བསྐྱོད༔ དབང་གི་ལས་མཛད་མཁའ་འགྲོ་མ༔ དམར་མོ་ཞིང་ཆེན་གཡང་གཞི་རྡེབ༔ གཡོན་པས་མི་རྐང་གླིང་བུ་འབུད༔ དགའ་བ་ཆེན་པོའི་བརྟུལ་ཞུགས་ཀྱིས༔ ནུབ་བྱང་ལྷ་འདྲེ་དབང་དུ༴{{TibChung|སོགས་འགྲེ།}} ཕཊ་ཕཊ་ཕཊ༔ ཀྱཻ༔ མ་སྐྱེ་འགགས་འགྱུར་མེད་ཡེ་ཤེས་སྐུ༔ འཁོར་འདས་དབང་ཕྱུག་ཁྲོས་མ་ངས༔ བྱང་ཤར་མཚམས་སུ་དགོངས་པ་བསྐྱོད༔ དྲག་པོའི་ལས་མཛད་མཁའ་འགྲོ་མ༔ ལྗང་མོ་ཞིང་ཆེན་གཡང་གཞི་རྡེབ༔ གཡོན་པས་མི་རྐང་གླིང་བུ་འབུད༔ བཏང་སྙོམས་ཆེན་པོའི་བརྟུལ་ཞུགས་ཀྱིས༔ བྱང་ཤར་ལྷ་འདྲེ་དབང་དུ༴{{TibChung|སོགས་འགྲེ།}} ཕཊ་ཕཊ་ཕཊ༔ ཀྱཻ༔ མ་སྐྱེ་འགགས་འགྱུར་མེད་ཡེ་ཤེས་སྐུ༔ འཁོར་འདས་དབང་ཕྱུག་ཁྲོས་མ་ངས༔ འོག་གི་ཕྱོགས་སུ་དགོངས་པ་བསྐྱོད༔ སྣ་ཚོགས་ལས་གྲུབ་མཁའ་འགྲོ་མ༔ སྔོ་ལྗང་ཞིང་ཆེན་གཡང་གཞི་རྡེབ༔ གཡོན་པས་མི་རྐང་གླིང་བུ་འབུད༔ བྱང་ཆུབ་ཆེན་པོའི་བརྟུལ་ཞུགས་ཀྱིས༔ འོག་ཕྱོགས་ལྷ་འདྲེ་དབང་དུ༴{{TibChung|སོགས་འགྲེ།}} ཕཊ་ཕཊ་ཕཊ༔ ཕ་དྲིན་ཆེན་བླ་མའི་ཐུགས་རྗེ་དང་༔ སྐུ་གསུམ་མཁའ་འགྲོའི་མཐུ་སྟོབས་དང་༔ ཆོས་ཉིད་ངོ་བོ་རྣམ་དག་དང་༔ རྟེན་འབྲེལ་བསླུ་བ་མེད་པའི་མཐུས༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་༔ འཕྲོག་མ་མ་བུ་ལྔ་བརྒྱ་དང་༔ བྱིས་པའི་གདོན་ཆེན་བཅོ་ལྔ་དང་༔ བཀའ་སྣང་སྲིད་ལྷ་འདྲེ་དབང་དུ་བསྡུས༔ ལྷ་སྲིན་སྡེ་བརྒྱད་དབང་དུ་བསྡུས༔ གནས་གདོན་ལུས་གདོན་དབང་དུ་བསྡུས༔ དབང་དུ་བསྡུས་ལ་ཟིལ་གྱིས་གནོན༔ བདག་མེད་སྤྲོས་བྲལ་བདེ་སྟོང་དབྱིངས༔ རྟོག་མེད་མཉམ་ཉིད་བརྟུལ་ཞུགས་ཀྱིས༔ རྣམ་རྟོག་བདུད་བགེགས་དབང་དུ་བསྡུས༔ གཉིས་མེད་རོལ་པའི་གནས་སུ་བཀོལ༔ འཁྲུལ་མེད་ཆོས་སྐུའི་དགོངས་རྒྱས་བཏབ༔ གཡོ་མེད་བརྡལ་ཁྱབ་ར་བས་བསྐོར༔ ཡེ་ཤེས་ལྔ་ཡི་སྒྲོམ་དུ་བྲུབ༔ ཚད་མེད་རྣམ་བཞིའི་སྟོབས་ཀྱིས་བསྡམ༔ སྐུ་གསུམ་ཀློང་དུ་དབྱེར་མེད་བསྐྱིལ༔ ངས་ནི་དོན་གཉིས་མྱུར་འགྲུབ་ནས༔ སྐུ་གཉིས་ཡེ་ཤེས་མངོན་དུ་གྱུར༔ ལྷ་འདྲེའི་འགྲོ་དོན་མཐར་ཕྱིན་ནས༔ འཁོར་བ་དོང་སྤྲུགས་ནུས་པར་ཤོག༔ ཕཊ་ཕཊ་ཕཊ༔ {{TibChung|ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདིས་ནི་སྣང་སྲིད་དབང་སྡུད་ཅིང་༔ ལྷ་འདྲེ་མ་ལུས་བྲན་དུ་འཁོར༔ ནད་གདོན་བར་ཆད་ཀུན་ཞི་ནས༔ བདེ་བ་ཆེན་པོའི་ས་ལ་རེག༔ བསྐྱེད་དང་རྫོགས་པ་མན་ངག་གནད༔ ནེ་ཙོས་འདོན་པ་ལྟ་བུ་མིན༔ རང་རྒྱུད་ཐུལ་ཞིང་གཞན་ཕན་གཙོ༔ ཆགས་སྡང་ལྷ་འདྲེར་བརྙས་བཙུག་མིན༔ རང་དོན་ཕུན་ཚོགས་འགྲུབ་ཤུགས་ཀྱིས༔ གཞན་དོན་ཕྱོགས་མེད་ཞོར་ལ་འབྱུང་༔ གྲོང་ཆོག་འདྲེ་བརྡུང་གཞན་བསླུ་མིན༔ པདྨ་ང་ཡི་བརྒྱུད་འཛིན་རྣམས༔ འཕོ་བ་ཆེན་པོའི་ཀློང་དུ་ཤོག༔ བཀའ་འདི་གཟའ་མཆོག་ཆེན་པོས་སྲུངས༔ རེམ་ཞིག་བཛྲ་ས་མ་ཡ༔ བརྡ་ཐིམ༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ པདྨ་འོད་དུ་ཨ་ཐམ་རྒྱ༔ ཞེས་པ་འདི་ཡང་ཆུ་ཕོ་སྤྲེལ་གྱི་ལོ་ཧོར་ཟླ་གཉིས་པའི་ཚེས་ལྔའི་ནུབ་མོ་དཔལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེ་ལ་གསུངས་པའི་དག་སྣང་ཡེ་ཤེས་དྲྭ་བའི་སྐོར་ལས་རང་སྣང་དབང་སྡུད་གཞན་སྣང་ཟིལ་གནོན་སེང་གེའི་ང་རོ་ཡིན་ཅེས་གནང་ནས་དག་པར་ཕབ་པའི་ཡི་གེའི་རིས་བྱེད་རང་སློབ་དམ་པ་པདྨ་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།}} }} | ༁ྃ༔ ཕཊ་ཕཊ་ཕཊ༔ རང་ཉིད་སྐད་ཅིག་གིས་མ་ཅིག་ཁྲོས་མ་ནག་མོ་སྐུ་སྟོད་སྲིད་པའི་རྩེ་ན་འགྱིང་ཞིང་ལྷ་ཁམས་ཐམས་ཅད་དབང་དུ་སྡུད་པ༔ སྐེད་པ་བར་སྣང་གི་ཁམས་སུ་ཁྱབ་པས་སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་པ༔ ཞབས་གཉིས་ཀྱིས་ངན་སོང་གི་སྒོ་ཐམས་ཅད་གནོན་པ༔ ཕྱག་གཡས་པས་མི་ལྤགས་ཀྱི་གཡང་གཞི་ཁྲག་གི་ཞམ་ཆུ་འབབ་པ་ཀླད་ལ་བསྐོར་ཞིང་ས་ལ་བརྡབ་པས་ཁམས་གསུམ་འཁོར་བའི་གནས་རིགས་ཐམས་ཅད་འཕར་ཞིང་ལྡེག་སྟེ་གཡོ་ཞིང་འཇིགས་པར་བྱེད་པ༔ གཡོན་པས་མི་རྐང་གི་གླིང་བུ་སེང་ལྕམ་དཀར་མོའི་ང་རོ་ལས་ཀྱང་ལྷག་པར་སྒྲོགས་པས་ཁམས་གསུམ་ཐམས་ཅད་རང་དབང་མེད་པར་བདག་གི་དབང་དུ་སྡུད་པར་བྱེད་པ༔ ཞལ་གདངས་ཤིང་ལྗགས་གློག་དམར་ལྟར་དུ་འདྲིལ་བ་མཆེ་བ་བཞི་གཙིགས་པ༔ སྤྱན་གསུམ་ཉི་མ་འབུམ་གྱི་འོད་ལས་ལྷག་པས་འཁོར་འདས་ཡོངས་སུ་གཟིགས་པ༔ དབུ་སྐྲ་དམར་སེར་གྱེན་དུ་འབར་བའི་ཁྲོད་དུ་ཕག་ཞལ་ནག་པོ་གྱེན་དུ་ངུར་བ༔ དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་ཅིང་༔ ཞབས་གཉིས་པད་ཉི་རོ་ཡི་གདན་ལ་གར་སྟབས་བསྒྱུར་བ༔ ཡབ་ཧེ་རུ་ཀའི་ངོ་བོ་ཁ་ཊྭཱྃ་རྩེ་གསུམ་མཆན་དུ་བསྟེན་པ༔ མཆོག་ཐུན་དངོས་གྲུབ་འབེབ་པའི་བྷ་ག་རྒྱས་ཤིང་ནུ་མ་འབུར་བ༔ ཡེ་ཤེས་ཀྱི་མེ་དཔུང་དང་འོད་ཕུང་རབ་ཏུ་འབར་བ༔ མཐོང་ཐོས་དྲན་རེག་ཙམ་གྱིས་སྣང་སྲིད་ལྷ་འདྲེ་ལྷ་སྲིན་སྡེ་བརྒྱད་ཁམས་གསུམ་སེམས་ཅན་ཐམས་ཅད་རང་དབང་མེད་པར་དབང་དུ་སྡུད་ཅིང་ཐམས་ཅད་ཀྱི་དཔའ་ཟིལ་མཐུ་ནུས་ཆོམས་ཏེ་ཉམ་ཐག་ནས་བདག་གི་ཟིལ་གྱིས་ནོན་པར་གྱུར༔ ཕཊ་ཕཊ་ཕཊ༔ དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བདག་ཉིད་ཁྲོས་མ་ནག་མོའི་ཐུགས་ཀ་དང་བ་སྤུའི་བུ་ག་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་དཀར་སེར་དམར་ལྗང་མཐིང་ནག་གྲངས་མེད་པ་འཕྲོས་པས༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་རང་དབང་མེད་པར་ནམ་མཁར་བྱིའུ་ཆུང་ཁྲ་ཡིས་དེད་པ་ལྟ་བུ༔ བར་སྣང་དུ་ཤོག་སྐྱ་རླུང་གིས་བསྐྱོད་པ་ལྟ་བུ༔ ས་གཞི་རུ་རི་དྭགས་ཤ་ཁྱིས་དེད་པ་ལྟ་བུར་རང་དབང་མེད་པར་དབང་དུ་བསྡུས་ཏེ་བདག་གི་མངའ་འོག་ཏུ་ཟིལ་གྱིས་ནོན་པར་གྱུར༔ ཕཊ་ཕཊ་ཕཊ༔ ཀྱཻ༔ མ་སྐྱེ་འགགས་འགྱུར་མེད་ཡེ་ཤེས་སྐུ༔ འཁོར་འདས་དབང་ཕྱུག་ཁྲོས་མ་ངས༔ སྟེང་ཕྱོགས་ནམ་མཁར་དགོངས་བསྐྱོད་ཀྱི༔ སྐུ་སྤྲུལ་སངས་རྒྱས་མཁའ་འགྲོ་མ༔ དཀར་མོ་ཞིང་ཆེན་གཡང་གཞི་རྡེབ༔ གཡོན་པས་མི་རྐང་གླིང་བུ་འབུད༔ ཆོས་དབྱིངས་ཡེ་ཤེས་བརྟུལ་ཞུགས་ཀྱིས༔ སྟེང་ཕྱོགས་ལྷ་འདྲེ་དབང་དུ་བསྡུས༔ ༈ ཕོ་གདོན་རྒྱལ་པོ་དབང་དུ༴ མོ་གདོན་འདྲེ་མོ་དབང་དུ༴ ཀླུ་གདོན་ས་བདག་དབང་དུ༴ སྣང་སྲིད་ལྷ་འདྲེ་དབང་དུ༴ ལྷ་སྲིན་སྡེ་བརྒྱད་དབང་དུ༴ གནས་གདོན་ལུས་གདོན་དབང་དུ༴ ཁམས་གསུམ་སེམས་ཅན་དབང་དུ་བསྡུས༔ བདག་མེད་སྒྱུ་མའི་གཉན་སར་འདུས༔ འཁྲུལ་མེད་ངང་དུ་ཟིལ་གྱིས་གནོན༔ སྐྱེ་མེད་ཆོས་སྐུའི་ཀློང་དུ་བཤིག༔ ཕཊ་ཕཊ་ཕཊ༔ ཀྱཻ༔ མ་སྐྱེ་འགགས་འགྱུར་མེད་ཡེ་ཤེས་སྐུ༔ འཁོར་འདས་དབང་ཕྱུག་ཁྲོས་མ་ངས༔ ཤར་གྱི་ཕྱོགས་སུ་དགོངས་པ་བསྐྱོད༔ ཐུགས་སྤྲུལ་རྡོ་རྗེ་མཁའ་འགྲོ་མ༔ མཐིང་ནག་ཞིང་ཆེན་གཡང་གཞི་རྡེབ༔ གཡོན་པས་མི་རྐང་གླིང་བུ་འབུད༔ མེ་ལོང་ཡེ་ཤེས་བརྟུལ་ཞུགས་ཀྱིས༔ ཤར་ཕྱོགས་ལྷ་འདྲེ་དབང་དུ༴ {{TibChung|སོགས་འགྲེའོ།}} ཕཊ་ཕཊ་ཕཊ༔ ཀྱཻ༔ མ་སྐྱེ་འགགས་འགྱུར་མེད་ཡེ་ཤེས་སྐུ༔ འཁོར་འདས་དབང་ཕྱུག་ཁྲོས་མ་ངས༔ ལྷོ་ཡི་ཕྱོགས་སུ་དགོངས་པ་བསྐྱོད༔ ཡོན་ཏན་རིན་ཆེན་མཁའ་འགྲོ་མ༔ སེར་གསལ་ཞིང་ཆེན་གཡང་གཞི་རྡེབ༔ གཡོན་པས་མི་རྐང་གླིང་བུ་འབུད༔ མཉམ་ཉིད་ཡེ་ཤེས་བརྟུལ་ཞུགས་ཀྱིས༔ ལྷོ་ཕྱོགས་ལྷ་འདྲེ་དབང་དུ༴ {{TibChung|སོགས་འགྲེ།}} ཕཊ་ཕཊ་ཕཊ༔ ཀྱཻ༔ མ་སྐྱེ་འགགས་འགྱུར་མེད་ཡེ་ཤེས་སྐུ༔ འཁོར་འདས་དབང་ཕྱུག་ཁྲོས་མ་ངས༔ ནུབ་ཀྱི་ཕྱོགས་སུ་དགོངས་པ་བསྐྱོད༔ གསུང་སྤྲུལ་པདྨ་མཁའ་འགྲོ་མ༔ དམར་གསལ་ཞིང་ཆེན་གཡང་གཞི་རྡེབ༔ གཡོན་པས་མི་རྐང་གླིང་བུ་འབུད༔ སོར་རྟོག་ཡེ་ཤེས་བརྟུལ་ཞུགས་ཀྱིས༔ ནུབ་ཕྱོགས་ལྷ་འདྲེ་དབང་དུ༴ {{TibChung|སོགས་འགྲེ།}} ཕཊ་ཕཊ་ཕཊཿ ཀྱཻ༔ མ་སྐྱེ་འགགས་འགྱུར་མེད་ཡེ་ཤེས་སྐུ༔ འཁོར་འདས་དབང་ཕྱུག་ཁྲོས་མ་ངས༔ བྱང་གི་ཕྱོགས་སུ་དགོངས་པ་བསྐྱོད༔ ཕྲིན་ལས་ལས་ཀྱི་མཁའ་འགྲོ་མ༔ ལྗང་མོ་ཞིང་ཆེན་གཡང་གཞི་རྡེབ༔ གཡོན་པས་མི་རྐང་གླིང་བུ་འབུད༔ བྱ་གྲུབ་ཡེ་ཤེས་བརྟུལ་ཞུགས་ཀྱིས༔ བྱང་ཕྱོགས་ལྷ་འདྲེ་དབང་དུ༴ {{TibChung|སོགས་འགྲེ།}} ཕཊ་ཕཊ་ཕཊ༔ ཀྱཻ༔ མ་སྐྱེ་འགགས་འགྱུར་མེད་ཡེ་ཤེས་སྐུ༔ འཁོར་འདས་དབང་ཕྱུག་ཁྲོས་མ་ངས༔ ཤར་ལྷོའི་མཚམས་སུ་དགོངས་པ་བསྐྱོད༔ ཞི་བའི་ལས་མཛད་མཁའ་འགྲོ་མ༔ དཀར་གསལ་ཞིང་ཆེན་གཡང་གཞི་རྡེབ༔ གཡོན་པས་མི་རྐང་གླིང་བུ་འབུད༔ ཀུན་ཁྱབ་ཐུགས་རྗེའི་བརྟུལ་ཞུགས་ཀྱིས༔ ཤར་ལྷོའི་ལྷ་འདྲེ་དབང་དུ༴ {{TibChung|སོགས་འགྲེ།}} ཕཊ་ཕཊ་ཕཊ༔ ཀྱཻ༔ མ་སྐྱེ་འགགས་འགྱུར་མེད་ཡེ་ཤེས་སྐུ༔ འཁོར་འདས་དབང་ཕྱུག་ཁྲོས་མ་ངས༔ ལྷོ་ནུབ་མཚམས་སུ་དགོངས་པ་བསྐྱོད༔ རྒྱས་པའི་ལས་མཛད་མཁའ་འགྲོ་མ༔ སེར་མོ་ཞིང་ཆེན་གཡང་གཞི་རྡེབ༔ གཡོན་པས་མི་རྐང་གླིང་བུ་འབུད༔ བྱམས་པ་ཆེན་པོའི་བརྟུལ་ཞུགས་ཀྱིས༔ ལྷོ་ནུབ་ལྷ་འདྲེ་དབང་དུ༴ {{TibChung|སོགས་འགྲེ།}} ཕཊ་ཕཊ་ཕཊ༔ ཀྱཻ༔ མ་སྐྱེ་འགགས་འགྱུར་མེད་ཡེ་ཤེས་སྐུ༔ འཁོར་འདས་དབང་ཕྱུག་ཁྲོས་མ་ངས༔ ནུབ་བྱང་མཚམས་སུ་དགོངས་པ་བསྐྱོད༔ དབང་གི་ལས་མཛད་མཁའ་འགྲོ་མ༔ དམར་མོ་ཞིང་ཆེན་གཡང་གཞི་རྡེབ༔ གཡོན་པས་མི་རྐང་གླིང་བུ་འབུད༔ དགའ་བ་ཆེན་པོའི་བརྟུལ་ཞུགས་ཀྱིས༔ ནུབ་བྱང་ལྷ་འདྲེ་དབང་དུ༴ {{TibChung|སོགས་འགྲེ།}} ཕཊ་ཕཊ་ཕཊ༔ ཀྱཻ༔ མ་སྐྱེ་འགགས་འགྱུར་མེད་ཡེ་ཤེས་སྐུ༔ འཁོར་འདས་དབང་ཕྱུག་ཁྲོས་མ་ངས༔ བྱང་ཤར་མཚམས་སུ་དགོངས་པ་བསྐྱོད༔ དྲག་པོའི་ལས་མཛད་མཁའ་འགྲོ་མ༔ ལྗང་མོ་ཞིང་ཆེན་གཡང་གཞི་རྡེབ༔ གཡོན་པས་མི་རྐང་གླིང་བུ་འབུད༔ བཏང་སྙོམས་ཆེན་པོའི་བརྟུལ་ཞུགས་ཀྱིས༔ བྱང་ཤར་ལྷ་འདྲེ་དབང་དུ༴ {{TibChung|སོགས་འགྲེ།}} ཕཊ་ཕཊ་ཕཊ༔ ཀྱཻ༔ མ་སྐྱེ་འགགས་འགྱུར་མེད་ཡེ་ཤེས་སྐུ༔ འཁོར་འདས་དབང་ཕྱུག་ཁྲོས་མ་ངས༔ འོག་གི་ཕྱོགས་སུ་དགོངས་པ་བསྐྱོད༔ སྣ་ཚོགས་ལས་གྲུབ་མཁའ་འགྲོ་མ༔ སྔོ་ལྗང་ཞིང་ཆེན་གཡང་གཞི་རྡེབ༔ གཡོན་པས་མི་རྐང་གླིང་བུ་འབུད༔ བྱང་ཆུབ་ཆེན་པོའི་བརྟུལ་ཞུགས་ཀྱིས༔ འོག་ཕྱོགས་ལྷ་འདྲེ་དབང་དུ༴ {{TibChung|སོགས་འགྲེ།}} ཕཊ་ཕཊ་ཕཊ༔ ཕ་དྲིན་ཆེན་བླ་མའི་ཐུགས་རྗེ་དང་༔ སྐུ་གསུམ་མཁའ་འགྲོའི་མཐུ་སྟོབས་དང་༔ ཆོས་ཉིད་ངོ་བོ་རྣམ་དག་དང་༔ རྟེན་འབྲེལ་བསླུ་བ་མེད་པའི་མཐུས༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་༔ འཕྲོག་མ་མ་བུ་ལྔ་བརྒྱ་དང་༔ བྱིས་པའི་གདོན་ཆེན་བཅོ་ལྔ་དང་༔ བཀའ་སྣང་སྲིད་ལྷ་འདྲེ་དབང་དུ་བསྡུས༔ ལྷ་སྲིན་སྡེ་བརྒྱད་དབང་དུ་བསྡུས༔ གནས་གདོན་ལུས་གདོན་དབང་དུ་བསྡུས༔ དབང་དུ་བསྡུས་ལ་ཟིལ་གྱིས་གནོན༔ བདག་མེད་སྤྲོས་བྲལ་བདེ་སྟོང་དབྱིངས༔ རྟོག་མེད་མཉམ་ཉིད་བརྟུལ་ཞུགས་ཀྱིས༔ རྣམ་རྟོག་བདུད་བགེགས་དབང་དུ་བསྡུས༔ གཉིས་མེད་རོལ་པའི་གནས་སུ་བཀོལ༔ འཁྲུལ་མེད་ཆོས་སྐུའི་དགོངས་རྒྱས་བཏབ༔ གཡོ་མེད་བརྡལ་ཁྱབ་ར་བས་བསྐོར༔ ཡེ་ཤེས་ལྔ་ཡི་སྒྲོམ་དུ་བྲུབ༔ ཚད་མེད་རྣམ་བཞིའི་སྟོབས་ཀྱིས་བསྡམ༔ སྐུ་གསུམ་ཀློང་དུ་དབྱེར་མེད་བསྐྱིལ༔ ངས་ནི་དོན་གཉིས་མྱུར་འགྲུབ་ནས༔ སྐུ་གཉིས་ཡེ་ཤེས་མངོན་དུ་གྱུར༔ ལྷ་འདྲེའི་འགྲོ་དོན་མཐར་ཕྱིན་ནས༔ འཁོར་བ་དོང་སྤྲུགས་ནུས་པར་ཤོག༔ ཕཊ་ཕཊ་ཕཊ༔ {{TibChung|ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདིས་ནི་སྣང་སྲིད་དབང་སྡུད་ཅིང་༔ ལྷ་འདྲེ་མ་ལུས་བྲན་དུ་འཁོར༔ ནད་གདོན་བར་ཆད་ཀུན་ཞི་ནས༔ བདེ་བ་ཆེན་པོའི་ས་ལ་རེག༔ བསྐྱེད་དང་རྫོགས་པ་མན་ངག་གནད༔ ནེ་ཙོས་འདོན་པ་ལྟ་བུ་མིན༔ རང་རྒྱུད་ཐུལ་ཞིང་གཞན་ཕན་གཙོ༔ ཆགས་སྡང་ལྷ་འདྲེར་བརྙས་བཙུག་མིན༔ རང་དོན་ཕུན་ཚོགས་འགྲུབ་ཤུགས་ཀྱིས༔ གཞན་དོན་ཕྱོགས་མེད་ཞོར་ལ་འབྱུང་༔ གྲོང་ཆོག་འདྲེ་བརྡུང་གཞན་བསླུ་མིན༔ པདྨ་ང་ཡི་བརྒྱུད་འཛིན་རྣམས༔ འཕོ་བ་ཆེན་པོའི་ཀློང་དུ་ཤོག༔ བཀའ་འདི་གཟའ་མཆོག་ཆེན་པོས་སྲུངས༔ རེམ་ཞིག་བཛྲ་ས་མ་ཡ༔ བརྡ་ཐིམ༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ པདྨ་འོད་དུ་ཨ་ཐམ་རྒྱ༔ ཞེས་པ་འདི་ཡང་ཆུ་ཕོ་སྤྲེལ་གྱི་ལོ་ཧོར་ཟླ་གཉིས་པའི་ཚེས་ལྔའི་ནུབ་མོ་དཔལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེ་ལ་གསུངས་པའི་དག་སྣང་ཡེ་ཤེས་དྲྭ་བའི་སྐོར་ལས་རང་སྣང་དབང་སྡུད་གཞན་སྣང་ཟིལ་གནོན་སེང་གེའི་ང་རོ་ཡིན་ཅེས་གནང་ནས་དག་པར་ཕབ་པའི་ཡི་གེའི་རིས་བྱེད་རང་སློབ་དམ་པ་པདྨ་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Revision as of 08:38, 18 July 2025
| Wylie title | dag snang ye shes drwa ba'i skor las: rang snang dbang sdud gzhan snang zil gnon seng+ge'i nga ro: | |
|---|---|---|
| Location | khros ma'i sgrub skor Volume 1, Text 5, Pages 63-70 (Folios 1a1 to 4b4) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Dag snang ye shes drwa ba'i skor las rang snang dbang sdud gzhan snang zil gnon seng+ge'i nga ro. In Khros ma'i sgrub skor: 63-70. Kalimpong: Mani Dorji, 1979. | |
| Side notes | Recto: dbang sdud Verso: khros ma | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | Magnetizing Rites - dbang sdud | |
| Cycle | དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba) | |
| Deity | khros ma nag mo | |
| Colophon |
ཞེས་པ་འདི་ཡང་ཆུ་ཕོ་སྤྲེལ་གྱི་ལོ་ཧོར་ཟླ་གཉིས་པའི་ཚེས་ལྔའི་ནུབ་མོ་དཔལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེ་ལ་གསུངས་པའི་དག་སྣང་ཡེ་ཤེས་དྲྭ་བའི་སྐོར་ལས་རང་སྣང་དབང་སྡུད་གཞན་སྣང་ཟིལ་གནོན་སེང་གེའི་ང་རོ་ཡིན་ཅེས་གནང་ནས་དག་པར་ཕབ་པའི་ཡི་གེའི་རིས་བྱེད་རང་སློབ་དམ་པ་པདྨ་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། | |
|
zhes pa 'di yang chu pho sprel gyi lo hor zla gnyis pa'i tshes lnga'i nub mo dpal o rgyan mtsho skyes rdo rjes rdzogs pa chen po'i rnal 'byor pa bdud 'joms rdo rje la gsungs pa'i dag snang ye shes drwa ba'i skor las rang snang dbang sdud gzhan snang zil gnon seng ge'i nga ro yin ces gnang nas dag par phab pa'i yi ge'i ris byed rang slob dam pa pad+ma bkra shis so/_/dge'o/_/dge'o/_/dge'o/_/sarba mang+ga laM// | ||