DJYD-KABUM-25-AA-011: Difference between revisions
From Dudjom Wiki
DJYD-KABUM-25-AA-011
m (Text replacement - "སིངྔྷཾ" to "སིདྡྷཾ") |
No edit summary |
||
| Line 34: | Line 34: | ||
༄༅། །ཨོཾ་སྭསྟི། པདྨ་བཀའ་ཐང་ཤེལ་བྲག་མ་ལྟར་གུ་རུའི་རྣམ་ཐར་རགས་བསྡུས་ཀྱི་སྐུ་ཐང་རང་གི་དད་རྟེན་དུ་གསར་བཞེངས་ཀྱི་རྒྱབ་བྱང་སྨོན་ཚིག་ཏུ་སྤེལ་བ་ལ། །ཐོག་མར་དབུས་གཙོ་ཐང་གི་རྒྱབ་བྱང་དུ། | ༄༅། །ཨོཾ་སྭསྟི། པདྨ་བཀའ་ཐང་ཤེལ་བྲག་མ་ལྟར་གུ་རུའི་རྣམ་ཐར་རགས་བསྡུས་ཀྱི་སྐུ་ཐང་རང་གི་དད་རྟེན་དུ་གསར་བཞེངས་ཀྱི་རྒྱབ་བྱང་སྨོན་ཚིག་ཏུ་སྤེལ་བ་ལ། །ཐོག་མར་དབུས་གཙོ་ཐང་གི་རྒྱབ་བྱང་དུ། | ||
༈ །ཨོཾ་སྭསྟི། །མཁའ་ཁྱབ་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་གར། །ཅིར་ཡང་སྟོན་མཛད་ཨོ་རྒྱན་རྡོ་རྗེ་འཆང་། །མགོན་ཁྱོད་རྣམ་ཐར་རྗེས་དྲན་མོས་བློའི་རྟེན། །དམ་ཚིག་སྣང་བརྙན་ཕྱག་རྒྱར་འབད་པས་བསྒྲུབས། །འདི་ལས་བདག་གིས་བསོད་ནམས་གང་ཐོབ་མཐུས། །རྟེན་མཆོག་མཐོང་ཐོས་དྲན་སོགས་འབྲེལ་བཅས་འགྲོ། | ༈ །ཨོཾ་སྭསྟི། །མཁའ་ཁྱབ་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་གར། །ཅིར་ཡང་སྟོན་མཛད་ཨོ་རྒྱན་རྡོ་རྗེ་འཆང་། །མགོན་ཁྱོད་རྣམ་ཐར་རྗེས་དྲན་མོས་བློའི་རྟེན། །དམ་ཚིག་སྣང་བརྙན་ཕྱག་རྒྱར་འབད་པས་བསྒྲུབས། །འདི་ལས་བདག་གིས་བསོད་ནམས་གང་ཐོབ་མཐུས། །རྟེན་མཆོག་མཐོང་ཐོས་དྲན་སོགས་འབྲེལ་བཅས་འགྲོ། །སྐྱེ་ཀུན་གུ་རུས་རྗེས་བཟུང་བྱིན་བརླབས་ {{TibChung|[2a]}} ནས། །དོན་གཉིས་བསམ་པ་ལྷུན་གྲུབ་བཀྲ་ཤིས་ཤོག །ཅེས་རང་མོས་སྐལ་པདྨ་བཀའི་ཐང་ཡིག་ཤེལ་བྲག་མ་ལྟར་གུ་རུའི་རྣམ་ཐར་བགོད་པ་རགས་བསྡུས་གསར་བཞེངས་ཀྱི་རྒྱབ་བྱང་སྨོན་ཚིག་འདིའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ལག་བྲིས་སུ་བཏབ་པ་སྟེ། །དབུས་གཙོ་ཐང་འདིར་གུ་རུ་སྣང་སྲིད་ཟིལ་གནོན་གཙོ་བོར་བྱས་ཏེ། །ལེའུ་དང་པོ་ནུབ་བདེ་བ་ཆེན་པོའི་ཞིང་ཁམས་བསྟན་པ། གཉིས་པ་སངས་རྒྱས་འོད་དཔག་མེད་ཀྱིས་སྤྲུལ་པ་བཀྱེ་ཚུལ། གསུམ་པ་འཇིག་རྟེན་གྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་འགྲོ་དོན་མཛད་ཚུལ། བཞི་པ་རྡོ་རྗེ་འཆང་གི་སྐུར་བཞེངས་ {{TibChung|[2b]}} ནས་རྣམ་པར་སྣང་བྱེད་ཀྱི་བུ་ལྔ་ལ་དབང་བསྐུར་ཚུལ། ལྔ་པ་གདུལ་ཞིང་རུ་དྲའི་སྐྱེ་རྒྱུད་བསྟན་པ། དྲུག་པ་རྟ་ཕག་གིས་རུ་དྲ་བཏུལ་ཚུལ། བདུན་པ་རྣལ་འབྱོར་པ་ནུས་ལྡན་རྡོ་རྗེས་སངས་རྒྱས་སྟོང་རྩ་གཉིས་ལ་དབང་བསྐུར་ཞིང་ལུང་བསྟན་ཚུལ། བརྒྱད་པ་བསྟན་པ་གཉིས་ལྡན་བྱུང་ཚུལ། དགུ་པ་གཙུག་ཕུད་རིགས་བཟང་གི་སྲས་སུ་འཁྲུངས་ཚུལ། བཅུ་པ་སྤྲིན་ལྡན་རྒྱལ་ཁམས་བསྟན་པ་གཉིས་ལྡན་གྱིས་བཏུལ་ཚུལ། བཅུ་གཅིག་པ་རྒྱ་གར་ཆོས་ཁུང་བཙུན་པར་བསྟན་པ་བཅས་བཞུགས། ། | ||
༈ །པདྨ་བཀའ་ཐང་གཡས་དང་པོ་འདིར་། གུ་རུ་མཚོ་སྐྱེས་རྡོ་རྗེ་གཙོ་བོར་བྱས་ཏེ། ལེའུ་བཅུ་གཉིས་ཨོ་རྒྱན་ཡུལ་གྱི་ཡུལ་རབས་གསུངས་ཚུལ། བཅུ་གསུམ་པ་རྒྱལ་པོ་སྤྱན་མེད་འབྱོར་ལྡན་གྱིས་དཀོར་མཛོད་སྦྱིན་པ་བཏང་ཚུལ། བཅུ་བཞི་པ་གཟིགས་སྟངས་དྲི་མེད་མདངས་ལྡན་ཡོན་ཏན་བརྒྱད་ལྡན་མཚོ་རབས་བསྟན་ཚུལ། བཅོ་ལྔ་པ་རྒྱལ་པོ་ཨིནྡྲ་བོ་ངྷིས་ནོར་བུ་ལ་གསོལ་བ་བཏབ་ཚུལ། | ༈ །པདྨ་བཀའ་ཐང་གཡས་དང་པོ་འདིར་། གུ་རུ་མཚོ་སྐྱེས་རྡོ་རྗེ་གཙོ་བོར་བྱས་ཏེ། ལེའུ་བཅུ་གཉིས་ཨོ་རྒྱན་ཡུལ་གྱི་ཡུལ་རབས་གསུངས་ཚུལ། བཅུ་གསུམ་པ་རྒྱལ་པོ་སྤྱན་མེད་འབྱོར་ལྡན་གྱིས་དཀོར་མཛོད་སྦྱིན་པ་བཏང་ཚུལ། བཅུ་བཞི་པ་གཟིགས་སྟངས་དྲི་མེད་མདངས་ལྡན་ཡོན་ཏན་བརྒྱད་ལྡན་མཚོ་རབས་བསྟན་ཚུལ། བཅོ་ལྔ་པ་རྒྱལ་པོ་ཨིནྡྲ་བོ་ངྷིས་ནོར་བུ་ལ་གསོལ་བ་བཏབ་ཚུལ། བཅུ་དགུ་པ་མེ་ཏོག་ཨུ་དུམྺ་ {{TibChung|[3a]}} རའི་གེ་སར་ལས་སྤྲུལ་པའི་སྐུ་བལྟམས་ཚུལ། ཉི་ཤུ་པ་ཨོ་རྒྱན་ཡུལ་གྱི་རྒྱལ་སྲིད་བཟུང་ཚུལ་བཅས་བཞུགས། ། | ||
༈ །པདྨ་བཀའ་ཐང་གཡོན་དང་པོ་འདིར། གུ་རུ་པདྨ་སམྦྷ་ཝ་གཙོ་བོར་བྱས་ཏེ། ལེའུ་ཉེར་གཅིག་པ་ཨོ་རྒྱན་ཡུལ་གྱི་རྒྱལ་སྲིད་སྤང་ཚུལ། ཉེར་གཉིས་པ་དུར་ཁྲོད་བིལ་བའི་ཚལ་དུ་བྱོན་ཏེ་བཞུགས་ཚུལ། ཉེར་གསུམ་པ་བསྙང་རྩིས་ལ་སྦྱངས་ཚུལ། ཉེར་བཞི་པ་སྨན་ལ་སྦྱངས་ཚུལ། ཉེར་ལྔ་པ་རིག་པའི་གནས་ལྔ་ལ་མཁས་པར་སྦྱངས་ཚུལ། ཉེར་དྲུག་པ་སྐུ་རབ་ཏུ་བྱུང་ཚུལ། ཉེར་བདུན་པ་ཀུན་དགའ་བོ་ལབ་རྒྱུ་མཚན་ཉིད་ཀྱི་ཐེག་པ་སྦྱངས་ཚུལ། ཉེར་བརྒྱད་པ་ཀུན་དགའ་བོ་ལ་མདོ་དྲིས་པའི་ཚུལ་བཅས་བཞུགས། ། | ༈ །པདྨ་བཀའ་ཐང་གཡོན་དང་པོ་འདིར། གུ་རུ་པདྨ་སམྦྷ་ཝ་གཙོ་བོར་བྱས་ཏེ། ལེའུ་ཉེར་གཅིག་པ་ཨོ་རྒྱན་ཡུལ་གྱི་རྒྱལ་སྲིད་སྤང་ཚུལ། ཉེར་གཉིས་པ་དུར་ཁྲོད་བིལ་བའི་ཚལ་དུ་བྱོན་ཏེ་བཞུགས་ཚུལ། ཉེར་གསུམ་པ་བསྙང་རྩིས་ལ་སྦྱངས་ཚུལ། ཉེར་བཞི་པ་སྨན་ལ་སྦྱངས་ཚུལ། ཉེར་ལྔ་པ་རིག་པའི་གནས་ལྔ་ལ་མཁས་པར་སྦྱངས་ཚུལ། ཉེར་དྲུག་པ་སྐུ་རབ་ཏུ་བྱུང་ཚུལ། ཉེར་བདུན་པ་ཀུན་དགའ་བོ་ལབ་རྒྱུ་མཚན་ཉིད་ཀྱི་ཐེག་པ་སྦྱངས་ཚུལ། ཉེར་བརྒྱད་པ་ཀུན་དགའ་བོ་ལ་མདོ་དྲིས་པའི་ཚུལ་བཅས་བཞུགས། ། | ||
༈ །པདྨ་བཀའ་ཐང་གཡས་གཉིས་པ་འདིར། གུ་རུ་བློ་ལྡན་མཆོག་སྲིད་གཙོ་བོར་བྱས་ཏེ། ལེའུ་ཉེར་དགུ་པ་དུར་ཁྲོད་སྐུལ་རྫོགས་སུ་བཞུགས་ཚུལ། སུམ་ཅུ་པ་དུར་ཁྲོད་བདེ་ཆེན་བརྡལ་དུ་བཞུགས་ཚུལ། སོ་གཅིག་པ་དུར་ཁྲོད་ལྷུན་གྲུབ་བརྩེགས་སུ་གཞུགས་ཚུལ། སོ་གཉིས་པ་དུར་ཁྲོད་ལངྐ་བརྩེགས་སུ་བཞུགས་ཚུལ། སོ་གསུམ་པ་དུར་ཁྲོད་པདྨ་བརྩེགས་པར་བཞུགས་ཚུལ་བཅས་སོ། ། | ༈ །པདྨ་བཀའ་ཐང་གཡས་གཉིས་པ་འདིར། གུ་རུ་བློ་ལྡན་མཆོག་སྲིད་གཙོ་བོར་བྱས་ཏེ། ལེའུ་ཉེར་དགུ་པ་དུར་ཁྲོད་སྐུལ་རྫོགས་སུ་བཞུགས་ཚུལ། སུམ་ཅུ་པ་དུར་ཁྲོད་བདེ་ཆེན་བརྡལ་དུ་བཞུགས་ཚུལ། སོ་གཅིག་པ་དུར་ཁྲོད་ལྷུན་གྲུབ་བརྩེགས་སུ་གཞུགས་ཚུལ། སོ་གཉིས་པ་དུར་ཁྲོད་ལངྐ་བརྩེགས་སུ་བཞུགས་ཚུལ། སོ་གསུམ་པ་དུར་ཁྲོད་པདྨ་བརྩེགས་པར་བཞུགས་ཚུལ་བཅས་སོ། ། | ||
༈ | ༈ །པདྨ་བཀའ་ཐང་གཡོན་ {{TibChung|[3b]}} གཉིས་པར། གུ་རུ་པདྨ་རྒྱལ་པོ་གཙོ་བོར་བྱས་ཏེ། ལེའུ་སོ་བཞི་པ་དུར་ཁྲོད་གསང་ཆེན་རོལ་པར་བཞུགས་ཚུལ། སོ་ལྔ་པ་སྤྱན་རས་གཟིགས་ཀྱིས་ལུང་བསྟན་ནས་རྒྱ་ནག་ཡུལ་དུ་བཞུགས་ཚུལ། སོ་དྲུག་པ་སངས་རྒྱས་བསྟན་པ་བསྲུང་ཐབས་མཛད་ཚུལ། སོ་བདུན་པ་གདུལ་བྱའི་ཞིང་ཁམས་གཟིགས་ཚུལ། སོ་བརྒྱད་པ་ལྷ་ལྕམ་མནྡྷ་ར་ཝ་ས་བྲམ་ཟེའི་སྐུ་ཤ་རྙེད་ཚུལ། སོ་དགུ་པ་ལྷ་ལྕམ་མནྡྷ་ར་ཝ་ས་ཁྱིམ་ཐབས་སྤང་ནས་ཆོས་མཛད་ཚུལ་བཅས་བཞུགས། ། | ||
༈ །པདྨ་བཀའ་ཐང་གཡས་གསུམ་པ་འདིར། གུ་རུ་ཤཱཀྱ་སེང་གེ་གཙོ་བོར་བྱས་ཏེ། ལེའུ་བཞི་བཅུ་པ་ལྷ་ལྕམ་མནྡྷ་ར་བ་དང་མཇལ་འཕྲད་མཛད་ཚུལ། ཞེ་གཅིག་པ་ཟ་ཧོར་རྒྱལ་པོས་གསོན་བསྲེགས་མཛད་ཚུལ། ཞེ་གཉིས་པ་ཟ་ཧོར་ཡུལ་དུ་མཐའ་དམག་བཟློག་ཚུལ། ཞེ་གསུམ་པ་ཟ་ཧོར་རྒྱལ་ཁམས་ཆོས་ལ་བཀོད་ཚུལ། ཞེ་བཞི་པ་ལྷ་ལྕམ་དང་བཅས་མཱ་ར་ཏིཀར་ཚེའི་རིག་འཛིན་གྲུབ་ཚུལ། ཞེ་ལྔ་པ་རྒྱལ་པོ་ཨ་ཤྭ་ཀ་ཆོས་ལ་བཙུད་ཚུལ། ཞེ་དྲུག་པ་བཻ་རྡའི་ཡུལ་དང་སིངྒ་ལའི་ཡུལ་ཆོས་ལ་བཀོད་ཚུལ། ཞེ་བདུན་པ་བྷངྒ་ལའི་རྒྱལ་ས་འཕྲོག་ཚུལ། ཞེ་བརྒྱད་པ་ཨོ་རྒྱན་ཡུལ་ཁམས་འདུལ་བར་དགོངས་པ་བཅས་བཞུགས། ། | ༈ །པདྨ་བཀའ་ཐང་གཡས་གསུམ་པ་འདིར། གུ་རུ་ཤཱཀྱ་སེང་གེ་གཙོ་བོར་བྱས་ཏེ། ལེའུ་བཞི་བཅུ་པ་ལྷ་ལྕམ་མནྡྷ་ར་བ་དང་མཇལ་འཕྲད་མཛད་ཚུལ། ཞེ་གཅིག་པ་ཟ་ཧོར་རྒྱལ་པོས་གསོན་བསྲེགས་མཛད་ཚུལ། ཞེ་གཉིས་པ་ཟ་ཧོར་ཡུལ་དུ་མཐའ་དམག་བཟློག་ཚུལ། ཞེ་གསུམ་པ་ཟ་ཧོར་རྒྱལ་ཁམས་ཆོས་ལ་བཀོད་ཚུལ། ཞེ་བཞི་པ་ལྷ་ལྕམ་དང་བཅས་མཱ་ར་ཏིཀར་ཚེའི་རིག་འཛིན་གྲུབ་ཚུལ། ཞེ་ལྔ་པ་རྒྱལ་པོ་ཨ་ཤྭ་ཀ་ཆོས་ལ་བཙུད་ཚུལ། ཞེ་དྲུག་པ་བཻ་རྡའི་ཡུལ་དང་སིངྒ་ལའི་ཡུལ་ཆོས་ལ་བཀོད་ཚུལ། ཞེ་བདུན་པ་བྷངྒ་ལའི་རྒྱལ་ས་འཕྲོག་ཚུལ། ཞེ་བརྒྱད་པ་ཨོ་རྒྱན་ཡུལ་ཁམས་འདུལ་བར་དགོངས་པ་བཅས་བཞུགས། ། | ||
༈ | ༈ །པདྨ་ {{TibChung|[4a]}} ངཀའ་ཐང་གཡོན་གསུམ་པ་འདིར། གུ་རུ་ཉི་མ་འོད་ཟེར་གཙོ་བོར་བྱས་ཏེ། ལེའུ་ཞེ་དགུ་པ་ཨོ་རྒྱན་རྒྱལ་ཁམས་ཆོས་ལ་བཙུད་ཚུལ། ལྔ་བཅུ་པ་རྒྱ་གར་རྔ་ཐུབ་ཅན་ཁ་ཆེ་རྣམས་ཆོས་ལ་བཙུད་ཚུལ། ང་གཅིག་པ་ཟངས་གླིང་དང་གསེར་གླིང་གི་མུ་སྟེགས་པ་བཏུལ་ཚུལ། ང་གཉིས་པ་རྒྱལ་པོ་ཀླུའི་ཁྱབ་འཇུག་བཏུལ་ཚུལ། ང་གསུམ་པ་གཏེར་གྱི་བགྲོ་བ་གཏེར་ཆོས་གཏེར་སྟོན་གླེང་བ་བཅས་བཞུགས། ། | ||
༈ པདྨ་བཀའ་ཐང་གཡས་བཞི་པ་འདིར། གུ་རུ་སེང་གེ་སྒྲ་སྒྲོགས་གཙོ་བོར་བྱས་ཏེ། ལེའུ་ང་བཞི་པ་ཁྲི་སྲོང་ལྡེའུ་བཙན་སྐུ་འཁྲུངས་ཤིང་རྒྱལ་སྲིད་བཟུང་ཚུལ། ང་ལྔ་པ་བོད་ཀྱི་རྒྱལ་པོས་ཐུགས་དགོངས་བཏང་ཞིང་བློན་པོ་ལ་འདམ་ཁ་བསྐུར་ཚུལ། ང་དྲུག་པ་བསམ་ཡས་གཙུག་ཞལ་ཁང་གི་ས་བཙལ་ཚུལ། ང་བདུན་པ་བོད་ཀྱི་རྒྱལ་པོས་མཁན་ཆེན་བོ་ངྷི་སཏྭ་གདན་དྲངས་ཚུལ། ང་བརྒྱད་པ་མཁན་པོ་བོ་ངྷི་སཏྭས་སློིབ་དཔོན་ཆེན་པོ་ལུང་བསྟན་ཚུལ། ང་དགུ་པ་རྒྱལ་པོའི་བསྐྱར་ཤོག་པ་དང་སློབ་དཔོན་མཇལ་ཚུལ། དྲུག་ཅུ་པ་བོད་ཀྱི་ལྷ་འདྲེ་བཏུལ་ཞིང་དམ་ལ་བཏགས་ཚུལ། རེ་གཅིག་པ་བོད་ཀྱི་རྒྱལ་པོ་དང་སློབ་དཔོན་མཇལ་འཕྲད་མཛད་ཚུལ། | ༈ པདྨ་བཀའ་ཐང་གཡས་བཞི་པ་འདིར། གུ་རུ་སེང་གེ་སྒྲ་སྒྲོགས་གཙོ་བོར་བྱས་ཏེ། ལེའུ་ང་བཞི་པ་ཁྲི་སྲོང་ལྡེའུ་བཙན་སྐུ་འཁྲུངས་ཤིང་རྒྱལ་སྲིད་བཟུང་ཚུལ། ང་ལྔ་པ་བོད་ཀྱི་རྒྱལ་པོས་ཐུགས་དགོངས་བཏང་ཞིང་བློན་པོ་ལ་འདམ་ཁ་བསྐུར་ཚུལ། ང་དྲུག་པ་བསམ་ཡས་གཙུག་ཞལ་ཁང་གི་ས་བཙལ་ཚུལ། ང་བདུན་པ་བོད་ཀྱི་རྒྱལ་པོས་མཁན་ཆེན་བོ་ངྷི་སཏྭ་གདན་དྲངས་ཚུལ། ང་བརྒྱད་པ་མཁན་པོ་བོ་ངྷི་སཏྭས་སློིབ་དཔོན་ཆེན་པོ་ལུང་བསྟན་ཚུལ། ང་དགུ་པ་རྒྱལ་པོའི་བསྐྱར་ཤོག་པ་དང་སློབ་དཔོན་མཇལ་ཚུལ། དྲུག་ཅུ་པ་བོད་ཀྱི་ལྷ་འདྲེ་བཏུལ་ཞིང་དམ་ལ་བཏགས་ཚུལ། རེ་གཅིག་པ་བོད་ཀྱི་རྒྱལ་པོ་དང་སློབ་དཔོན་མཇལ་འཕྲད་མཛད་ཚུལ། རེ་གཉིས་པ་དཔལ་གྱི་བསམ་ཡས་བཞེངས་ཏེ་འབྱོངས་པའི་ཚུལ་ {{TibChung|[4b]}} བཅས་བཞུགས། ། | ||
༈ །པདྨ་བཀའ་ཐང་གཡོན་བཞི་པ་འདིར། གུ་རུ་རྡོ་རྗེ་གྲོ་ལོད་གཙོ་བོར་བྱས་ཏེ། ལེའུ་རེ་གསུམ་པ་བསམ་ཡས་དཀོར་སྲུང་པེ་ཧར་སྤྱན་དྲངས་ཚུལ། རེ་བཞི་པ་བསམ་ཡས་ལ་རབ་གནས་མཛད་ཚུལ། རེ་ལྔ་པ་བསམ་ཡས་ལ་བཀུར་སྲི་བྱས་པའི་ཕན་ཡོན་གསུངས་ཚུལ། རེ་དྲུག་པ་བོད་ཀྱི་རྒྱལ་པོས་སློབ་དཔོན་རྣམ་གཉིས་བོད་དུ་བཞུགས་པར་ཞུས་ཚུལ། རེ་བདུན་པ་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཆོས་ཁྲིམས་བསྡམས་ཚུལ། རེ་བརྒྱད་པ་ལོ་ཙཱ་བ་གསུམ་ལུང་བསྟན་ཚུལ། རེ་དགུ་པ་བཻ་རོ་ཙ་ན་གདན་དྲངས་ཚུལ། བདུན་ཅུ་པ་སློབ་དཔོན་རྣམ་གཉིས་དང་ལོ་ཙཱ་བ་གསུམ་གྱིས་ཆོས་བསྒྱུར་ཚུལ། དོན་གཅིག་པ་ལོ་ཙཱ་བ་བརྒྱ་རྩ་བསྡུས་ཏེ་སད་མི་མི་བདུན་རྒྱ་གར་དུ་བརྫང་ཚུལ། དོན་གཉིས་པ་རྒྱ་གར་གྱི་པཎ་ཆེན་ཉེར་ལྔ་ལ་བོད་ཀྱི་བཻ་རོ་ཙ་ན་མཇལ་འཕྲད་མཛད་ཚུལ། དོན་གསུམ་པ་བཻ་རོ་ཙ་ནས་རྐང་མགྱོགས་བསྒྲུབ་ཚུལ། དོན་བཞི་པ་བཻ་རོས་རྐང་མགྱོགས་གྲུབ་ནས་བོད་དུ་འབྱོན་པར་ཆས་ཚུལ། དོན་ལྔ་པ་བཻ་རོ་ཙ་ནས་བོད་རྒྱལ་ལ་ཆོིས་གསུངས་པར་ཕྲ་མ་བྱུང་ཚུལ། དོན་དྲུག་པ་བཻ་རོ་ཙ་ནས་མགུར་གསུངས་ཚུལ། | ༈ །པདྨ་བཀའ་ཐང་གཡོན་བཞི་པ་འདིར། གུ་རུ་རྡོ་རྗེ་གྲོ་ལོད་གཙོ་བོར་བྱས་ཏེ། ལེའུ་རེ་གསུམ་པ་བསམ་ཡས་དཀོར་སྲུང་པེ་ཧར་སྤྱན་དྲངས་ཚུལ། རེ་བཞི་པ་བསམ་ཡས་ལ་རབ་གནས་མཛད་ཚུལ། རེ་ལྔ་པ་བསམ་ཡས་ལ་བཀུར་སྲི་བྱས་པའི་ཕན་ཡོན་གསུངས་ཚུལ། རེ་དྲུག་པ་བོད་ཀྱི་རྒྱལ་པོས་སློབ་དཔོན་རྣམ་གཉིས་བོད་དུ་བཞུགས་པར་ཞུས་ཚུལ། རེ་བདུན་པ་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཆོས་ཁྲིམས་བསྡམས་ཚུལ། རེ་བརྒྱད་པ་ལོ་ཙཱ་བ་གསུམ་ལུང་བསྟན་ཚུལ། རེ་དགུ་པ་བཻ་རོ་ཙ་ན་གདན་དྲངས་ཚུལ། བདུན་ཅུ་པ་སློབ་དཔོན་རྣམ་གཉིས་དང་ལོ་ཙཱ་བ་གསུམ་གྱིས་ཆོས་བསྒྱུར་ཚུལ། དོན་གཅིག་པ་ལོ་ཙཱ་བ་བརྒྱ་རྩ་བསྡུས་ཏེ་སད་མི་མི་བདུན་རྒྱ་གར་དུ་བརྫང་ཚུལ། དོན་གཉིས་པ་རྒྱ་གར་གྱི་པཎ་ཆེན་ཉེར་ལྔ་ལ་བོད་ཀྱི་བཻ་རོ་ཙ་ན་མཇལ་འཕྲད་མཛད་ཚུལ། དོན་གསུམ་པ་བཻ་རོ་ཙ་ནས་རྐང་མགྱོགས་བསྒྲུབ་ཚུལ། དོན་བཞི་པ་བཻ་རོས་རྐང་མགྱོགས་གྲུབ་ནས་བོད་དུ་འབྱོན་པར་ཆས་ཚུལ། དོན་ལྔ་པ་བཻ་རོ་ཙ་ནས་བོད་རྒྱལ་ལ་ཆོིས་གསུངས་པར་ཕྲ་མ་བྱུང་ཚུལ། དོན་དྲུག་པ་བཻ་རོ་ཙ་ནས་མགུར་གསུངས་ཚུལ། དོན་བདུན་པ་བཻ་རོ་ཙ་ན་རྒྱལ་མོ་ཚ་བའི་རོང་དུ་སྤྱུགས་ཤིང་ཡུལ་དེར་མདོ་སྔགས་ཀྱི་བསྟན་ {{TibChung|[5a]}} པ་སྤེལ་ཚུལ། དོན་བརྒྱད་པ་དགེ་སློང་མི་ལྔ་རྒྱ་གར་དུ་བརྫང་ཞིང་དངོས་གྲུབ་བརྙེས་ཚུལ། དོན་དགུ་པ་ནམ་མཁའི་སྙིང་པོ་ལྷོ་བྲག་མཁར་ཆུར་སྤྱུགས་ཚུལ། བརྒྱད་ཅུ་པ་པཎ་ཆེན་བི་མ་མི་དྲ་གདན་དྲངས་ཚུལ། གྱ་གཅིག་པ་པཎ་ཆེན་བི་མ་མི་དྲས་རྫུ་འཕྲུལ་བསྟན་ཚུལ་བཅས་བཞུགས། ། | ||
༈ པདྨ་བཀའ་ཐང་གཡས་ལྔ་པ་འདིར། མཁན་ཆེན་ཞི་བ་འཚོ་གཙོ་བོར་བྱས་ཏེ། ལེའུ་གྱ་གཉིས་པ་བོད་རྗེས་རྒྱ་གར་གྱི་པཎྜི་ཏ་བརྒྱ་རྩ་སྤྱན་དྲངས་ཤིང་བོན་བསྣུབས་ཚུལ། གྱ་གསུམ་པ་གཡུ་སྒྲ་སྙིང་པོ་ཆོས་གཏུག་ཏུ་བཏང་ཞིང་བཻ་རོ་སླར་གདན་དྲངས་ཚུལ། གྱ་བཞི་པ་སྒྲ་བསྒྱུར་གླིང་དུ་སྒྲ་བསྒྱུར་ཚུལ། གྱ་ལྔ་པ་བོད་དུ་གསུང་རབ་དམ་ཆོས་དག་ཐེར་བཏོན་ཚུལ། གྱ་དྲུག་པ་བསམ་ཡས་རྟེན་གསུམ་དཀར་ཆག་ཏུ་བཏབ་ཚུལ། གྱ་བདུན་པ་མཚན་ཉིད་ཐེག་པའི་བཀའ་དང་བསྟན་བཅོས་འགྱུར་བྱང་གི་སྐོར། གྱ་བརྒྱད་པ་གསང་སྔགས་ཕྱི་ནང་གི་འགྱུར་བྱང་བསྡུས་ཚུལ། གྱ་དགུ་པ་འདུས་བྱས་མི་རྟག་པ་བསྟན་ཏེ་བོད་ཀྱི་རྒྱལ་ཁམས་མ་འོངས་ལུང་བསྟན་པའི་ཚུལ། དགུ་བཅུ་པ་ལྷ་ལྕམ་པདྨ་གསལ་གྱི་སྐྱེ་བརྒྱུད་མ་འོངས་ལུང་བསྟན་གནང་ཚུལ། གོ་གཅིག་པ་བོད་དུ་གཏེར་སྦས་ཚུལ། | ༈ པདྨ་བཀའ་ཐང་གཡས་ལྔ་པ་འདིར། མཁན་ཆེན་ཞི་བ་འཚོ་གཙོ་བོར་བྱས་ཏེ། ལེའུ་གྱ་གཉིས་པ་བོད་རྗེས་རྒྱ་གར་གྱི་པཎྜི་ཏ་བརྒྱ་རྩ་སྤྱན་དྲངས་ཤིང་བོན་བསྣུབས་ཚུལ། གྱ་གསུམ་པ་གཡུ་སྒྲ་སྙིང་པོ་ཆོས་གཏུག་ཏུ་བཏང་ཞིང་བཻ་རོ་སླར་གདན་དྲངས་ཚུལ། གྱ་བཞི་པ་སྒྲ་བསྒྱུར་གླིང་དུ་སྒྲ་བསྒྱུར་ཚུལ། གྱ་ལྔ་པ་བོད་དུ་གསུང་རབ་དམ་ཆོས་དག་ཐེར་བཏོན་ཚུལ། གྱ་དྲུག་པ་བསམ་ཡས་རྟེན་གསུམ་དཀར་ཆག་ཏུ་བཏབ་ཚུལ། གྱ་བདུན་པ་མཚན་ཉིད་ཐེག་པའི་བཀའ་དང་བསྟན་བཅོས་འགྱུར་བྱང་གི་སྐོར། གྱ་བརྒྱད་པ་གསང་སྔགས་ཕྱི་ནང་གི་འགྱུར་བྱང་བསྡུས་ཚུལ། གྱ་དགུ་པ་འདུས་བྱས་མི་རྟག་པ་བསྟན་ཏེ་བོད་ཀྱི་རྒྱལ་ཁམས་མ་འོངས་ལུང་བསྟན་པའི་ཚུལ། དགུ་བཅུ་པ་ལྷ་ལྕམ་པདྨ་གསལ་གྱི་སྐྱེ་བརྒྱུད་མ་འོངས་ལུང་བསྟན་གནང་ཚུལ། གོ་གཅིག་པ་བོད་དུ་གཏེར་སྦས་ཚུལ། གོ་གཉིས་པ་ས་ {{TibChung|[5b]}} རྟགས་གཏེར་གྱི་འབྱུང་དུས་བསྟན་ཚུལ། གོ་གསུམ་པ་གཏེར་དང་འཕྲད་པའི་གང་ཟག་རྣམས་ལ་ཞལ་གདམས་སྙིང་གཏམ་བཞག་ཚུལ། གོ་བཞི་པ་གཏེར་སྟོན་བརྟག་པའི་ཚུལ་གསུངས་པ། གོ་ལྔ་པ་མ་འོངས་སྒྲུབ་གནས་བསྟན་ཚུལ། གོ་དྲུག་པ་སངས་རྒྱས་བསྟན་པའི་འཕེལ་འགྲིབ་བསྟན་ཚུལ། གོ་བདུན་པ་སློབ་དཔོན་ལྷོ་ནུབ་སྲིན་ཡུལ་དུ་འབྱོན་པར་དགོངས་ཚུལ། གོ་བརྒྱད་པ་རྒྱལ་སྲས་མུ་ཏོག་བཙན་པོས་སློབ་དཔོན་ལ་བཤོལ་བཏབ་པར་ཞལ་ཆེམས་གསུངས་ཚུལ། གོ་དགུ་པ་ཁྲ་འབྲུག་ཏུ་བཀའ་འདུས་སྒྲུབ་ཆེན་མཛད་དུས་མཁའ་འགྲོས་བརྡ་བསྟོད་ཕུལ་ཚུལ། བརྒྱ་ཐམ་པ་སྐུ་ཚབས་ལ་གསོལ་བ་བཏབ་པའི་ཕན་ཡོན་བསྟན་ཚུལ། བརྒྱ་དང་གཅིག་པ་རྗེས་འཇུག་བདེ་སྟོང་ལ་སྤྱོད་པར་གདམས་ཚུལ། བརྒྱ་དང་གཉིས་པ་རྒྱལ་སྲས་ལྷ་རྗེ་ལུང་བསྟན་ཅིང་སྐྱེ་བདུན་ཤའི་ཕན་ཡོན་གསུངས་ཚུལ་བཅས་བཞུགས། ། | ||
༈ །པདྨ་བཀའ་ཐང་གཡོན་ལྔ་པ་འདིར། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གཙོ་བོར་བྱས་ཏེ། ལེའུ་བརྒྱ་དང་གསུམ་པ་སྐལ་ལྡན་བུ་མོ་གསུམ་ལ་ཞལ་གདམས་གསུངས་ཚུལ། བརྒྱ་དང་བཞི་པ་སྲོག་བདག་གཟའ་ཀླུ་རྒྱལ་གསུམ་གྱི་མཚང་འབྲུས་ཚུལ། | ༈ །པདྨ་བཀའ་ཐང་གཡོན་ལྔ་པ་འདིར། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གཙོ་བོར་བྱས་ཏེ། ལེའུ་བརྒྱ་དང་གསུམ་པ་སྐལ་ལྡན་བུ་མོ་གསུམ་ལ་ཞལ་གདམས་གསུངས་ཚུལ། བརྒྱ་དང་བཞི་པ་སྲོག་བདག་གཟའ་ཀླུ་རྒྱལ་གསུམ་གྱི་མཚང་འབྲུས་ཚུལ། བརྒྱ་དང་ལྔ་པ་མང་ཡུལ་མུ་ཐང་ལ་ཁར་སློབ་ {{TibChung|[6a]}} དཔོན་བཞུད་པའི་སྔ་འགྲིས་བཏང་ཚུལ། བརྒྱ་དང་དྲུག་པ་སློབ་དཔོན་གྱིས་རྗེ་འབངས་རྣམས་ལ་ཆོས་གསུངས་ཚུལ། བརྒྱ་དང་བདུན་པ་སློབ་དཔོན་ཆེན་པོས་བོད་ཡུལ་ནས་ལྷོ་ནུབ་སྲིན་པོ་འདུལ་དུ་བཞུད་ཚུལ བརྒྱ་དང་བརྒྱད་པ་མཁའ་འགྲོ་མཚོ་རྒྱལ་གྱིས་མོས་གུས་བརྗེད་བྱང་དཀར་ཤོག་ལ་བཏབ་ཚུལ་བཅས་ཀྱིས་ལེགས་པར་ཚང་ཞིང་། མཐའ་རྟེན་དུ་སྦྱིན་པའི་བདག་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གུ་རུ་རྗེས་དྲན་ཚེས་བཅུའི་དུས་མཆོད་སྤྲོས་ཏེ་སྨིན་ལམ་བཏབ་པའི་ཚུལ་བཅས་བཞུགས། ། | ||
༈ །ཨོ་རྒྱན་རྗེ་འབངས་ཉེར་ལྔའི་སྐུ་ཐང་རང་གི་དད་རྟེན་དུ་བཞེངས་པའི་རྒྱབ་བྱང་སྨོན་ཚིག་ཏུ་བྲིས་པ། དབུས་གཙོ་བོའི་རྒྱབ་བྱང་དུ། ཨོཾ་སྭསྟི། སྲས་བཅས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །རིགས་འདུས་མ་ཧཱ་གུ་རུའི་གསང་གསུམ་བྱིན། དམ་ཚིག་རྟེན་འདིར་དབྱེར་མེད་རྟག་བཞུགས་ནས། མོས་པའི་བུ་ལ་མཆོག་ཐུན་དངོས་གྲུབ་སྩོལ། །མཁྱེན་པས་རང་དོན་ཆོས་སྐུ་མངོན་དུ་གྱུར། །བརྩེ་བས་གཞན་དོན་གཟུགས་སྐུ་ལྷུན་གྱིས་གྲུབ། །ནུས་པས་སྲིད་པའི་མཚོ་ལས་འགྲོ་ཀུན་སྒྲོལ། །མཉམ་མེད་བླ་མ་ཁྱེད་བཞིན་བདག་གྱུར་ཅིག | ༈ །ཨོ་རྒྱན་རྗེ་འབངས་ཉེར་ལྔའི་སྐུ་ཐང་རང་གི་དད་རྟེན་དུ་བཞེངས་པའི་རྒྱབ་བྱང་སྨོན་ཚིག་ཏུ་བྲིས་པ། དབུས་གཙོ་བོའི་རྒྱབ་བྱང་དུ། ཨོཾ་སྭསྟི། སྲས་བཅས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །རིགས་འདུས་མ་ཧཱ་གུ་རུའི་གསང་གསུམ་བྱིན། དམ་ཚིག་རྟེན་འདིར་དབྱེར་མེད་རྟག་བཞུགས་ནས། མོས་པའི་བུ་ལ་མཆོག་ཐུན་དངོས་གྲུབ་སྩོལ། །མཁྱེན་པས་རང་དོན་ཆོས་སྐུ་མངོན་དུ་གྱུར། །བརྩེ་བས་གཞན་དོན་གཟུགས་སྐུ་ལྷུན་གྱིས་གྲུབ། །ནུས་པས་སྲིད་པའི་མཚོ་ལས་འགྲོ་ཀུན་སྒྲོལ། །མཉམ་མེད་བླ་མ་ཁྱེད་བཞིན་བདག་གྱུར་ཅིག །རྨད་བྱུང་བྱང་སེམས་ཞི་བའི་རྒྱ་མཚོ་ {{TibChung|[6b]}} ཆེ། །ཆོས་རྒྱལ་ཐུགས་བསྐྱེད་རི་དབང་ལྟར་བརྟན་པས། །བསྲུབས་ལས་སྐལ་བཟང་གདུལ་བྱའི་བོད་ནམས་མཁར། །རྒྱལ་བསྟན་ཉིན་བྱེད་འགྲིབ་མེད་གསལ་གྱུར་ཅིག ། སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། ། | ||
༈ །གཡས་དང་པོར། ཨོཾ་སྭསྟི། སྲས་བཅས་རྒྱལ་བ་ཀུན་གྱི་བདེ་ཆེན་ཐུགས། །འཆི་མེད་པདྨ་འབྱུང་གནས་ཡེ་ཤེས་སྐུ། །དམ་ཚིག་རྟེན་འདིར་དབྱེར་མེད་རྟགས་བཞུགས་ནས། །མོས་པའི་བུ་ལ་མཆོག་ཐུན་དངོས་གྲུབ་སྩོལ། །འཁོར་འདས་ཀུན་ཁྱབ་རིག་པ་བྱང་ཆུབ་སེམས། །ལྷ་སྔགས་ཆོས་ཉིད་མཆོད་སྤྲིན་དངོས་གྲུབ་ཏུ། །ཤར་ཡང་ཟུང་འཇུག་དབྱིངས་སུ་རོ་གཅིག་པའི། །རུ་ལུ་འབྲུ་བརྒྱད་དགོངས་པ་མངོན་གྱུར་ཤོག ། | ༈ །གཡས་དང་པོར། ཨོཾ་སྭསྟི། སྲས་བཅས་རྒྱལ་བ་ཀུན་གྱི་བདེ་ཆེན་ཐུགས། །འཆི་མེད་པདྨ་འབྱུང་གནས་ཡེ་ཤེས་སྐུ། །དམ་ཚིག་རྟེན་འདིར་དབྱེར་མེད་རྟགས་བཞུགས་ནས། །མོས་པའི་བུ་ལ་མཆོག་ཐུན་དངོས་གྲུབ་སྩོལ། །འཁོར་འདས་ཀུན་ཁྱབ་རིག་པ་བྱང་ཆུབ་སེམས། །ལྷ་སྔགས་ཆོས་ཉིད་མཆོད་སྤྲིན་དངོས་གྲུབ་ཏུ། །ཤར་ཡང་ཟུང་འཇུག་དབྱིངས་སུ་རོ་གཅིག་པའི། །རུ་ལུ་འབྲུ་བརྒྱད་དགོངས་པ་མངོན་གྱུར་ཤོག ། | ||
༈ །གཡོན་དང་པོར། ཨོཾ་སྭསྟི། སྲས་བཅས་རྒྱལ་བ་ཀུན་གྱི་གསང་བའི་དབྱངས། རིག་འཛིན་པདྨ་སམྦྷའི་ཡེ་ཤེས་སྐུ། །དམ་ཚིག་རྟེན་འདིར༴ མོས་པའི་བུ་ལ༴ རྩ་ཡི་སྒྲིབ་བྱང་གདོས་བཅས་ལྷ་སྐུར་དག །རླུང་གི་རྒྱུ་བ་འཕོ་མེད་དབྱིངས་སུ་རྫོགས། །ཐིག་ལེ་ཟག་བྲལ་བདེ་བ་ཆེན་པོར་སྨིན། །སྣང་སྲིད་རྣམ་དག་དགོངས་པ་མངོན་གྱུར་ཤོག ། | ༈ །གཡོན་དང་པོར། ཨོཾ་སྭསྟི། སྲས་བཅས་རྒྱལ་བ་ཀུན་གྱི་གསང་བའི་དབྱངས། རིག་འཛིན་པདྨ་སམྦྷའི་ཡེ་ཤེས་སྐུ། །དམ་ཚིག་རྟེན་འདིར༴ མོས་པའི་བུ་ལ༴ རྩ་ཡི་སྒྲིབ་བྱང་གདོས་བཅས་ལྷ་སྐུར་དག །རླུང་གི་རྒྱུ་བ་འཕོ་མེད་དབྱིངས་སུ་རྫོགས། །ཐིག་ལེ་ཟག་བྲལ་བདེ་བ་ཆེན་པོར་སྨིན། །སྣང་སྲིད་རྣམ་དག་དགོངས་པ་མངོན་གྱུར་ཤོག ། | ||
༈ །གཡས་གཉིས་པར། ཨོཾ་སྭསྟི། སྲས་བཅས་རྒྱལ་བ་ཀུན་གྱི་ཡབ་གཅིག་པུ། | ༈ །གཡས་གཉིས་པར། ཨོཾ་སྭསྟི། སྲས་བཅས་རྒྱལ་བ་ཀུན་གྱི་ཡབ་གཅིག་པུ། །འཇམ་དཔལ་བློ་ {{TibChung|[7a]}} ལྡན་མཆོག་སྲེད་ཡེ་ཤེས་སྐུ། དམ་ཚིག༴ མོས་པའི༴ གནས་པའི་འཁོར་ལོ་གཞི་དོན་མངོན་སུམ་རྟོགས། སྲིད་པའི་འཁོར་ལོ་ཐུགས་རྗེའི་ཡུལ་དུ་བཟུང་། །སྤྲུལ་པའི་འཁོར་ལོ་ཏིང་འཛིན་རིག་རྩལ་འབྱོངས། །གཅོད་པའི་འཁོར་ལོས་འགྲོ་དོན་མཐར་ཕྱིན་ཤོག ། | ||
༈ །གཡོན་གཉིས་བར། ཨོཾ་སྭསྟི། སྲས་བཅས་རྒྱལ་བ་ཀུན་གྱི་གསུང་རྡོ་རྗེ། །ཨོ་རྒྱན་པདྨ་རྒྱལ་པོའི་ཡེ་ཤེས་སྐུ། །དམ་ཚིག༴ མོས་པའི༴ ཆོས་ཉིད་དགོངས་པས་ཡེ་ཤེས་དབྱིངས་ནས་བསྐུལ། །ཏིང་འཛིན་གསལ་བས་དམ་དམ་ཅན་གནད་ལ་ཕེབས། །ལ་ཟློའི་སྤྱོད་པ་དྲེགས་པ་ལས་ལ་བཀོལ། །རྟ་སྐད་ཐེང་གསུམ་དགོངས་པ་མཐར་ཕྱིན་ཤོག ། | ༈ །གཡོན་གཉིས་བར། ཨོཾ་སྭསྟི། སྲས་བཅས་རྒྱལ་བ་ཀུན་གྱི་གསུང་རྡོ་རྗེ། །ཨོ་རྒྱན་པདྨ་རྒྱལ་པོའི་ཡེ་ཤེས་སྐུ། །དམ་ཚིག༴ མོས་པའི༴ ཆོས་ཉིད་དགོངས་པས་ཡེ་ཤེས་དབྱིངས་ནས་བསྐུལ། །ཏིང་འཛིན་གསལ་བས་དམ་དམ་ཅན་གནད་ལ་ཕེབས། །ལ་ཟློའི་སྤྱོད་པ་དྲེགས་པ་ལས་ལ་བཀོལ། །རྟ་སྐད་ཐེང་གསུམ་དགོངས་པ་མཐར་ཕྱིན་ཤོག ། | ||
༈ །གཡས་གསུམ་པར། ཨོཾ་སྭསྟི། སྲས་བཅས་རྒྱལ་བ་ཀུན་གྱི་ཡོན་ཏན་དབྱིག ། གར་དབང་ཉི་མ་འད་ཟེར་ཡེ་ཤེས་སྐུ། དམ་ཚིག༴ མོས་པའི༴ དོན་གྱི་བདུད་རྩིས་མཉམ་ཉིད་མངོན་དུ་གྱུར། །རྟགས་ཀྱི་བདུད་རྩིས་སྣང་བ་ལྷ་རུ་ཤར། །ཆོས་ཀྱི་བདུད་རྩིས་གཞན་རྒྱུདམ་སྨིན་ཅིང་གྲོལ། །རྫས་ཀྱི་བདུད་རྩིས་འབྲེལ་ཚད་འདྲེན་པར་ཤོག ། | ༈ །གཡས་གསུམ་པར། ཨོཾ་སྭསྟི། སྲས་བཅས་རྒྱལ་བ་ཀུན་གྱི་ཡོན་ཏན་དབྱིག ། གར་དབང་ཉི་མ་འད་ཟེར་ཡེ་ཤེས་སྐུ། དམ་ཚིག༴ མོས་པའི༴ དོན་གྱི་བདུད་རྩིས་མཉམ་ཉིད་མངོན་དུ་གྱུར། །རྟགས་ཀྱི་བདུད་རྩིས་སྣང་བ་ལྷ་རུ་ཤར། །ཆོས་ཀྱི་བདུད་རྩིས་གཞན་རྒྱུདམ་སྨིན་ཅིང་གྲོལ། །རྫས་ཀྱི་བདུད་རྩིས་འབྲེལ་ཚད་འདྲེན་པར་ཤོག ། | ||
༈ །གཡོན་གསུམ་པར། ཨོཾ་སྭསྟི། | ༈ །གཡོན་གསུམ་པར། ཨོཾ་སྭསྟི། སྲས་བཅས་རྒྱལ་བ་ཀུན་གྱི་སྟོབས་ {{TibChung|[7b]}} བཅུའི་དཔལ། །བདུད་འདུལ་ཤཱཀྱ་སེངྒེའི་ཡེ་ཤེས་སྐུ། །དམ་ཚིག༴ མོས་པའི༴ ཆོས་ཉིད་རྟོགས་པས་ལྟ་བའི་རྫོང་དུ་བཞུགས། །གཉེན་པོའི་སྟོབས་ཀྱིས་དམ་ཅན་འཕྲད་དུ་ཆུན། །རྦད་བསད་ལས་ཀྱིས་ཉམས་པའི་སྲོག་རྩ་ལོན། །བསྙེན་སྒྲུབ་ལས་ཕྲིན་ལས་མཐར་ཕྱིན་ཤོག ། | ||
༈ །གཡས་བཞི་པར། ཨོཾ་སྭསྟི། སྲས་བཅས་རྒྱལ་བ་ཀུན་གྱི་ཕྲིན་ལས་དཔལ། །གསང་བདག་སེང་གེ་སྒྲ་སྒྲོག་ཡེ་ཤེས་སྐུ། །དམ་ཚིག༴ མོས་པའི༴ རིག་པའི་ཕུར་བུ་དབྱིངས་ལས་གཡོ་བ་མེད། །བྱང་སེམས་ཕུར་བུ་ཡུམ་གྱི་མཁའ་ལ་ཐེབས། །ཐུགས་རྗེའི་ཕུར་བུས་རྒྱུད་དྲུག་ཐལ་བར་འདྲེན། །རྫས་ཀྱི་ཕུར་བུས་བསྟན་དགྲའི་སྲོག་ལེན་ཤོག ། | ༈ །གཡས་བཞི་པར། ཨོཾ་སྭསྟི། སྲས་བཅས་རྒྱལ་བ་ཀུན་གྱི་ཕྲིན་ལས་དཔལ། །གསང་བདག་སེང་གེ་སྒྲ་སྒྲོག་ཡེ་ཤེས་སྐུ། །དམ་ཚིག༴ མོས་པའི༴ རིག་པའི་ཕུར་བུ་དབྱིངས་ལས་གཡོ་བ་མེད། །བྱང་སེམས་ཕུར་བུ་ཡུམ་གྱི་མཁའ་ལ་ཐེབས། །ཐུགས་རྗེའི་ཕུར་བུས་རྒྱུད་དྲུག་ཐལ་བར་འདྲེན། །རྫས་ཀྱི་ཕུར་བུས་བསྟན་དགྲའི་སྲོག་ལེན་ཤོག ། | ||
༈ གཡོན་བཞི་པར། ཨོཾ་སྭསྟི། སྲས་བཅས་རྒྱལ་བ་ཀུན་གྱི་ནུས་མཐུའི་དཔལ། འཇིགས་བྱེད་རྡོ་རྗེ་གྲོ་ལོད་ཡེ་ཤེས་སྐུ། །དམ་ཚིགཟ མོས་པའི༴ འབོད་པའི་སྔགས་ཀྱིས་དྲེགས་པ་ཁྱི་བཞིན་བཀོལ། །རྦད་པའི་ལས་ཀྱི་གཟན་ལ་མདའ་ལྟར་འགྲོ ། བསད་པའི་ཐབས་ཀྱིས་གདུག་ཅན་ཚར་ཐག་ཆད། །མངོན་སྤྱོད་དྲག་པོས་རྒྱལ་བསྟན་ཀུན་སྲུང་ཤོག། | ༈ གཡོན་བཞི་པར། ཨོཾ་སྭསྟི། སྲས་བཅས་རྒྱལ་བ་ཀུན་གྱི་ནུས་མཐུའི་དཔལ། འཇིགས་བྱེད་རྡོ་རྗེ་གྲོ་ལོད་ཡེ་ཤེས་སྐུ། །དམ་ཚིགཟ མོས་པའི༴ འབོད་པའི་སྔགས་ཀྱིས་དྲེགས་པ་ཁྱི་བཞིན་བཀོལ། །རྦད་པའི་ལས་ཀྱི་གཟན་ལ་མདའ་ལྟར་འགྲོ ། བསད་པའི་ཐབས་ཀྱིས་གདུག་ཅན་ཚར་ཐག་ཆད། །མངོན་སྤྱོད་དྲག་པོས་རྒྱལ་བསྟན་ཀུན་སྲུང་ཤོག། | ||
༈ གཞན་བསྐུལ་ངོར་བྲིས་པའི་རྒྱབ་བྱང་ཁ་ཤས། ཨོཾ་སྭསྟི། | ༈ གཞན་བསྐུལ་ངོར་བྲིས་པའི་རྒྱབ་བྱང་ཁ་ཤས། ཨོཾ་སྭསྟི། {{TibChung|[8a]}} ཉི་སྙེད་རྩ་གསུམ་རྒྱ་མཚོའི་སྤྱི་གཟུགས་ཆེ། །རིགས་འདུས་མ་ཧཱ་གུ་རུའི་གསང་གསུམ་བྱིན། །དམ་ཚིག་རྟེན་འདིར་དབྱེར་མེད་བརྟན་བཞུགས། །སྐལ་ལྡན་སྒྲུབ་པོར་དབང་བྱིན་དངོས་གྲུབ་སནཙོལ། །རང་སྣང་དག་བརྔ་ཡང་དཔལ་གྱི་རིར། །སེམས་ཉིད་དོན་གྱི་རྡོ་རྗེ་ཐོད་ཕྲེང་རྩལ། །མངོན་སུམ་ལྷུག་པར་མཇལ་བའི་རྣལ་འབྱོར་ལ། །དོན་གཉིས་ལྷུན་གྱིས་འགྲུབ་པའི་དགེ་ལེགས་སྩོལ། །ཅེས་པའང་རྡོ་རྗེའི་མཆེད་པོ་འགྱུར་མེད་མཚན་གྱི་དམ་ཚིག་བྲིས་སྐུའི་རྒྱབ་བྱང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ། ། | ||
༈ །ཨོཾ་སྭསྟི། ཇི་སྙེད་སྐྱབས་གནས་མ་ལུས་འདུས་པའི་དངོས། །གུ་རུ་རྩ་བ་གསུམ་གྱི་གསང་གསུམ་བྱིན། །དམ་ཚིག་རྟེན་འདིར་དབྱེར་མེད་རྟག་བཞུགས་ནས། །མོས་པའི་བུལ་མཆོག་ཐུན་དངོས་གྲུབ་སྩོལ། །ཙེ་རབས་ཀུན་ཏུ་པདྨ་ཐོད་ཕྲེང་རྩལ། །རིགས་ཁྱི་ཅོད་པན་ཆེན་པོར་མི་འབྲལ་ཞིང་། །འོག་མིན་དཔལ་རིའི་གྲོང་ཁྱེར་ཉམས་དའག་བར། །དཔའ་བོ་མཁའ་འགྲོའི་ཚོགས་དང་སྐལ་མཉམ་ཤོག །ཅེས་མཁྱེན་བརྩེའི་བདག་ཉིད་སྐུ་ཞབས་འགྱུར་མེད་རྡོ་རྗེ་ནས་ཐུགས་དམ་དམ་ཚིག་གི་རྟེན་དུ་བསྒྲུབས་པར་མཛད་པའི་རྒྱབ་བྱང་སྨོན་པའི་བདེན་ཚིག་ཏུ་སྤེལ་བ་སྟེ། | ༈ །ཨོཾ་སྭསྟི། ཇི་སྙེད་སྐྱབས་གནས་མ་ལུས་འདུས་པའི་དངོས། །གུ་རུ་རྩ་བ་གསུམ་གྱི་གསང་གསུམ་བྱིན། །དམ་ཚིག་རྟེན་འདིར་དབྱེར་མེད་རྟག་བཞུགས་ནས། །མོས་པའི་བུལ་མཆོག་ཐུན་དངོས་གྲུབ་སྩོལ། །ཙེ་རབས་ཀུན་ཏུ་པདྨ་ཐོད་ཕྲེང་རྩལ། །རིགས་ཁྱི་ཅོད་པན་ཆེན་པོར་མི་འབྲལ་ཞིང་། །འོག་མིན་དཔལ་རིའི་གྲོང་ཁྱེར་ཉམས་དའག་བར། །དཔའ་བོ་མཁའ་འགྲོའི་ཚོགས་དང་སྐལ་མཉམ་ཤོག །ཅེས་མཁྱེན་བརྩེའི་བདག་ཉིད་སྐུ་ཞབས་འགྱུར་མེད་རྡོ་རྗེ་ནས་ཐུགས་དམ་དམ་ཚིག་གི་རྟེན་དུ་བསྒྲུབས་པར་མཛད་པའི་རྒྱབ་བྱང་སྨོན་པའི་བདེན་ཚིག་ཏུ་སྤེལ་བ་སྟེ། རིག་པ་འཛིན་ {{TibChung|[8b]}} པའི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྲིན་བུའི་རྗེས་ལྟར་ལག་བྲིས་སུ་བཏབ་པ་སིདྡྷི་རསྟུ། ། | ||
༈ །ཨོཾ་སྭསྟི། རབ་འབྱམས་དཀྱིལ་འཁོར་མ་ལུས་འདུས་པའི་དངོས། །ཀུན་བཟང་སྒྱུ་འཕྲུལ་ཞི་ཁྲོའི་གསང་གསུམ་བྱིན། །དམ་ཚིག་རྟེན་འདིར་དབྱེར་མེད་རྟག་བཞུགས་ལ། སྐལ་ལྡན་སྒྲུབ་པོར་གྲུབ་གཉིས་བྱིན་རླབས་སྩོལ། །མ་དག་སྣང་གྲགས་རྟོག་པའི་ཆོས་རྣམས་ཀུན། ལྷ་སྔགས་འོད་གསལ་རོལ་པར་ཡོངས་སྨིན་ཏེ། །བདེ་ཆེན་འཕོ་འགྱུར་བྲལ་བ་གདོད་མའི་གཞིར། །འཁོར་བ་དོང་སྤྲུགས་ཕྲིན་ལས་དཔལ་འབར་ཤོག །ཅེས་མཁྱེན་བརྩེའི་བདག་ཉིད་སྐུ་ཞབས་འགྱུར་མེད་རྡོ་རྗེའི་ཐུགས་དམ་དམ་ཚིག་བྲིས་སྐུའི་རྒྱབ་བྱང་སྨོན་ཚིག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ལག་བྲིས་སུ་བཏབ་པ་སིདྡྷི་རསྟུ། ། | ༈ །ཨོཾ་སྭསྟི། རབ་འབྱམས་དཀྱིལ་འཁོར་མ་ལུས་འདུས་པའི་དངོས། །ཀུན་བཟང་སྒྱུ་འཕྲུལ་ཞི་ཁྲོའི་གསང་གསུམ་བྱིན། །དམ་ཚིག་རྟེན་འདིར་དབྱེར་མེད་རྟག་བཞུགས་ལ། སྐལ་ལྡན་སྒྲུབ་པོར་གྲུབ་གཉིས་བྱིན་རླབས་སྩོལ། །མ་དག་སྣང་གྲགས་རྟོག་པའི་ཆོས་རྣམས་ཀུན། ལྷ་སྔགས་འོད་གསལ་རོལ་པར་ཡོངས་སྨིན་ཏེ། །བདེ་ཆེན་འཕོ་འགྱུར་བྲལ་བ་གདོད་མའི་གཞིར། །འཁོར་བ་དོང་སྤྲུགས་ཕྲིན་ལས་དཔལ་འབར་ཤོག །ཅེས་མཁྱེན་བརྩེའི་བདག་ཉིད་སྐུ་ཞབས་འགྱུར་མེད་རྡོ་རྗེའི་ཐུགས་དམ་དམ་ཚིག་བྲིས་སྐུའི་རྒྱབ་བྱང་སྨོན་ཚིག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ལག་བྲིས་སུ་བཏབ་པ་སིདྡྷི་རསྟུ། ། | ||
༈ །ཨོཾ་སྭསྟི། མ་ལུས་རྒྱལ་བ་ཀུན་གྱི་རིགས་བདག་མཆོག །གཟི་བརྗིད་འོད་དཔག་མེད་ཀྱི་གསང་གསུམ་བྱིན། །དམ་ཚིག་རྟེན་འདིར་དབྱེར་མེད་རྟག་བཞུགས་ལ། །མོས་ལྡན་གདུལ་བྱར་རྗེས་འཛིན་དབུགས་དབྱུང་སྩོལ། །བསོད་ནམས་གང་བས་འབྲེལ་བས་འགྲོ་བ་ཀུན། །ངོ་མཚར་བདེ་ཆེན་ཞིང་གི་གྲོང་ཁྱེར་དུ། །པདྨོའི་སྦུབས་སུ་བརྫུས་ཏེ་ཡོངས་སྐྱེས་ནས། | ༈ །ཨོཾ་སྭསྟི། མ་ལུས་རྒྱལ་བ་ཀུན་གྱི་རིགས་བདག་མཆོག །གཟི་བརྗིད་འོད་དཔག་མེད་ཀྱི་གསང་གསུམ་བྱིན། །དམ་ཚིག་རྟེན་འདིར་དབྱེར་མེད་རྟག་བཞུགས་ལ། །མོས་ལྡན་གདུལ་བྱར་རྗེས་འཛིན་དབུགས་དབྱུང་སྩོལ། །བསོད་ནམས་གང་བས་འབྲེལ་བས་འགྲོ་བ་ཀུན། །ངོ་མཚར་བདེ་ཆེན་ཞིང་གི་གྲོང་ཁྱེར་དུ། །པདྨོའི་སྦུབས་སུ་བརྫུས་ཏེ་ཡོངས་སྐྱེས་ནས། །རྫོགས་སྨིན་སྦྱངས་པའི་ཡོན་ཏན་མཐར་ཕྱིན་ {{TibChung|[9a]}} ཤོག །ཅེས་མཁྱེན་བརྩེའི་བདག་ཉིད་སྐུ་ཞབས་འགྱུར་མེད་རྡོ་རྗེས་ཐུགས་དམ་དད་རྟེན་དུ་བསྒྲུབས་པའི་རྒྱབ་བྱང་སྨོན་ཚིག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་སིདྡྷི་རསྟུ། ། | ||
༈ །ཨོཾ་སྭསྟི། རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་ཁྱབ་བདག་མཆོག ། བླ་མ་རྡོ་རྗེ་སེམས་དཔའི་གསང་གསུམ་བྱིན། །དམ་ཚིག་རྟེན་འདིར་དབྱེར་མེད་རྟག་བཞུགས་ལ། །སྐལ་ལྡན་སྒྲུབ་པོར་དབང་བྱིན་དངོས་གྲུབ་སྩོལ། །སྣང་གྲགས་དངོས་ཀུན་ཡེ་ནས་ཆོས་ཀྱི་སྐུ། །ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་སྤྲིན་ཆེན་པོ། །རྡོ་རྗེ་སེམས་དཔའི་དགོངས་པ་མངོན་གྱུར་ནས། །སྲིད་གསུམ་དོང་སྤྲུགས་ཕྲིན་ལས་ལྷུན་འགྲུབ་ཤོག ། ཅེས་རྡོ་རྗེའི་མཆེད་པོ་འགྱུར་མེད་མཚན་ཅན་གྱི་དམ་ཚིག་བྲིས་སྐུའི་རྒྱབ་བྱང་སྨོན་ཚིག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ལག་བྲིས་སུ་བཏབ་པ་དགེ ། | ༈ །ཨོཾ་སྭསྟི། རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་ཁྱབ་བདག་མཆོག ། བླ་མ་རྡོ་རྗེ་སེམས་དཔའི་གསང་གསུམ་བྱིན། །དམ་ཚིག་རྟེན་འདིར་དབྱེར་མེད་རྟག་བཞུགས་ལ། །སྐལ་ལྡན་སྒྲུབ་པོར་དབང་བྱིན་དངོས་གྲུབ་སྩོལ། །སྣང་གྲགས་དངོས་ཀུན་ཡེ་ནས་ཆོས་ཀྱི་སྐུ། །ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་སྤྲིན་ཆེན་པོ། །རྡོ་རྗེ་སེམས་དཔའི་དགོངས་པ་མངོན་གྱུར་ནས། །སྲིད་གསུམ་དོང་སྤྲུགས་ཕྲིན་ལས་ལྷུན་འགྲུབ་ཤོག ། ཅེས་རྡོ་རྗེའི་མཆེད་པོ་འགྱུར་མེད་མཚན་ཅན་གྱི་དམ་ཚིག་བྲིས་སྐུའི་རྒྱབ་བྱང་སྨོན་ཚིག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ལག་བྲིས་སུ་བཏབ་པ་དགེ ། | ||
༈ །ཨོཾ་སྭསྟི་སིདྡྷཾ། སངས་རྒྱས་ཀུན་གྱི་ཕྲིན་ལས་འདུས་པའི་སྐུ། །བདུད་འདུལ་རྡོ་རྗེ་གཞོན་ནུའི་གསང་གསུམ་བྱིན། །དམ་ཚིག་རྟེན་འདིར་དབྱེར་མེད་བརྟན་བཞུགས་ལ། །སྐལ་ལྡན་སྒྲུབ་པོར་གྲུབ་གཉིས་ཆར་དུ་བསྙིལ། །ཕུར་བུ་རྣམ་བཞི་གདབ་པའི་ཡུལ་ལ་ཐེབས། །མ་རིག་བདུད་བཞི་སྐྱེ་མེད་དབྱིངས་སུ་བཅོམ། ། {{TibChung|[9b]}} ཁྲག་འཐུང་སྐུ་བཞིའི་གི་དབང་ཕྱུག་མངོན་གྱུར་ཏེ། །ཕྲིན་ལས་རྣམ་བཞིས་འགྲོ་ཁམས་ཡོངས་སྒྲོལ་ཤོག ། ཅེས་པའང་རྡོ་རྗེའི་མཆེད་པོ་འགྱུར་མེད་བསྟན་འཛིན་རྡོ་རྗེའི་དམ་ཚིག་གི་བྲིས་སྐུའི་རྒྱབ་བྱང་དུ་གཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྨོན་ཚིག་ལག་བྲིས་སུ་བཏབ་པ་སྟེ་འདོད་པའི་དོན་ཐམས་ཅད་སིདྡྷི་རསྟུ། ཤུ་བྷཾ། | |||
༈ །རྒྱལ་བ་ཀུན་ཡུམ་རྗེ་བཙུན་ཁྲོས་མ་ནག །གང་གི་གསང་གསུམ་མི་ཟད་རྒྱན་འཁོར་སྤྲིན། །ད་མ་ཚིག་རྟེན་འདིར་དབྱེར་མེད་རྟག་བཞུགས་ལ། །སྐལ་ལྡན་སྒྲུབ་པོར་དངོས་གྲུབ་མཆོག་སྩོལ་ཅིག །ཅེས་པའང་འགྱུར་མེད་རྡོ་རྗེའི་དམ་ཚིག་བྲིས་སྐུའི་རྒྱབ་བྱང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ལག་བྲིས་སུ་བཏབ་པ་དགེ ། | ༈ །རྒྱལ་བ་ཀུན་ཡུམ་རྗེ་བཙུན་ཁྲོས་མ་ནག །གང་གི་གསང་གསུམ་མི་ཟད་རྒྱན་འཁོར་སྤྲིན། །ད་མ་ཚིག་རྟེན་འདིར་དབྱེར་མེད་རྟག་བཞུགས་ལ། །སྐལ་ལྡན་སྒྲུབ་པོར་དངོས་གྲུབ་མཆོག་སྩོལ་ཅིག །ཅེས་པའང་འགྱུར་མེད་རྡོ་རྗེའི་དམ་ཚིག་བྲིས་སྐུའི་རྒྱབ་བྱང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ལག་བྲིས་སུ་བཏབ་པ་དགེ ། | ||
༈ །ཨོཾ་སྭསྟི། རབ་འབྱམས་སྐྱབས་ཀུན་འདུས་པའི་ངོ་བོ་ཉིད། །རྩ་གསུམ་དམ་ཅན་རྒྱ་མཚོའི་གསང་གསུམ་བྱིན། །དམ་ཚིག་རྟེན་འདིར་དབྱེར་མེད་རྟག་བཞུགས་ནས། །སྐལ་ལྡན་སྒྲུབ་པོར་མཆོག་ཐུན་དངོས་གྲུབ་སྩོལ། །རྩ་ཡི་སྒྲིབ་སྦྱངས་གདོས་བཅས་ལྷ་སྐུར་དག །རླུང་སྔགས་དབྱེར་མེད་ན་དཱའི་དབྱངས་སུ་རྫོགས། །རིག་པ་ཡེ་ཤེས་རྡོ་རྗེས་ཡོངས་སྨིན་ནས། །འགྲོ་ཁམས་དོང་སྤྲུགས་ཕྲིན་ལས་དཔལ་འབར་ཤོག | ༈ །ཨོཾ་སྭསྟི། རབ་འབྱམས་སྐྱབས་ཀུན་འདུས་པའི་ངོ་བོ་ཉིད། །རྩ་གསུམ་དམ་ཅན་རྒྱ་མཚོའི་གསང་གསུམ་བྱིན། །དམ་ཚིག་རྟེན་འདིར་དབྱེར་མེད་རྟག་བཞུགས་ནས། །སྐལ་ལྡན་སྒྲུབ་པོར་མཆོག་ཐུན་དངོས་གྲུབ་སྩོལ། །རྩ་ཡི་སྒྲིབ་སྦྱངས་གདོས་བཅས་ལྷ་སྐུར་དག །རླུང་སྔགས་དབྱེར་མེད་ན་དཱའི་དབྱངས་སུ་རྫོགས། །རིག་པ་ཡེ་ཤེས་རྡོ་རྗེས་ཡོངས་སྨིན་ནས། །འགྲོ་ཁམས་དོང་སྤྲུགས་ཕྲིན་ལས་དཔལ་འབར་ཤོག །ཅེས་པའང་འཚོ་མཛད་ཆོས་སྡེ་རྒྱ་མཚོ་ནས་ཐུགས་དམ་དམ་{{TibChung|[10a]}} ཚིག་གི་རྟེན་དུ་བསྒྲུབས་པར་མཛད་པའི་རྒྱབ་བྱང་སྨོན་པའི་ཚིག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྲིན་བུའི་རྗེས་ལྟར་སུག་བྲིས་སུ་བགྱིས་པ་ཛ་ཡནྟུ། ། | ||
༈ །ཨོཾ་སྭསྟི། རྒྱལ་ཀུན་ཕྲིན་ལས་སྟོབས་འདུས་ཆེ་བའི་མཆོག །བདུད་འདུལ་རྡོ་རྗེ་གཞོན་ནུའི་གསང་གསུམ་བྱིན། དམ་ཚིག་རྟེན་འདིར་དབྱེར་མེད་རྟག་བཞུགས་ལ། །སྐལ་ལྡན་སྒྲུབ་པོར་དབང་བྱིན་དངོས་གྲུབ་སྩོལ། །ཅེས་རང་སློབ་པདྨ་དབང་ཆེན་ལ་དམ་ཚིག་རྟེན་དུ་བྱིན་པའི་རྒྱབ་བྱང་དུ་བདུད་འཇོམས་པས་སོ། ། | ༈ །ཨོཾ་སྭསྟི། རྒྱལ་ཀུན་ཕྲིན་ལས་སྟོབས་འདུས་ཆེ་བའི་མཆོག །བདུད་འདུལ་རྡོ་རྗེ་གཞོན་ནུའི་གསང་གསུམ་བྱིན། དམ་ཚིག་རྟེན་འདིར་དབྱེར་མེད་རྟག་བཞུགས་ལ། །སྐལ་ལྡན་སྒྲུབ་པོར་དབང་བྱིན་དངོས་གྲུབ་སྩོལ། །ཅེས་རང་སློབ་པདྨ་དབང་ཆེན་ལ་དམ་ཚིག་རྟེན་དུ་བྱིན་པའི་རྒྱབ་བྱང་དུ་བདུད་འཇོམས་པས་སོ། ། | ||
༈ །ཨོཾ་སྭསྟི། བླ་མ་དབང་དྲག་འཆོལ་བའི་གསང་གསུམ་བྱིན། །དམ་ཚིག་རྟན་འདིར་དབྱེར་མེད་རྟག་བཞུགས་ལ། །གཉིས་སྣང་ལོག་འདྲེན་བདུད་བགེགས་ཚར་བཅད་ནས། །འཁོར་འདས་ཟིལ་གནོན་རྡོ་རྗེའི་སྐུ་འགྲུབ་ཤོག །ཅེས་རིགས་ཀྱི་བུ་ཕྲིན་ལས་ནོར་བུའི་དམ་ཚིག་བྲིས་ཐང་གི་རྒྱབ་བྱང་དུ་ཕ་རྒན་བདུད་འཇོམས་པས་བྲིས་སོ། ཤྲཱི་བི་ཛ་ཡནྟུ། ། | ༈ །ཨོཾ་སྭསྟི། བླ་མ་དབང་དྲག་འཆོལ་བའི་གསང་གསུམ་བྱིན། །དམ་ཚིག་རྟན་འདིར་དབྱེར་མེད་རྟག་བཞུགས་ལ། །གཉིས་སྣང་ལོག་འདྲེན་བདུད་བགེགས་ཚར་བཅད་ནས། །འཁོར་འདས་ཟིལ་གནོན་རྡོ་རྗེའི་སྐུ་འགྲུབ་ཤོག །ཅེས་རིགས་ཀྱི་བུ་ཕྲིན་ལས་ནོར་བུའི་དམ་ཚིག་བྲིས་ཐང་གི་རྒྱབ་བྱང་དུ་ཕ་རྒན་བདུད་འཇོམས་པས་བྲིས་སོ། ཤྲཱི་བི་ཛ་ཡནྟུ། ། | ||
༈ །ཨོཾ་སྭསྟི། རབ་འབྱམས་རྒྱལ་ཀུན་ཕྲིན་ལས་ནུས་པའི་སྟོབས། །འབར་བའི་ཕྱག་རྒྱར་ཡོངས་སྣང་དཔལ་ཆེན་པོ། །དམ་ཚིག་རྟེན་འདིར་དབྱེར་མེད་རྟག་བཞུགས་ལ། །སྐལ་ལྡན་སྒྲུབ་པོར་མཆོག་ཐུན་དངོས་གྲུབ་སྩོལ། | ༈ །ཨོཾ་སྭསྟི། རབ་འབྱམས་རྒྱལ་ཀུན་ཕྲིན་ལས་ནུས་པའི་སྟོབས། །འབར་བའི་ཕྱག་རྒྱར་ཡོངས་སྣང་དཔལ་ཆེན་པོ། །དམ་ཚིག་རྟེན་འདིར་དབྱེར་མེད་རྟག་བཞུགས་ལ། །སྐལ་ལྡན་སྒྲུབ་པོར་མཆོག་ཐུན་དངོས་གྲུབ་སྩོལ། །སྒྱུ་མ་མཁན་གྱི་སྤྲུལ་པའི་རོལ་ {{TibChung|[10b]}} རྩེད་བཞིན། །དངོས་ཀུན་སེམས་ཉིད་གཅིག་པུའི་རང་རྩལ་དུ། །རྟོགས་ནས་ཟུང་འཇུག་རྡོ་རྗེ་གཞོན་ནུའི་སྐུ། །ཚེ་འདིར་འགྲུབ་པའི་སྐལ་བཟང་བདག་ཐོབ་ཤོག །ཅེས་པའང་རང་ཉིད་ཀྱི་ཡི་དམ་དམ་ཚིག་གི་རྟེན་དུ་བསྒྲུབས་པའི་རྒྱབ་བྱང་འདོད་དོན་སྨོན་ཚིག་ལག་བྲིས་སུ་བཏབ་པ་སྟེ་སྔགས་བན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ། ། | ||
༈ །སྭསྟི། ཟིལ་གནོན་པདྨ་ཁྲག་འཐུང་འཆོལ་བའི་སྐུ། །དམ་ཚིག་རྟེན་འདིར་དབྱེར་མེད་རྟག་བཞུགས་ནས། །སྐལ་ལྡན་སྒྲུབ་པོར་དབང་བསྐུར་བྱིན་རློབ་ལ། །མཐུ་སྟོབས་ཕྱོགས་ལས་རྣམ་རྒྱལ་དངོས་གྲུབ་སྩོལ། ཛྙཱ་ནས་སོ། ། | ༈ །སྭསྟི། ཟིལ་གནོན་པདྨ་ཁྲག་འཐུང་འཆོལ་བའི་སྐུ། །དམ་ཚིག་རྟེན་འདིར་དབྱེར་མེད་རྟག་བཞུགས་ནས། །སྐལ་ལྡན་སྒྲུབ་པོར་དབང་བསྐུར་བྱིན་རློབ་ལ། །མཐུ་སྟོབས་ཕྱོགས་ལས་རྣམ་རྒྱལ་དངོས་གྲུབ་སྩོལ། ཛྙཱ་ནས་སོ། ། | ||
༈ །རྒྱལ་བ་ཀུན་གྱི་ཐུགས་མཆོག་ཡེ་ཤེས་སེམས། །རིགས་འདུས་བླ་མ་རྡོ་རྗེ་སེམས་དཔའ་ཡི། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་བྱིན། །དམ་ཚིག་རྟེན་འདིར་དབྱེར་མེདགབརྟན་བཞུགས་གསོལ། །ཉམས་ཆག་རྟོག་སྒྲིབ་མུན་པ་དབྱིངས་སུ་སངས། །བསོད་ནམས་ཡེ་ཤེས་མཆོག་གི་སྣང་བ་རྒྱས། །རང་རིག་དོན་གྱི་རྡོ་རྗེ་སེམས་དཔའི་ཞལ། །ཚེ་འདིར་མཐོང་བའི་སྐལ་བཟང་བདགག་ཐོབ་ཤོག | ༈ །རྒྱལ་བ་ཀུན་གྱི་ཐུགས་མཆོག་ཡེ་ཤེས་སེམས། །རིགས་འདུས་བླ་མ་རྡོ་རྗེ་སེམས་དཔའ་ཡི། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་བྱིན། །དམ་ཚིག་རྟེན་འདིར་དབྱེར་མེདགབརྟན་བཞུགས་གསོལ། །ཉམས་ཆག་རྟོག་སྒྲིབ་མུན་པ་དབྱིངས་སུ་སངས། །བསོད་ནམས་ཡེ་ཤེས་མཆོག་གི་སྣང་བ་རྒྱས། །རང་རིག་དོན་གྱི་རྡོ་རྗེ་སེམས་དཔའི་ཞལ། །ཚེ་འདིར་མཐོང་བའི་སྐལ་བཟང་བདགག་ཐོབ་ཤོག །ཅེས་དད་ལྡན་ཆོས་མཛད་གནས་ཕྲུག་མཚན་གྱིས་ཚོགས་གསོག་བསྒྲུབས་པའི་རྒྱབ་བྱང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ལག་བྲིས་སུ་བཏབ་སྟེ་རབ་ཏུ་གནས་ {{TibChung|[11a]}} པར་བགྱིས་པ་སིདྡྷི་རསྟུ། ། | ||
༈ །སྭསྟི། རབ་འབྱམས་རྩ་གསུམ་འདུས་པའི་ངོ་བོ་ཉིད། །མཚོ་སྐྱེས་རྡོ་རྗེ་འཆང་བདག་གསང་གསུམ་བྱིན། །དམ་ཚིག་རྟེན་འདིར་དབྱེར་མེད་རྟག་བཞུགས་ལ། །སྐལ་ལྡན་སྒྲུབ་པོར་མཆོག་ཐུན་དངོས་གྲུབ་སྩོལ། །ཡེ་ཡིན་དོན་གྱི་པདྨ་ཐོད་ཕྲེང་རྩལ། །རང་རིག་རང་ངོ་འཕྲོད་པའི་རྣལ་འབྱོར་པར། །སྣང་གྲགས་བླ་མའི་རོལ་པར་འཆར་བ་ཡིས། །བདེ་ཆེན་འདུ་འབྲལ་མེད་པའི་ཤིས་པ་སྩོལ། །ཅེས་པའང་སྔགས་སྟོན་ཡེ་ཤེས་སེང་གེའི་དམ་ཚིག་བྲིས་སྐུའི་རྒྱབ་བྱང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ལག་བྲིས་སུ་བཏབ་པ་སིདྡྷི་རསྟུ། ། | ༈ །སྭསྟི། རབ་འབྱམས་རྩ་གསུམ་འདུས་པའི་ངོ་བོ་ཉིད། །མཚོ་སྐྱེས་རྡོ་རྗེ་འཆང་བདག་གསང་གསུམ་བྱིན། །དམ་ཚིག་རྟེན་འདིར་དབྱེར་མེད་རྟག་བཞུགས་ལ། །སྐལ་ལྡན་སྒྲུབ་པོར་མཆོག་ཐུན་དངོས་གྲུབ་སྩོལ། །ཡེ་ཡིན་དོན་གྱི་པདྨ་ཐོད་ཕྲེང་རྩལ། །རང་རིག་རང་ངོ་འཕྲོད་པའི་རྣལ་འབྱོར་པར། །སྣང་གྲགས་བླ་མའི་རོལ་པར་འཆར་བ་ཡིས། །བདེ་ཆེན་འདུ་འབྲལ་མེད་པའི་ཤིས་པ་སྩོལ། །ཅེས་པའང་སྔགས་སྟོན་ཡེ་ཤེས་སེང་གེའི་དམ་ཚིག་བྲིས་སྐུའི་རྒྱབ་བྱང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ལག་བྲིས་སུ་བཏབ་པ་སིདྡྷི་རསྟུ། ། | ||
༈ །རབ་འབྱམས་ཁྲག་འཐུང་ཀུན་གྱི་འཁོར་ལོས་སྒྱུར། །བདུད་འདུལ་དབང་དྲག་འབར་བའི་གསང་གསུམ་བྱིན། །དམ་ཚིག་རྟེན་འདིར་དབྱེར་མེད་བརྟན་བཞུགས་ལ། །སྐལ་ལྡན་སྒྲུབ་པོར་མཆོག་ཐུན་དངོས་གྲུབ་སྩོལ། །མ་རིག་གཉིས་སྣང་རྒྱལ་བསེན་དམ་སྲིའི་དཔུང་། །རིག་སྟོང་རྡོ་རྗེ་ཁྲོས་པའི་མཚོན་ཆེན་གྱིས། །སྐད་ཅིག་ཉིད་ལ་མིང་མཐར་བརླག་ནས་ཀྱང་། །ཕྱོགས་ལས་རྣམ་པར་རྒྱལ་བའི་མཐུ་ཐོབ་ཤོག | ༈ །རབ་འབྱམས་ཁྲག་འཐུང་ཀུན་གྱི་འཁོར་ལོས་སྒྱུར། །བདུད་འདུལ་དབང་དྲག་འབར་བའི་གསང་གསུམ་བྱིན། །དམ་ཚིག་རྟེན་འདིར་དབྱེར་མེད་བརྟན་བཞུགས་ལ། །སྐལ་ལྡན་སྒྲུབ་པོར་མཆོག་ཐུན་དངོས་གྲུབ་སྩོལ། །མ་རིག་གཉིས་སྣང་རྒྱལ་བསེན་དམ་སྲིའི་དཔུང་། །རིག་སྟོང་རྡོ་རྗེ་ཁྲོས་པའི་མཚོན་ཆེན་གྱིས། །སྐད་ཅིག་ཉིད་ལ་མིང་མཐར་བརླག་ནས་ཀྱང་། །ཕྱོགས་ལས་རྣམ་པར་རྒྱལ་བའི་མཐུ་ཐོབ་ཤོག །ཅེས་པའང་སྔགས་སྟོན་ཡེ་ཤེས་སེང་གེའི་དམ་ཚིག་བྲིས་སྐུའི་རྒྱབ་བྱང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ལག་བྲིས་སུ་བཏབ་ཛ་ {{TibChung|[11b]}} ཡནྟུ། ། | ||
༈ །རྒྱལ་ཀུན་བསྐྱེད་ཡུམ་དབྱིངས་ཕྱུག་ཆོས་འབྱུང་མཁའ། །རྡོ་རྗེ་ཁྲོས་མ་ནག་མོའི་གསང་གསུམ་བྱིན། །དམ་ཚིག་རྟན་འདིར་དབྱེར་མེད་བརྟན་བཞུགས་ལ། །སྐལ་ལྡན་སྒྲུབ་པོར་མཆོག་ཐུན་དངོས་གྲུབ་སྩོལ། །ཐབས་དང་ཤེས་རབ་བདེ་ཆེན་ཐིག་ལེའི་འགྲོས། །བསྐྱེད་རྫོགས་ལམ་གྱི་རིམ་པ་མཐར་ཕྱིན་ནས། །ཟུང་འཇུག་རྡོ་རྗེ་བཙུན་མོའི་གོ་འཕང་མཆོག ། ཚེ་འདིར་འགྲུབ་པའི་སྐལ་བཟང་བདག་ཐོབ་ཤོག །ཅེས་པའང་སྔགས་སྟོན་ཡེ་ཤེས་སེང་གེའི་དམ་ཚིག་བྲིས་སྐུའི་རྒྱབ་བྱང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ལ་བྲིས་སུ་བཏབ་པ་ཛ་ཡནྟུ། ། | ༈ །རྒྱལ་ཀུན་བསྐྱེད་ཡུམ་དབྱིངས་ཕྱུག་ཆོས་འབྱུང་མཁའ། །རྡོ་རྗེ་ཁྲོས་མ་ནག་མོའི་གསང་གསུམ་བྱིན། །དམ་ཚིག་རྟན་འདིར་དབྱེར་མེད་བརྟན་བཞུགས་ལ། །སྐལ་ལྡན་སྒྲུབ་པོར་མཆོག་ཐུན་དངོས་གྲུབ་སྩོལ། །ཐབས་དང་ཤེས་རབ་བདེ་ཆེན་ཐིག་ལེའི་འགྲོས། །བསྐྱེད་རྫོགས་ལམ་གྱི་རིམ་པ་མཐར་ཕྱིན་ནས། །ཟུང་འཇུག་རྡོ་རྗེ་བཙུན་མོའི་གོ་འཕང་མཆོག ། ཚེ་འདིར་འགྲུབ་པའི་སྐལ་བཟང་བདག་ཐོབ་ཤོག །ཅེས་པའང་སྔགས་སྟོན་ཡེ་ཤེས་སེང་གེའི་དམ་ཚིག་བྲིས་སྐུའི་རྒྱབ་བྱང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ལ་བྲིས་སུ་བཏབ་པ་ཛ་ཡནྟུ། ། | ||
༈ །ཨོཾ་སྭསྟི། འཆི་བདག་བདུད་འཇོམས་པདྨ་ཚེ་དཔག་མེད། །དཀྱིལ་འཁོར་འཁོར་ལོའི་ཡེ་ཤེས་ཕྱག་རྒྱའི་བྱིན། །དམ་ཚིག་རྟེན་འདིར་རྟག་ཏུ་བརྟན་བཞུགས་ལ། སྒྲུབ་པོར་འཆི་མེད་རྡོ་རྗེའི་སྲོག་སྩོལ་ཅིག །ཅེས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་དམ་ཚིག་གི་རྟེན་དུ་ཁྱབ་བདག་བླ་མ་གར་དབང་སངས་རྒྱས་རྡོ་རྗེའི་ན་བཟའ་སྐུ་སྦྱར་གྱི་རས་གཞིར་བྲིས་པ་ཤིན་ཏུ་བྱིན་རླབས་ཅན་དགེ ། | ༈ །ཨོཾ་སྭསྟི། འཆི་བདག་བདུད་འཇོམས་པདྨ་ཚེ་དཔག་མེད། །དཀྱིལ་འཁོར་འཁོར་ལོའི་ཡེ་ཤེས་ཕྱག་རྒྱའི་བྱིན། །དམ་ཚིག་རྟེན་འདིར་རྟག་ཏུ་བརྟན་བཞུགས་ལ། སྒྲུབ་པོར་འཆི་མེད་རྡོ་རྗེའི་སྲོག་སྩོལ་ཅིག །ཅེས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་དམ་ཚིག་གི་རྟེན་དུ་ཁྱབ་བདག་བླ་མ་གར་དབང་སངས་རྒྱས་རྡོ་རྗེའི་ན་བཟའ་སྐུ་སྦྱར་གྱི་རས་གཞིར་བྲིས་པ་ཤིན་ཏུ་བྱིན་རླབས་ཅན་དགེ ། | ||
༈ །ཨོཾ་སྭསྟི། དགོངས་གཏེར་འཆི་མེད་འཕགས་མའི་སྙིང་ཐིག་གི ། ལྷ་ཚོགས་དམ་ཚིག་སེམས་དཔའི་སྣང་བརྙན་འདིར། །ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་རྟག་བཞུགས་ཏེ། །སྐལ་ལྡན་སྒྲུབ་ལ་ཚེ་དབང་བྱིན་ཆེན་ཕོབ། | ༈ །ཨོཾ་སྭསྟི། དགོངས་གཏེར་འཆི་མེད་འཕགས་མའི་སྙིང་ཐིག་གི ། ལྷ་ཚོགས་དམ་ཚིག་སེམས་དཔའི་སྣང་བརྙན་འདིར། །ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་རྟག་བཞུགས་ཏེ། །སྐལ་ལྡན་སྒྲུབ་ལ་ཚེ་དབང་བྱིན་ཆེན་ཕོབ། །རང་དོན་འཕགས་ {{TibChung|[12a]}} མའི་ཡེ་ཤེས་སྐུ་མཆོག་ཐོབ། །གཞན་དོན་རྩོལ་མེད་ཕྲིན་ལས་ལྷུན་གྱིས་གྲུབ། །འཆི་བདག་བདུད་ལས་རྣམ་པར་རྒྱལ་བ་ཡི། །འཆི་མེད་རྡོ་རྗེའི་སྲོག་རྩ་བརྟན་གྱུར་ཅིག །ཅེས་པའང་གཟུངས་མ་རིག་འཛིན་དབང་མོའི་དམ་ཚིག་བྲིས་སྐུའི་རྒྱབ་བྱང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ལག་བྲིས་སུ་བཏབ་པ་སིདྡྷི་རསྟུ། །འདིའི་རས་གཞི་འཁོར་ལོའི་མགོན་པོ་གར་དབང་སངས་རྒྱས་རྡོ་རྗེ་དགུང་གྲངས་བརྒྱད་ཅུ་གྱ་བརྒྱད་དུ་ཕེབས་པའི་སྐུ་སྦྱར་ན་བཟའ་ཤིན་ཏུ་བྱིན་ཅན་ཡིན་ལགས་སོ། ། | ||
༈ །ཨོཾ་སྭསྟི། འཆི་མེད་འཕགས་མ་ཚེ་ལྷ་ཀུན་འདུས་ཀྱི། །སྣང་བརྙན་དམ་ཚིག་རྟེན་དུ་ལེགས་བསྒྲུབ་མཐུས། །བདག་སོགས་དུས་མིན་འཆི་བའི་འཇིགས་བསལ་ཏེ། །འཆི་མེད་ཚེ་དབང་རིག་འཛིན་མྱུར་འགྲུབ་ཤོག །ཅེས་རིགས་བདག་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཡབ་ཡུམ་གྱི་ཕྱག་སྤར་རབ་གནས་ཅན་གྱི་རྒྱབ་བྱང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ ། | ༈ །ཨོཾ་སྭསྟི། འཆི་མེད་འཕགས་མ་ཚེ་ལྷ་ཀུན་འདུས་ཀྱི། །སྣང་བརྙན་དམ་ཚིག་རྟེན་དུ་ལེགས་བསྒྲུབ་མཐུས། །བདག་སོགས་དུས་མིན་འཆི་བའི་འཇིགས་བསལ་ཏེ། །འཆི་མེད་ཚེ་དབང་རིག་འཛིན་མྱུར་འགྲུབ་ཤོག །ཅེས་རིགས་བདག་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཡབ་ཡུམ་གྱི་ཕྱག་སྤར་རབ་གནས་ཅན་གྱི་རྒྱབ་བྱང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ ། | ||
༈ །སྭསྟི། རིགས་འདུས་རྡོ་རྗེ་སེམས་དཔའི་གསང་གསུམ་བྱིན། །དམ་ཚིག་རྟེན་འདིར་དབྱེར་མེད་རྟག་བཞུགས་ལ། སྒོ་གསུམ་ཉེས་ལྟུང་སྒྲིབ་ཚོགས་ཡོངས་བྱས་ནས། །ཡེ་ཤེས་རྡོ་རྗེས་སྐུ་རུ་བདག་སྒྲུབ་མཛོད། །ཅེས་བདུད་འཛོམས་པས་སོ། ། | ༈ །སྭསྟི། རིགས་འདུས་རྡོ་རྗེ་སེམས་དཔའི་གསང་གསུམ་བྱིན། །དམ་ཚིག་རྟེན་འདིར་དབྱེར་མེད་རྟག་བཞུགས་ལ། སྒོ་གསུམ་ཉེས་ལྟུང་སྒྲིབ་ཚོགས་ཡོངས་བྱས་ནས། །ཡེ་ཤེས་རྡོ་རྗེས་སྐུ་རུ་བདག་སྒྲུབ་མཛོད། །ཅེས་བདུད་འཛོམས་པས་སོ། ། | ||
༈ །ཨོཾ་སྭསྟི། རིགས་འདུས་རྡོ་རྗེ་སེམས་དཔའི་གསང་གསུམ་བྱིན། | ༈ །ཨོཾ་སྭསྟི། རིགས་འདུས་རྡོ་རྗེ་སེམས་དཔའི་གསང་གསུམ་བྱིན། །དམ་ {{TibChung|[12b]}} ཚིག་རྟེན་འདིར་དབྱེར་མེད་བརྟན་བཞུགས་ལ། །སྐལ་ལྡན་སྒྲུབ་པོར་དབང་བྱིན་མཆོག་སྩལ་ནས། །དོན་གཉིས་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །ཞེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །། | ||
༈ །འཇིགས་བྱེད་གཟའ་བདུད་ཆེན་པོ་སྤྲུལ་འཁོར་བཅས། །དམ་ཚིག་རྟེན་འདིར་དབྱེར་མེད་བརྟན་བཞུགས་ལ། །བདག་སྲུང་གྲོགས་མཛོད་སྡང་དགྲ་ཐལ་བར་རློག །རྟག་ཏུ་ཕྲིན་ལས་མ་གཡེལ་ས་མ་ཡ། །ཞེས་བདུད་འཇོམས་པས་སོ།། །། | ༈ །འཇིགས་བྱེད་གཟའ་བདུད་ཆེན་པོ་སྤྲུལ་འཁོར་བཅས། །དམ་ཚིག་རྟེན་འདིར་དབྱེར་མེད་བརྟན་བཞུགས་ལ། །བདག་སྲུང་གྲོགས་མཛོད་སྡང་དགྲ་ཐལ་བར་རློག །རྟག་ཏུ་ཕྲིན་ལས་མ་གཡེལ་ས་མ་ཡ། །ཞེས་བདུད་འཇོམས་པས་སོ།། །། | ||
༈ ། ཨོཾ་སྭསྟི། བླ་མ་ཁྲག་འཐུང་རྡོ་རྗེ་མེད་དྲག་པོ་རྩལ། །དམ་ཚིག་རྟེན་འདིར་དབྱེར་མེད་བརྟན་བཞུགས་ལ། །རྣལ་འབྱོར་བདག་གི་བསམ་པའི་རེ་བ་བཞིན། །དངོས་གྲུབ་ཕྲིན་ལས་རྒྱ་མཚོར་དབང་འབྱོར་མཛོད། །ཅེས་བདུད་འཇོམས་པས་སོ།། །། | ༈ ། ཨོཾ་སྭསྟི། བླ་མ་ཁྲག་འཐུང་རྡོ་རྗེ་མེད་དྲག་པོ་རྩལ། །དམ་ཚིག་རྟེན་འདིར་དབྱེར་མེད་བརྟན་བཞུགས་ལ། །རྣལ་འབྱོར་བདག་གི་བསམ་པའི་རེ་བ་བཞིན། །དངོས་གྲུབ་ཕྲིན་ལས་རྒྱ་མཚོར་དབང་འབྱོར་མཛོད། །ཅེས་བདུད་འཇོམས་པས་སོ།། །། | ||
༈ །ཨོཾ་སྭསྟི། རྒྱལ་ཀུན་གསུང་གི་དབང་ཕྱུག་འཇིག་རྟེན་མགོན། །འགྲོ་འདུལ་བྱང་སེམས་ཉེ་བའི་སྲས་དང་བཅས། །རྟེན་འདིར་བཞུགས་ལ་མཐོང་ཐོས་སེམས་ཅན་ཀུན། །གྲུ་འཛིན་ཞིང་དུ་དབུགས་ཆེན་འབྱིན་པར་གསོལ། །ཞེས་བདུད་འཛོམས་པས་སོ།། །། | ༈ །ཨོཾ་སྭསྟི། རྒྱལ་ཀུན་གསུང་གི་དབང་ཕྱུག་འཇིག་རྟེན་མགོན། །འགྲོ་འདུལ་བྱང་སེམས་ཉེ་བའི་སྲས་དང་བཅས། །རྟེན་འདིར་བཞུགས་ལ་མཐོང་ཐོས་སེམས་ཅན་ཀུན། །གྲུ་འཛིན་ཞིང་དུ་དབུགས་ཆེན་འབྱིན་པར་གསོལ། །ཞེས་བདུད་འཛོམས་པས་སོ།། །། | ||
༈ །ཨོཾ་སྭསྟི། འདྲེན་མཆོག་ཤཱཀྱའི་རྒྱལ་པོ་སྲས་དང་བཅས། །དམ་ཚིག་རྟེན་འདིར་དབྱེར་མེད་བརྟན་བཞུགས་ལ། །མཐོང་ཐོས་འགྲོ་ཀུན་ངན་སོང་གནས་ངན་ལ། | ༈ །ཨོཾ་སྭསྟི། འདྲེན་མཆོག་ཤཱཀྱའི་རྒྱལ་པོ་སྲས་དང་བཅས། །དམ་ཚིག་རྟེན་འདིར་དབྱེར་མེད་བརྟན་བཞུགས་ལ། །མཐོང་ཐོས་འགྲོ་ཀུན་ངན་སོང་གནས་ངན་ལ། །དྲངས་ཏེ་ཐར་བདེའི་ {{TibChung|[13a]}} སར་འཁོད་བྱིན་བརླབ་མཛོད། །ཅེས་བདུད་འཇོམས་པས་སོ།། །། | ||
༈ །ཨོཾ་སྭསྟི། མཆོག་གསུམ་རྩ་གསུམ་རྒྱ་མཚོའི་སྤྱི་གཟུགས་ཆེ། །རིགས་འདུས་མ་ཧཱ་གུ་རུའི་གསང་གསུམ་བྱིན། །དམ་ཚིག་རྟེན་འདིར་དབྱེར་མེད་བརྟན་བཞུགས་ལ། །མི་བྲལ་བྱིན་རློབས་དབང་དང་དངོས་གྲུབ་སྩོལ། །ཚེ་འདིར་ནད་གདོན་འགལ་རྐྱེན་བར་ཆད་ཞི། །ཆོས་ལྡན་ཚེ་བསོད་དཔལ་འབྱོར་གོང་དུ་འཕེལ། །འཕོས་མ་ཐག་ཏུ་པདྨ་འོད་ཞིང་དུ། །གུ་རུ་ཁྱེད་ཀྱི་ཞབས་དྲུང་དབུགས་འབྱིན་ཤོག །ཅེས་པའང་དད་ལྡན་ཨ་ཀར་གྱི་མོས་རྟེན་དུ་བསྒྲུབས་པའི་རྒྱབ་བྱང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྨོན་ཏེ་རབ་ཏུ་གནས་པར་བགྱིས་པ་དགེ། །། | ༈ །ཨོཾ་སྭསྟི། མཆོག་གསུམ་རྩ་གསུམ་རྒྱ་མཚོའི་སྤྱི་གཟུགས་ཆེ། །རིགས་འདུས་མ་ཧཱ་གུ་རུའི་གསང་གསུམ་བྱིན། །དམ་ཚིག་རྟེན་འདིར་དབྱེར་མེད་བརྟན་བཞུགས་ལ། །མི་བྲལ་བྱིན་རློབས་དབང་དང་དངོས་གྲུབ་སྩོལ། །ཚེ་འདིར་ནད་གདོན་འགལ་རྐྱེན་བར་ཆད་ཞི། །ཆོས་ལྡན་ཚེ་བསོད་དཔལ་འབྱོར་གོང་དུ་འཕེལ། །འཕོས་མ་ཐག་ཏུ་པདྨ་འོད་ཞིང་དུ། །གུ་རུ་ཁྱེད་ཀྱི་ཞབས་དྲུང་དབུགས་འབྱིན་ཤོག །ཅེས་པའང་དད་ལྡན་ཨ་ཀར་གྱི་མོས་རྟེན་དུ་བསྒྲུབས་པའི་རྒྱབ་བྱང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྨོན་ཏེ་རབ་ཏུ་གནས་པར་བགྱིས་པ་དགེ། །། | ||
༈ །རྒྱལ་ཀུན་ཡེ༷་ཤེ༷ས་སྒྱུ་འཕྲུལ་གར། །རྡོ༵་རྗེ་འཆང་དབང་བླ་མ་ཡི། །འཁྲུངས་རབས་དད་པའི་རྟེན་དུ་བསྐྲུན། །དགེ་བས་མི་འབྲལ་རྗེས་འཛིན་ཤོག །ཅེས་ཛྙཱ་ནས་སོ།། །། | ༈ །རྒྱལ་ཀུན་ཡེ༷་ཤེ༷ས་སྒྱུ་འཕྲུལ་གར། །རྡོ༵་རྗེ་འཆང་དབང་བླ་མ་ཡི། །འཁྲུངས་རབས་དད་པའི་རྟེན་དུ་བསྐྲུན། །དགེ་བས་མི་འབྲལ་རྗེས་འཛིན་ཤོག །ཅེས་ཛྙཱ་ནས་སོ།། །། | ||
༈ །མི་གཡོ་མི་འགྱུར་མི་འཁྲུགས་ཀུན་ཏུ་བཟང་། །ཡེ་གནས་ཡེ་ཤེས་སེམས་དཔའི་བྱིན་རླབས་རྒྱུན། །དམ་ཚིག་ཕྱག་རྒྱར་དབྱེར་མེད་བརྟན་བཞུགས་ལ། །སྣང་གྲགས་རྡོ་རྗེ་གསུམ་དུ་སྨིན་རྫོགས་ཤོག །ཅེས་པའང་དད་ལྡན་ཨ་ཀར་གྱི་མོས་རྟེན་རྒྱབ་བྱང་དུ་ཛྙཱ་ནས་སོ།། །། | ༈ །མི་གཡོ་མི་འགྱུར་མི་འཁྲུགས་ཀུན་ཏུ་བཟང་། །ཡེ་གནས་ཡེ་ཤེས་སེམས་དཔའི་བྱིན་རླབས་རྒྱུན། །དམ་ཚིག་ཕྱག་རྒྱར་དབྱེར་མེད་བརྟན་བཞུགས་ལ། །སྣང་གྲགས་རྡོ་རྗེ་གསུམ་དུ་སྨིན་རྫོགས་ཤོག །ཅེས་པའང་དད་ལྡན་ཨ་ཀར་གྱི་མོས་རྟེན་རྒྱབ་བྱང་དུ་ཛྙཱ་ནས་སོ།། །། | ||
༈ | ༈ །རྟེན་མཆོག་ {{TibChung|[13b]}} འདི་བཞེངས་བསོད་ནམས་ཅི་མཆིས་པ། །སྐྱིད་མོས་གཙོ་བྱས་མཁའ་ཁྱབ་འགྲོ་ལ་བསྔོ། །ཀུན་ཀྱང་ངན་སོང་སྡུག་བསྔལ་ལས་གྲོལ་ཏེ། །བདེ་ཆེན་དག་པའི་ཞིང་དུ་དབུགས་དབྱུང་ཤོག །ཅེས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །། | ||
༈ །སྭསྟི། མ་དག་བདུད་བཞིའི་གཡུལ་ལས་རབ་རྒྱལ་ཏེ། །ཡང་དག་ཞི་བ་མཆོག་གི་རྒྱལ་ཐབས་ཆེར། །དབང་བསྒྱུར་འགྲོ་རྣམས་ཕན་བདེའི་དགའ་སྟོན་དུ། །དབུགས་ཆེན་འབྱིན་མཛད་ཤཱཀྱའི་རྒྱལ་པོས་སྲུངས། །ཀུན་འབྱུང་མ་རིག་ལས་བསྐྱེད་ཁམས་གསུམ་འགྲོ། །ཐར་མེད་སྡུག༷་བསྔ༷ལ་གནས་ལས་ཡོངས་བསྒྲལ་ཏེ། །བདེན་གཉིས་ལ༷མ་བཟང་མཆོག་ལ་རབ་བརྟེན་ནས། །འགོ༷ག་པ་ཐར་པ་དམ་པའི་གནས་ཐོབ་ཤོག །ཅེས་པའང་རྡོ་རྗེ་བློ་གྲོས་དང་ཀུན་བཟང་ཆོས་འཛོམ་ཟུང་ནས་ཨོ་རྒྱན་རྫོང་གི་དཔེ་མཛོད་སྒོ་ཁང་དུ་དགེ་ལ་ཕྱོགས་པའི་གྲོགས་རྣམས་འཁོར་བར་ངེས་པར་འབྱུང་བའི་ཆ་རྐྱེན་དུ་སྲིད་པའི་འཁོར་ལོ་ཆ་ལྔ་པ་བྲིས་ཐང་དུ་བཞེངས་པའི་རྒྱབ་བྱང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ། །། | ༈ །སྭསྟི། མ་དག་བདུད་བཞིའི་གཡུལ་ལས་རབ་རྒྱལ་ཏེ། །ཡང་དག་ཞི་བ་མཆོག་གི་རྒྱལ་ཐབས་ཆེར། །དབང་བསྒྱུར་འགྲོ་རྣམས་ཕན་བདེའི་དགའ་སྟོན་དུ། །དབུགས་ཆེན་འབྱིན་མཛད་ཤཱཀྱའི་རྒྱལ་པོས་སྲུངས། །ཀུན་འབྱུང་མ་རིག་ལས་བསྐྱེད་ཁམས་གསུམ་འགྲོ། །ཐར་མེད་སྡུག༷་བསྔ༷ལ་གནས་ལས་ཡོངས་བསྒྲལ་ཏེ། །བདེན་གཉིས་ལ༷མ་བཟང་མཆོག་ལ་རབ་བརྟེན་ནས། །འགོ༷ག་པ་ཐར་པ་དམ་པའི་གནས་ཐོབ་ཤོག །ཅེས་པའང་རྡོ་རྗེ་བློ་གྲོས་དང་ཀུན་བཟང་ཆོས་འཛོམ་ཟུང་ནས་ཨོ་རྒྱན་རྫོང་གི་དཔེ་མཛོད་སྒོ་ཁང་དུ་དགེ་ལ་ཕྱོགས་པའི་གྲོགས་རྣམས་འཁོར་བར་ངེས་པར་འབྱུང་བའི་ཆ་རྐྱེན་དུ་སྲིད་པའི་འཁོར་ལོ་ཆ་ལྔ་པ་བྲིས་ཐང་དུ་བཞེངས་པའི་རྒྱབ་བྱང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ། །། | ||
༈ །སྭསྟི། རྒྱ་ཀུན་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ནི། །གང་འདུལ་སྒྱུ་མའི་རྣམ་རོལ་གཟུགས་ཀྱི་སྐུར། །ཡོངས་ཤར་རིགས་གསུམ་མགོན་པོའི་གསང་བ་གསུམ། | ༈ །སྭསྟི། རྒྱ་ཀུན་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ནི། །གང་འདུལ་སྒྱུ་མའི་རྣམ་རོལ་གཟུགས་ཀྱི་སྐུར། །ཡོངས་ཤར་རིགས་གསུམ་མགོན་པོའི་གསང་བ་གསུམ། །དམ་ཚིག་ {{TibChung|[14a]}} རྟེན་འདིར་བཞུགས་ལ་བྱིན་གྱིས་རློབས། །མཁྱེན་རབ་འཇམ་དབྱངས་རྗེས་སུ་འགྲོ། །བརྩེ་ཆེན་སྤྱན་རས་གཟིགས་དང་དབྱེར་མི་ཕྱེད། །ནུས་པ་གསང་བདག་ཉིད་དང་མཉམ་གྱུར་ནས། །འགྲོ་ཀུན་འདྲེན་པའི་ཕྲིན་ལས་བདག་འགྲུབ་ཤོག ། ཅེས་པའང་ཀུན་བཟང་རང་གྲོལ་གྱི་དད་རྟེན་རིགས་གསུམ་མགོན་པོའི་སྐུ་ཐང་གསར་བཞེངས་ཀྱི་རྒྱབ་བྱང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ། །། | ||
༈ །ཨོ་སྭསྟི། འཆི་མེད་ཚེ་ཡི་དཀྱིལ་འཁོར་ལྷ་ཚོགས་བྱིན། །དམ་ཚིག་རྟེན་འདིར་དབྱེར་མེད་རྟག་བཞུགས་ལ། །སྐལ་ལྡན་ཚེ་ལམ་སྒྲུབ་པའི་དགའ་སྟོན་གྱིས། །མི་ཤིགས་རིང་འཚོའི་བདེ་ཆེན་སྲོག་ཐོབ་ཤོག །ཅེས་པའང་དད་ལྡན་ཡེ་ཤེས་ཕུན་ཚོགས་ཀྱི་མོས་རྟེན་རྒྱབ་བྱང་དུ་ཛྙཱ་ནས་སོ།། །། | ༈ །ཨོ་སྭསྟི། འཆི་མེད་ཚེ་ཡི་དཀྱིལ་འཁོར་ལྷ་ཚོགས་བྱིན། །དམ་ཚིག་རྟེན་འདིར་དབྱེར་མེད་རྟག་བཞུགས་ལ། །སྐལ་ལྡན་ཚེ་ལམ་སྒྲུབ་པའི་དགའ་སྟོན་གྱིས། །མི་ཤིགས་རིང་འཚོའི་བདེ་ཆེན་སྲོག་ཐོབ་ཤོག །ཅེས་པའང་དད་ལྡན་ཡེ་ཤེས་ཕུན་ཚོགས་ཀྱི་མོས་རྟེན་རྒྱབ་བྱང་དུ་ཛྙཱ་ནས་སོ།། །། | ||
༈ །ཨོཾ་སྭསྟི། རབ་འབྱམས་རྩ་གསུམ་ཀུན་འདུས་ཧེ་རུ་ཀ །པདྨ་ཐོད་ཕྲེང་ཌཱ་ཀིའི་ཚོགས་དང་བཅས། །དམ་ཚིག་རྟེན་འདིར་དབྱེར་མེད་རྟག་བཞུགས་ལ། །སྐལ་ལྡན་ཚེ་ལམ་སྒྲུབ་པའི་དགའ་སྟོན་གྱིས། །མི་ཤིགས་རིང་འཚོའི་བདེ་ཆེན་སྲོག་ཐོབ་ཤོག །ཅེས་པའང་དད་ལྡན་ཡེ་ཤེས་ཕུན་ཚོགས་ཀྱི་མོས་རྟེན་རྒྱབ་བྱང་དུ་ཛྙཱ་ནས་སོ།། །། | ༈ །ཨོཾ་སྭསྟི། རབ་འབྱམས་རྩ་གསུམ་ཀུན་འདུས་ཧེ་རུ་ཀ །པདྨ་ཐོད་ཕྲེང་ཌཱ་ཀིའི་ཚོགས་དང་བཅས། །དམ་ཚིག་རྟེན་འདིར་དབྱེར་མེད་རྟག་བཞུགས་ལ། །སྐལ་ལྡན་ཚེ་ལམ་སྒྲུབ་པའི་དགའ་སྟོན་གྱིས། །མི་ཤིགས་རིང་འཚོའི་བདེ་ཆེན་སྲོག་ཐོབ་ཤོག །ཅེས་པའང་དད་ལྡན་ཡེ་ཤེས་ཕུན་ཚོགས་ཀྱི་མོས་རྟེན་རྒྱབ་བྱང་དུ་ཛྙཱ་ནས་སོ།། །། | ||
༈ །ཨོཾ་སྭསྟི། རབ་འབྱམས་རྩ་གསུམ་ཀུན་འདུས་ཧེ་རུ་ཀ ། པདྨ་ཐོད་ཕྲེང་ཌཱ་ཀིའི་ཚོགས་དང་བཅས། །དམ་ཚིག་རྟེན་འདིར་དབྱེར་མེད་བརྟན་བཞུགས་ལ། །སྒྲུབ་ལ་དབང་བསྐུར་བྱིན་རླབས་མཆོག་སྩོལ་ཅིག །བཀོད་པའི་རྩ་ཁམས་སྣང་སྟོང་ལྷ་སྐོར་རྫོགས། །སྲོག་རྩོལ་རྒྱུ་བ་གྲགས་སྟོང་སྔགས་སུ་འཕོས། །ཐིག་ལེ་བདེ་སྟོང་ཡེ་ཤེས་ཕྱག་རྒྱར་སྨིན། | ༈ །ཨོཾ་སྭསྟི། རབ་འབྱམས་རྩ་གསུམ་ཀུན་འདུས་ཧེ་རུ་ཀ ། པདྨ་ཐོད་ཕྲེང་ཌཱ་ཀིའི་ཚོགས་དང་བཅས། །དམ་ཚིག་རྟེན་འདིར་དབྱེར་མེད་བརྟན་བཞུགས་ལ། །སྒྲུབ་ལ་དབང་བསྐུར་བྱིན་རླབས་མཆོག་སྩོལ་ཅིག །བཀོད་པའི་རྩ་ཁམས་སྣང་སྟོང་ལྷ་སྐོར་རྫོགས། །སྲོག་རྩོལ་རྒྱུ་བ་གྲགས་སྟོང་སྔགས་སུ་འཕོས། །ཐིག་ལེ་བདེ་སྟོང་ཡེ་ཤེས་ཕྱག་རྒྱར་སྨིན། །སྣང་སྲིད་དག་པ་རབ་འབྱམས་ {{TibChung|[14b]}} མངོན་གྱུར་ཤོག །ཅེས་དད་ལྡན་ཡེ་ཤེས་ཕུན་ཚོགས་ཀྱི་དམ་ཚིག་བྲིས་སྐུའི་རྒྱབ་བྱང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །། | ||
༈ །ཨོཾ་སྭསྟི། རྒྱལ་བ་ཀུན་ཡུམ་ཡིད་བཞིན་འཁོར་ལོའི་ཞབས། །འཇམ་དཔལ་ཡེ་ཤེས་སེམས་དཔའི་ཕྱག་རྒྱར་བཅད། །དམ་ཚིག་རྟེན་འདིར་དབྱེར་མེད་བརྟན་བཞུགས་ལ། །འཆི་མེད་ཚེ་དང་ཡེ་ཤེས་མཆོག་སྩོལ་ཅིག །ཅེས་དད་ལྡན་ཡེ་ཤེས་ཕུན་ཚོགས་ཀྱི་དམ་ཚིག་བྲིས་སྐུའི་རྒྱབ་བྱང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །། | ༈ །ཨོཾ་སྭསྟི། རྒྱལ་བ་ཀུན་ཡུམ་ཡིད་བཞིན་འཁོར་ལོའི་ཞབས། །འཇམ་དཔལ་ཡེ་ཤེས་སེམས་དཔའི་ཕྱག་རྒྱར་བཅད། །དམ་ཚིག་རྟེན་འདིར་དབྱེར་མེད་བརྟན་བཞུགས་ལ། །འཆི་མེད་ཚེ་དང་ཡེ་ཤེས་མཆོག་སྩོལ་ཅིག །ཅེས་དད་ལྡན་ཡེ་ཤེས་ཕུན་ཚོགས་ཀྱི་དམ་ཚིག་བྲིས་སྐུའི་རྒྱབ་བྱང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །། | ||
༈ །ཨོཾ་སྭསྟི། རབ་འབྱམས་སྐུ་དང་ཞིང་ཁམས་རྒྱ་མཚོའི་མཛོད། །བསླུ་མེད་སྐྱབས་ཀྱི་མཐར་ཐུག་འོད་མི་འགྱུར། །གར་གྱི་དབང་ཕྱུག་པདྨ་ཐོད་ཕྲེང་རྩལ། །ཁྱོད་ཞབས་བྱང་ཆུབ་ཐོབ་ཀྱང་འབྲལ་བ་ཅི། །དོན་དམ་ལྷན་སྐྱེས་རིག་སྟོང་པདྨ་འབྱུང་། །ཁྱོད་མིན་སྐྱབས་གཞན་བདག་ལ་མི་རྙེད་མོད། །ཀུན་རྫོབ་བརྡ་རུ་བཏགས་པའི་སྐྱབས་ཡུལ་རྣམས། །བློ་གསར་བྱིས་པའི་ཚོགས་ཀྱིས་བསྟེན་བྱར་བྱུང་། །བརྡ་ལ་བརྟེན་ནས་དོན་གྱི་གདིང་རྙེད་ཕྱིར། །ཚོགས་ཞིང་སྣང་བརྙན་གཟུགས་ཀྱིས་ཉེར་མཚོན་ཏེ། །མི་འགྱུར་བདེ་ཆེན་ཡེ་ཤེས་རྡོ་རྗེའི་སྐུ། །རང་བྱུང་སྙིང་གི་དབུས་ནས་རྙེད་པར་ཤོག །ཅེས་བདུད་འཇོམས་གཏེར་གསར་སྔོན་འགྲོ་ཚོགས་ཞིང་ཞལ་ཐང་རྒྱབ་བྱང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །། | ༈ །ཨོཾ་སྭསྟི། རབ་འབྱམས་སྐུ་དང་ཞིང་ཁམས་རྒྱ་མཚོའི་མཛོད། །བསླུ་མེད་སྐྱབས་ཀྱི་མཐར་ཐུག་འོད་མི་འགྱུར། །གར་གྱི་དབང་ཕྱུག་པདྨ་ཐོད་ཕྲེང་རྩལ། །ཁྱོད་ཞབས་བྱང་ཆུབ་ཐོབ་ཀྱང་འབྲལ་བ་ཅི། །དོན་དམ་ལྷན་སྐྱེས་རིག་སྟོང་པདྨ་འབྱུང་། །ཁྱོད་མིན་སྐྱབས་གཞན་བདག་ལ་མི་རྙེད་མོད། །ཀུན་རྫོབ་བརྡ་རུ་བཏགས་པའི་སྐྱབས་ཡུལ་རྣམས། །བློ་གསར་བྱིས་པའི་ཚོགས་ཀྱིས་བསྟེན་བྱར་བྱུང་། །བརྡ་ལ་བརྟེན་ནས་དོན་གྱི་གདིང་རྙེད་ཕྱིར། །ཚོགས་ཞིང་སྣང་བརྙན་གཟུགས་ཀྱིས་ཉེར་མཚོན་ཏེ། །མི་འགྱུར་བདེ་ཆེན་ཡེ་ཤེས་རྡོ་རྗེའི་སྐུ། །རང་བྱུང་སྙིང་གི་དབུས་ནས་རྙེད་པར་ཤོག །ཅེས་བདུད་འཇོམས་གཏེར་གསར་སྔོན་འགྲོ་ཚོགས་ཞིང་ཞལ་ཐང་རྒྱབ་བྱང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །། | ||
{{TibChung|[15a]}} ༈ ། ཀྱཻ། དགྲ་ལྷ་གཉན་པོ་འཁོར་དང་བཅས་པ་རྣམས། །མཐུན་པའི་རྟེན་འདིར་དགྱེས་པས་རྟག་བཞུགས་ལ། །སྦྱིན་པའི་བདག་པོའི་ཚེ་བསོད་དབང་ཕྱུག་སྤེལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །ཅེས་ཨང་སྐལ་ལྡན་ཤེས་རབ་ཀྱི་རྟེན་ཐང་རྒྱབ་བྱང་དུ་བདུད་འཇོམས་པས་བྲིས་པ་དགེ་ལེགས་འཕེལ།། །། | |||
༈ །ཀྱཻ། ཡུལ་ལྷ་གཉན་པོ་འཁོར་དང་བཅས་པ་རྣམས། །དགྱེས་པའི་རྟེན་འདིར་བཞུགས་ལ་སྦྱིན་བདག་གི། །ཁ་འཛིན་སྡོང་གྲོགས་རྒྱབ་བརྟེན་མ་གཡེལ་བར། །ཉེས་པ་སྟོང་བསྣོལ་ལེགས་པ་བརྒྱ་དང་སྤྲོད། །སྡང་བའི་དགྲ་ཐུལ་གནོད་པའི་བགེགས་དཔུང་ཆོམས། །གཞིས་བྱེས་ཉེ་རིང་འགྲོ་འདུག་གང་དུ་ཡང་། །མི་འབྲལ་ལུས་དང་གྲིབ་བཞིན་འགྲོགས་ནས་ཀྱང་། །བསམ་དོན་ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་ཨང་སྐལ་ལྡན་ཤེས་རབ་ཀྱི་རྟེན་ཐང་རྒྱབ་བྱང་དུ་བདུད་འཇོམས་པས་བྲིས་པ་དགེ་ལེགས་འཕེལ།། །། | ༈ །ཀྱཻ། ཡུལ་ལྷ་གཉན་པོ་འཁོར་དང་བཅས་པ་རྣམས། །དགྱེས་པའི་རྟེན་འདིར་བཞུགས་ལ་སྦྱིན་བདག་གི། །ཁ་འཛིན་སྡོང་གྲོགས་རྒྱབ་བརྟེན་མ་གཡེལ་བར། །ཉེས་པ་སྟོང་བསྣོལ་ལེགས་པ་བརྒྱ་དང་སྤྲོད། །སྡང་བའི་དགྲ་ཐུལ་གནོད་པའི་བགེགས་དཔུང་ཆོམས། །གཞིས་བྱེས་ཉེ་རིང་འགྲོ་འདུག་གང་དུ་ཡང་། །མི་འབྲལ་ལུས་དང་གྲིབ་བཞིན་འགྲོགས་ནས་ཀྱང་། །བསམ་དོན་ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་ཨང་སྐལ་ལྡན་ཤེས་རབ་ཀྱི་རྟེན་ཐང་རྒྱབ་བྱང་དུ་བདུད་འཇོམས་པས་བྲིས་པ་དགེ་ལེགས་འཕེལ།། །། | ||
༈ །ཨོཾ་སྭསྟི། རྒྱལ་ཀུན་གསུང་མཆོག་དབང་ཆེན་ཧེ་རུ་ཀ །རྟ་མགྲིན་ཡང་ཁྲོས་ནག་པོའི་གསང་གསུམ་བྱིན། །དམ་ཚིག་རྟེན་འདིར་དབྱེར་མེད་རྟག་བཞུགས་ལ། །སྐལ་ལྡན་སྒྲུབ་པོར་མཐུ་དབང་བྱིན་རླབས་སྩོལ། | ༈ །ཨོཾ་སྭསྟི། རྒྱལ་ཀུན་གསུང་མཆོག་དབང་ཆེན་ཧེ་རུ་ཀ །རྟ་མགྲིན་ཡང་ཁྲོས་ནག་པོའི་གསང་གསུམ་བྱིན། །དམ་ཚིག་རྟེན་འདིར་དབྱེར་མེད་རྟག་བཞུགས་ལ། །སྐལ་ལྡན་སྒྲུབ་པོར་མཐུ་དབང་བྱིན་རླབས་སྩོལ། །ཅེས་རིགས་ཀྱི་བུ་གཞན་ཕན་ཟླ་བའི་ {{TibChung|[15b]}} རྟེན་ཐང་རྒྱབ་བྱང་དུ་བདུད་འཇོམས་པས་སོ།། །། | ||
༈ །ཇི་སྙེད་དཀྱིལ་འཁོར་རྒྱ་མཚོའི་ཡེ་ཤེས་པ། །འཕགས་མ་རྩ་གསུམ་འཁོར་ལོའི་ཕྱག་རྒྱ་དང་། །དབྱེར་མེད་རོ་མཉམ་ཆེན་པོར་བརྟན་བཞུགས་ལ། །སྐལ་བཟང་སྒྲུབ་པོར་གྲུབ་ཉིས་མཆོག་སྩོལ་ཅིག །ཅིར་སྣང་ལྷ་དང་སྒྲ་སྐད་སྔགས་སུ་གྲགས། །རིག་སྟོང་དོན་གྱི་ཆོས་སྐུ་མངོན་གྱུར་ཏེ། །རྩོལ་མེད་ཕྲིན་ལས་ཆགས་ཐོགས་མ་མངའ་བས། །དོན་གཉིས་བསམ་པ་ལྷུན་གྲུབ་བདེ་ལེགས་ཤོག །ཅེས་པའང་ཞྭ་དེའུ་འཁྲུལ་ཞིག་མཆོག་སྤྲུལ་ངག་དབང་ཆོས་ཀྱི་བློ་གྲོས་དཔལ་བཟང་པོ་གང་གི་ཐུགས་དམ་བྲིས་སྐུའི་རྒྱབ་བྱང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་སིདྡྷི་རསྟུ།། །།}} | ༈ །ཇི་སྙེད་དཀྱིལ་འཁོར་རྒྱ་མཚོའི་ཡེ་ཤེས་པ། །འཕགས་མ་རྩ་གསུམ་འཁོར་ལོའི་ཕྱག་རྒྱ་དང་། །དབྱེར་མེད་རོ་མཉམ་ཆེན་པོར་བརྟན་བཞུགས་ལ། །སྐལ་བཟང་སྒྲུབ་པོར་གྲུབ་ཉིས་མཆོག་སྩོལ་ཅིག །ཅིར་སྣང་ལྷ་དང་སྒྲ་སྐད་སྔགས་སུ་གྲགས། །རིག་སྟོང་དོན་གྱི་ཆོས་སྐུ་མངོན་གྱུར་ཏེ། །རྩོལ་མེད་ཕྲིན་ལས་ཆགས་ཐོགས་མ་མངའ་བས། །དོན་གཉིས་བསམ་པ་ལྷུན་གྲུབ་བདེ་ལེགས་ཤོག །ཅེས་པའང་ཞྭ་དེའུ་འཁྲུལ་ཞིག་མཆོག་སྤྲུལ་ངག་དབང་ཆོས་ཀྱི་བློ་གྲོས་དཔལ་བཟང་པོ་གང་གི་ཐུགས་དམ་བྲིས་སྐུའི་རྒྱབ་བྱང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་སིདྡྷི་རསྟུ།། །།}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Revision as of 14:51, 20 August 2025
| Wylie title | thang sku'i rgyab byang gi rim pa phyogs gcig tu sdebs pa skal bzang dad pa'i dga' ston | |
|---|---|---|
| Location | bdud 'joms rin po che bka' 'bum Volume 25, Text 11, Pages 481-510 (Folios 1a1 to 15b4) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. Thang sku'i rgyab byang gi rim pa phyogs gcig tu sdebs pa skal bzang dad pa'i dga' ston. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 25: 481-510. Kalimpong: Dupjung Lama, 1979-1985. | |
| Side notes | Recto: rgyab byang Verso: sna tshogs skor | |
| More details More details | ||
| Genre | ||