DJYD-KABUM-23-A-014: Difference between revisions
m (Text replacement - "བྷནྔྷ" to "བྷནྡྷ") |
m (Text replacement - "ངྷཱ་ཀི" to "དྷཱ་ཀི") |
||
| Line 65: | Line 65: | ||
(བརྒྱད་པ་ཚེ་འགུགས་པ་ནི། སྤོས་བཏུལ་ལ་མདའ་དར་གཡབ་ཅིང་།) ཧཱུྃ་ཧྲཱིཿ སྣང་སྲིད་བདེ་ཆེན་པདྨ་འོད༔ མི་འགྱུར་གསང་ཆེན་གཞལ་ཡས་སུ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ དམར་གསལ་ལོངས་སྐུ་ཡུམ་དང་སྦྱོར༔ པདྨ་རཱ་གའི་བུམ་པ་(12བ)འཛིན༔ སྣང་སྟོང་བདེ་ཆེན་རོལ་པའི་སྩལ༔ འོད་དང་འོད་ཟེར་དཔག་མེད་འཕྲོས༔ ནམ་མཁའི་ཁམས་ནས་བཅུད་བསྡུས་ལ༔ སེམས་ཀྱི་ཁམས་ནས་ཡལ་བའི་ཚེ༔ མི་འགྱུར་རིག་པའི་ཀློང་དུ་བསྐྱིལ༔ མི་ནུབ་འཕེལ་རྒྱས་རྒྱ་ཡིས་ཐོབ༔ ཚེ་བསོད་དཔལ་ཡོན་འདིར་སྩོལ་ཅིག༔ ཨོཾ་ཨ་མི་ངྷེ་ཝ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ༔ ཤར་ཕྱོགས་མངོན་དགའི་ཞིང་ཁམས་ནས༔ བཅོམ་ལྡན་རྡོ་རྗེ་ཚེ་དཔག་མེད༔ སྟོང་ཉིད་མཱ་ཀཱི་ཡུམ་དང་སྦྱོར༔ སྣང་སྟོང་བདེ་ཆེན་རོལ་པའི་རྩལ༔ འོད་དང་འོད་ཟེར་དཔག་མེད་འཕྲོས༔ འབྱུང་བ་ཆུ་ཡི་བཅུད་བསྡུས་ལ༔ ཁྲག་གི་ཁམས་ནས་ཡལ་བའི་ཚེ༔ མི་ནུབ་འཕེལ་རྒྱས་རྒྱ་ཡིས་ཐེབས༔ ཚེ་བསོད་དཔལ་ཡོན་འདིར་སྩོལ་ཅིག༔ ཨོཾ་ཨ་མི་ངྷེ་ཝ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ༔ ལྷོ་ཕྱོགས་དཔལ་ལྡན་ཞིང་ཁམས་ནས༔ བཅོམ་ལྡན་རཏྣ་ཚེ་དཔག་མེད༔ སྟོང་ཉིད་སྤྱན་མ་ཡུམ་དང་སྦྱོར༔ སྣང་སྟོང་བདེ་ཆེན་རོལ་པའི་རྩལ༔ འོད་དང་འོད་ཟེར་དཔག་མེད་འཕྲོས༔ འབྱུང་བ་ས་ཡི་བཅུད་བསྡུས་(13ན)ལ༔ ཤ་ཡི་ཁམས་ནས་ཡལ་བའི་ཚེ༔ མི་ནུབ་འཕེལ་རྒྱས་རྒྱ་ཡིས་ཐེབས༔ ཚེ་བསོད་དཔལ་ཡོན་འདིར་སྩོལ྄ཅིག༔ ཨོཾ་ཨ་མི་ངྷེ་ཝ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ༔ ནུབ་ཕྱོགས་བདེ་ཆེན་པདྨ་བཀོད༔ བཅོམ་ལྡན་པདྨ་ཚེ་དཔག་མེད༔ སྟོང་ཉིད་གོས་དཀར་ཡུམ་དང་སྦྱོར༔ སྣང་སྟོང་བདེ་ཆེན་རོལ་པའི་རྩལ༔ འོད་དང་འོད་ཟེར་དཔག་མེད་འཕྲོས༔ མེ་ཡི་ཁམས་ནས་བཅུད་བསྡུས་ལ༔ དྲོད་ཀྱི་ཁམས་ནས་ཡལ་བའི་ཚེ༔ མི་ནུབ་འཕེལ་རྒྱས་རྒྱ་ཡིས་ཐོབ༔ ཚེ་བསོད་དཔལ་ཡོན་འདིར་སྩོལ་ཅིག༔ ཨོཾ་ཨ་མི་ངྷེ་ཝ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ༔ བྱང་ཕྱོགས་ལས་རབ་ཞིང་ཁམས་ནས༔ བཅོམ་ལྡན་ཀརྨ་ཚེ་དཔག་མེད༔ སྟོང་ཉིད་སྒྲོལ་མ་ཡུམ་དང་སྦྱོར༔ སྣང་སྟོང་བདེ་ཆེན་རོལ་པའི་རྩལ༔ འོད་དང་འོད་ཟེར་དཔག་མེད་འཕྲོས༔ འབྱུང་བ་རླུང་གི་བཅུད་བསྡུས་ལ༔ དབུགས་ཀྱི་ཁམས་ནས་ཡལ་བའི་ཚེ༔ མི་ནུབ་འཕེལ་རྒྱས་རྒྱ་ཡིས་ཐོབ༔ ཚེ་བསོད་དཔལ་ཡོན་འདིར་(13བ)སྩོལ་ཅིག༔ ཨོཾ་ཨ་མི་ངྷེ་ཝ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ་ཛཿ འགུགས་བྱེད་ལས་ཀྱི་ཕོ་ཉ་མོ༔ སྙིང་རྗེའི་མགྱོགས་མ་ལྕགས་ཀྱུ་མ༔ ཡེ་ཤེས་རྩལ་ཆེན་ཤུགས་ཕྱུངས་ལ༔ ཤར་ཕྱོགས་དྲི་ཟ་མེ་ལྷའི་ཚེ༔ བསྡུས་ཏེ་བདག་གི་ཚེ་དཔལ་བསྐྱེད༔ མི་ནུབ་འཕེལ་རྒྱས་དངོས་གྲུབ་སྩོལ༔ ཧཱུྃ་ཧཱུྃ༔ འཆིང་བྱེད་ལས་ཀྱི་ཕོ་ཉ་མོ༔ བྱམས་པའི་མགྱོགས་མ་ཞགས་པ་མ༔ ཡེ་ཤེས་རྩལ་ཆེན་ཤུགས་ཕྱུངས་ལ༔ ལྷོ་ཕྱོགས་གཤིན་རྗེ་སྲིན་པོའི་ཚེ༔ བསྡུས་ཏེ་བདག་གི་ཚེ་དཔལ་བསྐྱེད༔ མི་ནུབ་འཕེལ་རྒྱས་དངོས་གྲུབ་སྩོལ༔ ཧཱུྃ་བྃ༔ སྡོམ་བྱེད་ལས་ཀྱི་ཕོ་ཉ་མོ༔ དགའ་བའི་མགྱོགས་མ་ལྕགས་སྒྲོག་མ༔ ཡེ་ཤེས་རྩལ་ཆེན་ཤུགས་ཕྱུངས་ལ༔ ནུབ་ཕྱོགས་ཆུ་བདག་རླུང་ལྷའི་ཚེ༔ བསྡུས་ཏེ་བདག་གི་ཚེ་དཔལ་བསྐྱེད༔ མི་ནུབ་འཕེལ་རྒྱས་དངོས་གྲུབ་སྩོལ༔ ཧཱུྃ་ཧོཿ འབེབས་བྱེད་ལས་ཀྱི་ཕོ་ཉ་མོ༔ བཏང་སྙོམས་མགྱོགས་མ་དྲིལ་བུ་མ༔ ཡེ་ཤེས་རྩལ་ཆེན་ཤུགས་ཕྱུངས་ལ༔ བྱང་ཕྱོགས་གནོད་སྦྱིན་དབང་ལྡན་ཚེ༔ (14ན)བསྡུས་ཏེ་བདག་གི་ཚེ་དཔལ་བསྐྱེད༔ མི་ནུབ་འཕེལ་རྒྱས་དངོས་གྲུབ་སྩོལ༔ ཨོཾ་ཨ་མི་ངྷེ་ཝ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ་ཨཱཿ ལྷུན་གྲུབ་ལས་ཀྱི་ཕོ་ཉ་མོ༔ ནམ་མཁའི་དབྱིངས་ཕྱུག་དཔལ་མོ་བཙུན༔ ཡེ་ཤེས་རྩལ་ཆེན་ཤུགས་ཕྱུངས་ལ༔ སྟེང་འོག་ཚངས་པ་ས་བདག་ཚེ༔ བསྡུས་ཏེ་བདག་གི་ཚེ་དཔལ་བསྐྱེད༔ མི་ནུབ་འཕེལ་རྒྱས་དངོས་གྲུབ་སྩོལ༔ ཧཱུྃ་སུཾ༔ ལེགས་ཉེས་སྟངས་འཛིན་ཕོ་ཉ་མོ༔ སྣོད་བཅུད་བདག་མོ་དཔལ་འབར་མ༔ ཡེ་ཤེས་རྩལ་ཆེན་ཤུགས་ཕྱུངས་ལ༔ སྣོད་བཅུད་འབྱུང་བའི་བཅུད་ཚེ་དཔལ༔ བསྡུས་ཏེ་བདག་གི་ཚེ་དཔལ་བསྐྱེད༔ མི་ནུབ་འཕེལ་རྒྱས་དངོས་གྲུབ་སྩོལ༔ ཨོཾ་ཨ་མི་ངྷེ་ཝ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ (ཞེས་དང་། གྲངས་གསོག་ན་ཚེ་འགུགས་ཐུགས་རྗེའི་ལྕགས་ཀྱུ་བྱ་སྟེ།) ན་མོ༔ དཀོན་མཆོག་རྩ་གསུམ་ཆོས་སྐྱོང་བདེན་པ་དང་༔ ཆོས་ཉིད་རྣམ་དག་རྒྱུ་འབྲས་ཟབ་མོའི་མཐུས༔ རྒྱལ་བ་སྲས་བཅས་མཁྱེན་བརྩེ་ནུས་དཔལ་དང་༔ ཁམས་གསུམ་སྣོད་བཅུད་(14བ)བཀྲག་མདངས་ཚེ་དཔལ་ཀུན༔ མ་ལུས་ལུས་པ་མེད་པར་འདིར་ཁུག་ཅིག༔ བདག་གི་ཚེ་བསོད་དཔལ་ཡོན་བཅུད་དུ་དྲིལ༔ འཆི་མེད་མགོན་པོའི་གོ་འཕང་མྱུར་ཐོབ་ཤོག༔ ཨོཾ་ཚེ་བྷྲཱུཾ་གཡུ་བྷྲཱུཾ་གཡུ་ཚེ་བྷྲཱུཾ་ཨཱ་ཡརྫྙཱ་ན་གཡུ་ཚེ་བྷྲཱུཾ༔ (ཞེས་གྲངས་ཅི་མང་གསོག །མཐར་རྒྱས་གདབ་པ་ནི།) ཧཱུྃ་ཧྲཱིཿ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་ཡི་ས་བོན་ཨོཾ་དཀར་པོ༔ སྤྱི་བོ་ནས་ཞུགས་ལུས་ལ་ཐིམ༔ རྡོ་རྗེ་སྐུ་ཡིས་རྒྱས་གདབ་བོ༔ མི་ཤིགས་རྡོ་རྗེའི་སྲོག་ཐོབ་ཤོག༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་བྷྲཱུཾ༔ ཨཱཿ གསུང་གི་ས་བོན་ཨཱཿདམར་པོ༔ མགྲིན་པ་ནས་ཞུགས་ངག་ལ་ཐིམ༔ རྡོ་རྗེ་གསུང་གིས་རྒྱས་གདབ་བོ༔ མི་ཤིགས་རྡོ་རྗེའི་སྲོག་ཐོབ་ཤོག༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་བྷྲཱུཾ༔ ཨཱཿཧཱུཾ་བྷཱུཾ༔ ཧཱུྃ༔ ཐུགས་ཀྱི་ས་བོན་ཧཱུྃ་མཐིང་ནག༔ སྙིང་ག་ནས་ཞུགས་ཡིད་ལ་ཐིམ༔ རྡོ་རྗེ་ཐུགས་ཀྱིས་རྒྱས་གདབ་བོ༔ མི་ཤིགས་རྡོ་རྗེའི་སྲོག་ཐོབ་ཤོག༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་བྷྲཱུཾ༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི༔ ཡེ་ཤེས་ཡོན་ཏན་ཚེ་དཔལ་ཀུན༔ གསེར་མདོག་འོད་ཀྱི་རྣམ་པར་བསྡུས༔ བདག་གི་(15ན)གནས་ལྔ་ནས་བཞུགས་ཏེ༔ ཡེ་ཤེས་ཡོན་ཏན་ཚེ་དཔལ་བསྐྱེད༔ མི་ཤིགས་རྡོ་རྗེའི་སྲོག་ཐོབ་ཤོག༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་བྷྲཱུཾ༔ ཧཱུྃ༔ སྣོད་བཅུད་འབྱུང་བའི་ཚེ་དཔལ་བསྐྱེད༔ ལྷ་འདྲེས་བརྐུས་དང་འཁྱམས་པའི་ཚེ༔ འོད་ཀྱི་རྣམ་པར་འུབ་ཏུ་འདུས༔ བདག་གི་སྒོ་གསུམ་ལ་ཐིམ་པས༔ མི་ཤིགས་རྡོ་རྗེས་རྒྱས་གདབ་བོ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཧཱུྃ་ཧྲཱིཿ ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད༔ མི་ཤིགས་རྡོ་རྗེའི་གོ་ཁྲབ་མཁྲེགས༔ ཡེ་ཤེས་མེ་ལྕེའི་དྲྭ་བ་འཁྲིགས༔ འགྱུར་མེད་རང་བྱུང་ལྷུན་གྲུབ་བོ༔ ཨོཾ་ངྷརྨ་ངྷ་ཏུ་བཛྲ་རཀྵ་རཀྵ་ཧཱུྃ་བྷྲཱུཾ་སྭཱ་ཧཱ༔ (ཞེས་རྒྱས་གདབ་བོ། །དེ་དག་ནི་དངོས་གཞིའི་ལས་རིམ་མོ། །) | (བརྒྱད་པ་ཚེ་འགུགས་པ་ནི། སྤོས་བཏུལ་ལ་མདའ་དར་གཡབ་ཅིང་།) ཧཱུྃ་ཧྲཱིཿ སྣང་སྲིད་བདེ་ཆེན་པདྨ་འོད༔ མི་འགྱུར་གསང་ཆེན་གཞལ་ཡས་སུ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ དམར་གསལ་ལོངས་སྐུ་ཡུམ་དང་སྦྱོར༔ པདྨ་རཱ་གའི་བུམ་པ་(12བ)འཛིན༔ སྣང་སྟོང་བདེ་ཆེན་རོལ་པའི་སྩལ༔ འོད་དང་འོད་ཟེར་དཔག་མེད་འཕྲོས༔ ནམ་མཁའི་ཁམས་ནས་བཅུད་བསྡུས་ལ༔ སེམས་ཀྱི་ཁམས་ནས་ཡལ་བའི་ཚེ༔ མི་འགྱུར་རིག་པའི་ཀློང་དུ་བསྐྱིལ༔ མི་ནུབ་འཕེལ་རྒྱས་རྒྱ་ཡིས་ཐོབ༔ ཚེ་བསོད་དཔལ་ཡོན་འདིར་སྩོལ་ཅིག༔ ཨོཾ་ཨ་མི་ངྷེ་ཝ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ༔ ཤར་ཕྱོགས་མངོན་དགའི་ཞིང་ཁམས་ནས༔ བཅོམ་ལྡན་རྡོ་རྗེ་ཚེ་དཔག་མེད༔ སྟོང་ཉིད་མཱ་ཀཱི་ཡུམ་དང་སྦྱོར༔ སྣང་སྟོང་བདེ་ཆེན་རོལ་པའི་རྩལ༔ འོད་དང་འོད་ཟེར་དཔག་མེད་འཕྲོས༔ འབྱུང་བ་ཆུ་ཡི་བཅུད་བསྡུས་ལ༔ ཁྲག་གི་ཁམས་ནས་ཡལ་བའི་ཚེ༔ མི་ནུབ་འཕེལ་རྒྱས་རྒྱ་ཡིས་ཐེབས༔ ཚེ་བསོད་དཔལ་ཡོན་འདིར་སྩོལ་ཅིག༔ ཨོཾ་ཨ་མི་ངྷེ་ཝ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ༔ ལྷོ་ཕྱོགས་དཔལ་ལྡན་ཞིང་ཁམས་ནས༔ བཅོམ་ལྡན་རཏྣ་ཚེ་དཔག་མེད༔ སྟོང་ཉིད་སྤྱན་མ་ཡུམ་དང་སྦྱོར༔ སྣང་སྟོང་བདེ་ཆེན་རོལ་པའི་རྩལ༔ འོད་དང་འོད་ཟེར་དཔག་མེད་འཕྲོས༔ འབྱུང་བ་ས་ཡི་བཅུད་བསྡུས་(13ན)ལ༔ ཤ་ཡི་ཁམས་ནས་ཡལ་བའི་ཚེ༔ མི་ནུབ་འཕེལ་རྒྱས་རྒྱ་ཡིས་ཐེབས༔ ཚེ་བསོད་དཔལ་ཡོན་འདིར་སྩོལ྄ཅིག༔ ཨོཾ་ཨ་མི་ངྷེ་ཝ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ༔ ནུབ་ཕྱོགས་བདེ་ཆེན་པདྨ་བཀོད༔ བཅོམ་ལྡན་པདྨ་ཚེ་དཔག་མེད༔ སྟོང་ཉིད་གོས་དཀར་ཡུམ་དང་སྦྱོར༔ སྣང་སྟོང་བདེ་ཆེན་རོལ་པའི་རྩལ༔ འོད་དང་འོད་ཟེར་དཔག་མེད་འཕྲོས༔ མེ་ཡི་ཁམས་ནས་བཅུད་བསྡུས་ལ༔ དྲོད་ཀྱི་ཁམས་ནས་ཡལ་བའི་ཚེ༔ མི་ནུབ་འཕེལ་རྒྱས་རྒྱ་ཡིས་ཐོབ༔ ཚེ་བསོད་དཔལ་ཡོན་འདིར་སྩོལ་ཅིག༔ ཨོཾ་ཨ་མི་ངྷེ་ཝ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ༔ བྱང་ཕྱོགས་ལས་རབ་ཞིང་ཁམས་ནས༔ བཅོམ་ལྡན་ཀརྨ་ཚེ་དཔག་མེད༔ སྟོང་ཉིད་སྒྲོལ་མ་ཡུམ་དང་སྦྱོར༔ སྣང་སྟོང་བདེ་ཆེན་རོལ་པའི་རྩལ༔ འོད་དང་འོད་ཟེར་དཔག་མེད་འཕྲོས༔ འབྱུང་བ་རླུང་གི་བཅུད་བསྡུས་ལ༔ དབུགས་ཀྱི་ཁམས་ནས་ཡལ་བའི་ཚེ༔ མི་ནུབ་འཕེལ་རྒྱས་རྒྱ་ཡིས་ཐོབ༔ ཚེ་བསོད་དཔལ་ཡོན་འདིར་(13བ)སྩོལ་ཅིག༔ ཨོཾ་ཨ་མི་ངྷེ་ཝ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ་ཛཿ འགུགས་བྱེད་ལས་ཀྱི་ཕོ་ཉ་མོ༔ སྙིང་རྗེའི་མགྱོགས་མ་ལྕགས་ཀྱུ་མ༔ ཡེ་ཤེས་རྩལ་ཆེན་ཤུགས་ཕྱུངས་ལ༔ ཤར་ཕྱོགས་དྲི་ཟ་མེ་ལྷའི་ཚེ༔ བསྡུས་ཏེ་བདག་གི་ཚེ་དཔལ་བསྐྱེད༔ མི་ནུབ་འཕེལ་རྒྱས་དངོས་གྲུབ་སྩོལ༔ ཧཱུྃ་ཧཱུྃ༔ འཆིང་བྱེད་ལས་ཀྱི་ཕོ་ཉ་མོ༔ བྱམས་པའི་མགྱོགས་མ་ཞགས་པ་མ༔ ཡེ་ཤེས་རྩལ་ཆེན་ཤུགས་ཕྱུངས་ལ༔ ལྷོ་ཕྱོགས་གཤིན་རྗེ་སྲིན་པོའི་ཚེ༔ བསྡུས་ཏེ་བདག་གི་ཚེ་དཔལ་བསྐྱེད༔ མི་ནུབ་འཕེལ་རྒྱས་དངོས་གྲུབ་སྩོལ༔ ཧཱུྃ་བྃ༔ སྡོམ་བྱེད་ལས་ཀྱི་ཕོ་ཉ་མོ༔ དགའ་བའི་མགྱོགས་མ་ལྕགས་སྒྲོག་མ༔ ཡེ་ཤེས་རྩལ་ཆེན་ཤུགས་ཕྱུངས་ལ༔ ནུབ་ཕྱོགས་ཆུ་བདག་རླུང་ལྷའི་ཚེ༔ བསྡུས་ཏེ་བདག་གི་ཚེ་དཔལ་བསྐྱེད༔ མི་ནུབ་འཕེལ་རྒྱས་དངོས་གྲུབ་སྩོལ༔ ཧཱུྃ་ཧོཿ འབེབས་བྱེད་ལས་ཀྱི་ཕོ་ཉ་མོ༔ བཏང་སྙོམས་མགྱོགས་མ་དྲིལ་བུ་མ༔ ཡེ་ཤེས་རྩལ་ཆེན་ཤུགས་ཕྱུངས་ལ༔ བྱང་ཕྱོགས་གནོད་སྦྱིན་དབང་ལྡན་ཚེ༔ (14ན)བསྡུས་ཏེ་བདག་གི་ཚེ་དཔལ་བསྐྱེད༔ མི་ནུབ་འཕེལ་རྒྱས་དངོས་གྲུབ་སྩོལ༔ ཨོཾ་ཨ་མི་ངྷེ་ཝ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ་ཨཱཿ ལྷུན་གྲུབ་ལས་ཀྱི་ཕོ་ཉ་མོ༔ ནམ་མཁའི་དབྱིངས་ཕྱུག་དཔལ་མོ་བཙུན༔ ཡེ་ཤེས་རྩལ་ཆེན་ཤུགས་ཕྱུངས་ལ༔ སྟེང་འོག་ཚངས་པ་ས་བདག་ཚེ༔ བསྡུས་ཏེ་བདག་གི་ཚེ་དཔལ་བསྐྱེད༔ མི་ནུབ་འཕེལ་རྒྱས་དངོས་གྲུབ་སྩོལ༔ ཧཱུྃ་སུཾ༔ ལེགས་ཉེས་སྟངས་འཛིན་ཕོ་ཉ་མོ༔ སྣོད་བཅུད་བདག་མོ་དཔལ་འབར་མ༔ ཡེ་ཤེས་རྩལ་ཆེན་ཤུགས་ཕྱུངས་ལ༔ སྣོད་བཅུད་འབྱུང་བའི་བཅུད་ཚེ་དཔལ༔ བསྡུས་ཏེ་བདག་གི་ཚེ་དཔལ་བསྐྱེད༔ མི་ནུབ་འཕེལ་རྒྱས་དངོས་གྲུབ་སྩོལ༔ ཨོཾ་ཨ་མི་ངྷེ་ཝ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ (ཞེས་དང་། གྲངས་གསོག་ན་ཚེ་འགུགས་ཐུགས་རྗེའི་ལྕགས་ཀྱུ་བྱ་སྟེ།) ན་མོ༔ དཀོན་མཆོག་རྩ་གསུམ་ཆོས་སྐྱོང་བདེན་པ་དང་༔ ཆོས་ཉིད་རྣམ་དག་རྒྱུ་འབྲས་ཟབ་མོའི་མཐུས༔ རྒྱལ་བ་སྲས་བཅས་མཁྱེན་བརྩེ་ནུས་དཔལ་དང་༔ ཁམས་གསུམ་སྣོད་བཅུད་(14བ)བཀྲག་མདངས་ཚེ་དཔལ་ཀུན༔ མ་ལུས་ལུས་པ་མེད་པར་འདིར་ཁུག་ཅིག༔ བདག་གི་ཚེ་བསོད་དཔལ་ཡོན་བཅུད་དུ་དྲིལ༔ འཆི་མེད་མགོན་པོའི་གོ་འཕང་མྱུར་ཐོབ་ཤོག༔ ཨོཾ་ཚེ་བྷྲཱུཾ་གཡུ་བྷྲཱུཾ་གཡུ་ཚེ་བྷྲཱུཾ་ཨཱ་ཡརྫྙཱ་ན་གཡུ་ཚེ་བྷྲཱུཾ༔ (ཞེས་གྲངས་ཅི་མང་གསོག །མཐར་རྒྱས་གདབ་པ་ནི།) ཧཱུྃ་ཧྲཱིཿ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་ཡི་ས་བོན་ཨོཾ་དཀར་པོ༔ སྤྱི་བོ་ནས་ཞུགས་ལུས་ལ་ཐིམ༔ རྡོ་རྗེ་སྐུ་ཡིས་རྒྱས་གདབ་བོ༔ མི་ཤིགས་རྡོ་རྗེའི་སྲོག་ཐོབ་ཤོག༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་བྷྲཱུཾ༔ ཨཱཿ གསུང་གི་ས་བོན་ཨཱཿདམར་པོ༔ མགྲིན་པ་ནས་ཞུགས་ངག་ལ་ཐིམ༔ རྡོ་རྗེ་གསུང་གིས་རྒྱས་གདབ་བོ༔ མི་ཤིགས་རྡོ་རྗེའི་སྲོག་ཐོབ་ཤོག༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་བྷྲཱུཾ༔ ཨཱཿཧཱུཾ་བྷཱུཾ༔ ཧཱུྃ༔ ཐུགས་ཀྱི་ས་བོན་ཧཱུྃ་མཐིང་ནག༔ སྙིང་ག་ནས་ཞུགས་ཡིད་ལ་ཐིམ༔ རྡོ་རྗེ་ཐུགས་ཀྱིས་རྒྱས་གདབ་བོ༔ མི་ཤིགས་རྡོ་རྗེའི་སྲོག་ཐོབ་ཤོག༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་བྷྲཱུཾ༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི༔ ཡེ་ཤེས་ཡོན་ཏན་ཚེ་དཔལ་ཀུན༔ གསེར་མདོག་འོད་ཀྱི་རྣམ་པར་བསྡུས༔ བདག་གི་(15ན)གནས་ལྔ་ནས་བཞུགས་ཏེ༔ ཡེ་ཤེས་ཡོན་ཏན་ཚེ་དཔལ་བསྐྱེད༔ མི་ཤིགས་རྡོ་རྗེའི་སྲོག་ཐོབ་ཤོག༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་བྷྲཱུཾ༔ ཧཱུྃ༔ སྣོད་བཅུད་འབྱུང་བའི་ཚེ་དཔལ་བསྐྱེད༔ ལྷ་འདྲེས་བརྐུས་དང་འཁྱམས་པའི་ཚེ༔ འོད་ཀྱི་རྣམ་པར་འུབ་ཏུ་འདུས༔ བདག་གི་སྒོ་གསུམ་ལ་ཐིམ་པས༔ མི་ཤིགས་རྡོ་རྗེས་རྒྱས་གདབ་བོ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཧཱུྃ་ཧྲཱིཿ ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད༔ མི་ཤིགས་རྡོ་རྗེའི་གོ་ཁྲབ་མཁྲེགས༔ ཡེ་ཤེས་མེ་ལྕེའི་དྲྭ་བ་འཁྲིགས༔ འགྱུར་མེད་རང་བྱུང་ལྷུན་གྲུབ་བོ༔ ཨོཾ་ངྷརྨ་ངྷ་ཏུ་བཛྲ་རཀྵ་རཀྵ་ཧཱུྃ་བྷྲཱུཾ་སྭཱ་ཧཱ༔ (ཞེས་རྒྱས་གདབ་བོ། །དེ་དག་ནི་དངོས་གཞིའི་ལས་རིམ་མོ། །) | ||
(གསུམ་པ་རྗེས་ཀྱི་ལས་རིམ་ལ་གསུམ། ཐུན་མོང་དུ་ཚེ་གེགས་བསལ་ཞིང་བསོད་ནམས་སྤེལ་བའི་ཕྱིར་ཚོགས་སྐོང་གི་རིམ་པ། རྗེས་དངོས་གཞི་གྲོལ་བའི་གྲུབ་འབྲས་ལ་ལོངས་སྤྱོད་པ། ཆོ་གའི་རྗེས་ཀྱི་བྱ་བ་མཐར་དབྱུང་བའོ། །) | (གསུམ་པ་རྗེས་ཀྱི་ལས་རིམ་ལ་གསུམ། ཐུན་མོང་དུ་ཚེ་གེགས་བསལ་ཞིང་བསོད་ནམས་སྤེལ་བའི་ཕྱིར་ཚོགས་སྐོང་གི་རིམ་པ། རྗེས་དངོས་གཞི་གྲོལ་བའི་གྲུབ་འབྲས་ལ་ལོངས་སྤྱོད་པ། ཆོ་གའི་རྗེས་ཀྱི་བྱ་བ་མཐར་དབྱུང་བའོ། །) | ||
(དང་པོ་ནི། ཐབས་ཤེས་ཀྱི་དམ་རྫས་གཙོ་བོར་གྱུར་པའི་ཚོགས་ཀྱི་ཡོ་བྱད་ལྗོན་འབྲས་བཟང་པོ་སོགས་ལོངས་སྤྱོད་གྱ་ནོམ་པ་དང་། ལྷག་པར་འབྲུ་མར་རྩི་མར་གང་འབྱོར་གྱི་སྣང་གསལ་མར་མེ་གང་མང་སྦར། ཚོགས་(15བ)རྫས་ལ་བདུད་རྩིས་བྲན་ཏེ།) ཨོཾ་སརྦ་དྲ་བྱཾ་ཤོ་ངྷ་ནི་ཧཱུྃ་ཕཊ༔ ཧཱུྃ་ཧྲཱིཿ རང་ཉིད་ཡེ་ཤེས་ལྷ་ཡི་ཐུགས་ཀ་ནས༔ འབྱུང་བའི་སྙིང་པོ་རྃ་ཡྃ་ཁྃ་གསུམ་འཕྲོས༔ རྃ་ལས་མེ་འབར་རྣམ་པར་རྟོག་སྒྲིབ་བསྲེགས༔ ཡྃ་ལས་རླུང་བྱུང་འཁོར་བའི་བག་ཆགས་གཏོར༔ ཁྃ་ལས་ཆུ་བྱུང་གཉིས་འཛིན་དྲི་མ་སྦྱངས༔ རྃ་ཡྃ་ཁྃ༔ སླར་ཡང་སྙིང་པོ་འབྲུ་གསུམ་རབ་ཏུ་འཕྲོས༔ ཨོཾ་གྱིས་སྐུ་ཡི་བདུད་རྩི་ཁ་དོག་དཀར༔ ཨཱཿཡིས་གསུང་གི་བདུད་རྩི་དམར་གསལ་འཁྱིལ༔ ཧཱུཾ་གིས་ཐུགས་ཀྱི་བདུད་རྩི་མཐིང་གར་འཁྱིལ༔ ཨོཾ་ཨཱཿཧཱུྃ༔ (ལན་གསུམ།) གསང་བའི་སྙིང་པོ་འབྲུ་གསུམ་རབ་འཕྲོས་པའ༔ འདོད་ཡོན་མི་ཟད་རྒྱན་གྱི་འཁོར་ལོར་སྤེལ༔ ཁམས་གསུམ་འཁོར་བའི་རྒྱ་མཚོ་མ་སྟོངས་བར༔ རྒྱལ་བའི་ཞིང་ཁམས་རྒྱ་མཚོ་ཇི་སྙེད་དུ༔ མཆོད་སྤྲིན་རྒྱ་མཚོ་རྒྱུན་མི་ཆད་པར་སྤྲོས༔ ཧ་ཧ་ཧྲཱིཿ (ཞེས་བྱིན་བརླབས། ཚོགས་ཞིང་སྤྱན་དྲང་བ་ནི།) ཧཱུྃ་ཧྲཱིཿ སྲིད་ལས་དཔག་ཚད་བརྒྱད་ཁྲི་འདས་པའི་ཚལ༔ གཞི་དང་སྙིང་པོ་མེ་ཏོག་བརྒྱན་པའི་ཞིང་༔ བདེ་ཆེན་པདྨ་བཀོད་པའི་གཞལ་(16ན)ཡས་ནས༔ རིགས་འདུས་བདག་ཉིད་འཆི་མེད་མགོན་པོ་ལ༔ ཚེ་དབང་རིག་འཛིན་དཔའ་བོ་དཔའ་མོས་བསྐོར༔ དམ་ཚིག་ཐུགས་རྗེ་དབང་གིས་སྐུར་བཞེངས་ལ༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དབུས་ཕྱོགས་སྟུག་པོ་བཀོད་པའི་གཞལ་ཡས་ནས༔ བཅོམ་ལྡན་རྣམ་སྣང་རྒྱལ་པོ་ཚེ་དཔག་མེད༔ སངས་རྒྱས་རིགས་ཀྱི་དཔའ་བོ་མཁའ་འགྲོས་བསྐོར༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས༔ བཅོམ་ལྡན་མི་འགྱུར་རྡོ་རྗེ་ཚེ་དཔག་མེད༔ རྡོ་རྗེ་རིགས་ཀྱི་དཔའ་བོ་མཁའ་འགྲོས་བསྐོར༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན༴ ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ནས༔ བཅོམ་ལྡན་རིན་ཆེན་རྒྱལ་པོ་ཚེ་དཔག་མེད༔ རིན་ཆེན་རིགས་ཀྱི་དཔའ་བོ་མཁའ་འགྲོས་བསྐོར༔ ཞལ་ཟས་ཚོགས་ལ༴ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ བཅོམ་ལྡན་སྣང་བ་མཐའ་ཡས་ཚེ་དཔག་མེད༔ པདྨ་རིགས་ཀྱི་(16བ)དཔའ་བོ་མཁའ་འགྲོས་བསྐོར༔ ཞལ་ཟས་ཚོགས་ལ༴ བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ནས༔ བཅོམ་ལྡན་དོན་གྲུབ་རྒྱལ་པོ་ཚེ་དཔག་མེད༔ ཕྲིན་ལས་རིགས་ཀྱི་དཔའ་བོ་མཁའ་འགྲོས་བསྐོར༔ ཞལ་ཟས་ཚོགས་ལ༴ འབྱུང་ལྔ་རྣམ་པར་དག་པའི་དབྱིངས་ཆེན་མོ༔ ཚེ་ཡི་ལྷ་མོ་མགྱོགས་མ་རྣམ་ལྔ་ལ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ་ཡིས་བསྐོར༔ ཞལ་ཟས་ཚོགས་ལ༴ ཕྱོགས་ལས་རྣམ་པར་རྒྱལ་བའི་ཕོ་བྲང་ནས༔ ལྷ་ཡི་བླ་མ་ཚོགས་ཀྱི་བདག་པོ་ལ༔ འཇིག་རྟེན་སྲིད་པ་རྒྱ་མཚོའི་འཁོར་གྱིས་བསྐོར༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ (ཞེས་ཚོགས་མགྲོན་ནམ་མཁའ་གང་བར་སྤྱན་དྲངས་ལ། ཚོགས་ཀྱི་ཆ་དང་པོ་ཕུད་ཀྱི་ཚུལ་དུ་འབུལ་བ་ནི།) ཧཱུྃ་ཧྲཱིཿ དུས་གསམ་རྒྱལ་བའི་སྤྱི་གཟུགས་ཚེ་མཐའ་ཡས༔ རིགས་ཀུན་བདག་ཉིད་རིགས་ལྔ་གངས་ཆེན་མཚོ༔ འབྱུང་བ་རྣམ་དག་དབྱིངས་ཀྱི་ཡུམ་ཆེན་ལྔ༔ ཚད་མེད་ཕྱག་རྒྱའི་ལྷ་མོ་མགྱོགས་མ་ལྔ༔ བསྙེན་སྒྲུབ་དཀྱིལ་འཁོར་ལྷ་ཚོགས་མ་ལུས་ལ༔ ཞལ་(17ན)ཟས་ཚོགས་ཀྱི་མཆོད་པ་དམ་པ་འབུལ༔ གཟི་བྱིན་དབང་དང་དངོས་གྲུབ་མྱུར་དུ་སྩོལ༔ | (དང་པོ་ནི། ཐབས་ཤེས་ཀྱི་དམ་རྫས་གཙོ་བོར་གྱུར་པའི་ཚོགས་ཀྱི་ཡོ་བྱད་ལྗོན་འབྲས་བཟང་པོ་སོགས་ལོངས་སྤྱོད་གྱ་ནོམ་པ་དང་། ལྷག་པར་འབྲུ་མར་རྩི་མར་གང་འབྱོར་གྱི་སྣང་གསལ་མར་མེ་གང་མང་སྦར། ཚོགས་(15བ)རྫས་ལ་བདུད་རྩིས་བྲན་ཏེ།) ཨོཾ་སརྦ་དྲ་བྱཾ་ཤོ་ངྷ་ནི་ཧཱུྃ་ཕཊ༔ ཧཱུྃ་ཧྲཱིཿ རང་ཉིད་ཡེ་ཤེས་ལྷ་ཡི་ཐུགས་ཀ་ནས༔ འབྱུང་བའི་སྙིང་པོ་རྃ་ཡྃ་ཁྃ་གསུམ་འཕྲོས༔ རྃ་ལས་མེ་འབར་རྣམ་པར་རྟོག་སྒྲིབ་བསྲེགས༔ ཡྃ་ལས་རླུང་བྱུང་འཁོར་བའི་བག་ཆགས་གཏོར༔ ཁྃ་ལས་ཆུ་བྱུང་གཉིས་འཛིན་དྲི་མ་སྦྱངས༔ རྃ་ཡྃ་ཁྃ༔ སླར་ཡང་སྙིང་པོ་འབྲུ་གསུམ་རབ་ཏུ་འཕྲོས༔ ཨོཾ་གྱིས་སྐུ་ཡི་བདུད་རྩི་ཁ་དོག་དཀར༔ ཨཱཿཡིས་གསུང་གི་བདུད་རྩི་དམར་གསལ་འཁྱིལ༔ ཧཱུཾ་གིས་ཐུགས་ཀྱི་བདུད་རྩི་མཐིང་གར་འཁྱིལ༔ ཨོཾ་ཨཱཿཧཱུྃ༔ (ལན་གསུམ།) གསང་བའི་སྙིང་པོ་འབྲུ་གསུམ་རབ་འཕྲོས་པའ༔ འདོད་ཡོན་མི་ཟད་རྒྱན་གྱི་འཁོར་ལོར་སྤེལ༔ ཁམས་གསུམ་འཁོར་བའི་རྒྱ་མཚོ་མ་སྟོངས་བར༔ རྒྱལ་བའི་ཞིང་ཁམས་རྒྱ་མཚོ་ཇི་སྙེད་དུ༔ མཆོད་སྤྲིན་རྒྱ་མཚོ་རྒྱུན་མི་ཆད་པར་སྤྲོས༔ ཧ་ཧ་ཧྲཱིཿ (ཞེས་བྱིན་བརླབས། ཚོགས་ཞིང་སྤྱན་དྲང་བ་ནི།) ཧཱུྃ་ཧྲཱིཿ སྲིད་ལས་དཔག་ཚད་བརྒྱད་ཁྲི་འདས་པའི་ཚལ༔ གཞི་དང་སྙིང་པོ་མེ་ཏོག་བརྒྱན་པའི་ཞིང་༔ བདེ་ཆེན་པདྨ་བཀོད་པའི་གཞལ་(16ན)ཡས་ནས༔ རིགས་འདུས་བདག་ཉིད་འཆི་མེད་མགོན་པོ་ལ༔ ཚེ་དབང་རིག་འཛིན་དཔའ་བོ་དཔའ་མོས་བསྐོར༔ དམ་ཚིག་ཐུགས་རྗེ་དབང་གིས་སྐུར་བཞེངས་ལ༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དབུས་ཕྱོགས་སྟུག་པོ་བཀོད་པའི་གཞལ་ཡས་ནས༔ བཅོམ་ལྡན་རྣམ་སྣང་རྒྱལ་པོ་ཚེ་དཔག་མེད༔ སངས་རྒྱས་རིགས་ཀྱི་དཔའ་བོ་མཁའ་འགྲོས་བསྐོར༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས༔ བཅོམ་ལྡན་མི་འགྱུར་རྡོ་རྗེ་ཚེ་དཔག་མེད༔ རྡོ་རྗེ་རིགས་ཀྱི་དཔའ་བོ་མཁའ་འགྲོས་བསྐོར༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན༴ ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ནས༔ བཅོམ་ལྡན་རིན་ཆེན་རྒྱལ་པོ་ཚེ་དཔག་མེད༔ རིན་ཆེན་རིགས་ཀྱི་དཔའ་བོ་མཁའ་འགྲོས་བསྐོར༔ ཞལ་ཟས་ཚོགས་ལ༴ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ བཅོམ་ལྡན་སྣང་བ་མཐའ་ཡས་ཚེ་དཔག་མེད༔ པདྨ་རིགས་ཀྱི་(16བ)དཔའ་བོ་མཁའ་འགྲོས་བསྐོར༔ ཞལ་ཟས་ཚོགས་ལ༴ བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ནས༔ བཅོམ་ལྡན་དོན་གྲུབ་རྒྱལ་པོ་ཚེ་དཔག་མེད༔ ཕྲིན་ལས་རིགས་ཀྱི་དཔའ་བོ་མཁའ་འགྲོས་བསྐོར༔ ཞལ་ཟས་ཚོགས་ལ༴ འབྱུང་ལྔ་རྣམ་པར་དག་པའི་དབྱིངས་ཆེན་མོ༔ ཚེ་ཡི་ལྷ་མོ་མགྱོགས་མ་རྣམ་ལྔ་ལ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ་ཡིས་བསྐོར༔ ཞལ་ཟས་ཚོགས་ལ༴ ཕྱོགས་ལས་རྣམ་པར་རྒྱལ་བའི་ཕོ་བྲང་ནས༔ ལྷ་ཡི་བླ་མ་ཚོགས་ཀྱི་བདག་པོ་ལ༔ འཇིག་རྟེན་སྲིད་པ་རྒྱ་མཚོའི་འཁོར་གྱིས་བསྐོར༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ (ཞེས་ཚོགས་མགྲོན་ནམ་མཁའ་གང་བར་སྤྱན་དྲངས་ལ། ཚོགས་ཀྱི་ཆ་དང་པོ་ཕུད་ཀྱི་ཚུལ་དུ་འབུལ་བ་ནི།) ཧཱུྃ་ཧྲཱིཿ དུས་གསམ་རྒྱལ་བའི་སྤྱི་གཟུགས་ཚེ་མཐའ་ཡས༔ རིགས་ཀུན་བདག་ཉིད་རིགས་ལྔ་གངས་ཆེན་མཚོ༔ འབྱུང་བ་རྣམ་དག་དབྱིངས་ཀྱི་ཡུམ་ཆེན་ལྔ༔ ཚད་མེད་ཕྱག་རྒྱའི་ལྷ་མོ་མགྱོགས་མ་ལྔ༔ བསྙེན་སྒྲུབ་དཀྱིལ་འཁོར་ལྷ་ཚོགས་མ་ལུས་ལ༔ ཞལ་(17ན)ཟས་ཚོགས་ཀྱི་མཆོད་པ་དམ་པ་འབུལ༔ གཟི་བྱིན་དབང་དང་དངོས་གྲུབ་མྱུར་དུ་སྩོལ༔ གུ་རུ་དེ་ཝ་དྷཱ་ཀི་ནཱི་སརྦ་ག་ཎ་ཙཀྲ་ལ་ཁཱ་ཧི༔ (ཞེས་འབུལ། ཆ་བར་པ་ཉམས་ཆག་བཤགས་ཤིང་ཐུགས་དམ་བསྐང་བའི་ཆེད་དུ་འབུལ་བ་ནི༔ ) ཧོཿ དཀྱིལ་འཁོར་ལྷ་ཚོགས་མ་ལུས་དགོངས་སུ་གསོལ༔ བདག་ཅག་མ་རིག་འཁྲུལ་པའི་དབང་གྱུར་ཏེ༔ སྒོ་གསུམ་བག་མེད་དམ་ཚིག་ཉམས་ཆག་སྒྲིབ༔ མི་འཆབ་མི་སྦེད་གནོང་འགྱོད་དྲག་པོ་ཡིས༔ ཞལ་ཟས་ཚོགས་འབུལ་བསྐང་ཞིང་བཤགས་པར་བགྱི༔ མི་སྒྲིབ་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་ག་ཎ་ཙཀྲ་སཏྭ་ས་མ་ཡ་(སོགས་ཡིག་བརྒྱ་བཟླས་པས་ཉམས་ཆག་བཤགས་ནས། ཚོགས་རྫས་མཆོད་སྐོང་གི་རྫས་འདོད་ཡོན་གྱི་ལོངས་སྤྱོད་ནམ་མཁའ་གང་བར་སྤྲོས་ཏེ།) ཧཱུྃ་ཧྲཱིཿ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང་༔ མི་འགྱུར་གཞོམ་བྲལ་ཐིག་ལེའི་སྐུ༔ རྡོ་རྗེ་སེམས་དཔའི་ཐུགས་དམ་བསྐང་༔ གཞོན་ནུ་བུམ་སྐུར་རྫོགས་སངས་རྒྱས༔ དགའ་རབ་རྡོ་རྗེའི༴ ཀ་དག་དབྱིངས་སུ་ལྷུན་འབྱམས་རོལ༔ ཤྲཱི་(17བ)སེངྷའི༴ ཡེ་ཤེས་སྒྱུ་མ་ཟང་ཐལ་སྐུ༔ པདྨ་འབྱུང་གནས༴ འཕོ་བ་ཆེན་པོའི་དབྱིངས་སུ་གཤེགས༔ ཡེ་ཤེས་མཚོ་རྒྱལ༴ སྐུ་གསུམ་ལྷུན་གྲུབ་གདིང་ཆེན་ཐོབ༔ ཁྱེའུ་ཆུང་ལོ་ཙཱའི༴ དཀྱིལ་འཁོར་ཡོངས་ཀྱི་ཁྱབ་བདག་དཔལ༔ རྩ་བའི་བླ་མའི༴ ཐུགས་དམ་བསྐང་བའི་དམ་རྫས་ནི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་གསང་བའི་རྫས༔ སྦྱོར་སྒྲོལ་ཏན་གན་རྨད་བྱུང་རྫས༔ ལུས་དང་ལོངས་སྤྱོད་ཚོགས་ཀྱིས་བསྐང་༔ སྡོམ་དང་བསླབ་པ་དམ་ཉམས་བཤགས༔ ཧཱུྃ་ཧྲཱིཿ ལྷུན་གྲུབ་གསང་ཆེན་གཞལ་ཡས་ནས༔ འཆི་མེད་མགོན་པོའི༴ ཤར་ཕྱོགས་མངོན་དགའི་ཞིང་ཁམས་ནས༔ མི་བསྐྱོད་རྡོ་རྗེའི༴ ལྷོ་ཕྱོགས་དཔལ་ལྡན་ཞིང་ཁམས་ནས༔ རིན་ཆེན་འབྱུང་ལྡན༴ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ སྣང་བ་མཐའ་ཡས༴ བྱང་ཕྱོགས་ལས་རབ་ཞིང་ཁམས་ནས༔ དོན་ཡོད་གྲུབ་པའི༴ ཁྱབ་བརྡལ་ནམ་མཁའི་དབྱིངས་ཆེན་མོ༔ གསང་བ་ཡེ་ཤེས༴ མཉེན་པ་ཆུ་ཡི་དབྱིངས་(18ན)ཆེན་མོ༔ མཱ་མ་ཀཱི་ཡི༴ སྲ་བ་ས་ཡི་དབྱིངས་ཆེན་མོ༔ སངས་རྒྱས་སྤྱན་མའི༴ དྲོ་བ་མེ་ཡི་དབྱིངས་ཆེན་མོ༔ ན་བཟའ་དཀར་མོའི༴ བསྐྱོད་པ་རླུང་གི་དབྱིངས་ཆེན་མོ༔ དམ་ཚིག་སྒྲོལ་མའི༴ སྙིང་རྗེས་ཁམས་གསུམ་འགུགས་བྱེད་མ༔ ལྕགས་ཀྱུ་མ་ཡི༴ བྱམས་པས་འགྲོ་ཀུན་སྐྱོབ་བྱེད་མ༔ ཞགས་པ་མ་ཡི༴ དགའ་བས་འགྲོ་ཀུན་རྗེས་འཛིན་མ༔ ལྕགས་སྒྲོག་མ་ཡི༴ བཏང་སྙོམས་འཁོར་བ་དོང་སྤྲུགས་མ༔ དྲིལ་བུ་མ་ཡི༴ དཀྱིལ་འཁོར་བར་ཁྱམས་འཁོར་ཡུག་ཏུ༔ སྒྱུ་འཕྲུལ་རོལ་པའི༴ ཕྲིན་ལས་ལས་ཀྱི་སྒོ་བཞི་རུ༔ སྒོ་སྐྱོང་ཚོགས་ཀྱི༴ ཐུགས་དམ་བསྐང་བའི་དམ་རྫས་ནི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་གསང་བའི་རྫས༔ སྦྱོར་སྒྲོལ་ཏན་གན་རྨད་བྱུང་རྫས༔ ལུས་དང་ལོངས་སྤྱོད་ཚོགས་ཀྱིས་བསྐང་༔ སྡོམ་དང་བསླབ་པ་དམ་ཉམས་བཤགས༔ ཧཱུྃ་ཧྲཱིཿ དུར་ཁྲོད་ཧེ་ཆེན་བརྡལ་བ་ནས༔ གནོད་སྦྱིན་ཆེན་པོའི༴ ནམ་མཁའ་ཡངས་(18བ)པའི་ཀློང་དཀྱིལ་ནས༔ གཟའ་བདུད་ནག་པོའི༴ སུམ་ཅུ་རྩ་གསུམ་ལྷ་གནས་སུ༔ ལྷ་ཆེན་ཚོགས་བདག༴ རྒྱལ་བའི་བཀའ་ཡི་གཉེར་འཛིན་པ༔ བཀའ་སྲུང་གཉན་པོའི༴ ལེགས་ཉེས་གཉིས་ཀྱི་སྟངས་འཛིན་པ༔ སྲིད་པའི་རྒྱལ་མོའི༴ བོད་ཁམས་སྐྱོང་ཞིང་བསྟན་ལ་གདུང་༔ བརྟན་མ་བཅུ་གཉིས་ཐུགས༴ ཐུགས་དམ་བསྐང་བའི་དམ་རྫས་ནི༔ ཉེར་སྤྱོད་བདུན་དང་འདོ་ཡོན་ལྔ༔ སྨན་གཏོར་རཀྟ་གསང་བའི་རྫས༔ སྦྱོར་སྒྲོལ་ཏན་གན་རྨད་བྱུང་རྫས༔ ལུས་དང་ལོངས་སྤྱོད་ཚོགས་ཀྱིས་བསྐང་༔ སྡོམ་དང་བསླབ་པ་དམ་ཉམས་བཤགས༔ ཧོཿ ཕྱོགས་བཅུ་སྤྲུལ་པའི་ཞིང་ཁམས་སུ༔ གང་འདུལ་མཛད་ལ་རྗེས་ཡི་རང་༔ འགྲོ་བའི་རིགས་བརྒྱུད་དང་བསྟུན་པའི༔ ཐེག་པའི་ཆོས་འཁོར་བསྐོར་བར་བསྐུལ༔ ཁམས་གསུམ་འཁོར་བ་མ་སྟོང་བར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དུས་གསུམ་བསགས་པའི་དགེ་རྩ་ཀུན༔ བླ་མེད་མཆོག་གི་རྒྱུ་རུ་བསྔོ༔ ནམ་མཁའི་མཐའ་མཉམ་སེམས་ཅན་ཀུན༔ (19ན)སྐུ་གསུམ་དབྱིངས་སུ་སངས་རྒྱས་ཤོག༔ (ཅེས་ཐུགས་དམ་བསྐང་ངོ་། །ཆ་ཐ་མ་ཚེ་གེགས་འབྱུང་པོ་བསྒྲལ་བསྟབ་ཀྱི་ཚུལ་དུ་འབུལ་བ་ནི།) ཆ་གསུམ་པ་དེའི་འདོད་ཡོན་གྱི་ལྷ་མོ་ཧཱུཾ་གིས་རང་ལ་བསྡུས་ནས། ནྲྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿ (ཞེས་ཚེ་གེགས་འབྱུང་པོ་ཐམས་ཅད་བཀུག་ཅིང་བསྟིམ་ནས་ཕུར་བུས་གཟིར་ཞིང་གདབ་ལ།) ཧཱུྃ་ཧྲཱིཿ དུས་གསུམ་སངས་རྒྱས་ཡོངས་འདུས་ཆེ་བའི་མཆོག༔ མངོན་སྤྱོད་མཐུ་ལྡན་པདྨ་ཧེ་རུ་ཀ༔ དྲག་པོའི་ཕྲིན་ལས་མྱུར་མཛད་དུས་ལ་བབ༔ མ་གཡེལ་དམ་ཚིག་མཉན་པོ་གནད་ནས་བསྐུལ༔ ཕྱི་དགྲ་ཀླ་ཀློ་ལྟ་ལོག་རྡུལ་དུ་རློགས༔ ནང་དགྲ་བསྟན་བཤིག་བཀའ་ལོག་དམ་ཉམས་སོད༔ གསང་དགྲ་བསླུ་བྱེད་དམ་སྲི་འབྱུང་པོ་ཐུལ༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར༔ ཕུང་ཁམས་སྐྱེ་མཆེད་ཐལ་བ་རྡུལ་དུ་རློགས༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧྲཱིཿནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་སོད༔ (ཅེས་རྣམ་ཤེས་སྤར་བའི་ཕུང་པོ་བདུད་རྩིར་སྦར་ལ།) ཧཱུྃ་ཧྲཱིཿ མ་རིག་ལོག་རྟོག་བསྒྲལ་བ་ཡི༔ ཕུང་ཁམས་སྐྱེ་མཆེད་དབང་ཡུལ་བཅས༔ དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབ༔ (19བ)རྗེས་ཤུལ་ལྷག་མ་མེད་པར་རོལ༔ རུ་ཏྲ་ཧ་ལ་པཉྩ་ཁཱ་ཧི༔ (ཞེས་བསྒྲལ་བསྟབ་བྱའོ། །) | ||
(གཉིས་པ་དངོས་གཞི་གྲོལ་བའི་གྲུབ་འབྲས་ལ་ལོངས་སྤྱོད་པ་ལའང་གཉིས་ལས། དང་པོ་བདག་དོན་དུ་དངོས་གྲུབ་བླང་བ་ལ། ཐོག་མར་དངོས་གྲུབ་བསྡུ་བའི་ཛཔྲ་དགོངས་ནི། སླར་ཡང་ཚེ་རྫས་རྣམས་ལ་དམིགས་ཏེ།) ཚེ་ཡི་རིག་འཛིན་ཆོས་སྲུང་ཚོགས་རྣམས་ཀྱིས། །འཁོར་འདས་ཀུན་གྱི་ཚེ་ཡི་དངོས་གྲུབ་ཀུན། །དཀར་དམར་འོད་ཀྱི་རྣམ་པ་ཅན་དུ་བསྡུས། །ཚེ་ཡི་རྫས་རྣམས་ཀུན་ལ་ཐིམ་པ་ཡིས། །འཆི་བ་མེད་པའི་བདུད་རྩིའི་མཆོག་ཏུ་གྱུར། །(ཞེས་དམིགས་ལ། སྩ་སྔགས་ཤམ་དུ།) ཨོཾ་བྷྲཱུཾ་ཚེ་བྷྲཱུཾ་གཡུ་བྷྲཱུཾ་གཡུ་ཚེ་བྷྲཱུཾ་ཨཱ་ཡུརྫྙཱ་ན་གཡུ་ཚེ་བྷྲཱུཾ༔ (ཞེས་བཏགས་པ་བརྒྱ་རྩ་ལས་མི་ཉུང་བ་བཟླས་མཐར། སྤོས་དང་རོལ་མོས་གཟི་བྱིན་བསྐྱེད་དེ་ཚེའི་བྱིན་འབེབས་དངོས་གྲུབ་སྦྲང་ཆར་བཏང་ལ་དངོས་གྲུབ་བསྐུལ། དེ་ནས་སྒྲུབ་རྫས་རྣམས་སྤྱི་བོར་བླངས་ལ།) ཧཱུྃ༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་དགོངས་སུ་གསོལ༔ སྒྲུབ་པའི་རིག་འཛིན་རྣལ་འབྱོར་བདག་ཉིད་ཀྱིས༔ བསྙེན་སྒྲུབ་ལས་སྦྱོར་དུས་འདིར་མཐར་སོན་ཏེ༔ དམ་བཅའ་ཚད་དུ་ཕྱིན་པའི་གནས་སྐབས་འདིར༔ མ་(20ན)གཡེལ་ཐུགས་རྗེ་བརྩེ་བ་ཆེན་པོ་ཡིས༔ དབང་བྱིན་དངོས་གྲུབ་མ་ལུས་འདིར་སྩོལ་ཅིག༔ (ཅེས་དང་།) ཧྲཱིཿ ནམ་མཁའི་མཐའ་ཁྱབ་སྐུ་མངའ་འགྲན་དུ་མེད༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ འགྲོ་དྲུག་སྒྲོལ་མཛད་ཆོས་ཀྱི་འབྲུག་སྒྲ་སྒྲོགས༔ འགགས་མེད་གསུང་གི་དངོས་གྲུབ༴ ཡེ་ཤེས་རྡོ་རྗེ་སྤྲོས་བྲལ་འགྱུར་བ་མེད༔ འཁྲུལ་མེད་ཐུགས་ཀྱི༴ ས་གཞི་ལྟ་བུར་ཡོན་ཏན་ཟད་མི་ཤེས༔ ཡོན་ཏན་ལྷུན་གྲུབ༴ ཆོ་འཕྲུལ་སྣ་ཚོགས་འགྲན་མེད་ཉི་ཟླའི་ཚུལ༔ ཕྲིན་ལས་འགྲོ་འདུལ༴ འཆི་མེད་ཚེ་ཡི་དངོས་གྲུབ༴ འཛད་མེད་ནོར་གྱི༴ ཐུན་མོང་ཡིད་བཞིན༴ བླ་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ རྒྱལ་བ་ཐུགས་རྗེའི་རང་བཞིན་ལ༔ རྟག་པར་བསྐུལ་ཏེ་མི་འཚལ་ཏེ༔ ད་ལྟ་ཐུགས་དམ་གནད་ནས་བསྐུལ༔ སྒྲུབ་པའི་ཞག་གྲངས་ཐེམས་ལགས་སོ༔ རྡོ་རྗེ་སྲིན་པོའི་ནམ་ལངས་སོ༔ ཛཔྲ་བསྙེན་ཀུན་ཀྱང་ཐེམས་ལགས་སོ༔ དབང་བཞི་བསྐུར་བའི་དུས་ལ་བབ༔ བྱིན་ཆེན་འབེབས་(20བ)པའི་དུས་ལ་བབ༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ དབང་ཆེན་རྣམས་ཀྱི་དབང་བསྐུར་ཅིག༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག༔ དངོས་གྲུབ་ཆེན་པོ་སྩོལ་རེ་རན༔ ཚེ་ཡི་དངོས་གྲུབ་མ་ལུས་ཀུན༔ སྒྲུབ་མཆོག་རྣམས་ལ་སྩལ་དུ་གསོལ༔ ཨོཾ་པུཎྱེ་པུཎྱེ༔ མ་ཧཱ་པུཎྱེ༔ ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སརྦ་རཱུ་པ་སིདྡྷི་སྭཱ་ཧཱ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཕ་ལ་ཧོཿ (ཞེས་ཚེ་རྟེན་བུམ་པ་དང་ཚེ་འབྲང་གནས་གསུམ་དུ་རེག་ཅིང་བུམ་བཅུད་བདུད་རྩི་མྱང་། དེ་ནས་ཐབས་ཤེས་ཀྱི་ཚེ་རྫས་ལག་གཡས་གཡོན་དུ་བླངས་ལ་མ་ནོར་བར་ལོངས་སྤྱོད། ཚེ་མདའ་གནས་ལྔར་གཏུག་ཅིང་། རྒྱས་གདབ་པ་ནི།) ཨོཾ་བྷྲཱུཾ་ཏྲ་ཏྲ་ཤག༔ མུ་དྲ་ཧོཿ ཏིཥྛ་ལྷན༔ ཞེས་བདུན་ནམ་ཉེར་གཅིག་ཙམ་བཟླས་ནས། སྙིང་པོ་བསྐྱོད་པར་མི་ནུས་ཏེ༔ རྡོ་རྗེ་འཆང་གི་ཚེ་གཡང་འདི༔ སྤྲོས་པས་སྟོང་གསུམ་བཀྲག་དང་ལྡན༔ བསྡུས་པས་ཐུགས་སྲོག་ནྲྀ་ལ་ཐིམ༔ བསྲུངས་པས་ལུས་ལ་གཟི་མདངས་བསྐྱེད༔ བཅིངས་པས་རྡོ་རྗེ་ལུ་གུ་རྒྱུད༔ མི་ཤིགས་རྡོ་རྗེའི་ལྕགས་སྒྲོག་འདྲ༔ མི་འགྱུར་(21ན)དབྱིངས་སུ་ཚེ་སྦའོ༔ ཆོས་དབྱིངས་ཀློང་དུ་ཚེ་སྦས་པས༔ དུས་གསུམ་སངས་རྒྱས་དགྲར་ལངས་ཀྱང་༔ དེ་ལ་བཟུང་ཞིང་སྤྱད་དུ་མེད༔ བློ་འདས་འཆི་མེད་དགོངས་པའོ༔ ཨ་ཨ་ཨཿ (ཞེས་རྒྱས་གདབ་ལ་མཉམ་པར་བཞག །ཚོགས་ཀྱི་དགའ་སྟོན་ལ་ལོངས་སྤྱོད་ཅིང་ཤིས་པ་རྒྱ་ཆེར་བརྫོད་པས་དགེ་ལེགས་སུ་བྱའོ། །) | (གཉིས་པ་དངོས་གཞི་གྲོལ་བའི་གྲུབ་འབྲས་ལ་ལོངས་སྤྱོད་པ་ལའང་གཉིས་ལས། དང་པོ་བདག་དོན་དུ་དངོས་གྲུབ་བླང་བ་ལ། ཐོག་མར་དངོས་གྲུབ་བསྡུ་བའི་ཛཔྲ་དགོངས་ནི། སླར་ཡང་ཚེ་རྫས་རྣམས་ལ་དམིགས་ཏེ།) ཚེ་ཡི་རིག་འཛིན་ཆོས་སྲུང་ཚོགས་རྣམས་ཀྱིས། །འཁོར་འདས་ཀུན་གྱི་ཚེ་ཡི་དངོས་གྲུབ་ཀུན། །དཀར་དམར་འོད་ཀྱི་རྣམ་པ་ཅན་དུ་བསྡུས། །ཚེ་ཡི་རྫས་རྣམས་ཀུན་ལ་ཐིམ་པ་ཡིས། །འཆི་བ་མེད་པའི་བདུད་རྩིའི་མཆོག་ཏུ་གྱུར། །(ཞེས་དམིགས་ལ། སྩ་སྔགས་ཤམ་དུ།) ཨོཾ་བྷྲཱུཾ་ཚེ་བྷྲཱུཾ་གཡུ་བྷྲཱུཾ་གཡུ་ཚེ་བྷྲཱུཾ་ཨཱ་ཡུརྫྙཱ་ན་གཡུ་ཚེ་བྷྲཱུཾ༔ (ཞེས་བཏགས་པ་བརྒྱ་རྩ་ལས་མི་ཉུང་བ་བཟླས་མཐར། སྤོས་དང་རོལ་མོས་གཟི་བྱིན་བསྐྱེད་དེ་ཚེའི་བྱིན་འབེབས་དངོས་གྲུབ་སྦྲང་ཆར་བཏང་ལ་དངོས་གྲུབ་བསྐུལ། དེ་ནས་སྒྲུབ་རྫས་རྣམས་སྤྱི་བོར་བླངས་ལ།) ཧཱུྃ༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་དགོངས་སུ་གསོལ༔ སྒྲུབ་པའི་རིག་འཛིན་རྣལ་འབྱོར་བདག་ཉིད་ཀྱིས༔ བསྙེན་སྒྲུབ་ལས་སྦྱོར་དུས་འདིར་མཐར་སོན་ཏེ༔ དམ་བཅའ་ཚད་དུ་ཕྱིན་པའི་གནས་སྐབས་འདིར༔ མ་(20ན)གཡེལ་ཐུགས་རྗེ་བརྩེ་བ་ཆེན་པོ་ཡིས༔ དབང་བྱིན་དངོས་གྲུབ་མ་ལུས་འདིར་སྩོལ་ཅིག༔ (ཅེས་དང་།) ཧྲཱིཿ ནམ་མཁའི་མཐའ་ཁྱབ་སྐུ་མངའ་འགྲན་དུ་མེད༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ འགྲོ་དྲུག་སྒྲོལ་མཛད་ཆོས་ཀྱི་འབྲུག་སྒྲ་སྒྲོགས༔ འགགས་མེད་གསུང་གི་དངོས་གྲུབ༴ ཡེ་ཤེས་རྡོ་རྗེ་སྤྲོས་བྲལ་འགྱུར་བ་མེད༔ འཁྲུལ་མེད་ཐུགས་ཀྱི༴ ས་གཞི་ལྟ་བུར་ཡོན་ཏན་ཟད་མི་ཤེས༔ ཡོན་ཏན་ལྷུན་གྲུབ༴ ཆོ་འཕྲུལ་སྣ་ཚོགས་འགྲན་མེད་ཉི་ཟླའི་ཚུལ༔ ཕྲིན་ལས་འགྲོ་འདུལ༴ འཆི་མེད་ཚེ་ཡི་དངོས་གྲུབ༴ འཛད་མེད་ནོར་གྱི༴ ཐུན་མོང་ཡིད་བཞིན༴ བླ་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ རྒྱལ་བ་ཐུགས་རྗེའི་རང་བཞིན་ལ༔ རྟག་པར་བསྐུལ་ཏེ་མི་འཚལ་ཏེ༔ ད་ལྟ་ཐུགས་དམ་གནད་ནས་བསྐུལ༔ སྒྲུབ་པའི་ཞག་གྲངས་ཐེམས་ལགས་སོ༔ རྡོ་རྗེ་སྲིན་པོའི་ནམ་ལངས་སོ༔ ཛཔྲ་བསྙེན་ཀུན་ཀྱང་ཐེམས་ལགས་སོ༔ དབང་བཞི་བསྐུར་བའི་དུས་ལ་བབ༔ བྱིན་ཆེན་འབེབས་(20བ)པའི་དུས་ལ་བབ༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ དབང་ཆེན་རྣམས་ཀྱི་དབང་བསྐུར་ཅིག༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག༔ དངོས་གྲུབ་ཆེན་པོ་སྩོལ་རེ་རན༔ ཚེ་ཡི་དངོས་གྲུབ་མ་ལུས་ཀུན༔ སྒྲུབ་མཆོག་རྣམས་ལ་སྩལ་དུ་གསོལ༔ ཨོཾ་པུཎྱེ་པུཎྱེ༔ མ་ཧཱ་པུཎྱེ༔ ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སརྦ་རཱུ་པ་སིདྡྷི་སྭཱ་ཧཱ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཕ་ལ་ཧོཿ (ཞེས་ཚེ་རྟེན་བུམ་པ་དང་ཚེ་འབྲང་གནས་གསུམ་དུ་རེག་ཅིང་བུམ་བཅུད་བདུད་རྩི་མྱང་། དེ་ནས་ཐབས་ཤེས་ཀྱི་ཚེ་རྫས་ལག་གཡས་གཡོན་དུ་བླངས་ལ་མ་ནོར་བར་ལོངས་སྤྱོད། ཚེ་མདའ་གནས་ལྔར་གཏུག་ཅིང་། རྒྱས་གདབ་པ་ནི།) ཨོཾ་བྷྲཱུཾ་ཏྲ་ཏྲ་ཤག༔ མུ་དྲ་ཧོཿ ཏིཥྛ་ལྷན༔ ཞེས་བདུན་ནམ་ཉེར་གཅིག་ཙམ་བཟླས་ནས། སྙིང་པོ་བསྐྱོད་པར་མི་ནུས་ཏེ༔ རྡོ་རྗེ་འཆང་གི་ཚེ་གཡང་འདི༔ སྤྲོས་པས་སྟོང་གསུམ་བཀྲག་དང་ལྡན༔ བསྡུས་པས་ཐུགས་སྲོག་ནྲྀ་ལ་ཐིམ༔ བསྲུངས་པས་ལུས་ལ་གཟི་མདངས་བསྐྱེད༔ བཅིངས་པས་རྡོ་རྗེ་ལུ་གུ་རྒྱུད༔ མི་ཤིགས་རྡོ་རྗེའི་ལྕགས་སྒྲོག་འདྲ༔ མི་འགྱུར་(21ན)དབྱིངས་སུ་ཚེ་སྦའོ༔ ཆོས་དབྱིངས་ཀློང་དུ་ཚེ་སྦས་པས༔ དུས་གསུམ་སངས་རྒྱས་དགྲར་ལངས་ཀྱང་༔ དེ་ལ་བཟུང་ཞིང་སྤྱད་དུ་མེད༔ བློ་འདས་འཆི་མེད་དགོངས་པའོ༔ ཨ་ཨ་ཨཿ (ཞེས་རྒྱས་གདབ་ལ་མཉམ་པར་བཞག །ཚོགས་ཀྱི་དགའ་སྟོན་ལ་ལོངས་སྤྱོད་ཅིང་ཤིས་པ་རྒྱ་ཆེར་བརྫོད་པས་དགེ་ལེགས་སུ་བྱའོ། །) | ||
(གཉིས་པ་གཞན་དོན་དབང་བསྐུར་བའི་རིམ་པ་ནི། སློབ་མ་ཐུན་མོང་མ་ཡིན་པ་ལ་གཏེར་གཞུང་གི་དབང་ཆོག་གསང་ཆེན་བཅུད་དྲིལ་ལྟར་མཚམས་སྦྱོར་དང་བཅས་ཏེ་འདིར་དབང་བསྐུར་བྱ་བ་ཡིན་ཅིང་། སློབ་མ་དད་སྦྱིན་ཐུན་མོང་བ་ལ་དངོས་གྲུབ་སྦྱིན་པའི་ཆེད་དུ་སྒྲུབ་རྟེན་བུམ་པ་དང་ཚེ་འབྲང་གནས་གསུམ་དུ་རེག་ཅིང་།) ཧོཿ བདེ་མཆོག་བདེ་སྤྱོད་ནམ་མཁའི་ཀློང་ཡངས་ནས༔ རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན༔ རིགས་འདུས་ཚེ་ཡི་ལྷ་ཚོགས་འཁོར་བཅས་ཀྱི༔ སྐུ་གསུང་ཐུགས་དང་མཉམ་སྤྱོད་དངོས་གྲུབ་མཆོག༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་དཔལ༔ བུམ་པ་བཟང་པོ་དཔག་བསམ་ནོར་བུའི་ཚུལ༔ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ (21བ)འགགས་མེད་གསུང་གི་དངོས་གྲུབ་སྩལ་དུ་གསོལ༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ༴ ཡོན་ཏན་རེ་སྐོང་༴ ཕྲིན་ལས་འགྲོ་འདུལ༴ འཆི་མེད་ཚེ་ཡི༴ འཛད་མེད་ནོར་གྱི༴ བརྒྱུད་འཛིན་རིགས་ཀྱི༴ དམ་པ་ཆོས་ཀྱི༴ བླ་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃ༔ ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཕ་ལ་ཧོཿ (ཞེས་ཚེ་ཆུ་ཚེ་རིལ་ཚེ་ཆང་སོགས་ལ་ལོངས་སྤྱད་དུ་གཞུག །མདའ་དར་གྱིས་སྔར་བཞིན་རྒྱས་གདབ་ལ་ཤིས་པ་བརྗོད་པས་བདེ་ལེགས་སུ་བྱའོ། །གང་ལྟར་ཡང་མཐར་དགའ་སྟོན་ཚོགས་ཀྱི་དམ་རྫས་བརྡ་དང་བརྡ་ཡི་འབུལ་ལེན་དང་བཅས་ནང་གི་སྲེག་བླུག་ཏུ་ཚིམ་པར་ལོངས་སྤྱད་པའི་མཐར།) ཚོགས་འཁོར་ཕུལ་བའི་བསོད་ནམས་ཀྱིས༔ མི་ཟད་གཏེར་ལ་ལོངས་སྤྱོད་ཅིང་༔ ཡེ་ཤེས་སྣང་བར་གསལ་ནས༔ ཀ་དག་ཆེན་པོའི་ས་ཐོབ་ཤོག༔ (ཅེས་སྨོན་ལམ་གདབ། ཚོགས་ཀྱི་ལྷག་མ་བསྡུས་ཏེ་ཕུད་ལྷག་བསྲེས་པར་བདུད་རྩིའི་ཁ་ཕྲུ་བཏབ་ཅིང་༔ ) ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲིཿ(ས། ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་བལྟས་ལ།) ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་(22ན)ཛཿ(ས་མགྲོན་སྤྱན་དྲངས་ཏེ།) ཧཱུྃ༔ སྔོན་ཚེ་ཀུན་ཏུ་བཟང་པོ་ནས་བཟུང་སྟེ༔ རྒྱལ་བ་རིག་འཛིན་རྒྱ་མཚོའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་མནའ་བོར་གཉེར་བླངས་པའི༔ བཀའ་ཉན་དྲེག་ས་པ་ལྷག་སྐྱོང་ཕོ་མོའི་ཚོགས༔ སྐད་ཅིག་ཉིད་དུ་འདིར་གཤེགས་ལྷག་ལ་རོལ༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་གཉན་པ་ཡི༔ བསྟན་དང་བསྟན་འཛིན་རྟག་སྐྱོངས་འཕེལ་རྒྱས་མཛོད༔ ལོག་པར་འདྲེན་པའི་བསྟན་དགྲ་རྡུལ་དུ་རློག༔ བཀའ་དང་དམ་ལས་མ་འདའ་ས་མ་ཡ༔ ཨུཙྪིཥྚ་ད་ལིཾ་ཏ་ལ་ཁཱ་ཧི༔ (ཞེས་ཕྱི་རོལ་ཟ་ལམ་དུ་བསྐྱལ་ལོ། །) | (གཉིས་པ་གཞན་དོན་དབང་བསྐུར་བའི་རིམ་པ་ནི། སློབ་མ་ཐུན་མོང་མ་ཡིན་པ་ལ་གཏེར་གཞུང་གི་དབང་ཆོག་གསང་ཆེན་བཅུད་དྲིལ་ལྟར་མཚམས་སྦྱོར་དང་བཅས་ཏེ་འདིར་དབང་བསྐུར་བྱ་བ་ཡིན་ཅིང་། སློབ་མ་དད་སྦྱིན་ཐུན་མོང་བ་ལ་དངོས་གྲུབ་སྦྱིན་པའི་ཆེད་དུ་སྒྲུབ་རྟེན་བུམ་པ་དང་ཚེ་འབྲང་གནས་གསུམ་དུ་རེག་ཅིང་།) ཧོཿ བདེ་མཆོག་བདེ་སྤྱོད་ནམ་མཁའི་ཀློང་ཡངས་ནས༔ རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན༔ རིགས་འདུས་ཚེ་ཡི་ལྷ་ཚོགས་འཁོར་བཅས་ཀྱི༔ སྐུ་གསུང་ཐུགས་དང་མཉམ་སྤྱོད་དངོས་གྲུབ་མཆོག༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་དཔལ༔ བུམ་པ་བཟང་པོ་དཔག་བསམ་ནོར་བུའི་ཚུལ༔ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ (21བ)འགགས་མེད་གསུང་གི་དངོས་གྲུབ་སྩལ་དུ་གསོལ༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ༴ ཡོན་ཏན་རེ་སྐོང་༴ ཕྲིན་ལས་འགྲོ་འདུལ༴ འཆི་མེད་ཚེ་ཡི༴ འཛད་མེད་ནོར་གྱི༴ བརྒྱུད་འཛིན་རིགས་ཀྱི༴ དམ་པ་ཆོས་ཀྱི༴ བླ་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃ༔ ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཕ་ལ་ཧོཿ (ཞེས་ཚེ་ཆུ་ཚེ་རིལ་ཚེ་ཆང་སོགས་ལ་ལོངས་སྤྱད་དུ་གཞུག །མདའ་དར་གྱིས་སྔར་བཞིན་རྒྱས་གདབ་ལ་ཤིས་པ་བརྗོད་པས་བདེ་ལེགས་སུ་བྱའོ། །གང་ལྟར་ཡང་མཐར་དགའ་སྟོན་ཚོགས་ཀྱི་དམ་རྫས་བརྡ་དང་བརྡ་ཡི་འབུལ་ལེན་དང་བཅས་ནང་གི་སྲེག་བླུག་ཏུ་ཚིམ་པར་ལོངས་སྤྱད་པའི་མཐར།) ཚོགས་འཁོར་ཕུལ་བའི་བསོད་ནམས་ཀྱིས༔ མི་ཟད་གཏེར་ལ་ལོངས་སྤྱོད་ཅིང་༔ ཡེ་ཤེས་སྣང་བར་གསལ་ནས༔ ཀ་དག་ཆེན་པོའི་ས་ཐོབ་ཤོག༔ (ཅེས་སྨོན་ལམ་གདབ། ཚོགས་ཀྱི་ལྷག་མ་བསྡུས་ཏེ་ཕུད་ལྷག་བསྲེས་པར་བདུད་རྩིའི་ཁ་ཕྲུ་བཏབ་ཅིང་༔ ) ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲིཿ(ས། ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་བལྟས་ལ།) ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་(22ན)ཛཿ(ས་མགྲོན་སྤྱན་དྲངས་ཏེ།) ཧཱུྃ༔ སྔོན་ཚེ་ཀུན་ཏུ་བཟང་པོ་ནས་བཟུང་སྟེ༔ རྒྱལ་བ་རིག་འཛིན་རྒྱ་མཚོའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་མནའ་བོར་གཉེར་བླངས་པའི༔ བཀའ་ཉན་དྲེག་ས་པ་ལྷག་སྐྱོང་ཕོ་མོའི་ཚོགས༔ སྐད་ཅིག་ཉིད་དུ་འདིར་གཤེགས་ལྷག་ལ་རོལ༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་གཉན་པ་ཡི༔ བསྟན་དང་བསྟན་འཛིན་རྟག་སྐྱོངས་འཕེལ་རྒྱས་མཛོད༔ ལོག་པར་འདྲེན་པའི་བསྟན་དགྲ་རྡུལ་དུ་རློག༔ བཀའ་དང་དམ་ལས་མ་འདའ་ས་མ་ཡ༔ ཨུཙྪིཥྚ་ད་ལིཾ་ཏ་ལ་ཁཱ་ཧི༔ (ཞེས་ཕྱི་རོལ་ཟ་ལམ་དུ་བསྐྱལ་ལོ། །) | ||
Revision as of 10:20, 8 August 2025
| Wylie title | zab gsang mkha' 'gro'i snying thig gi yang gsang tshe sgrub dngos grub 'dod 'byung gi las byang khrigs su bsdebs pa 'chi med bdud rtsi'i za ma tog | |
|---|---|---|
| Location | bdud 'joms rin po che bka' 'bum Volume 23, Text 14, Pages 201-253 (Folios 1a1 to 27a6) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. Zab gsang mkha' 'gro'i snying thig gi yang gsang tshe sgrub dngos grub 'dod 'byung gi las byang khrigs su bsdebs pa 'chi med bdud rtsi'i za ma tog. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 23: 201-253. Kalimpong: Dupjung Lama, 1979-1985. | |
| Side notes | Recto: las byang Verso: bdud 'joms tshe sgrub | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | Activity Manual - las byang | |
| Cycle | ཚེ་སྒྲུབ་དངོས་གྲུབ་འདོད་འབྱུང་ (tshe sgrub dngos grub 'dod 'byung) | |
| Parent Cycle | ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig) | |
| Deity | tshe dpag med | |
| Colophon |
།དེ་ལྟར་ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་ཡང་གསང་ཚེ་སྒྲུབ་དངོས་གྲུབ་འདོད་འབྱུང་གི་ལས་བྱང་ཁྲིགས་སུ་བསྡེབས་པ་འཆི་མེད་བདུད་རྩིའི་ཟ་མ་ཏོག་ཅེས་བྱ་བ་འདིའང་། བཀའ་གསང་རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་རིག་པ་འཛིན་པ་བླ་མ་ཚེ་དབང་ལྷ་རྒྱལ་ནས་བསྐུལ་བའི་ངོར། ཚེ་ལམ་འཛིན་པའི་སྔགས་བརྒྱུད་པ་རྒན་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བརྒྱད་ཅུ་གྱ་གཉིས་པ་ཤིང་མོ་གླང་གི་ལོ་རྒྱལ་གྱི་ཟླ་བའི་དུས་ཚེས་བཟང་པོ་ལ་ཡིད་འོང་དགའ་བ་འཁྱིལ་བའི་ལྗོངས་ཀྱི་བསྟི་གནས་ཉམས་དགའ་བར་བག་ཕེབས་པར་གནས་པའི་སྐབས་ཤིག་ཏུ་སྦྱར་བ་ལས། ཐོག་མའི་ཡི་གེ་པ་ནི་བློ་གསལ་རིན་ཆེན་ཕུན་ཚོགས་དང་། མཐའ་འདོམས་མཇུག་སྡུད་པ་ནི་མོན་གྱི་སྔགས་བན་ཀུན་བཟང་དབང་འདུས་ཀྱིས་བགྱིས་པ་སྟེ། འདིས་ཀྱང་འགྲོ་བ་རྣམས་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ལས་སྐྱོབ་སྟེ་འཆི་མེད་རྟག་པ་དམ་པའི་གོ་སར་མྱུར་དུ་དབུགས་དབྱུང་བའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། | |
|
/de ltar zab gsang mkha' 'gro'i snying thig gi yang gsang tshe sgrub dngos grub 'dod 'byung gi las byang khrigs su bsdebs pa 'chi med bdud rtsi'i za ma tog ces bya ba 'di'ang /___bka' gsang rdzogs pa chen po mkha' 'gro snying thig gi rig pa 'dzin pa bla ma tshe dbang lha rgyal nas bskul ba'i ngor/___tshe lam 'dzin pa'i sngags brgyud pa rgan po 'jigs bral ye shes rdo rjes rang lo brgyad cu gya gnyis pa shing mo glang gi lo rgyal gyi zla ba'i dus tshes bzang po la yid 'ong dga' ba 'khyil ba'i ljongs kyi bsti gnas nyams dga' bar bag phebs par gnas pa'i skabs shig tu sbyar ba las/___thog ma'i yi ge pa ni blo gsal rin chen phun tshogs dang /___mtha' 'doms mjug sdud pa ni mon gyi sngags ban kun bzang dbang 'dus kyis bgyis pa ste/___'dis kyang 'gro ba rnams dus ma yin pa'i 'chi ba'i 'jigs pa las skyob ste 'chi med rtag pa dam pa'i go sar myur du dbugs dbyung ba'i rgyur gyur cig___/sarba dA mang+ga laM// | ||