DJYD-KABUM-07-JA-017: Difference between revisions
No edit summary |
No edit summary |
||
| Line 40: | Line 40: | ||
༄༅། །ཡང་གསང་བླ་མ་རྩ་གསུམ་འདུས་པའི་བསྙེན་སྒྲུབ་ཀྱི་ཡི་གེ་སྐལ་བཟང་ཡིད་ཀྱི་འདོད་འཇོ་ཞེས་བྱ་བ། ཁྱབ་བདག་བླ་མ་རྗེ་བཙུན་ཐོད་ཕྲེང་རྩལ་གྱི་ངོ་བོར་བཞུགས་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་འཁོར་ལོའི་མགོན། །བདེ་ཆེན་སྒྱུ་མའི་གར༵་མཁན་གསུང་དབ༵ང་ཕྱུག །སང༵ས་རྒྱས༵་ཉག་གཅིག་རང་བྱུང་རིག་པའི་གཤིས། །རྡོ༵་རྗེ༵་ཐོད་ཕྲེང་བླ་མའི་ཞབས་ལ་འདུད། །རྒྱ་ཆེན་རྒྱུད་ལུང་མན་ངག་ཀུན་གྱི་བཅུད། །དགོངས་པ་ཡོངས་འདུས་བླ་མའི་ཐུགས་སྒྲུབ་ཀྱི། །བསྙེན་སྒྲུབ་ཉམས་ {{TibChung|[2a]}} ལེན་ཡི་གེ་རབ་གསལ་བ། །རང་གཞན་ཀུན་ལ་ཕན་བློས་འདིར་འཆད་ན། རྩ་གསུམ་བཀའ་ཡི་གནང་བ་ལེགས་སྩོལ་ལ། །ལམ་འདིའི་སྒོ་ནས་རིག་འཛིན་ས་བགྲོད་པའི། །ལས་ཅན་གདུལ་བྱ་གྲངས་མེད་འབྱུང་བ་དང་། །འབྲེལ་ཚད་དོན་དང་ལྡན་པར་བྱིན་བརླབ་གསོལ། །དེ་ཡང་ཟབ་ཆོས་གང་གི་མཚན་ཙམ་ཐོས་པས་ཀྱང་སྐལ་ལྡན་སྤྲོ་བ་བསྐྱེད་པ་གངས་ཅན་ས་འོག་ཀུན་གྱི་གཏེར་གཅིག །བླ་མའི་ཐུགས་སྒྲུབ་བྱེ་བ་ཕྲག་བརྒྱའི་ཡང་ཞུན། གུ་རུ་རིན་པོ་ཆེ་མངོན་སུམ་མཇལ་བ་ལྟ་བུའི་ཟབ་ཆོས་བླ་ན་མེད་པ་ {{TibChung|[2b]}} འདི་ལ་ཉམས་སུ་བླང་བྱའི་སྙིང་པོ་རིམ་པ་གཉིས་ཀྱི་ལམ་ཁྱད་པར་ཅན་དུ་བཞུགས་པ་ལས། འདིར་རིམ་པ་དང་པོ་ལ་སྤྱི་དང་བྱེ་བྲག་གི་སྒྲུབ་ལུགས་མང་དུ་གསུངས་པ་རྣམས་ཀྱི་གཙོ་བོ་བླ་མ་རྩ་བ་གསུམ་འདུས་ཡོངས་རྫོགས་སྒྲུབ་གཞུང་ཆེན་མོའི་དགོངས་དོན་བཞིན་ཉམས་སུ་ལེན་པའི་ཚུལ་འདུས་གསལ་གོ་བདེ་སྙིང་པོར་དྲིལ་ཏེ་འཆད་པ་ལ་གསུམ། བསྙེན་ཐབས་ཀྱི་ལག་ལེན་དངོས་གཞི་བསྟན་པ། གལ་ཆེ་བའི་སྤྱི་དོན་འཕྲོས་སུ་གདམས་པ། ཕན་ཡོན་ཅུང་ཟད་སྨོས་པས་བློ་ལྡན་སྤྲོ་བ་བསྐྱེད་པའོ། །དང་པོ་ལ་གསུམ། སྔོན་འགྲོ་སྟ་གོན་དུ་བྱ་བ། དངོས་གཞི་བསྙེན་སྒྲུབ་ཀྱི་རྣལ་འབྱོར། རྗེས་མཐའ་རྒྱས་ཀྱི་ལས་རིམ་མོ། །སྔ་མ་ལའང་སྤྱི་དང་ཁྱད་པར་གཉིས་ཀྱི། ཐོག་མར་སྤྱིའི་སྔོན་འགྲོ་ནི། འདི་ལ་གསུམ་སྟེ། ཕྱིའི་སྔོན་འགྲོ་གོང་མས་བྱིན་གྱིས་བརླབས་ཤིང་འཚེ་དོགས་རྣམ་གཡེང་མེད་པའི་གནས་སུ། སྡོད་མལ་ཟས་གོས་འཚོ་སྨན་གྲོགས་འཁོར་སོགས་མཐུན་རྐྱེན་དུ་འོས་པའི་ཡོ་བྱད་རྣམས་ཚང་བར་བསྡོགས་ཏེ། དངོས་གཞི་མཐར་མ་ཕྱིན་གྱི་བར་དུ་ {{TibChung|[3a]}} སེམས་བྲེལ་དང་འབད་རྩོལ་མི་དགོས་པར་བྱ། ནང་གི་སྔོན་འགྲོ་བར་ཆད་མི་འབྱུང་ཞིང་སྒྲུབ་པའི་འབྲས་བུ་མྱུར་དུ་འགྲུབ་པའི་ཕྱིར་ཕྱག་བསྐོར། བཀའ་བསྒྲགས། སཱཙྪ། ལམ་བཅོས། བསང་བརྔན་སོགས་མགྲོན་བཞི་ལ་མཆོད་སྦྱིན་ཅི་འབྱོར། རྡོར་སེམས་སྒོམ་བཟླས་སྐོང་བཤགས་སོགས་ཉམས་ཆག་སྒྲིབ་སྦྱོང་དང་། མཎྜལ་ཚོགས་ཀྱི་མཆོད་པ་སོགས་ཚོགས་བསགས་ཀྱི་རིམ་པ་ལ་ནན་ཏན་དུ་འབད། གསང་བའི་སྔོན་འགྲོ་སློབ་དཔོན་ཆེན་པོའི་ཞལ་ནས། འདི་ནི་ཀུན་གྱི་ཡང་སྙིང་ཆོས་ཡིན་པས༔ ཌཱ་ཀིའི་འཁུ་ལྡོག་བདུད་ཀྱི་ཆོ་འཕྲུལ་སོགས༔ རྐྱེན་གྱི་རྣམ་པ་བསམ་གྱིས་མི་ཁྱབ་པས༔ གང་ཡང་བར་ཆད་ཡིན་པ་ཤེས་པར་བྱ༔ གཉེན་པོ་ཡེངས་མེད་བརྩོན་འགྲུས་ལྕགས་ཀྱིས་བསྡམ༔ བླ་མ་ཡི་དམ་རྣམས་ལ་གསོལ་བ་ཐོབ༔ མཁའ་འགྲོ་ཆོས་སྐྱོང་སྐོང་གསོ་ཡང་ཡང་གྱིས༔ དེས་ནི་གནས་སྐབས་མཐར་ཐུག་དོན་ཆེན་འགྲུབ༔ ཅེས་གསུངས་པ་ལྟར། བར་དུ་གཅོད་པ་ཅི་ཞིག་བྱུང་ཡང་སྤྲོ་བ་ལས་ཡིད་ཕྱིར་མི་ལྡོག་པའི་གོ་ཆའི་བརྩོན་འགྲུས་ལྷག་ {{TibChung|[ | ༄༅། །ཡང་གསང་བླ་མ་རྩ་གསུམ་འདུས་པའི་བསྙེན་སྒྲུབ་ཀྱི་ཡི་གེ་སྐལ་བཟང་ཡིད་ཀྱི་འདོད་འཇོ་ཞེས་བྱ་བ། ཁྱབ་བདག་བླ་མ་རྗེ་བཙུན་ཐོད་ཕྲེང་རྩལ་གྱི་ངོ་བོར་བཞུགས་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་འཁོར་ལོའི་མགོན། །བདེ་ཆེན་སྒྱུ་མའི་གར༵་མཁན་གསུང་དབ༵ང་ཕྱུག །སང༵ས་རྒྱས༵་ཉག་གཅིག་རང་བྱུང་རིག་པའི་གཤིས། །རྡོ༵་རྗེ༵་ཐོད་ཕྲེང་བླ་མའི་ཞབས་ལ་འདུད། །རྒྱ་ཆེན་རྒྱུད་ལུང་མན་ངག་ཀུན་གྱི་བཅུད། །དགོངས་པ་ཡོངས་འདུས་བླ་མའི་ཐུགས་སྒྲུབ་ཀྱི། །བསྙེན་སྒྲུབ་ཉམས་ {{TibChung|[2a]}} ལེན་ཡི་གེ་རབ་གསལ་བ། །རང་གཞན་ཀུན་ལ་ཕན་བློས་འདིར་འཆད་ན། རྩ་གསུམ་བཀའ་ཡི་གནང་བ་ལེགས་སྩོལ་ལ། །ལམ་འདིའི་སྒོ་ནས་རིག་འཛིན་ས་བགྲོད་པའི། །ལས་ཅན་གདུལ་བྱ་གྲངས་མེད་འབྱུང་བ་དང་། །འབྲེལ་ཚད་དོན་དང་ལྡན་པར་བྱིན་བརླབ་གསོལ། །དེ་ཡང་ཟབ་ཆོས་གང་གི་མཚན་ཙམ་ཐོས་པས་ཀྱང་སྐལ་ལྡན་སྤྲོ་བ་བསྐྱེད་པ་གངས་ཅན་ས་འོག་ཀུན་གྱི་གཏེར་གཅིག །བླ་མའི་ཐུགས་སྒྲུབ་བྱེ་བ་ཕྲག་བརྒྱའི་ཡང་ཞུན། གུ་རུ་རིན་པོ་ཆེ་མངོན་སུམ་མཇལ་བ་ལྟ་བུའི་ཟབ་ཆོས་བླ་ན་མེད་པ་ {{TibChung|[2b]}} འདི་ལ་ཉམས་སུ་བླང་བྱའི་སྙིང་པོ་རིམ་པ་གཉིས་ཀྱི་ལམ་ཁྱད་པར་ཅན་དུ་བཞུགས་པ་ལས། འདིར་རིམ་པ་དང་པོ་ལ་སྤྱི་དང་བྱེ་བྲག་གི་སྒྲུབ་ལུགས་མང་དུ་གསུངས་པ་རྣམས་ཀྱི་གཙོ་བོ་བླ་མ་རྩ་བ་གསུམ་འདུས་ཡོངས་རྫོགས་སྒྲུབ་གཞུང་ཆེན་མོའི་དགོངས་དོན་བཞིན་ཉམས་སུ་ལེན་པའི་ཚུལ་འདུས་གསལ་གོ་བདེ་སྙིང་པོར་དྲིལ་ཏེ་འཆད་པ་ལ་གསུམ། བསྙེན་ཐབས་ཀྱི་ལག་ལེན་དངོས་གཞི་བསྟན་པ། གལ་ཆེ་བའི་སྤྱི་དོན་འཕྲོས་སུ་གདམས་པ། ཕན་ཡོན་ཅུང་ཟད་སྨོས་པས་བློ་ལྡན་སྤྲོ་བ་བསྐྱེད་པའོ། །དང་པོ་ལ་གསུམ། སྔོན་འགྲོ་སྟ་གོན་དུ་བྱ་བ། དངོས་གཞི་བསྙེན་སྒྲུབ་ཀྱི་རྣལ་འབྱོར། རྗེས་མཐའ་རྒྱས་ཀྱི་ལས་རིམ་མོ། །སྔ་མ་ལའང་སྤྱི་དང་ཁྱད་པར་གཉིས་ཀྱི། ཐོག་མར་སྤྱིའི་སྔོན་འགྲོ་ནི། འདི་ལ་གསུམ་སྟེ། ཕྱིའི་སྔོན་འགྲོ་གོང་མས་བྱིན་གྱིས་བརླབས་ཤིང་འཚེ་དོགས་རྣམ་གཡེང་མེད་པའི་གནས་སུ། སྡོད་མལ་ཟས་གོས་འཚོ་སྨན་གྲོགས་འཁོར་སོགས་མཐུན་རྐྱེན་དུ་འོས་པའི་ཡོ་བྱད་རྣམས་ཚང་བར་བསྡོགས་ཏེ། དངོས་གཞི་མཐར་མ་ཕྱིན་གྱི་བར་དུ་ {{TibChung|[3a]}} སེམས་བྲེལ་དང་འབད་རྩོལ་མི་དགོས་པར་བྱ། ནང་གི་སྔོན་འགྲོ་བར་ཆད་མི་འབྱུང་ཞིང་སྒྲུབ་པའི་འབྲས་བུ་མྱུར་དུ་འགྲུབ་པའི་ཕྱིར་ཕྱག་བསྐོར། བཀའ་བསྒྲགས། སཱཙྪ། ལམ་བཅོས། བསང་བརྔན་སོགས་མགྲོན་བཞི་ལ་མཆོད་སྦྱིན་ཅི་འབྱོར། རྡོར་སེམས་སྒོམ་བཟླས་སྐོང་བཤགས་སོགས་ཉམས་ཆག་སྒྲིབ་སྦྱོང་དང་། མཎྜལ་ཚོགས་ཀྱི་མཆོད་པ་སོགས་ཚོགས་བསགས་ཀྱི་རིམ་པ་ལ་ནན་ཏན་དུ་འབད། གསང་བའི་སྔོན་འགྲོ་སློབ་དཔོན་ཆེན་པོའི་ཞལ་ནས། འདི་ནི་ཀུན་གྱི་ཡང་སྙིང་ཆོས་ཡིན་པས༔ ཌཱ་ཀིའི་འཁུ་ལྡོག་བདུད་ཀྱི་ཆོ་འཕྲུལ་སོགས༔ རྐྱེན་གྱི་རྣམ་པ་བསམ་གྱིས་མི་ཁྱབ་པས༔ གང་ཡང་བར་ཆད་ཡིན་པ་ཤེས་པར་བྱ༔ གཉེན་པོ་ཡེངས་མེད་བརྩོན་འགྲུས་ལྕགས་ཀྱིས་བསྡམ༔ བླ་མ་ཡི་དམ་རྣམས་ལ་གསོལ་བ་ཐོབ༔ མཁའ་འགྲོ་ཆོས་སྐྱོང་སྐོང་གསོ་ཡང་ཡང་གྱིས༔ དེས་ནི་གནས་སྐབས་མཐར་ཐུག་དོན་ཆེན་འགྲུབ༔ ཅེས་གསུངས་པ་ལྟར། བར་དུ་གཅོད་པ་ཅི་ཞིག་བྱུང་ཡང་སྤྲོ་བ་ལས་ཡིད་ཕྱིར་མི་ལྡོག་པའི་གོ་ཆའི་བརྩོན་འགྲུས་ལྷག་ {{TibChung|[3b]}} པར་བགོ་སྟེ། ཀུན་གོ་གཅིག་ཆོད་བཀའ་གཏེར་ཀུན་གྱི་ཡང་བཅུད་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་མཐར་ཐུག་ཟབ་ཆོས་འདི་ལྟ་བུ་དང་མཇལ་བ་ནི་རྨི་ལམ་ན་ནོར་བུ་རྙེད་པ་ལྟར་མི་སྲིད་སྲིད་པའི་ཆོས་ཅན་ཡིན་ཅིང་། ལྟར་སྣང་གི་བྱ་སྤྱོད་ཇི་ཙམ་ཞིག་འབད་དུ་ཟིན་ཀྱང་གཏན་གྱི་བདེ་བ་ལ་ཕན་པའི་སྙིང་པོ་སྐྲའི་རྩེ་མོ་བརྒྱར་གཤག་པའི་ཆ་ཙམ་ཡང་མེད་པས། རིགས་འདུས་བླ་མའི་དཀྱིལ་འཁོར་ཆེན་པོ་འདི་ཉིད་མ་འགྲུབ་ཀྱི་བར་དུ་འཆི་བ་སྲོག་ལ་བབ་ཀྱང་སྒྲུབ་པ་མཐར་སྐྱེལ་བར་མི་བྱེད་རེ་སྙམ་པའི་ཞེ་དམ་བརྟན་པོ་ཡང་དང་ཡང་དུ་བླངས་ཏེ་འཁྲུལ་པའི་རྣམ་རྟོག་ལུ་གུ་རྒྱུད་ཆུ་གཉེར་ལྟ་བུ་རྦད་ཀྱིས་བཅད་ཅིང་། ཁྱད་པར་འཕགས་པའི་ཟབ་ཆོས་འདིའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དཔལ་གྱི་མགུར་ནས་རྡོ་རྗེའི་གསུང་གིས་ཆེ་ཐང་དུ་གདམས་པ་ལ་བསམ་སྟེ་སྒྲུབ་པ་ཉམས་ལེན་ལ་ཤིན་ཏུ་སྤྲོ་བའི་བློ་གཟེངས་བསྟོད་པ་དང་། རང་ཉིད་གྲགས་འདོད། གཞན་ལ་འགྲན་སེམས། ཉམས་མཚར་ཁ་ཆོས། བྱས་བྱས་བསྒྲུབས་བསྒྲུབས་ཀྱི་རྣམ་གྲངས་ཙམ་ལ་ {{TibChung|[4a]}} བློ་གཏོད་པས་འདི་ཉིད་བསྒྲུབས་ཀྱང་ཙནྡན་གྱི་སྡོང་པོ་སོལ་དུམ་དུ་བསྒྱུར་བ་ལྟར་སྒྲུབ་པའི་རྨང་འཆུག་ནས་འབད་པ་དོན་མེད་དུ་བཅོས་པ་ཡིན་པས་ན། མཁའ་ཁྱབ་ཀྱི་ཕ་མ་སེམས་ཅན་ཐམས་ཅད་གསུང་རྡོ་རྗེ་པདྨའི་མགོན་པོའི་གོ་འཕང་ལ་འགོད་པའི་ཕྱིར་དུ་ཟབ་མོའི་ལམ་བཟང་འདི་ལ་འཇུག་པར་བགྱིའོ་སྙམ་པའི་བྱང་ཆུབ་སེམས་བསྐྱེད་བཟང་པོས་ཐོག་མཐའ་ཀུན་དུ་ཟིན་པར་བྱའོ། །གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ལ་གཉིས། རྟེན་གྱི་དཀྱིལ་འཁོར་འདུ་བྱ་བ་དང་། རྟེན་མཆོད་བཤམ་པའོ། །དང་པོ་ནི། འབྱོར་པ་དང་སྤྲོས་པ་རབ་ཀྱིས་རྡུལ་ཚོན་གྱི་དཀྱིལ་འཁོར་ཚུལ་བཞིན་དུ་བཞེངས་པའམ། སྒྲུབ་པ་ཡུན་རིང་པོའི་ཕྱོགས་སུ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པ་ཉིད་འཇུག་པ་བདེ་ཞིང་ལེགས་པས་སྒྲུབ་ཆེན་པྲ་ཁྲིད་ནས་འབྱུང་བ་ལྟར་དཀྱིལ་འཁོར་རས་བྲིས་མཚན་ཉིད་དང་ལྡན་པ་འདུ་བྱ། དེ་ཡང་མ་འབྱོར་ན་མཎྜལ་ལ་འབྲུ་དཀར་དྲི་བཟང་བདུད་རྩི་ལྔས་གཤེར་བས་ཚོམ་བུ་ལྷ་གྲངས་དང་མཉམ་ན་ལེགས་པར་བཀོད་པས་ཀྱང་རུང་། {{TibChung|[4b]}} མེད་དུ་མི་རུང་བའི་སྒྲུབ་རྟེན་སྐུ་འབག་ནི་རས་གཞི་ལ་བླ་མ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱི་སྐུ་གཞུང་མཐུན་སྐྱ་བྲིས་ཟིན་པ་དང་། བྱང་སེམས་སིནྡྷུ་ར་འོ་མ་རྣམས་སྦྱར་བ་ཚོན་ལ་མི་གནོད་པའི་སླ་མོས། ཡབ་ཡུམ་གཉིས་ཀའི་གནས་གསུམ་དུ་ཨོཾ་ཨཱཿཧཱུཾ། ལྟེ་བར་ཧྲཱིཿདང་མ། མགྲིན་པ་ཙམ་ནས་ཕྲེང་ཚར་དུ་བསྙེན་སྒྲུབ་ལས་གསུམ་གྱི་སྔགས་དང་རྟེན་སྙིང་བཅས་གཟབ་ཆུང་དག་པར་བྲི། དེ་སྟེང་ཚོན་རྫོགས་ལེགས་པར་བཏང་ལ་གྲུབ་མ་ཐག་རབ་གནས་ནན་ཏན་བྱ། རྩ་གསུམ་སྲོག་འཁོར་བླ་རྡོ་གཏེར་གཞུང་ནས་གསུངས་པ་ལྟར་ཚད་ལྡན་སྦྱོང་ཁྲུས་རབ་གནས་བྱས་པའང་འཛོམ་ན་མཆོག་ཏུ་འགྱུར། གཞན་ཡང་འོག་ཏུ་དགོས་པའི་ཡོ་བྱད་མཐའ་དག་སྔ་ཚགས་སུ་ཚུད་པར་བྱའོ། །གཉིས་པ་རྟེན་མཆོད་བཤམ་པ་ནི། དེ་ནས་སྒྲུབ་པ་དངོས་ལ་འཇུག་པའི་ཐོག་མ་རྒྱལ་ཟླ་སོགས་ཉི་མ་བྱང་བགྲོད་ཀྱི་ཡར་ངོའི་གཟའ་སྐར་འཕྲོད་སྦྱོར་བཟང་པོའམ་ཁྱད་པར་གྱི་དུས་ཆེན་ཚེས་བཅུའི་སྔ་དྲོའི་ཆར་གནས་ཁང་བྱི་དོར་བྱས་ལ་རྒྱན་གྱིས་སྤྲས། གུ་རུའི་སྐུ་བརྙན་ {{TibChung|[5a]}} གཙོ་བོར་གྱུར་པའི་བྱིན་རླབས་ཅན་གྱི་རྟེན་ཅི་འབྱོར་བཤམས་པའི་མདུན་དུ་དཀྱིལ་འཁོར་གྱི་སྟེགས་བུར་ཆང་དང་བདུད་རྩི་ལྔ་སྦྱར་བས་ཆག་ཆག་བཏབ་ལ་རས་བྲིས་བཀྲམ། དབུས་སུ་བུམ་པ་མཚན་ལྡན་དར་སྣའི་མགུལ་ཆིངས་ཅན་རྒྱུན་འབབས་ཀྱི་ཆུ་དང་ཆང་གིས་སུམ་གཉིས་བཀང་བར་ལྔ་ཚན་ལྔའི་རྫས་བཏབ་ཅིང་ཤུགས་པ་དང་རྨ་བྱའི་མདོངས་ཀྱིས་ཁ་བརྒྱན། དེའི་སྟེང་དུ་ཁྲིའུ་ལ་ཐོད་པ་དུམ་བུ་གཅིག་པ་སོགས་མཚན་ལྡན་འབྲུ་སྣས་བཀང་བའི་དབུས་སུ་སྔར་གྱི་སྐུ་འབག་རབ་གནས་ཅན་བཙུགས་ལ་དར་དམར་གྱི་གུར་ཕུབ། མདུན་ཕྱོགས་སུ་ཀ་པཱ་ལ་མཚན་ལྡན་ནམ་རིན་པོ་ཆེའི་པད་སྣོད་དུ་ནས་འབྲས་གྲོ་སྲན་ཏིལ་ཏེ་འབྲུ་ལྔའི་ཟན་ལ་ཆོས་སྨན་ཛ་གད་སྤོད་སྣ་བསྲེས་པའི་གཏོར་མ་རིན་ཆེན་འབར་བ་ཕྱག་བཞེས་བཞིན་དཀར་དམར་རྒྱན་སྤྲོས་དང་ལྡན་པ་བཤམ། སྲོག་འཁོར་ཡོད་ན་སྨྱུག་སྦུབས་ལྟ་བུར་བཅུག་ནས་སྒྲུབ་གཏོར་འདིའི་ནང་གཞུག་བྱེད་པའང་ཡང་ན་གཏོར་གདུགས་འོག་ཏུ་མདུན་ {{TibChung|[5b]}} རྒྱབ་མ་ལོག་པར་བཏགས་པས་འཐུས། གཡས་གཡོན་དུ་རྩ་བརྒྱད་སྟོང་སྦྱར་དང་སོ་ལྔའི་ཕབ་གཏས་བྲན་པའི་སྨན་རཀ །མཐར་ཞི་མཆོད་གཡས་དང་དྲག་མཆོད་གཡོན་དུ་བྱས་ཏེ་ཕྲེང་ཚར་རམ་བསྐོར་བཤམ་ཅི་བདེ། རྒྱབ་ངོས་སུ་བཀའ་སྲུང་མ་གཟའ་རྡོར་གསུམ། གཏེར་སྲུང་ཚེ་རིང་མ་སོགས་ཀྱི་འབུལ་གཏོར་དང་། ཆད་མདོ་བརྟན་མ་བཅས་འགོད། འཛོམ་ན་འཕན་གདུགས་རྒྱལ་མཚན་ལ་སོགས་པའི་རྒྱན་བཀོད་རྣམས་ཀྱང་མཛེས་པར་བསྟར། གོ་ཡུལ་འགྲིགས་ཚེ་རང་ཉིད་ཁ་ནུབ་ཏུ་ཕྱོགས་པ་དང་དཀྱིལ་འཁོར་ཞལ་སྤྲོད་དུ་འགྱུར་པའི་སར་སྡོད་མལ་བྱ་སྟེ། སྤྲོ་ཞིང་ནུས་ན་གཏེར་ཁ་རིགས་མཐུན་གཞན་ནས་ཟབ་གནད་དུ་གདམས་ཤིང་འདི་ཉིད་ནས་ཀྱང་ཕྱོགས་མཚོན་གསུངས་པའི་འོག་ཏུ་བདུད་བཞིའི་མནན་པ་དང་། སྟེང་ཕུབ་གཏེར་གཞུང་ལྟར་གུ་རུ་དཔའ་བོ་སྡེ་ལྔའི་ཙཀྲ་བཅས་གྲུབ་ན་ལེགས་པའི་ཡན་ལག་ཏུ་འགྱུར་ཞིང་། གང་ལྟར་ཡང་རྡོ་རྗེ་གཡུང་དྲུང་གི་རེ་ཁཱ་དཀར་པོ་བྲིས་པའི་ཁར་སྟན་ནང་ཚང་ཅན་འདིང་། མདུན་དུ་ནང་མཆོད། རྡོ་དྲིལ། ལས་བུམ། {{TibChung|[6a]}} ཌཱ་མ་རུ། མེ་ཏོག་གི་སྣོད་སོགས་ཉེ་བར་མཁོ་བའི་ཆས་རྣམས་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་བསྙེན་སྒྲུབ་ཀྱི་ཉམས་ལེན་ལ་གཉིས། རྩ་བ་དང་། ཡན་ལག་གི་རྣལ་འབྱོར་རོ། །དང་པོ་ནི། དེ་ལྟར་བཅས་བཤམས་ལེགས་པར་གྲུབ་པའི་དགོངས་ཐུན་ནས་དབུ་བཟུང་ལ། ཚིག་བདུན་དང་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས་ལས་བྱང་ལྟར་སྐྱབས་སེམས་ཡན་ལག་བཅུ་པ་རྣམས་ལན་གསུམ་གསུམ་བྱ། རང་ཉིད་སྐད་ཅིག་གིས་རྟ་མགྲིན་དུ་གསལ་ལ་རྟ་སྔགས་བརྒྱ་རྩ་ཙམ་བཟླ། ལས་བུམ་དུའང་དེ་ལྟར་བསྐྱེད་དེ་སྔགས་བཟླས་པས་བྱིན་བརླབས། དཀར་གཏོར་བྱིན་བརླབ་བསྔོ་བ་ཕྲིན་བཅོལ་རྣམས་སྤྱི་ལྟར་བྱས་ལ་སྡོང་གྲོགས་བཅོལ། བགེགས་གཏོར་གཞུང་བཞིན་བསྔོས་ཏེ་བཀའ་བསྒོ་དང་བཅས་བསྐྲད། གུ་གུལ་གྱིས་བདུག །ཡུངས་ཐུན་གྱིས་བྲབ། རྣམ་འཇོམས་སྨེ་བརྩེགས་བཟླས་པའི་དྲི་ཆབ་ཀྱིས་བསང་བ་རྣམས་ནན་དུ་བྱ། ཕྱི་སྒོའི་དྲུང་དུ་ཐོ་དཀར་པོ་བརྩིགས་པ་ལ་རྒྱལ་ཆེན་བཞིའི་སྐུའམ་སྔགས་བྱང་བྲིས་པའི་ཤིང་ {{TibChung|[6b]}} བྱང་དང་བ་དན་བཙུགས། མཆོད་གཏོར་བཤམས་ལ་བསང་སྦྱང་བྱིན་རླབས་སྤྱི་ལྟར་བྱ། རང་ཉིད་དབང་ཆེན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། རི་རབ་ཀྱི་ཕྱོགས་བཞི་ནས་རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་རྟེན་དང་གཉིས་སུ་མེད་པར་བསམ། ཨོཾ་དྷྲྀཥྚ་རཥྚ་ཡ་སྭཱཧཱ༔ ཨོཾ་བཻ་རུ་ཌྷ་ཀཱ་ཡ་སྭཱཧཱ༔ ཨོཾ་བི་རུ་པཀྵ་ཡ་སྭཱཧཱ༔ ཨོཾ་བེ་ཤྲ་མ་ཎ་ཡ་སྭཱཧཱ༔ ཞེས་སྔགས་རྣམས་ལན་བདུན་རེ་བཟླ། ཨརྒྷཾ་ནས་ཤཔྡའི་བར་གྱིས་ཉེར་སྤྱོད་དང་། སོ་སོའི་སྔགས་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་ལན་གསུམ་རེས་གཏོར་མ་ཕུལ་ལ། ཧཱུཾ་ཧྲཱིཿ རྒྱལ་བའི་བཀའ་ཉན་བསྟན་པ་སྲུང་མཛད་པ༔ ཕྱོགས་སྐྱོང་རྒྱལ་པོ་ཆེན་པོ་སྡེ་བཞི་པོ༔ གཙང་སྦྱར་མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ གནས་འདིར་སྒྲུབ་པ་མཐའ་རུ་མ་ཕྱིན་བར༔ མ་དག་གདོན་བགེགས་ཚོགས་རྣམས་མཚམས་ཆོད་ཅིག༔ ཅེས་ཕྲིན་ལས་བཅོལ། རང་སྔགས་རྣམས་དང་སུ་པྲ་ཏིཥྛས་བརྟན་བཞུགས་བྱས་ལ་ཕྱི་མཚམས་བཅད། ནང་སྒོའི་ཡ་ {{TibChung|[7a]}} ཐེམ་ལ་རྟ་མགྲིན་གྱི་སྐུའམ་སེང་ལྡེང་གི་ཕུར་བུ་ལ་སྙིང་པོ་བྲིས་པ་བཏགས། མཆོད་གཏོར་བྱིན་བརླབས། རྟེན་བསང་སྦྱང་། སྟོང་པའི་ངང་ལས་རྟེན་ཉིད་སྐད་ཅིག་གིས་དབང་ཆེན་རྟ་མགྲིན་དུ་གསལ་བའི་གནས་གསུམ་འབྲུ་གསུམ་དང་། རང་གི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་འོག་མིན་ནས་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་རྟེན་དང་གཉིས་མེད་དུ་བསམ། ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ ལན་བདུན། ཨརྒྷཾ་སོགས་དང་། སྔགས་མཐར་ཨི་དཾ་བ་ལིཾ་ཏ་སོགས་བཏགས་པ་ལན་གསུམ་གྱིས་མཆོད་གཏོར་ཕུལ་ལ། ཧཱུྃ༔ སུམ་ཅུ་རྩ་གསུམ་དགའ་ལྡན་ལྷ་ཡུལ་ནས༔ བཅོམ་ལྡན་ཆོས་རྗེ་ལྷ་ཡིས་བཀའ་སྩལ་ལྟར༔ དེང་འདིར་སྒྲུབ་པ་མཆོག་ལ་ད་ཞུགས་ཀྱིས༔ དངོས་གྲུབ་རྒྱ་མཚོ་བདག་གིས་མ་ཐོབ་བར༔ ཁྲོ་བོ་ཆེན་པོ་འཇིགས་བྱེད་རྟ་མགྲིན་གྱིས༔ བར་གཅོད་འབྱུང་པོ་ཐམས་ཅད་ཕྱིར་དེད་ལ༔ མཆོག་ཐུན་དངོས་གྲུབ་འཁྱིལ་བའི་གྲོགས་མཛོད་ཅིག༔ ཅེས་ཕྲིན་ལས་བཅོལ་ཏེ། བརྟན་བཞུགས་དང་ཤིས་པ་བརྗོད་ {{TibChung|[7b]}} ལ་ནང་མཚམས་བཅད། འདི་ནས་བརྩམས་མི་འགྲུལ་བཅད། ཀ་ཅ་ཡི་གེ་སོགས་ཀྱི་གཏོང་ལེན་སྤང་། བོ་ཟག་ལྟེམ་ལོག་བཞིའི་དྲི་མ་བསྲུབ་ཚུལ་འོག་ཏུ་སྨོས་པ་ལྟར་བྱའོ། །དེ་ནས་སྟན་ལ་འཁོད་དེ་དམ་ཚིག་གསུམ་དྲན་པས་རྡོར་དྲིལ་བཟུང་ལ་མཚམས་གཅོད་བཏང་། དམིགས་པ་གནས་ཡུལ་ཐོ་གྲི་གུག་རལ་གྲི་འཁོར་ལོ་རྣམས་ཀྱི་གུར་ཁང་ཟླུམ་པོ་བར་མཚམས་ཐམས་ཅད་ཁྲོ་ཆུང་འཆོལ་པའི་ཚོགས་སྐར་ལྟར་འཁྲུགས་ཤིང་། ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་ཁ་དོག་སྣ་ལྔ་པ་འབར་བའི་སྲུང་བའི་འཁོར་ལོ་ཤིན་ཏུ་བརྟན་པས་དཀྲིག་སྟེ་བར་དུ་གཅོད་པ་གང་གིས་ཀྱང་གླག་མི་རྙེད་པར་བསྒོམ། འདི་ཉིད་སྒྲུབ་པ་ཐམས་ཅད་གྲུབ་པའི་རྗེས་ཆོག་གི་ཉེར་བསྡུའི་སྐབས་བར་མི་བསྡུ་ཞིང་ཐུན་མགོ་རྣམས་སུའང་གསལ་འདེབས་བསྐྱར་མ་རེ་བྱ། དེ་ནས་བརྡ་སྒོ་དབྱེ་བ་སོགས་སྔོན་འགྲོའི་ལས་རིམ་ཚང་བ་དང་། ཏིང་འཛིན་རྣམ་གསུམ་ནས་བརྩམས་དཀྱིལ་འཁོར་རྟེན་བརྟེན་པར་བཅས་པ་བདག་མདུན་དབྱེར་མེད་དུ་ {{TibChung|[8a]}} བསྐྱེད་ལ། སྤྱན་འདྲེན་ནས་མཆོད་བསྟོད་བཤགས་པའི་བར་དུ་བཏང་། བསྙེན་པ་སུམ་བརྒྱ། སྒྲུབ་སྔགས་སྟོང་རྩ། ལས་སྦྱོར་ཉེར་གཅིག་ཙམ་བཟླས་ལ་ཛཔྲ་བསྟོད་འབུལ། དམ་ཅན་གཏོར་ཆོག་དང་ཚོགས་བྱིན་བརླབ་ནས་ལྷག་མའི་བར་བཏང་། བསྙེན་སྒྲུབ་ཀྱི་ཚེ་ལྷག་མ་བཙོན་འཛིན་བྱ་དགོས་པས་འཛོམ་ན་དཀྱིལ་འཁོར་གྱི་བྱང་ཤར་དུ་ཞིང་ལྤགས་དངོས་སམ་རི་མོར་བྲིས་པའི་སྟེང་ཐལ་ཆེན་གྱི་ཚོམ་བུ་བཀོད་པར་རམ། མ་འཛོམ་ན་སྣོད་དུ་བསགས་ལ་ཁེབས་ཀྱིས་བཀབ། བསྐུལ་དང་ཆད་བརྟན་རྟ་བྲོ་བཅས་གྲོལ་དུས་ལས་མི་དགོས་པས་བཟོད་གསོལ་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་ཀྱི་བར་བྱས་ཏེ་ཉལ་བའི་རྣལ་འབྱོར་ལ་འཇུག །ཕྱིར་ནངས་ནས་བརྩམས་ཐུན་བཞིའི་རིམ་པས་ཉམས་སུ་བླང་དགོས་པ་ལས། ཐོག་མར་ཐོར་ཐུན་ལ། ཚིག་བདུན་བརྒྱུད་འདེབས་སྐྱབས་སེམས་ཚོགས་བསགས་རྣམས་དང་མཚམས་གཅོད་ནས་བཟུང་ལས་བྱང་མཐར་ཆགས་སུ་བཏང་། དེ་ལ་སྐུ་བསྐྱེད་པ། སྙིང་པོ་བཟླ་བ། དགོངས་པ་བསྐྱང་བ་གསུམ་དངོས་གཞིའི་ {{TibChung|[8b]}} སྐབས་དོན་གྱི་གཙོ་བོ་ཡིན་པས། དང་པོ་ནི། ཏིང་ངེ་འཛིན་རྣམ་གསུམ་གྱིས་ཁོག་དབུབ། རྟེན་དང་བརྟེན་པའི་དཀྱིལ་འཁོར་མདུན་གྱི་སྒྲུབ་དཀྱིལ་དམིགས་རྟེན་གྱི་མཚན་གཞི་ལྟ་བུར་བཟུང་སྟེ་བདག་མདུན་དབྱེར་མེད་དུ་བསྒོམ་པ་སྟེ། དེའང་དཀྱིལ་འཁོར་གྱི་དབུས་སུ་རང་ཉིད་གཙོ་བོ་རྟ་ཕག་ཡབ་ཡུམ་དུ་གསལ་བའི་སྤྱི་བོར་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ། དེའི་ཐུགས་ཀ་དང་ཕྱོགས་བཞིའི་པད་འདབ་ལ་ཐོད་ཕྲེང་རིགས་ལྔ། དེའི་ཕྱི་རོལ་དུ་རིམ་བཞིན་འགྲོ་འདུལ་གུ་རུ་དྲུག །སྤྲུལ་པའི་མཚན་བརྒྱད། སྒོའི་ནང་ཁོངས་སུ་རིགས་བཞིའི་མཁའ་འགྲོ་ཡབ་ཡུམ། དེ་མཐར་མོས་བསྐྱེད་ཙམ་གྱིས་རྩ་བརྒྱུད་བླ་མའི་ཚོགས་དང་། སྣ་ཚོགས་པད་འཁོར་ཕྱི་མ་ལ་ཡི་དམ་ལྷ་དང་རིག་འཛིན་མཁའ་འགྲོ་ཆོས་སྐྱོང་རྣམས་སྤྲིན་གཏིབས་པ་བཞིན་དུ་གསལ་ཞིང་། དེ་ཐམས་ཅད་དུ་མར་སྣང་ཡང་རང་གི་སེམས་ཉིད་བླ་མ་ཐོད་ཕྲེང་རྩལ་གྱི་རང་བཞིན་དུ་རྣམ་པར་དག་པའི་རྩལ་སྣང་ཙམ་དུ་ཐག་བཅད་ནས། མ་འདྲེས་ཡོངས་རྫོགས་མེ་ལོང་ནང་གི་གཟུགས་བརྙན་བཞིན་གསལ་ {{TibChung|[9a]}} སྟོང་ཞེན་བྲལ་དུ་བསྒོམ། རྗེས་འབྲེལ་དུ་ཡེ་ཤེས་པ་སྤྱན་འདྲེན་ཅིང་བཞུགས་གསོལ་ཕྱག་མཆོད་བསྟོད་བཤགས་རྣམས་ཚང་བར་བྱ། གཉིས་པ་སྔགས་བཟླ་བའི་ཐོག་མར་བསྙེན་པའི་དོན་དུ། སྤྱི་བོའི་བླ་མའི་ཐུགས་ཀར་ཟླ་བའི་གདན་ལ་གསེར་གྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཧྲཱིཿདཀར་པོའི་མཐར་སྙིང་པོ་བཛྲ་གུ་རུས་བསྐོར་བར་བསྒོམ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་བྱང་སེམས་རྩ་གསུམ་རིག་འཛིན་རྒྱ་མཚོའི་ཚོགས་ལ་མཉེས་པའི་མཆོད་པ་ཕུལ། དེ་དག་གི་དབང་བྱིན་དངོས་གྲུབ་ཐམས་ཅད་འོད་ཟེར་བདུད་རྩིའི་རྣམ་པར་བསྡུས་ཏེ་བླ་མ་ལ་ཐིམ་པས། བླ་མ་ཉིད་སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་ཆེ་བའི་གཟི་བྱིན་ལྷག་པར་བསྐྱེད་པར་བསམ་ཞིང་། མོས་གུས་གདུང་ཤུགས་དྲག་པོས་གསོལ་འདེབས་སྔོན་དུ་འགྲོ་བས་བཛྲ་གུ་རུ་ཅུང་ཟད་བཟླས་མཐར་དབང་བླང་བའི་དམིགས་པ་ནི། བླ་མ་ཡབ་ཡུམ་གཉིས་མེད་པའི༔ སྤྱི་གཙུག་ཨོཾ་ལ་མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་ལ་ལྟེ་བར་ཧྲཱིཿ ཡུམ་གྱི་ལྟེ་བར་མ་བསྒོམ་ {{TibChung|[9b]}} མོ༔ དེ་ནས་ཡབ་ཡུམ་སྤྱི་གཙུག་ནས༔ ཨོཾ་དཀར་འོད་ཟེར་དང་བཅས་པ༔ བདག་གི་སྨིན་མཚམས་མཛོད་སྤུར་བབས༔ བུམ་དབང་ཐོབ་ནས་ལུས་སྒྲིབ་དག༔ སྐུ་ཡི་དངོས་གྲུབ་ཐོབ་པར་བསམ༔ དེ་ནས་ཡབ་ཡུམ་མགྲིན་པ་ནས༔ ཨཱཿདམར་འོད་ཟེར་དང་བཅས་པ༔ བདག་གི་ལྕེ་ཡི་དབང་པོར་བབས༔ གསང་བའི་དབང་ཐོབ་ངག་སྒྲིབ་དག༔ གསུང་གི་དངོས་གྲུབ་ཐོབ་པར་བསམ༔ དེ་ནས་ཡབ་ཡུམ་ཐུགས་ཀ་ནས༔ ཧཱུཾ་མཐིང་འོད་ཟེར་དང་བཅས་པ༔ བདག་གི་སྙིང་གའི་དཀྱིལ་དུ་བབས༔ ཡེ་ཤེས་དབང་ཐོབ་ཡིད་སྒྲིབ་དག༔ ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ༔ དེ་ནས་ཡབ་ཡུམ་ལྟེ་བ་ནས༔ ཧྲཱིཿམ་འོད་ཟེར་ལྔ་བཅས་པ༔ བདག་གི་ལྟེ་བའི་དཀྱིལ་དུ་བབས༔ སྒོ་གསུམ་ཐ་དད་འཛིན་སྒྲིབ་དག༔ དབྱེར་མེད་ལྷན་སྐྱེས་དབང་བཞི་ཐོབ༔ བདག་དང་སེམས་ཅན་ཀུན་བདེར་གྱུར༔ ཞེས་གསུངས་པ་བཞིན་དབང་བཞི་བླང་རྗེས་བླ་མ་ཡབ་ཡུམ་ཀྱང་འོད་དུ་ཞུ་ནས་རང་ལ་ཐིམ་པས་གཉིས་སུ་མེད་པར་མོས་ལ་དབང་དོན་བསམ་པ་ནི། ལུས་ནི་རྣམ་སྣང་ {{TibChung|[10a]}} ཆོས་བདུན་བཅའ༔ ཡིད་ནི་གསང་ལམ་མིག་འབྲས་ཀྱི༔ དཀྱིལ་དུ་མ་ཡེངས་ཙེན་ནེ་བཞག༔ བློ་ཡིས་མ་བཅོས་དྲན་མེད་དུ༔ སྐྱེས་བུ་ཁོང་སྙིང་ཕྱུངས་པ་ལྟར༔ བདག་འཛིན་མེད་པར་ས་ལེར་བཞག༔ བསྒོམ་བྱ་སྒོམ་བྱེད་མེད་པར་བཞག༔ རང་བྱུང་ཡེ་ཤེས་ལྷན་སྐྱེས་འཆར༔ བདེ་གསལ་ཆོས་ཉིད་རོལ་པ་ལ༔ དེར་འཛིན་སྐྱེས་ན་འཆིང་བར་བྱེད༔ དེ་ཉིད་རང་རིག་མི་འགྱུར་ན༔ རིག་པ་རྩལ་གྱི་དབང་ཐོབ་ནས༔ ཉོན་མོངས་སྐྱེས་ཚད་གྲོགས་སུ་འཆར༔ བདག་ཉིད་ཆེན་པོ་བླ་མ་ཡི༔ དབང་ཆེན་ཐོབ་པར་ངེས་ཤེས་བསྐྱེད༔ ཅེས་གསུངས་པ་ལྟར་དགོངས་པ་བསྐྱང་། དངོས་གཞི་སྒྲུབ་པའི་དམིགས་པ་གཞུང་གསལ་ལྟར་ལ་བཟླ་བྱའི་སྔགས་ཐོད་ཕྲེང་རྩལ་ཤམ་བུ་མེད་པ་ཁོ་ན་ཡིན་ཏེ། ཞལ་གདམས་སུ། ས་ནི་བཅུ་གསུམ་ལམ་ལྔ་ཡང་༔ ང་བསྒྲུབ་ཐོད་ཕྲེང་བཟླས་པས་བགྲོད༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ གསུང་རབ་ཐམས་ཅད་ཀློག་དང་མཚུངས༔ ཞེས་དང་། རེས་འགའ་སྔགས་ཀྱི་འབྲུ་དོན་བསམ༔ ཨོཾ་ནས་ཨཱཿནི་ཡན་ཆོད་ {{TibChung|[10b]}} ལ༔ བཟླས་བསྒོམ་རིག་པ་གཏད་དུས་སུ༔ བླ་མ་ཌཱ་ཀིའི་སྲོག་ཐོབ་འགྱུར༔ ཞེས་གསུངས་པས། འབྲུ་ཉེར་བཞི་པོ་རེ་རེ་བཞིན་དབྱིབས་དང་གདངས་དང་ཤེས་ན་སྔགས་དོན་བསམ་ལ་སེམས་གཏད་པ་དང་། ཡང་། རེས་འགའ་ཐོད་ཕྲེང་རྩལ་གྱི་སྐུ༔ ནམ་མཁའ་གང་བ་ཆད་ལྟར་བབས༔ སྒྲུབ་པ་པོ་ཡི་སྤྱི་བོར་ཐིམ༔ ཤ་མེད་འོད་ཀྱི་གཟུགས་ཅན་ནི༔ པདྨ་འབྱུང་གནས་སྐུ་རུ་བསྒོམ༔ དེ་དུས་ཆེ་བའི་ང་རྒྱལ་བསྐྱེད༔ སྲོག་གི་སྙིང་པོ་ཐོད་ཕྲེང་རྩལ༔ བྲག་ཁ་དག་ནས་ཆུ་འབབ་བཞིན༔ དྲག་པོར་བར་མཚམས་མེད་པར་སྒྲོངས༔ ང་ཉིད་རང་དབང་མེད་པར་འབྱོན༔ ཨོཾ་རྒྱན་པདྨ་བདག་ཉིད་ལ༔ མོས་གུས་དྲག་པོས་གུས་པ་དང་༔ དུང་དུང་གདུང་སེམས་དྲག་པོ་ཡིས༔ གསོལ་བ་དྲག་པོ་བཏབ་པའི་ཚེ༔ ང་ཉིད་དེ་ཡི་དྲུང་དུ་འབྱོན༔ ཞེས་གསུངས་པའི་ཚིག་དོན་བསམ་ཞིང་ངེས་ཤེས་བསྐྱེད། ཁྱད་པར་ཐོད་ཕྲེང་རྩལ་གྱི་སྐུ་ནམ་མཁའ་གང་བར་བྱོན་ཏེ་རང་ལ་ཐིམ་པའི་དམིགས་པ་སོགས་བྱ། གཞན་ཡང་། ཙ་ཀ་ལི་ནི་སྐུ་ཡི་རྟེན༔ དེ་ལ་བལྟ་ཞིང་དམིགས་པ་བཟུང་༔ མ་ {{TibChung|[11a]}} ཡེངས་ཡིད་ཀྱི་འཛིན་ཕུར་གདབ༔ ཅེས་གསུངས་པས་མདུན་གྱི་སྐུ་རྟེན་དེ་ལ་མིག་ཙིར་ཟིན་མདུང་ཚུགས་མིན་པའི་ཡིད་མིག་རླུང་གསུམ་ལྷན་ནེར་གཏད་ལ་བཟླ་བ་སོགས་མདོར་ན་དམིགས་གཏད་གཅིག་ཁོ་ནའི་སྤར་བཀབ་མིན་པར་ཤེས་པ་བག་ཡངས་སུ་མ་ཤོར་བའི་ངང་ནས་ཉམས་དང་གང་མཐུན་པ་བསྐྱང་ཞིང་ཛཔྲ་བཟླའོ། །བཟླས་པའི་ཐུན་འཇོག་ཁར་གསུམ་པ་དགོངས་པ་བསྐྱང་བ་ནི། ཧཱུཾ་ཧྲཱིཿ རང་སྣང་སྣང་བ་མཐའ་ཡས་སྐུ༔ གཟུང་འཛིན་བྲལ་བའི་སེམས་ལ་ལྟོས༔ ཆོས་སྐུ་སྣང་མཐའ་ལོགས་ན་མེད༔ རང་རིག་ཆོས་སྐུ་ངོ་མཚར་ཆེ༔ ཧཱུཾ་ཧྲཱིཿ སྒྲ་གྲགས་འགགས་མེད་ཐུགས་རྗེ་ཅན༔ སྨྲ་བསམ་བརྗོད་འདས་དོན་ལ་ལྟོས༔ ནམ་མཁའི་རྒྱལ་པོ་ལོགས་ན་མེད༔ རང་བྱུང་ལོངས་སྐུ་ངོ་མཚར་ཆེ༔ ཧཱུཾ་ཧྲཱིཿ རྟོག་ཚོགས་རང་གྲོལ་པདྨ་འབྱུང་༔ འཛིན་མེད་ཟང་ཐལ་ངང་ལ་ཞོག༔ པདྨ་འབྱུང་གནས་ལོགས་ན་མེད༔ ཐུགས་རྗེ་སྤྲུལ་སྐུ་ངོ་མཚར་ཆེ༔ ཧཱུཾ་ཧྲཱིཿ སྣང་བའི་ངོ་བོ་དཔལ་ཆེན་རྟ་མགྲིན་ཡབ༔ སྟོང་པའི་རང་བཞིན་ {{TibChung|[11b]}} རྡོ་རྗེ་རྣལ་འབྱོར་མ༔ དུག་ལྔ་རང་གྲོལ་སྐུ་ལྔ་ལྷུན་གྱིས་གྲུབ༔ ཚོགས་དྲུག་རང་གྲོལ་འགྲོ་འདུལ་གུ་རུ་དྲུག༔ མ་འགག་གང་འདུལ་སྤྲུལ་པ་མཚན་མཆོག་བརྒྱད༔ ཡེ་ཤེས་ལྔ་ལྡན་དཔའ་བོ་གིང་ཆེན་ཚོགས༔ འབྱུང་བ་ལྔ་དག་མཁའ་འགྲོ་སྡེ་ལྔར་ཤར༔ ཐམས་ཅད་རང་བྱུང་རང་ཤར་རང་ལ་རྫོགས༔ རང་བྱུང་དངོས་གྲུབ་བསམ་ཡས་པ༔ སྐྱེ་མེད་ཆོས་སྐུའི་རང་རྩལ་ཡིན༔ སྐྱེ་མེད་བདེ་ཆེན་དོན་རྟོགས་ན༔ གཞི་མེད་རྩ་བྲལ་ལྷན་སྐྱེས་འཆར༔ ཞེས་འདོན་སྒོམ་སྦྲག་ཅིང་། ལྷ་སྔགས་ལ་ཆེད་འཛིན་གྱི་སྤྲོས་པ་དོར་ཏེ་རང་རིག་གཉུག་མའི་ངོ་བོ་ཟང་ཐལ་རྗེན་པར་བསྐྱང་བཞིན་པའི་ངང་ནས་ཛཔྲ་ཀྱང་བཟླ། ཐུན་མཐར་ཉེར་སྤྱོད་སྨན་རཀ་གཏོར་མ་སྔགས་ཙམ་གྱིས་མཆོད་ཅིང་མ་བཅོས་སྤྲོས་བྲལ་སོགས་ཤློ་ཀས་བསྟོད། ཡི་གེ་བརྒྱ་པས་ནོངས་པ་བཤགས་ནས། དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་འོད་གསལ་དུ་བསྡུས་ཏེ་བློ་འདས་ཀ་དག་གི་ངང་ལ་བཞག །སླར་ཡང་ཟུང་འཇུག་གི་སྐུར་ལྡང་ལ་བསྔོ་སྨོན་དང་ཤིས་བརྗོད་བྱ། དེ་ནས་ཞོག་ཐུན། དགོངས་ཐུན། {{TibChung|[12a]}} སྲོད་ཐུན་རྣམས་ཀྱང་མཚམས་གཅོད་ནས་བཟུང་དེས་རིགས་འགྲེས་སུ་བྱ་ཞིང་། དགོངས་ཐུན་ནམ་སྲོད་ཐུན་གང་རིགས་ཀྱི་རྗེས་སུ་ཚོགས་མཆོད་དང་དམ་ཅན་གཏེར་སྲུང་གི་གཏོར་འབུལ་རྣམས་ཀྱང་མ་ཆག་པར་བྱའོ། །ཚུལ་དེ་ལྟ་བུའི་རིམ་པས་གྲངས་དུས་མཚན་མའི་བསྙེན་པ་གསུམ་གང་ཡང་རུང་བ་ཞིག་མཐར་ཕྱིན་པར་བྱ་སྟེ། ཞལ་གདམས་ལས། གྲངས་ཀྱི་བསྙེན་པ་བྱེ་བ་དང་༔ དུས་ཀྱི་བསྙེན་པ་ཟླ་བ་གསུམ༔ དེ་བར་མཚམས་ནི་དམ་པོར་བསྡམ༔ ཞེས་གསུངས་པས། དུས་ཟླ་བ་གསུམ་གྱི་རིང་ཐོད་ཕྲེང་རྩལ་འབུམ་ཕྲག་བཅུ་འདྲེན་དགོས་ལ། དེ་ཡང་ཁ་ཅིག་ཏུ། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། ས་ཡ་བྱེ་བ་དུང་ཕྱུར་ཏེ། ཞེས་ས་ཡ་སྔོན་དུ་འདྲེན་ཀྱང་། རང་ལུགས་གུ་རུའི་གསུང་ལས། བརྒྱ་སྟོང་ཁྲི་འབུམ་བྱེ་བ་གཅིག༔ ཅེས་གསུངས་པས་འབུམ་བཅུ་ལ་བྱེ་བ་ཕྲག་གཅིག་ཏུ་བརྩི་བ་ཡིན། མཚན་མའི་རྟགས་ནི་སྔོན་གྱི་ལས་འཕྲོ་ཆེ་ཆུང་གི་དབང་གིས་ངེས་མེད་དུ་འབྱུང་བ་ཡིན་ཅིང་། ཇི་ལྟར་འབྱུང་ཚུལ་ཀྱང་ཞལ་གདམས་ {{TibChung|[12b]}} ལས། དེ་ལ་གྲུབ་རྟགས་རབ་འབྲིང་ནི༔ རབ་ཀྱིས་དངོས་སུ་ཞལ་མཐོང་ཞིང་༔ འབྲིང་གིས་རྟགས་ནི་ལམ་ཙམ་མཐོང་༔ ཐ་མས་ཟླ་བ་གསུམ་ནང་དུ༔ རྨི་ལྟས་བཟང་པོ་མཐོང་བར་འགྱུར༔ ཞེས་དང་། ཐུན་མོང་དུ་ནི་འདི་ལྟར་འབྱུང་༔ བདག་ལུས་བདེ་བའི་དངོས་གྲུབ་འབྱུང་༔ ལུས་ཀྱི་རྫུ་འཕྲུལ་སྟོན་པར་ནུས༔ དྷཱ་ཀི་དབང་དུ་འདུས་པའི་རྟགས༔ བུད་མེད་རིགས་གྱུར་ཀུན་ཀྱང་འདུ༔ དཔའ་མོ་དབང་དུ་འདུས་པའི་རྟགས༔ སྔགས་བཙུན་སྐྱེ་བོ་ཐམས་ཅད་འདུ༔ དཔའ་བོ་དབང་དུ་འདུས་པའི་རྟགས༔ རབ་དངོས་འབྲིང་ཉམས་ཐ་མ་ཡང་༔ རྨི་ལམ་ཙམ་དུ་མཁའ་འགྲོ་རྣམས༔ ལུང་སྟོན་ཆོས་བཤད་ལེགས་ཉེས་སྨྲ༔ ལྷ་འདྲེ་མི་གསུམ་དབང་དུ་འདུ༔ རིགས་གང་དབང་དུ་འདུས་པའི་སར༔ གདུལ་བྱ་རྒྱ་མཚོ་མ་ལུས་འབྱུང་༔ ངག་ལ་ནུས་པ་ཐོགས་མེད་འབྱུང་༔ མ་བསླབ་ཆོས་སྒོ་སྨྲ་བར་ནུས༔ སྨྲས་པ་བཙན་ཅིང་སྨོན་ལམ་འགྲུབ༔ ཡིད་ལ་དག་སྣང་དཔག་མེད་འཆར༔ བླ་མ་དྷཱ་ཀིའི་གནས་ཆེན་མཐོང་༔ མངོན་པར་ཤེས་པ་ཕྲ་མོ་འབྱུང་༔ ཁྱད་པར་ {{TibChung|[13a]}} རྟགས་སུ་བླ་མ་ལ༔ དག་སྣང་དཔག་མེད་འཆར་བ་དང་༔ ཆོས་སྒོ་དཔག་མེད་གསུངས་པ་དང་༔ ཡང་ན་སྣང་བ་བླ་མར་འཆར༔ སྣང་སྲིད་ཀུན་གྱི་ཆོས་རྣམས་སྟོན༔ དངོས་སུ་བསམ་པ་ཡིད་བཞིན་འགྲུབ༔ འོན་ཀྱང་དམ་ལ་གནས་པ་གཅེས༔ ཞེས་གསུངས་སོ། །གཉིས་པ་ཡན་ལག་གི་རྣལ་འབྱོར་ནི། མཉམ་པར་མ་བཞག་པའི་རྣལ་འབྱོར་ཅེས་མན་ངག་རྣམས་ནས་དབྱེ་བ་མང་དུ་གསུངས་ཀྱང་། འདིར་སྐབས་སུ་བབས་པའི་རྣལ་འབྱོར་ལ་དྲུག་སྟེ། དང་པོ་ཉལ་བའི་རྣལ་འབྱོར་ནི། སྟོང་པའི་ངང་དུ་ཉལ་ན། སྙིང་གའི་ས་བོན་གྱི་འོད་ཀྱིས་སྣོད་བཅུད་རང་ལུས་ཐུགས་སྲོག་ལ་རིམ་པར་བསྡུས་ཏེ་དེ་ཉིད་སྟོང་པའི་དབྱིངས་སུ་ཞུགས་པ་ལ་བློ་བཞག་ནས་སེང་གེའི་སྟབས་ཀྱིས་ཉལ། བདེ་བའི་ངང་དུ་ཉལ་ན། གདན་གཞལ་ཡས་ཁང་སོགས་མི་བསྡུ་བར་འཁོར་རྣམས་གཙོ་བོའི་ཐུགས་སྲོག་ཧྲཱིཿལ་བསྡུ། གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་ཏེ་བདེ་བ་ཆེན་པོས་འོད་དུ་ཞུ། བྱང་ཆུབ་སེམས་ཀྱི་ཐིག་ལེར་གྱུར་པ་ལ་སེམས་བཟུང་ནས་ཉལ་ལོ། {{TibChung|[13b]}} གཉིས་པ་ལྡང་བའི་རྣལ་འབྱོར་ནི། སྟོང་པའི་ངང་ལས་ལྡང་ན། གཉིད་སད་མ་ཐག་ཧྲཱིཿཞེས་བརྗོད་པས་རང་གི་རྣམ་ཤེས་འོད་གསལ་བའི་ངང་ལས་བླ་མ་ཐོད་ཕྲེང་རྩལ་གྱི་སྐུར་ལྡང་། ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྣོད་བཅུད་དང་བཅས་པ་གསལ་ཞིང་ཐམས་ཅད་ཕྲིན་ལས་འཇུག་པའི་ཡུལ་དུ་མོས་པས་ལྡང་། བདེ་བའི་ངང་ནས་ལྡང་ན། རང་བཞིན་གྱི་དབྱིངས་ནས་བསྐྱོད་བྱེད་ཀྱི་མཁའ་འགྲོ་ལྔ་བྱོན་ཏེ་བརྡས་བསྐུལ་བས་འབྲས་བུའི་རྡོ་རྗེ་འཛིན་པའི་སྐུར་བཞེངས་པའི་ཚུལ་གྱིས་རྣལ་འབྱོར་པ་ལངས་ལ། ཐུགས་ཀའི་ས་བོན་ལས་འཕྲོས་པའི་འོད་ཀྱིས་སྣོད་གཞལ་ཡས་ཁང་དང་བཅུད་ལྷའི་འཁོར་ལོར་སྔར་ལྟར་རྫོགས་པར་བལྟ། གཞན་ཡང་ལངས་མ་ཐག་པ་དེར་རླུང་རོལ་ན་གསུམ་མམ་དགུ་དབྱུང་བས། འཁོར་བ་ཐོག་མེད་ནས་བསགས་པའི་ལས་ཉོན་སྡིག་སྒྲིབ་ཉེས་ཚོགས་ཐམས་ཅད་ཀཾ་ནག་པོ་ལས་བྱུང་བའི་སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་པ་ཉོན་མོངས་པའི་རླུང་དང་བསྡོངས་ཏེ་སྣ་སྒོ་ནས་སང་སང་ཐོན། མདུན་དུ་ཡེ་ཤེས་ཀྱི་མེས་སྦྱངས་ {{TibChung|[14a]}} པར་མོས་ལ། ཨོཾ་ཨཱཿཧཱུཾ་ན་མོ་གུ་རུ་ཡ༔ བུདྡྷ་ཡ༔ དྷརྨ་ཡ༔ སཾ་ག་ཡ༔ མ་མ་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་ཀརྨ་པཱ་པཾ་ད་ཧ་ན་བི་ཤུདྡྷེ་སྭཱཧཱ༔ ཞེས་ལན་གསུམ་བརྗོད། ངག་བྱིན་གྱིས་བརླབ་ཅིང་། གཟུངས་སྔགས་ཀྱི་ཉེས་སེལ་སོགས་ཀྱང་ནུས་ན་གནད་དུ་ཆེའོ། །གསུམ་པ་ཁྲུས་ཀྱི་རྣལ་འབྱོར་ནི། ཆབ་ལྡན་གྱི་ཁྲུས་བུམ་དུ་རྣམ་འཇོམས་སྨེ་བརྩེགས་བདུད་རྩི་འཁྱིལ་བ་སོགས་བསྐྱེད་བཟླས་སྤྱི་དང་། ཁྱད་པར་ཨོ་རྒྱན་ལ་འཁོར་མཁའ་འགྲོ་སྡེ་བཞིས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས། མཐར་ལྷ་ཡང་འོད་དུ་ཞུ་ནས་ཆུ་དང་དབྱེར་མེད་དུ་གྱུར་པར་མོས་ལ། ཐོད་ཕྲེང་རྩལ་གྱི་ཤམ་དུ། ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱཧཱ༔ ཞེས་བཏགས་པ་ཅི་འགྲུབ་བཟླ། རང་གི་སྙིང་གའི་འོད་ཀྱིས་རིགས་ལྔ་འཁོར་བཅས་སྤྱན་དྲངས་པ་དེ་རྣམས་ཀྱིས། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨབྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ༔ ཞེས་གསུངས་ཤིང་བུམ་པའི་ཆུ་རྒྱུན་སྤྱི་བོ་ནས་བླུགས་པས་སྒོ་གསུམ་གྱི་དྲི་མ་ཐམས་ཅད་དག །ཡེ་ཤེས་ཀྱི་བདུད་རྩིས་ལུས་མེར་གྱིས་གང་བར་བསམ་ལ་བཏུང་བ་དང་ཁྲུས་བྱ། གཞན་ཡང་ {{TibChung|[14b]}} ལག་པ་གཡོན་པར་མེ་ཏོག་གི་ཕྲེང་བ་ཐོགས་པ་སྤྱི་བོར་བཞག་ཅིང་། ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་མ་ཎི་དྷ་རི་བཛྲཱི་མ་ཧཱ་པྲ་ཏི་སཱ་རེ་རཀྵ་རཀྵ་མཱྃ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ༔ ཞེས་ལན་བདུན་བཟླས་པས་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་བསྲུང་བར་འགྱུར་བའང་ཞར་བྱུང་ངོ་། །བཞི་པ་ཁ་ཟས་ཀྱི་རྣལ་འབྱོར་ནི། རང་ཉིད་ལྷའི་ང་རྒྱལ་ལ་གནས་པས་ལག་གཡས་དགང་གཟར། གཡོན་བླུགས་གཟར། ཁ་ཐབ་ཁུར། ལྟེ་བར་གཏུམ་མོའི་མེ་སྦར་བས་ལུས་ཐམས་ཅད་གང་། མེའི་ནང་དུ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པ་གསལ་བཏབ། མཆོད་པ་འབུལ་བའི་བསམ་པས་བཟའ་བཏུང་ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབ་ལ་ཆགས་ཞེན་སྲེད་པ་དང་བྲལ་བས་ནང་གི་སྲེག་བླུག་ཏུ་ལོངས་སྤྱད། ལྷག་མ་རྣམས་ཀྱང་ལྷག་ལ་དབང་བའི་འབྱུང་པོ་རྣམས་ལ། ཨོཾ་ཨུཙྪིཥྚ་བ་ལིནྟ་བྷཀྵ་སི་སྭཱཧཱ༔ ཞེས་སེ་གོལ་གྱི་སྒྲ་དང་བཅས་པས་སྦྱིན་པར་བྱའོ། །ལྔ་པ་སྤྱོད་ལམ་གྱི་རྣལ་འབྱོར་ནི། ཐུན་མཚམས་ཐམས་ཅད་དུ་སྣོད་གཞལ་ཡས་ཁང་། བཅུད་ལྷ་དང་ལྷ་མོ། བདག་ཉིད་ཐོད་ཕྲེང་ {{TibChung|[15a]}} རྩལ་གྱི་རྣམ་རོལ་དུ་ཤེས་པས་སྤྱོད་ཡུལ་གྱི་སྣང་བ་ཐམས་ཅད་ལ་སྒྱུ་མ་རྨི་ལམ་ལྟ་བུར་ཞེན་ཆགས་མེད་པར་ཆོས་ཉིད་ལ་ཆོས་ཉིད་རོལ་པའམ། ཡང་ན་ཅི་བྱས་ཐམས་ཅད་བླ་མའི་རིམ་གྲོ་དང་སེམས་ཅན་གྱི་དོན་ལ་འཇུག་པའི་མོས་པ་བྱའོ། །དྲུག་པ་རྗེས་ཆགས་ཀྱི་རྣལ་འབྱོར་ནི། ཁྱད་པར་བ་ནི་ཟབ་ལམ་པའི་སྤྱོད་ཡུལ་ཏེ་འདིར་མ་སྤྲོས་ལ། ཐུན་མོང་ཙམ་དུ་བདག་ཉིད་ཐོད་ཕྲེང་རྩལ་ཡབ་ཡུམ་དུ་གསལ་བ་ལྷའི་འདུ་ཤེས། མཁའ་གསང་རྡོ་རྗེ་དང་པདྨར་བྱིན་གྱིས་བརླབ་པ་སྔགས་ཀྱི་འདུ་ཤེས། རང་གནས་ཀྱི་བདེ་ཆེན་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ། འདུ་ཤེས་གསུམ་ལྡན་གྱི་ངང་ནས་སྙོམས་པར་ཞུགས་པས་ལུས་ཐམས་ཅད་བདེ་བས་ཁྱབ་ཅིང་རྩ་ཁམས་ཀྱི་དཔའ་བོ་མཁའ་འགྲོ་ཐམས་ཅད་མཉེས་ཤིང་ཚིམ། ངོ་བོ་བརྗོད་བྲལ་ཀ་དག་གི་ཀློང་དུ་ལ་བཟླ་བས་བདེ་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་བསྐྱེད་པར་བྱའོ། །གསུམ་པ་རྗེས་མཐའ་རྒྱས་ཀྱི་ལས་རིམ་ལ་གསུམ། ཐུན་མོང་ལས་ལ་སྦྱོར་བ། ཁྱད་པར་དངོས་གྲུབ་བླང་བ། དཀྱིལ་འཁོར་བསྡུ་ཞིང་མཚམས་བཀྲོལ་ {{TibChung|[15b]}} བའོ། །དང་པོ་ནི། གྲངས་དུས་མཚན་མའི་བསྙེན་པ་གང་རུང་ཐེམ་པའི་རྗེས་ལ་ཕྲིན་ལས་བཞི་སྒྲུབ་ཀྱི་དམིགས་བཟླས་སྦྱོར་ཏེ། དེའང་ཞག་བཅུ་ལ་མཚོན་ན་ལས་བཞི་ཆ་བགོས་པ་ལས་རེ་རེ་ལ་ཞག་གཉིས་དང་ཐུན་གཉིས་རེ་འབྱུང་ཞིང་། ཡང་ན་ཐོ་རངས་ཞི་བ། སྔ་དྲོ་རྒྱས་པ། དགོངས་མོ་དབང་། སྲོད་ལ་དྲག་པོ་སྟེ་དུས་སོ་སོ་དང་སྦྱར་ཡང་ལེགས། གང་ལྟར་ཐུན་གྱི་གཅོད་ཚུལ་སོགས་སྔར་བཞིན་ལ། བསྙེན་སྒྲུབ་ཀྱི་དམིགས་བཟླས་ཁྱུག་ཙམ་སོང་རྗེས། སྙིང་གའི་བླ་མ་འོད་དུ་ཞུ་ནས་རང་དང་དབྱེར་མེད་དུ་འདྲེས་པས་རང་ཉིད་རྟ་མགྲིན་གནས་གྱུར་ཏེ་གཙོ་བོ་ཐོད་ཕྲེང་རྩལ་དུ་གསལ་བའི་དཔྲལ་བར་པད་ཟླའི་གདན་ལ་རྡོ་རྗེ་ཐོད་ཕྲེང་རྩལ་མངོན་རྟོགས་བཞིན་བསྒོམས་པའི་ཐུགས་ཀར་ཉི་སྟེང་ཧྲཱིཿདཀར་པོའི་མཐར་རང་སྔགས་ཀྱིས་བསྐོར་བ། བཟླས་པ་བྱས་པས་སྔགས་ཕྲེང་ལས་འོད་ཟེར་འཕྲོས། འཁོར་གྱི་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་ལ་ཕོག་པས་ཐུགས་རྒྱུད་བསྐུལ། དེ་གཉིས་ཀའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་ཟླ་བ་ཤར་བ་ལྟ་བུ་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་སྣོད་ཀྱི་འབྱུང་བའི་ {{TibChung|[16a]}} དུག་བཅིལ། བཅུད་ཀྱི་སྐྱེ་འགྲོའི་ལས་ཉོན་སྡིག་སྒྲིབ་སྦྱངས། ཚུར་འདུས་རང་ལ་ཐིམ་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་བསམ། དེ་བཞིན་དུ་རིགས་འགྲེ་སྦྱར་ཏེ། ལྟེ་བའི་རཏྣ་ཐོད་ཕྲེང་རྩལ་དང་འཁོར་གྱི་རིན་ཆེན་མཁའ་འགྲོ་ཡབ་ཡུམ་ལས་འོད་ཟེར་སེར་པོ་འཕྲོས་པས་བདག་གཞན་གྱི་ཚེ་དཔལ་བསོད་ནམས་མཐའ་དག་རྒྱས་པར་བསམ་པ་དང་། མགྲིན་པའི་པདྨ་ཐོད་ཕྲེང་རྩལ་དང་འཁོར་གྱི་པདྨ་མཁའ་འགྲོ་ཡབ་ཡུམ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་སྤྲོས་པས་ལྷ་འདྲེ་མི་གསུམ་ཐམས་ཅད་ཀྱི་ཕོའི་སྙིང་ག་དང་མོའི་གསང་གནས་ནས་རང་དབང་མེད་པར་བཀུག་སྟེ་མོས་ཤིང་ཆགས་པས་བདག་གི་ཞབས་དྲུང་དུ་འཁོད་པ་འོད་དམར་པོར་ཞུ་ནས་རང་ལ་ཐིམ་པས་དབང་དུ་འདུས་པར་བསམ་པ་དང་། གསང་བའི་ཀརྨ་ཐོད་ཕྲེང་རྩལ་དང་འཁོར་གྱི་ཀརྨ་མཁའ་འགྲོ་ཡབ་ཡུམ་ལས་འོད་ཟེར་ལྗང་ནག་མཚོན་ཆ་ལྟ་བུ་ཚ་ཞིང་རྩུབ་པ་ཐོག་ལྟར་འཕྲོས་པས་དགྲ་བགེགས་བར་ཆད་ཐམས་ཅད་ཐལ་བར་བརླག་ཅིང་ཚུར་འདུས་རང་ལ་ཐིམ་ {{TibChung|[16b]}} པས་ལུས་ཀྱི་ནད་གདོན་བར་ཆད་དམིགས་མེད་དུ་སྦྱངས་པར་བསམ་པ་དང་། ཐུགས་ཀའི་བུདྡྷ་ཐོད་ཕྲེང་རྩལ་དང་འཁོར་གྱི་མཁའ་འགྲོ་བཞི་ཆར་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས་པས་ལས་བཞི་གཅིག་ཅར་དུ་སྒྲུབ་ཅིང་སྣོད་བཅུད་ཐམས་ཅད་བླ་མ་རྩ་བ་གསུམ་གྱི་དཀྱིལ་འཁོར་དུ་སྦྱངས། ཚུར་འདུས་བདག་ལ་ཐིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། འདི་དག་གི་ཚེ་མཁའ་འགྲོ་སྡེ་བཞི་རེ་རེ་ལའང་སོ་སོའི་རིགས་ཀྱི་དཔའ་བོ་མཁའ་འགྲོ་འབུམ་ཕྲག་དུ་མས་བསྐོར་བ་རྣམས་ཐོད་ཕྲེང་རྩལ་གྱི་བཀའ་ཉན་ཅིང་ལས་དེ་དང་དེ་སྒྲུབ་པའི་ཕྲིན་ལས་ལ་གཅིག་ཏུ་བརྩོན་པར་བསམ་ཞིང་། སྔགས་ཀྱི་ཤམ་འདོགས་ཀྱང་སརྦ་སིདྡྷི་ཞེས་པའི་མཐར། ནད་གདོན་སྡིག་སྒྲིབ་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ༔ ཚེ་བསོད་དཔལ་འབྱོར་པུཥྚིཾ་ཀུ་རུ་ཡེ་སྭཱཧཱ༔ ཁམས་གསུམ་སྲིད་གསུམ་པཱ་ཤཾ་ཀུ་རུ་ཡེ་སྭཱཧཱ༔ གནོད་བྱེད་དགྲ་བགེགས་མཱ་ར་ཡ་རྦད༔ ཅེས་སོ་སོར་སྦྱར། འདི་རྣམས་ཀྱི་གྲངས་ཚད་སྤྱིར་ཆ་སྙོམས་པ་དང་། དམིགས་བསལ་གྱི་ལས་སྒྲུབ་པར་ {{TibChung|[17a]}} འདོད་ན་དེ་ཉིད་མང་དུ་བཟླ། མཚན་མའི་རྟགས་སྤྱི་དང་མཚུངས་པའོ། །ཡང་སྐབས་འདིར་དམིགས་བཟླས་ཀྱི་སྤྲོས་པ་བསྡུ་བར་འདོད་ན། རང་ཉིད་གཙོ་བོའི་ཐུགས་ཀའི་འོད་ཟེར་འཁོར་གྱི་ཐོད་ཕྲེང་སྡེ་ལྔ་དང་མཁའ་འགྲོ་ཡབ་ཡུམ་རྣམས་ལ་ཕོག །དེ་རྣམས་ལས་འོད་ཟེར་སྣ་ཚོགས་འཕྲོས་པས་ལས་རབ་འབྱམས་གཅིག་ཅར་དུ་སྒྲུབ་པའི་དམིགས་པ་གོང་བཞིན་སྦྱར་ཏེ་སྤྱི་དྲིལ་ཤམ་བུ་ཅན་བཟླས་པས་ཀྱང་འགྲུབ་བོ། །གཉིས་པ་དངོས་གྲུབ་བླང་བ་ནི། དེ་ལྟར་བསྙེན་སྒྲུབ་ལས་སྦྱོར་བཅས་ཐེམས་པའི་ཐོར་ཐུན་ནམ་སྔ་དྲོའི་ཐུན་ལ་མཆོད་གཏོར་རྣམས་ཁ་གསོ། རིན་པོ་ཆེའི་སྣོད་དུ་དཀར་མངར་སྤོད་དང་ཆོས་སྨན་ཆང་སོགས་བསྲེས་པའི་རྒྱུ་ལས། དཔལ་ཟན་རིན་ཆེན་ཟུར་བརྒྱད་ཀྱི་སྟེང་བླ་མའི་གཏོར་མ་ཟླུམ་བརྗིད་པད་འདབ་ཀྱིས་བསྐོར་བ་དམར་པོ་རྒྱན་སྤྲོས་ཅན་གྱི་མཐར། འབྲང་རྒྱས་ཟླུམ་པོ་ཤར། གྲུ་བཞི་ལྷོ། ཟླ་གམ་ནུབ། གྲུ་གསུམ་བྱང་དང་། བར་མཚམས་དང་མཐའ་སྐོར་དུ་ཚེ་རིལ་གྱིས་གཏམས་པ་དཀྱིལ་འཁོར་མདུན་ {{TibChung|[17b]}} དུ་བཤམས། གཞན་ཡང་ཚོགས་རྫས་བཟའ་བཅའ་བཏུང་བའི་རིགས་གང་འབྱོར་གྱིས་བསྐོར། ལས་བྱང་རྒྱས་པར་བཏང་བའི་མཚམས་གཅོད་སྐབས་སྒྲུབ་རྫས་ལ་བགེགས་བསྐྲད་པའི་དམིགས་པ་བྱེད། ལྷ་བསྐྱེད་སྐབས་རང་དང་མདུན་གྱི་སྐུ་རྟེན་བུམ་པ་གཏོར་ཆེན་བཅས་ངོ་བོ་རིག་པའི་མདངས་རྩལ་གཅིག་ལ་རྣམ་པ་བཞིན་དང་མེ་ལོང་ལྟར་ཐ་དད་ཞལ་སྤྲོད་ཀྱི་ཚུལ་དུ་བསྒོམ་པར་ཡེ་ཤེས་པ་ལྷན་ཅིག་ཏུ་བསྟིམ། བཟླས་པ་ཅུང་ཟད་མཐར་སྲུང་མའི་གཏོར་བསྔོ་ཚོགས་མཆོད་ལྷག་མ་ཡན་གྲུབ་པ་དང་། ཧཱུཾ་ཧྲཱིཿ བླ་མ་རིག་འཛིན་ཡི་དམ་དྷཱ་ཀི་དགོངས༔ ཞེས་སོགས་དང་ཡི་གེ་བརྒྱ་པ་བརྒྱ་རྩ་བཟླས་པས་འཁོན་གཅུགས་སྦྱངས། སྐུ་གསུང་ཐུགས་སྐོང་དང་དམ་རྫས་གཏོར་ཆེན་སོགས་ཀྱིས་མཆོད། ཧཱུཾཿ མ་གཡེལ་མ་གཡེལ་སོགས་ཀྱིས་ཐུགས་དམ་སྤྱིར་བསྐུལ་ཞིང་། ཧཱུཾ་ཧྲཱིཿ གུ་རུ་རྩ་གསུམ་ལྷ་ཚོགས་དགོངས༔ འདིར་འདུས་རྣལ་འབྱོར་བདག་ཅག་གིས༔ དཀྱིལ་འཁོར་གསུམ་དུ་བསྙེན་ཅིང་བསྒྲུབ༔ བསྙེན་སྒྲུབ་ལས་སྦྱོར་མཐའ་རུ་ཕྱིན༔ དེང་སང་སྐྱ་ {{TibChung|[18a]}} རེངས་དང་པོ་ཤར༔ རྡོ་རྗེ་སྲིན་པོའི་ནམ་ལངས་ཉེ༔ དངོས་གྲུབ་འབྱུང་བའི་དུས་ལ་བབ༔ རྒྱལ་བ་ཐུགས་རྗེའི་རང་བཞིན་ལ༔ གནད་ནས་བསྐུལ་བར་མི་འཚལ་ཏེ༔ ད་ལྟ་ཐུགས་དམ་གནད་ནས་བསྐུལ༔ གསང་བ་ཐུགས་ཀྱི་དཔལ་བེའུ་ནས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཞེས་དངོས་གྲུབ་ཁྱད་པར་དུ་བསྐུལ་ལ། མདུན་གྱི་བླ་མའི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཡིག་འབྲུ་ཕྱག་མཚན་འོད་ཟེར་ཐིག་ལེ་དཀར་དམར་མཐིང་གསུམ་གྱི་རྣམ་པ་བར་མ་ཆད་པར་བྱོན་ཏེ་རང་གི་གནས་གསུམ་དུ་ཐིམ་པས་དབང་བྱིན་དངོས་གྲུབ་ཐམས་ཅད་དུས་གཅིག་ཏུ་ཐོབ། འཁོར་འདས་བརྟན་གཡོའི་མཐུ་དཔལ་གཟི་བརྗིད་ཚེ་བཅུད་ཐམས་ཅད་ཀྱང་འོད་ཟེར་སྣ་ཚོགས་པའི་རྣམ་པར་བསྡུས་ཏེ་དངོས་གྲུབ་ཀྱི་རྫས་ལ་ཐིམ་པས་ཟག་མེད་བདུད་རྩིའི་རྒྱ་མཚོར་འཁྱིལ་བར་བསམ་ཞིང་། སྒྲུབ་སྔགས་ཤམ་དུ། ཀཱ་ཡ་ཝཱཀ་ཏིཙྪ་སརྦ་སིདྡྷི་ཕལ་ཧཱུྃ༔ ཞེས་བཏགས་པ་བརྒྱ་སྟོང་སོགས་ཅི་འགྲུབ་བཟླས་མཐར། མདུན་རྟེན་ {{TibChung|[18a]}} སྒྲུབ་དུས་ལྟར་ལ། རང་རྟ་མགྲིན་ཡབ་ཡུམ་གྱི་རྣམ་པར་ལོགས་སུ་ཕྱེ་བས་དངོས་གྲུབ་ལེན་པ་པོར་བྱས་ནས། ཧཱུྃ་ཧྲཱིཿ བདེ་མཆོག་བདེ་སྤྱོད་སོགས་ཀྱིས་འདོད་པའི་དོན་ལ་གསོལ་བ་བཏབ་སྟེ་ཛཔྲ་ཤམ་བུ་ཅན་བཟླ་བཞིན་དུ་སྒྲུབ་རྫས་སྐུ་འབག་བུམ་པ་གཏོར་མ་རྣམས་གནས་གསུམ་དུ་གཏུགས་ལ་དབང་བླང་། བླ་མ་རང་ལ་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དུས་དེ་ཉིད་དུ་ཐོབ། གུ་རུ་ཐོད་ཕྲེང་རྩལ་དང་དབྱེར་མེད་ཕྱག་རྒྱ་ཆེན་པོའི་གོ་འཕང་མཆོག་ཏུ་གྲུབ་པར་མོས་ལ། བུམ་ཆུ་དང་གཏོར་མའི་ཆ་ཤས་དངོས་གྲུབ་ཏུ་མྱང་། དཔལ་ཟན་སོགས་རྫས་ཐམས་ཅད་ལ་ལོངས་སྤྱོད་ཅིང་ནང་མི་དམ་གཙང་ལའང་སྦྱིན། དེ་ནས་ཁ་སྐོང་སྦྱིན་སྲེག་དང་གཏང་རག་གི་ཚོགས་སྐོང་རྒྱས་པར་བྱེད་ན་འདིར་མཆོད་བསྟོད་ནོངས་བཤགས་སོགས་རྗེས་ཆོག་སྔར་རྒྱུན་ལྟར་བྱ། དེ་ཙམ་གྱིས་གྲུབ་པར་བྱེད་ན་གོང་གི་ལྷག་ཆོག་སྐབས་གཏར་བཟུང་བའི་ལྷག་གཏོར་རྣམས་ལྷན་དུ་གཏོང་ཞིང་ཆད་མདོ་བསྐྱང་བ་མན་ཆད་འོག་ཏུ་སྨོས་པ་ལྟར་བྱས་པས་གྲུབ། བཟླས་པ་གཙོར་ {{TibChung|[19a]}} བཏོན་གྱི་བསྙེན་སྒྲུབ་ལ་ཁ་སྐོང་ཤིན་ཏུ་གལ་ཆེ་བས། སྤྲོས་པ་ཆུང་བར་འདོད་ན་བཟླས་པས་ཁ་བསྐང་བ་སྟེ། དེའང་གཞུང་བཟླས་འབུམ་ལ་ཁྲི། ཁྲི་ལ་སྟོང་། སྟོང་ལ་བརྒྱ། བརྒྱ་ལ་བཅུ་སྟེ། བཟླས་པའི་གྲངས་ཀྱི་བཅུ་ཆ་འགྲོ་བར་བྱ། སྤྲོས་འབྱོར་ཆེ་ན་ཁ་སྐོང་སྦྱིན་སྲེག་བྱ་སྟེ། སྒྲུབ་པ་གྲུབ་པའི་ཕྱི་དྲོའམ་ཕྱིར་ནངས་ནས་དབུ་བརྩམས་ཏེ་ཉམས་ཆག་སྦྱོང་བའི་སླད་དུ་ཞི་བ་ཁོ་ན་དང་གྲངས་ཚད་བཤད་མ་ཐག་པ་ལྟར་ལ། སྒྲུབ་པ་པོ་གཅིག་པུས་གྲངས་གསོག་པར་དཀའ་བས་ཆོག་གྲོགས་དམ་གཙང་མང་དུ་འཚོགས་པ་ལ་གྲངས་བཟུང་ན་ལེགས་ཤིང་། དེ་ལྟར་གྲུབ་ན་ལས་གང་བརྩམ་མྱུར་དུ་འགྲུབ་པ་སོགས་ཀྱི་དགོས་པ་མང་དུ་མཆིས་པས་དེའི་ཚུལ་ནི་གཞན་ལས་ཤེས་པར་བྱའོ། །གསུམ་པ་དཀྱིལ་འཁོར་བསྡུ་ཞིང་མཚམས་བཀྲོལ་བ་ནི། དེ་ལྟར་བསྙེན་སྒྲུབ་ཁ་སྐོང་བཅས་གྲུབ་ནས་མཚམས་གྲོལ་ཉིན་ཡར་ངོའི་གཟའ་ཚེས་འཕྲོད་སྦྱོར་ལེགས་པ་དང་བསྟུན་དགའ་སྟོན་ཚོགས་མཆོད་ཅི་འབྱོར་རྒྱས་པར་བཤམས་ལ། བླ་མའི་ལས་ {{TibChung|[19b]}} བྱང་དང་ཆོས་སྲུང་སྐོང་གསོ་རྩ་གསུམ་བསྐང་བཤགས་རྣམས་རྒྱས་པར་བཏང་། ལྷག་ཆོག་སྐབས་སྔར་བཙོན་འཛིན་བྱས་པའི་ལྷག་མ་རྣམས་དང་ལྷན་ཅིག་སྒྲུབ་ཁང་ལྷོ་ནུབ་གོམ་པ་བདུན་ཅུའི་སར་སྐྱེལ། སྒྲུབ་ཁང་གི་ཐལ་རྡུལ་རྣམས་ཀྱང་ཕྱིར་ཕྱག །ཆད་མདོའི་གཏོར་མ་གསར་པའང་བཤམས་ཏེ་ཆོས་སྐྱོང་གཞི་བདག་གི་གཏོར་མ་དང་སྔར་གྱི་གཏའ་གཏོར་བཅས་སྒྲུབ་ཁང་གི་ཡང་ཐོག་ཏུ་འབུལ་ཞིང་བཤལ་ཆུས་བརྟན་མ་བསྐྱང་། གཏོར་གཞོང་ཁ་སྦུབས་པ་རི་རབ་ཏུ་གསལ་བའི་འོག་ཏུ་བར་ཆད་དམ་སྲི་སྒབ་འདྲེ་འབྱུང་པོ་ཐམས་ཅད་མནན་པའི་ཁར་སྣང་སྲིད་ཐམས་ཅད་རྟ་མགྲིན་གྱི་དཀྱིལ་འཁོར་དུ་གསལ་བས་བྲོ་བརྡུངས་པར་བསམ་ལ་རྟ་བྲོ་བྱ། མཆོད་གཏོར་རྣམས་ཁ་གསོས་ལ་གཏང་རག་གི་མཆོད་བསྟོད་དང་ནོངས་བཤགས་བྱས་རྗེས། རས་བྲིས་ཀྱི་དཀྱིལ་འཁོར་དང་སྐུ་འབག་ལ་དམིགས་ཏེ། འདིར་ནི་གཟུགས་དང་སོགས་སུ་པྲ་ཏིཥྛས་མེ་ཏོག་འཐོར་ཞིང་ཡེ་ཤེས་པ་བརྟན་བཞུགས་བྱ། དམ་ཚིག་གི་དཀྱིལ་འཁོར་འོད་གསལ་དུ་བསྡུ་ཞིང་སླར་ཡང་གཉུག་མའི་སྐུར་ལྡངས་ལ། རང་ {{TibChung|[20a]}} ཉིད་ལྷ་ཡི་ང་རྒྱལ་གྱིས༔ མེ་དཔུང་འབར་བའི་ཀློང་དཀྱིལ་དུ༔ འགྱུར་མེད་རྡོ་རྗེའི་འོད་སྐུར་ལྡན༔ རྡོ་རྗེ་འཛིན་པས་འཇིགས་མི་ཚུགས༔ གནོད་བྱེད་བགེགས་ཀྱིས་སྨོས་ཅི་དགོས༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ༔ ཞེས་རྒྱས་གདབ། ཟབ་ལམ་འདི་ཁོ་ན་དངོས་གྲུབ་ཀྱི་རྩ་བར་ངེས་པའི་ཤེས་པ་གཏིང་ཚུགས་བསྐྱེད་ལ་གྲུབ་མཐའ་བཟུང་། དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་བསྔོས་ཏེ་སྨོན་ལམ་ནན་དུ་གདབ། ཤིས་བརྗོད་སྤྱི་དང་བྱེ་བྲག་རྒྱས་པར་སྤེལ་ལ་མེ་ཏོག་གི་ཆར་དབབ། དེ་ནས་ནང་སྒོའི་རྩར་མཆོད་གཏོར་བཤམས་ལ་བྱིན་བརླབ་ཅིང་སྔགས་ཀྱིས་འབུལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ཞེས་སོགས་ཀྱིས་ཕྲིན་ལས་བཅོལ། བཛྲ་མུཿས་གཤེགས་སུ་གསོལ་ཏེ་སྒོ་བྱང་བསྡུ། ཕྱི་སྒོའི་མཆོད་གཏོར་ཀྱང་སྔར་བཞིན་བསྔོས་ནས། ཧཱུྃ༔ རྒྱལ་པོ་ཆེན་པོ་སྡེ་བཞི་པོ༔ རྡོ་རྗེ་འཛིན་པའི་བཀའ་བཞིན་དུ༔ སྒྲུབ་པའི་བར་ཆད་བསྲུང་མཛད་པའི༔ གཏང་རག་མཆོད་གཏོར་འདི་བཞེས་ལ༔ རང་གནས་གཤེགས་ཏེ་བྱང་ཆུབ་བར༔ དངོས་གྲུབ་མཆོག་སྩོལ་བར་ཆད་སོལ༔ {{TibChung|[20b]}} བཛྲ་མུཿ ཞེས་གཤེགས་གསོལ་བྱས་ལ་ཐོ་བྱང་བསྡུ། དེ་ནས་བགས་ཀྱིས་མཚམས་གསེང་སྟེ་ཞག་ཤས་གཞན་དུ་མི་འགྲོ་བར་སྒྲུབ་ཁང་དེར་སྡོད། སྐུ་འབག་སྲོག་འཁོར་ཐོད་པ་རྣམས་མི་འབྲལ་བར་དམ་ཚིག་གི་རྟེན་དུ་འཆང་། རྒྱུན་བཟླས་ཀྱི་དམ་བཅའ་བཟུང་ནས་དེའི་དབུ་འཛུག །ཐོག་མར་དམ་ཚིག་གཙང་བའི་མི་དང་གདོང་འཕྲད་ཅིང་། མིག་ཉི་ཟླ་ལ་བལྟ་བ་དང་། གོམ་པ་གྱེན་དུ་འདོར་བ་སོགས་མཚམས་གྲོལ་བའི་རྟེན་འབྲེལ་གྱི་སྒོ་བཟང་དུ་བསྒྲིགས་པར་བྱའོ། །གཉིས་པ་གལ་ཆེ་བའི་སྤྱི་དོན་འཕྲོས་སུ་གདམས་པ་ལ་གཉིས། བསྐྱེད་རྫོགས་ཀྱི་གོ་དོན་གནད་བསྡུས་སུ་སྨོས་པ་དང་། མཚམས་ཀྱི་བསླབ་བྱ་དམིགས་ཀྱིས་བསྙད་པའོ། །དང་པོ་ནི། དེའང་སྦྱང་གཞི་བདེ་གཤེགས་སྙིང་པོ་ཡོན་ཏན་ཀུན་ཚང་གི་སངས་རྒྱས་དེ་ཉིད། སྦྱང་བྱ་གཟུང་འཛིན་འཁྲུལ་པ་གློ་བུར་བས་བསྒྲིབས་པ་ལ། སྦྱོང་བྱེད་གཞི་འབྲས་དང་རྣམ་པ་མཐུན་པའི་སྔགས་ཀྱི་ཐབས་མཁས་ཁྱད་པར་ཅན་བསྒོམས་པས། སྦྱང་འབྲས་གཞི་ལ་བཞུགས་པའི་རང་བཞིན་རྣམ་དག་མངོན་དུ་འགྱུར་བར་བྱེད་པ་སྟེ། {{TibChung|[21a]}} དེ་ལ་གསལ་དག་བརྟན་གསུམ་གྱི་ཚད་རིམ་པར་མཐར་ཕྱིན་པ་ལམ་ངེས་རྫོགས་ཀྱི་བསྐྱེད་རིམ་མཚན་ཉིད་པ་ནི་ད་ལྟ་སྲིད་པ་ཙམ་ལས་དཀོན་ཅིང་། སྟན་ཐོག་གཅིག་ཏུ་སྦྱོར་དངོས་རྗེས་ཀྱི་ཆོ་ག་ཆ་ཚང་ཉམས་སུ་བླངས་ནས་སོ་སོའི་སྐབས་སུ་བབ་པའི་ཏིང་འཛིན་མོས་པ་ལ་མ་བྱེད་ཁྱུག་ཙམ་རེ་ལས་གསལ་སྣང་རིམ་ཅན་དུ་བསྒྲུབ་མི་ནུས་པ་མོས་སྒོམ་གྱི་བསྐྱེད་རིམ་རྗེས་མཐུན་པ་འདི་ཉིད་དེང་དུས་ཀྱི་ལག་ཏུ་ལེན་བྱ་སྟེ། འདིའི་ཚེ་ནའང་ཐོག་མར་གསལ་སྣང་མ་ཐེབས་ཀྱི་བར་དུ་ལྷ་ལ་སེམས་བཟུང་དགོས་པ་ལས། ཐ་མལ་གྱི་འཁྲུལ་སྣང་གཅོད་པའི་ཕྱིར་རྣམ་པ་གསལ་བ་ནི། དེ་ལ་བློ་རབ་ཀྱིས་གཅིག་ཅར་ཆུ་ཟླ་དང་འཇའ་ཛོན་ལྟར་སྣང་ལ་དེར་འཛིན་མེད་པ། བློ་དམན་ན་ཐོག་མར་ཡོངས་རྫོགས་ཝལ་ཙམ་དང་། སླར་རིམ་གྱིས་དབུ་དང་ཕྱག་ཞབས་སོགས་རེ་རེ་ནས་གསལ་འདེབས་ལ་སེམས་བཟུང་སྟེ། ཐོག་མར་རྟག་པའི་སྐུ་ལྡེར་སོ་ལྟ་བུ་བསྒོམ་ཞིང་རིམ་པས་སྣང་ལ་མ་གྲུབ་པར་བསླབ། རྟག་པར་ལྟ་བའི་ཞེན་འཛིན་དགག་པའི་ཕྱིར་རྣམ་དག་དྲན་པ་ནི། ནུས་ན་མངོན་རྟོགས་ཀྱི་ {{TibChung|[21b]}} གཞུང་ཆེན་པོ་གཞན་དང་བརྡ་བསྟོད་སོགས་ནས་འབྱུང་བ་ལྟར་རེ་རེ་བཞིན་ཡིད་ལ་བྱ། ཐམས་ཅད་མི་ནུས་ནའང་མདོར་བསྡུས་ཙམ་མམ། ཡང་ན་དག་དྲན་རྗེས་མཐུན་དུ་སངས་རྒྱས་ཐམས་ཅད་ནི་ཆོས་ཀྱི་སྐུ་ཉག་གཅིག་ཡིན། ཆོས་སྐུ་ལ་ཞལ་ཕྱག་སོགས་སྤྲོས་པའི་མཚན་མ་རྡུལ་ཙམ་མེད་ཀྱང་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་རྣམས་ཞལ་ཕྱག་རྒྱན་ཆའི་རྣམ་པར་ཤར་བས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ལ་དབང་བསྒྱུར་བ་སྟེ། རང་རྒྱུད་དངོས་པོར་གྲུབ་པ་རྡུལ་ཙམ་ཡང་མེད་སྙམ་དུ་བསྒོམ། ཐ་མལ་གྱི་བདག་འཛིན་དགག་པའི་ཕྱིར་ང་རྒྱལ་བརྟན་པ་ནི། ལྷ་གསལ་རུང་མ་གསལ་རུང་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་བླ་མ་ཐོད་ཕྲེང་རྩལ་ངའོ་སྙམ་པའི་ལྷའི་ང་རྒྱལ་ལ་རྟག་ཏུ་གནས་པ་གལ་ཆེ། མི་གསལ་བཞིན་དུ་འཁྲུལ་རྟོག་ལ་འཁྲུལ་རྟོག་གི་ལྷན་པ་འདེབས་པ་ལས་དོན་གྱི་གནད་དུ་འདི་ཁོ་ན་ཟབ་པས་ནན་ཏན་དུ་བྱ། མདོར་ན་ཕུང་ཁམས་སྐྱེ་མཆེད་ཡེ་གདོད་མ་ནས་ལྷའི་སྐུ་དང་ཡེ་ཤེས་སུ་ཤར་བ་ཡིན་པ་ལ་ཡིན་པར་ཐོག་མར་གོ་བ་དང་བར་དུ་ངེས་ཤེས་བསྐྱེད་པས་མཐར་སྣང་ {{TibChung|[22a]}} བ་ལྷ། གྲགས་པ་སྔགས། དྲན་རྟོག་ཡེ་ཤེས་སུ་བཅོས་བསྒྱུར་མེད་པར་འཆར་བ་སྣང་སྲིད་གཞིར་བཞེངས་ཀྱི་བསྐྱེད་རིམ་ལམ་དུ་ལོངས་པ་ལ་བསླབ། གཞན་ཡང་བསྐྱེད་རིམ་སྤྱིའི་ཆིངས་སུ་སྲོག་སྡོམ་གཟེར་བཞིས་གདབ་པར་གསུངས་ཏེ། དེའང་སྐུ་ཕྱག་རྒྱའི་གསལ་སྣང་གིས་ཡུལ་གསུམ་གྱད་དུ་གྱུར་པ་ཏིང་འཛིན་དམིགས་པའི་གཟེར། གསུང་ཐུགས་སྲོག་སྔགས་འཁོར་ལ་སེམས་རྩེ་གཅིག་ཏུ་གཏད་པ་སྙིང་པོ་སྔགས་ཀྱི་གཟེར། ཐུགས་སྟོང་གསལ་འགག་པ་མེད་པའི་ཆོས་ཉིད་རང་སེམས་དང་གཉིས་སུ་མེད་པ་དེ་ཉིད་ལྷའི་རྣམ་པར་ཤར་བ་ལས་བསྒྲུབ་བྱའི་ལྷ་རྟག་རྟག་པོ་གུད་ན་མེད་པར་ཤེས་པ་དགོངས་པ་མི་འགྱུར་བའི་གཟེར། ཕྲིན་ལས་རྣམ་པ་བཞི་སོགས་དམིགས་པའི་བསྒྱུར་ཁ་གང་ལ་གང་དགོས་སུ་སྒྱུར་བ་འཕྲོ་འདུ་སྣ་ཚོགས་པའི་གཟེར་ཞེས་གཟེར་བཞིའི་མན་ངག་གནད་ཐོག་ཏུ་ཁེལ་ན་སྐུ་དངོས་སུ་མཐོང་། ངག་ལ་བདེན་པ་འགྲུབ། ཆོས་ཉིད་ལ་རང་དབང་ཐོབ་ནས་གསང་བ་གསུམ་གྱི་སྲོག་འཕྲོག །རིག་པའི་རྩལ་འབྱོང་། ཕྲིན་ལས་རང་དབང་བསྒྱུར་བར་གསུངས། {{TibChung|[22b]}} ཁྱད་པར་ལྟ་དགོངས་ཀྱི་གཟེར་ནི་ཤིན་ཏུ་གཅེས་ཏེ། པད་སྡོང་བརྩེགས་པ་ལས། དེ་ཉིད་ལྡན་པའི་རྣལ་འབྱོར་གྱིས༔ དུར་ཁྲོད་འདྲེ་ངན་བསྒྲུབས་གྱུར་ཀྱང་༔ མཆོག་དང་ཐུན་མོང་འབྲས་བུ་གང་༔ ཅི་འདོད་རང་བྱུང་ལྷུན་གྲུབ་འབྱུང་༔ དེ་ཉིད་མ་རྟོགས་ཨ་འཐས་བློས༔ ཡེ་ཤེས་སེམས་དཔའ་བསྒྲུབས་གྱུར་ཀྱང་༔ གནས་སྐབས་ལྡན་འབྲས་ཕྲའུ་ལས༔ ཡང་དག་འབྲས་བུ་སྲིད་མཐའ་ཙམ༔ ཞེས་གསུངས་པས། བསྐྱེད་རིམ་ཙམ་དུ་མ་ཟད་འཁོར་འདས་ཀྱི་སྣང་ཆ་ཐམས་ཅད་རྟོག་པས་བཏགས་པ་ཁོ་ན་ཡིན། དེའང་ཉི་མ་དང་འོད་ཆུ་དང་རླན་བཞིན་རིག་པའི་རང་རྩལ་ལས་གཞན་དུ་གྲུབ་པ་རྡུལ་ཙམ་ཡང་མེད། རང་རིག་ཐིག་ལེ་ཉག་གཅིག་གི་ཀློང་དུ་ཆོས་ཐམས་ཅད་ཡེ་རྫོགས་ཆེན་པོར་གྲུབ་པ་ལ་སླར་བཅོས་མས་རྒྱས་འདེབས་མི་དགོས། རིག་པའི་ངོ་བོ་སྐྱེ་འགག་གནས་གསུམ་གྱི་མཐའ་དང་བྲལ་བས་ཅི་ཡང་མ་ཡིན་ལ་ཅིར་ཡང་འཆར་བ། ཤར་བ་ཙམ་ནས་དངོས་པོ་མཚན་མར་མ་གྲུབ་ཀྱང་ཀུན་རྫོབ་ཏུ་སྣང་ལ་དོན་བྱེད་ནུས་པས་མ་བསྐྱེད་ལྷུན་རྫོགས་ཀྱི་དཀྱིལ་འཁོར། ཟང་ {{TibChung|[23a]}} ཐལ་གྱི་ཡེ་ཤེས་རང་གནས་ལ་ནམ་ཡང་འཕོ་འགྱུར་མེད་པས་འཛིན་མེད་ཅོག་བཞག་གི་ཆོས་སྐུ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་བསྐྱེད་རྫོགས་ཟུང་འཇུག་འབའ་ཞིག་ལས་མི་འདས་བ་གཤིས་ལུགས་ཀྱི་སྣང་སྟོང་ཟུང་འཇུག་ལ་རིག་ཐོག་ཏུ་མྱོང་བ་ཐོན་ནས་གནད་གཅིག་ཤེས་པས་འཁོར་འདས་ཀུན་གྱི་སྟོང་སྲོག་ཐོབ་པ་ཉིད་བསྐྱེད་རྫོགས་གང་གི་ཡང་སྙིང་པོ་སྟེ། གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གི་ཞལ་ནས། བརྒྱ་བཤད་སྟོང་དུ་ལབ་ཀྱང་གོ་བ་གཅིག །གཅིག་ཤེས་ཀུན་གྲོལ་རང་རིག་རང་མདངས་སྐྱོང་། ཞེས་གསུངས་པ་ལྟར་ཐེག་མཆོག་རྒྱལ་པོ་ལྟ་བ་སྤྱི་འབྱམས་གདིང་དུ་གྱུར་པའི་རྩལ་སྣང་རང་བཞིན་ཡོངས་གྲུབ་ལྷའི་ཕྱག་རྒྱར་ཤར་བའི་གནད་གསང་འདི་ཉིད་མ་རྟོགས་ན་ནམ་དུའང་བསྐྱེད་རྫོགས་ལ་མཚན་རྟོག་གི་གོལ་ས་ཆོད་དུས་མེད་པས། རབ་རྟོགས་པ། འབྲིང་ཉམས་མྱོང་། ཐ་མ་གོ་བ་ཕྱིན་ཅི་མ་ལོག་པས་ངེས་ཤེས་རྙེད་པ་ཙམ་ཅི་ནས་གལ་ཆེ་བ་ཡིན་ནོ། །གཉིས་པ་མཚམས་ཀྱི་བསླབ་བྱ་དམིགས་ཀྱིས་བསྙད་པ་ནི། བསྙེན་སྒྲུབ་སྤྱིར་ {{TibChung|[23b]}} གཅེས་པའི་སྤང་བླང་གནད་ཀྱི་བྱེ་བྲག་མན་ངག་རྣམས་ལས་རྒྱས་པར་འབྱུང་བ་ལྟར་ཤེས་དགོས་ཀྱང་། འདིར་གཏེར་གཞུང་དང་དེ་འབྲེལ་གོང་མ་རྣམས་ཀྱི་གསུང་གི་གནད་དོན་མདོར་བསྡུས་སུ་སྨོས་ན། སྤྱིར་དམ་ཚིག་དང་མི་ལྡན་ན་གསང་སྔགས་མི་འགྲུབ་པས་དབང་བསྐུར་ཐོབ་ཀྱང་དམ་ཚིག་ལ་ཐེ་ཚོམ་ཡོད་པའམ་དབང་བསྐུར་ཉིད་ཞུས་ལོ་ཐོབ་ལོ་ཙམ་དུ་སོང་ན། བླ་མ་ལས་དབང་བསྐུར་བསྐྱར་ནས་ཞུ་ཞིང་ཅི་འབྱོར་བའི་མཎྜལ་གྱིས་མཉེས་པར་བྱས་ལ་བསྙེན་སྒྲུབ་མཐར་ཕྱིན་པའི་གསོལ་བ་གདབ། དེ་ཕྱིན་ཆད་བླ་མ་ཉིད་བསྒྲུབ་བྱའི་ལྷ་དང་དབྱེར་མེད་དུ་བལྟ་བ་ནི་རྩ་བ་ཡིན་ལ། གལ་ཏེ་བླ་མ་མི་བཞུགས་ན་འདུན་པ་དེ་དང་ལྡན་པས་བདག་འཇུག་ཡིད་ཆེས་པ་བླང་། མཚམས་ཡུན་རིང་ཐུང་དང་ཐུན་བཞིའམ་གཉིས་སོགས་ཀྱི་བཅད་ཁྲིགས་དམ་བཅའ་དང་པོར་གང་བྱས་པ་དེ་ཉིད་མཐར་ཐོན་ངེས་པར་བྱ། འཚོ་ཆས་སོགས་ཚགས་སུ་མ་ཚུད་པས་ཅིས་ཀྱང་གཏོང་ལེན་མི་བྱ་ཀ་མེད་ཡོད་པ་དང་། སྒྲུབ་གཡོག་ཁྲོལ་ཅན་ལྷ་རྗེ་སོགས་སྒྲུབ་པའི་གྲོགས་སུ་འགྲོ་ངེས་པ་རྣམས་ཐོག་མ་ {{TibChung|[24a]}} ནས་དམིགས་འོག་ཏུ་འཇུག་ཅིང་། ལར་ནས་དམ་བཅའི་སྐབས་འདིར་དངོས་སུ་མི་དྲན་པའི་གལ་ཆེ་བ་གློ་བུར་དུ་བྱུང་ན་དམིགས་འོག་ཏུ་ཆུག་པར་བྱེད་པ་སོགས་ཧ་ཅང་སྡོམ་དྲག་པ་མ་ཡིན་པ་དང་། རྗེས་ནས་དམིགས་ཁོངས་སུ་ཆུད་ཡོད་སྙམ་པའི་བག་ཡངས་མི་བྱ་བར་སྒྲུབ་གཡོག་ཁྲོལ་ཅན་དང་ཕྱི་ནང་འགྲུལ་པས་མཚོན་བསྲུང་ཅི་ཐུབ་བྱས་པས་མཚམས་མི་རལ་ཞིང་གཡེང་བས་མི་ཁྱེར་བ་ཡིན། མངོན་མཚན་ཅན་གྱི་སྒྲུབ་པ་ལ་དངོས་སྒྲུབ་གཡེལ་ཞིང་བར་ཆད་འཇུག་པས་བསྙེན་པ་མ་ཐོན་གྱི་བར་ཡི་དམ་གང་ཡིན་གཞན་གྱིས་མ་ཤེས་པ་བྱེད། ཐོག་མར་ཕྱི་ནང་གི་མཚམས་བཅད་པ་ནས་བཟུང་སྒྲུབ་པ་མ་གྲོལ་གྱི་བར་བོ་ཟག་ལྟེམས་ལོག་བཞིའི་དྲི་མ་བསྲུང་དགོས་ཏེ། བོ་བའི་རྒྱུ། ཆོས་འཆད་ཉན་དང་གཞན་ལ་བསྲུང་བ་བྱིན་རླབས་རིམ་གྲོ་རྟེན་འབྲེལ་སོགས་མི་བྱ། ཚོགས་གཏོར་མཆོད་ལྷག་སོགས་བྱིན་གྱིས་བརླབས་པའི་རྫས་ཕྱིར་མི་གཏོང་། ཟག་པའི་རྒྱུ། གཞན་དང་ཕར་ཚུར་གདོང་མི་འཕྲད་ཅིང་ངག་མི་སྨྲ། ཕྱི་ནང་མི་འགྲུལ། ཡོ་བྱད་གཏོང་ {{TibChung|[24b]}} ལེན་མི་བྱེད། ཁྱད་པར་རང་གི་ཟས་གོས་སྣོད་དཔྱད་སྤྱོད་འཕྲོ་གཞན་སྤྱོད་དུ་མི་འཇུག །གཞན་གྱི་དེ་དག་རང་གིས་མི་སྤྱད། ལྷག་པར་དམ་ཚིག་ཉམས་པའི་ཕྲིན་ཡིག་ཀ་ཅ་ཟས་གོས་སོགས་རླུང་ཕྱོགས་ཙམ་ཡང་འཕྲད་དུ་མི་འཇུག །རྟགས་མཚན་དང་ཉམས་རྟོགས་ཅི་བྱུང་ཡང་གཞན་ལ་མི་བཤད། ལྟེམས་པའི་རྒྱུ། ལུས་གོས་སྐྲ་དང་གདོང་མི་བཀྲུ། སྐྲ་སེན་མི་འདྲེག །མལ་ས་མི་སྤོ། སྟན་མི་སྤྲུགས། སྒྲུབ་ཁང་ཕྱགས་བདར་མི་བྱ། ལོག་པའི་རྒྱུ། ལྟར་སྣང་ཉི་ཚེ་གཞན་དོན་གྱི་རྣམ་པའི་གཡེང་བ་དང་། རང་ཉིད་ཞི་བདེ་དོན་གཉེར་གྱི་བློ་འཁྲིས་མ་ཞུགས་པས་སྟན་གྱི་དྲོད་མ་ཡལ་བར་བྱས་ཏེ་བསྒྲུབ། རྒྱུན་གྱི་ཁ་ཏོན་དགེ་སྦྱོར་རིགས་ཀྱང་སྒྲུབ་པ་ཆགས་པའི་རྒྱུ་ཡིན་པས་མང་དུ་བྱ་བ་རྣམས་སྤངས་ཏེ། འབྲས་བུ་སངས་རྒྱས་སྒྲུབ་པ་ལ་ཟབ་ལམ་བླ་མའི་རྣལ་འབྱོར་འདི་ལས་གཞན་དུ་མེད་པའི་ཡིད་ཆེས་ཀྱིས་ཆོག་ཤེས་པར་བྱེད། རྒྱུན་དུ་རྣམ་འཇོམས་སྨེ་བརྩེགས་གང་རུང་བཟླས་པའི་ཁྲུས་བུམ་འདུ་བྱས་ལ། མི་བྱེད་ཀ་མེད་ཀྱི་ཡོ་བྱད་ལེན་པ་དང་སྒྲུབ་གཡོག་འགྲུལ་ལྟ་ {{TibChung|[25a]}} བུ་དགོས་ན་ཁྲུས་ཆབ་ཀྱིས་བསང་ཞིང་གུ་གུལ་གྱིས་བདུག་པ་སོགས་བྱ། མི་དང་ཡོ་བྱད་གསར་པའི་གདོང་དུ་ཤེས་པ་བྱིང་འཐིབ་ཚིག་པ་གཉིད་ཡེར་པ་སོགས་བྱུང་ན་འགྲུལ་སྣ་ཡིན་པས་སྲུང་འཁོར་བསྒོམ། རྫས་དེ་བྱུང་ཚར་བའི་རྗེས་སུ་བྱུང་ན་གྲིབ་ལྷོངས་ཡིན་པས་ཡིག་བརྒྱ་བཟླ། འགྲུབ་ཏུ་རུང་ན་རྫས་དེ་དག་འཕྲལ་དུ་ལོངས་མི་སྤྱོད། མཚམས་རལ་བ་ལྟ་བུའི་རྐྱེན་གྱིས་བགེགས་འཚུབས་ཀྱི་རྟགས་བྱུང་ན་བགེགས་སྐྲོད་ནན་ཏན་དང་རྒྱལ་ཐོ་སྒོ་བྱང་གསོ་ཞིང་སྲུང་འཁོར་བསྒོམ། ཐུན་མཚམས་སུ་ཡིག་བརྒྱ་དང་ཡེ་ཤེས་སྐུ་མཆོག་སོགས་ཉེས་བཤགས་ཅི་རིགས་ཆག་མེད་དུ་བྱ། ཀ་ཅ་ཆེ་ཕྲ་ཕྲིན་ཡིག་ཙམ་གྱི་གཏོང་ལེན་ཀྱང་མི་བྱ་བར་གཅིག་པུར་རྣམ་གཡེང་སྤངས་ནས་བསྒྲུབ་ནུས་ན་རྟགས་མཚན་མྱུར་ཞིང་སྒྲུབ་པའི་འབྲས་བུ་འབྱིན་པ་ཡིན་ལ། བསྙེན་སྒྲུབ་ཀྱི་དམ་ཚིག་རལ་ཞིང་ཁ་ཡེངས་མིག་ཡེངས་ཀྱི་བཟླས་པ་ལོ་ཟླར་འབད་ཀྱང་གྲུབ་པའི་རྟགས་དང་འབྲས་བུ་མི་འབྱུང་བས་འབད་པ་དོན་མེད་དུ་འགྲོ་བ་ཡིན། སྐབས་རེར་ཚིག་པ་ཟ་ {{TibChung|[25b]}} བ་དང་སྙིང་མི་དགའ་བ་སོགས་བྱུང་ན་བླ་མའི་མོས་གུས་དང་ངོ་བོ་ལ་བལྟས་ནས་རང་ཐོག་ཏུ་བཞག །ཤེས་པ་འཕྱོ་ཞིང་ཡེད་པ་སོགས་རླུང་རྟགས་བྱུང་ན་རུས་ཐང་སོགས་དང་། བྱིང་འཐིབ་ཉོབ་ན་ཇ་དཀར་བཏུང་བ་སོགས་ཁམས་དང་བསྟུན་པའི་ཟས་སྤྱོད་དང་སྨན་བསྟེན་པ་སོགས་སྤྱོད་ལམ་གཟབ་པར་བྱ། བཟླས་ཕྲེང་ལས་མཐུན་སོ་སོར་བཤད་ཀྱང་སྤྱི་ལ་བོ་དྷི་ཙེ་ཉིད་འགྱུར་སྟོབས་དང་བསྔགས་པ་ཆེ་བས་དེ་ཀ་ལེགས་ལ། བཟླས་པའི་ཐོག་མར་ཕྲེང་བ་བྱིན་རླབས་ཀྱི་སྔགས་དམིགས་སྤྱི་མཐུན་ནམ། མདོར་བསྡུས་སུ་ཕྲེང་བ་ལག་མཐིལ་གཡོན་དུ་བསྐྱིལ་བ་བསང་སྦྱང་། སྟོང་པའི་ངང་ལས་ཕྲེང་བའི་མདོ་འཛིན་གཙོ་བོ་ཡབ་ཡུམ་ལ་ཕྲེང་རྡོག་འཁོར་གྱི་རྣམ་པས་ཡོངས་སུ་བསྐོར་བ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་དབྱེར་མེད་དུ་གྱུར། རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་བཟླ་བྱའི་ཡིག་འབྲུའི་རྣམ་པར་ཆར་ལྟར་བབས་ནས་ཕྲེང་བ་ལ་ཐིམ་པར་མོས་ལ། སྙིང་པོ་དང་། ཨོཾ་རུ་ཙི་པྲ་མ་རྟ་ན་ཡེ་རཏྣ་མ་ཎི་དྷ་ར་ཛྙཱ་ན་དེ་བ་ཨ་བྷི་ཥིཉྩ་ཧཱུཾ་སྭཱཧཱ༔ ཞེས་བརྒྱ་རྩ་བཟླས་མཐར། ལྷ་རྣམས་ {{TibChung|[26a]}} འོད་དུ་ཞུ་བ་ཕྲེང་བའི་རྣམ་པར་གྱུར་པར་བསམ། སླར་སྙིང་པོ་དབྱངས་གསལ་བཟླས་པས་མེ་ཏོག་འཐོར། དེ་ཉིད་འགོམ་གཡུག་དང་ཕལ་གྱིས་མཐོང་རེག་མེད་པར་བཅང་། སྔགས་ཀྱི་སྒྲ་ཆེ་ཆུང་མྱུར་བུལ་ལྷག་ཆད་ཡིག་འབྲུ་སྒྲ་ཟུར་ཉམས་པ། གློ་ལུ་བ་དང་གླལ་བ་སྦྲིད་པ་སོགས་ཀྱིས་བར་ཆོད་པ་མ་ཡིན་པའི་ངག་བཟླས་སྐྱོན་བྲལ་བྱེད་ཅིང་། སྔགས་ཕྲེང་སྐོར་རེའི་མཚམས་སུ་བཟླས་དམིགས་གསལ་སྐྱོར་དང་སྟོང་རྗེས་ལ་བརྒྱ་སོགས་བཅུ་ཆའི་ཁ་སྐོང་ཡང་ཞོར་ལ་འགྲོ་བ་ཐོན་ན་རྗེས་སུ་སྦྱིན་སྲེག་མ་གྲུབ་ཀྱང་སྐྱོན་མེད་པ་དང་། སྒྲུབ་པ་ཞག་གྲངས་སུ་བཅད་པ་སོགས་ལ་སྟབས་བདེ་བ་ཡིན། ཐུན་གྱི་སྒང་ལ་འགྲོ་འདུག་འགུལ་བསྐྱོད། གཞན་ལ་ངག་དང་ཕྲིན་ཡིག་གཏོང་བ། ལྷ་སྔགས་མི་གཅིག་པ་འདོན་བསྒོམ་སོགས་བཟླས་དམིགས་ཀྱི་བར་ཆད་དུ་འགྲོ་བའི་རྣམ་གཡེང་ཐམས་ཅད་སྤངས། དུས་གསུམ་གྱི་རྣམ་རྟོག་ཆུ་གཉེར་ལྟ་བུ་ཐོལ་སྐྱེས་དེ་ཀ་དྲན་པས་ཆེར་བཟུང་དུ་བྱས་ནས་ལུས་མི་གཡོ། ངག་མི་སྨྲ། སེམས་མི་ཡེངས་པར་རྩེ་གཅིག་པས་ལྷ་སྐུ་རེག་མཐོང་ཡོད་པ་ལྟ་ {{TibChung|[26b]}} བུར་གསལ་ཐུབ་ཀྱང་སྣང་སྟོང་རིག་རྩལ་ཙམ་དུ་བལྟ་ཞིང་། གང་ལྟར་བསྒོམས་ཀྱང་མི་གསལ་བ་བྱུང་ཡང་སེམས་ལས་ལྷ་སྐུ་ལོགས་སུ་མེད་པར་ཐག་བཅད་དེ་ཡིད་མི་གཡེང་བར་བསྒོམ། ངེས་པར་ལྡང་བ་སོགས་བྱེད་དགོས་ཀྱང་ལྷའི་གསལ་སྣང་མ་ཤོར་བ་དང་བཟླས་པའི་རྒྱུན་མ་ཆད་པ་བྱེད། ཐུན་མཚམས་རྣམས་སུ་ཡང་ལྷའི་གསལ་སྣང་མ་བྲལ་བས་བཟླས་པ་གང་འགྲུབ་བྱེད་ཅིང་གྲངས་སུ་མི་རྩི། བྱ་བ་གང་ལ་འཇུག་ཀྱང་དྲན་པའི་རྩིས་ཟིན་པས་ཐ་མལ་གྱི་བློ་ལང་དུ་མ་ཤོར་བ་ཞིག་ཅིས་ཀྱང་དགོས། གཞན་ཡང་རེས་རིག་པ་དྭགས་ཤིང་ལྕེ་བདེ་བ་དང་། རེས་བྱིང་རྨུག་མི་གསལ་བ་དང་། རེས་རྣམ་རྟོག་འཕྲོ་རྒོད་གཉེན་པོས་མི་ཆུན་པ་དང་། རེས་ཁམས་འདུས་སྒྱིད་ལུགས་པ་དང་། རྨི་ལམ་བཟང་ངན་སོགས་ཕྱི་ནང་གི་རྐྱེན་མཐོ་དམན་ཅི་བྱུང་ཡང་རང་སེམས་ཀྱི་འཆར་སྒོ་ཙམ་དུ་ཐག་བཅད་ནས་དགའ་སྡུག་གི་རྩིས་གདབ་མི་བྱ། མདོར་ན་དད་གུས། བརྩོན་འགྲུས། ལྷག་པའི་ལྷ་ལ་ཐུན་མོང་མ་ཡིན་པའི་ཡིད་ཆེས་བཅས་གསུམ་པོ་དེ་དག་ནམ་དུའང་གལ་ཆེ་ཞིང་། འདི་བསྒྲུབ་ན་དྲག་གམ། འདི་ {{TibChung|[27a]}} བས་གཞན་ཞིག་ཟབ་བ་མ་སྙམ་པ་ལྟ་བུའི་བློ་ཙབ་ཙུབ་གཏན་ནས་མི་བྱ་སྟེ། སློབ་དཔོན་ཆེན་པོས། རྒྱལ་བ་གཅིག་བསྒྲུབས་ཐམས་ཅད་མ་བསྒྲུབས་འགྲུབ༔ དེ་ཕྱིར་སྤངས་ལེན་མེད་པར་གཅིག་ལ་འབད༔ སྤངས་ལེན་བློ་ཡིས་མང་པོ་བརྩམས་གྱུར་ཀྱང་༔ གཅིག་ཀྱང་མ་འགྲུབ་ཨ་ཐང་ཆད་པའི་རྒྱུ༔ ཞེས་གསུངས། དེས་ན་ཁམས་ཀྱིས་མི་ལྕོགས་པའི་ཧ་ཅང་འགྱུར་བ་མིན་ཙམ་གྱི་ངང་ལེ་ལོ་སྙོམས་ལས་ཀྱི་དབང་དུ་མ་ཤོར་བའི་སྒོ་ནས་སྒྲུབ་པའི་འགོ་ལྷོད་པ། བར་གྲིམ་པ། ཐ་མ་ནར་གྱིས་སོང་བའི་ཐང་ལྷོད་མེད་པར་མཐར་ཕྱིན་པར་བྱའོ། །རྩ་བའི་གསུམ་པ་ཕན་ཡོན་ཅུང་ཟད་སྨོས་པས་བློ་ལྡན་སྤྲོ་བ་བསྐྱེད་པ་ནི། དེ་ལྟར་བླ་མ་སྒྲུབ་པའི་ཕན་ཡོན་སྤྱིར་གསང་སྔགས་ཀུན་ནས་རྒྱ་ཆེར་གསུངས་ཤིང་རྡོ་རྗེ་ཐེག་པའི་ཉེ་ལམ་གྱི་རྩ་བའང་བླ་མ་ཚུལ་བཞིན་སྒྲུབ་པ་ལ་རག་ལས་པ་དང་། ཁྱད་པར་སངས་རྒྱས་གཉིས་པ་གུ་རུ་རིན་པོ་ཆེ་ལ་གསོལ་འདེབས་མཆོད་བསྟོད་བསྙེན་སྒྲུབ་ལ་སོགས་པ་བགྱིས་ན་གཞན་ལས་ཁྱད་པར་དུ་མས་འཕགས་པའི་ཡོན་ཏན་ {{TibChung|[27b]}} རླབས་པོ་ཆེ་འཐོབ་པ་འཁྲུལ་མེད་ཀྱི་ཟབ་གཏེར་རྣམས་ལས་ཡང་ནས་ཡང་དུ་གསུངས་ཏེ། གསང་ཐེམ་ལས། ང་བསྒྲུབ་སངས་རྒྱས་ཐམས་ཅད་འགྲུབ༔ ང་མཐོང་རྒྱལ་བ་ཐམས་ཅད་མཐོང་༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཞེས་སོགས་དང་། འདི་ཉིད་ཀྱི་གཏེར་གཞུང་ལས་ཀྱང་། ཐུགས་སྒྲུབ་ཁྱད་འཕགས་ཐེག་པའི་བཅུད་བསྡུས་འདི༔ མཐོང་ཐོས་དྲན་རེག་བཀའ་ལུང་ཐོབ་ཚད་ཀུན༔ ཚེ་གཅིག་རིག་འཛིན་ས་ལ་འགོད་པར་ངེས༔ སྒྲུབ་མཆོད་བྱས་ན་ལྟ་ཅི་སྨྲོས༔ འདི་ཉིད་སྒྲུབ་པའི་ས་ཕྱོགས་དེར༔ ནད་ཡམས་མཚོན་འཁྲུགས་མུ་གེའི་བསྐལ་པ་ཞི། ཕྱག་བསྐོར་འབྲེལ་ཐོབ་བྱང་ཆུབ་ལམ་སྣ་ཟིན༔ ཟབ་ཆོས་འདི་ཉིད་ཉམས་སུ་ལེན་མཁན་ལ༔ ལོ་ཟླར་མི་འགྱང་གྲུབ་རྟགས་མྱུར་དུ་འོང་༔ ཉམས་ལེན་མཁན་ལ་གྲུབ་རྟགས་མ་བྱུང་ན༔ ཀུན་བཟང་སྣང་མཐའ་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་སེམས་ཅན་ཐམས་ཅད་བསླུས་པར་ངེས༔ དེ་ཕྱིར་ངེས་ཤེས་སྐྱེད་ཅིག་ཕྱི་རབས་ཀུན༔ ཞེས་གསུང་པ་ལྟར། དབང་པོ་སྐལ་བ་དད་བརྩོན་རབ་ཏུ་གྱུར་པ་རྣམས་ཚེ་འདིར། འབྲིང་ {{TibChung|[28a]}} བར་དོར། ཐ་མ་ཡང་སྐྱེ་བ་ཕྱི་མ་ལ་གུ་རུ་རིན་པོ་ཆེས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་ནས་ཐུན་མོང་དང་མཆོག་གི་དངོས་གྲུབ་བདེ་བླག་ཏུ་འཐོབ་པར་འགྱུར་བ་ནི་བསླུ་མེད་རྡོ་རྗེའི་གསུང་གི་བདེན་དོན་ཟབ་མོ་སྟེ། དལ་འབྱོར་ཐོབ་ཅིང་བསྟན་པའི་ཡང་སྙིང་ཟབ་ལམ་འདི་ལྟ་བུ་དང་མཇལ་བའི་ཚེ་བཏང་སྙོམས་སུ་མི་འདོར་བར་སྒྲུབ་པ་ཉམས་ལེན་ལ་རྩེ་གཅིག་ཏུ་འབད་པས་དོན་གཉིས་ཡིད་བཞིན་དུ་འཇོ་བ་ལ་བརྩོན་པར་འཚལ་ལོ། །བགྲངས་ཡས་ཐེག་པའི་རྩེ་རྒྱལ་སྔ་འགྱུར་ཆོས། །བཀའ་གཏེར་རྒྱ་མཚོའི་ཡང་ཞུན་བླ་སྒྲུབ་གཙོ། །དགོངས་པ་ཡོངས་འདུས་ཉམས་ལེན་བཅུད་བསྡུས་པ། །བརྒྱུད་ལྡན་གསུང་གི་གསང་བ་འདི་ཁོ་ན། །ཚུལ་འདིར་སྔོན་ཆད་སྦས་དོན་སྙན་བརྒྱུད་ལས། །ཟབ་གནད་ཡི་གེར་སྤེལ་བ་མེད་མོད་ཀྱང་། །སྙིགས་དུས་གདམས་པའི་གནད་གསང་འཆོལ་དོགས་ནས། །བལྟ་ས་ཆོག་བསྙེན་ཡིག་འདུས་གསལ་ཉིད་དུ་བཀོད། །བསོད་ནམས་དེ་མཐུས་བདག་གཞན་འགྲོ་བ་ཀུན། །མ་དག་གདོས་བཅས་ལུས་འདི་བོར་མ་ཐག །པདྨ་འོད་ཞིང་གུ་རུའི་ {{TibChung|[28b]}} ཞབས་དྲུང་དེར། །རིག་འཛིན་ཌཱ་ཀིའི་ཚོགས་གྲལ་ལ་འཁོད་ཤོག །མགོན་དེའི་རིང་ལུགས་ལམ་བཟང་ཉིན་མོར་བྱེད། །མི་ནུབ་གདུལ་བྱའི་མཁའ་ལ་རྟག་འཆར་བས། །སྐལ་ལྡན་པདྨོའི་སྐྱེད་ཚལ་རབ་བཞད་དེ། །གྲུབ་གཉིས་སྦྲང་རྩིའི་དགའ་སྟོན་རྒྱས་གྱུར་ཅིག །དེ་ལྟར་ཡང་གསང་བླ་མ་རྩ་གསུམ་འདུས་པའི་བསྙེན་སྒྲུབ་ཀྱི་ཡི་གེ་སྐལ་བཟང་ཡིད་ཀྱི་འདོད་འཇོ་ཞེས་བྱ་བ་འདི་ནི། རང་གཞན་མང་པོ་ལ་སྨན་པའི་བསམ་པ་བཟང་པོས་ཀུན་ནས་བསླངས་ཏེ། རིག་པ་འཛིན་པའི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སུམ་ཅུ་རྩ་གསུམ་པའི་ཐོག་ཏུ་སོན་པ་འཛིན་བྱེད་ཀྱི་ལོ་ཁྲུམ་སྟོད་ཟླ་བའི་ཡར་ངོ་རྒྱལ་བ་དང་པོ་ལ། གངས་ཅན་གྱི་ལྷོ་ཕྱོགས་མོན་ཡུལ་སྤ་གྲོ་རིན་ཆེན་སྤུངས་ཀྱི་རི་ངོགས་རང་བྱུང་པདྨས་བྱིན་གྱིས་བརླབས་པའི་སྒྲུབ་གནས་ཀྱི་རྒྱལ་པོ་སྟག་ཚང་སེང་གེ་བསམ་འགྲུབ་ཀྱི་ཀེའུ་ཚང་དུ་ལེགས་པར་སྦྱར་བ་སྟེ། འདིས་ཀྱང་ཟབ་མོའི་ལམ་བཟང་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། འགྲོ་བ་ {{TibChung|[29a]}} ཐམས་ཅད་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག། །སརྦ་དཱ་མངྒ་ལཾ།། །།}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Revision as of 14:33, 8 August 2025
| Wylie title | dam chos dgongs pa yongs 'dus las yang gsang bla ma rtsa gsum 'dus pa'i bsnyen sgrub kyi yi ge skal bzang yid kyi 'dod 'jo | |
|---|---|---|
| Location | bdud 'joms rin po che bka' 'bum Volume 7, Text 17, Pages 539-595 (Folios 1a1 to 29a1) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. Dam chos dgongs pa yongs 'dus las yang gsang bla ma rtsa gsum 'dus pa'i bsnyen sgrub kyi yi ge skal bzang yid kyi 'dod 'jo. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 7: 539-595. Kalimpong: Dupjung Lama, 1979-1985. | |
| Side notes | Recto: bsnyen yig Verso: bdud 'dul dgongs 'dus | |
| More details More details | ||
| Tertön | བདུད་འདུལ་རྡོ་རྗེ་ (bdud 'dul rdo rje) | |
| Genre | Recitation Manual - bsnyen yig | |
| Cycle | བཀའ་རྫོགས་པ་ཆེན་པོའི་དམ་ཆོས་དགོངས་པ་ཡོངས་འདུས་ (bka' rdzogs pa chen po'i dam chos dgongs pa yongs 'dus) | |
| Colophon |
།དེ་ལྟར་ཡང་གསང་བླ་མ་རྩ་གསུམ་འདུས་པའི་བསྙེན་སྒྲུབ་ཀྱི་ཡི་གེ་སྐལ་བཟང་ཡིད་ཀྱི་འདོད་འཇོ་ཞེས་བྱ་བ་འདི་ནི། རང་གཞན་མང་པོ་ལ་སྨན་པའི་བསམ་པ་བཟང་པོས་ཀུན་ནས་བསླངས་ཏེ། རིག་པ་འཛིན་པའི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སུམ་ཅུ་རྩ་གསུམ་པའི་ཐོག་ཏུ་སོན་པ་འཛིན་བྱེད་ཀྱི་ལོ་ཁྲུམ་སྟོད་ཟླ་བའི་ཡར་ངོ་རྒྱལ་བ་དང་པོ་ལ། གངས་ཅན་གྱི་ལྷོ་ཕྱོགས་མོན་ཡུལ་སྤ་གྲོ་རིན་ཆེན་སྤུངས་ཀྱི་རི་ངོགས་རང་བྱུང་པདྨས་བྱིན་གྱིས་བརླབས་པའི་སྒྲུབ་གནས་ཀྱི་རྒྱལ་པོ་སྟག་ཚང་སེང་གེ་བསམ་འགྲུབ་ཀྱི་ཀེའུ་ཚང་དུ་ལེགས་པར་སྦྱར་བ་སྟེ། འདིས་ཀྱང་ཟབ་མོའི་ལམ་བཟང་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། འགྲོ་བ་ཐམས་ཅད་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག། །སརྦ་དཱ་མངྒ་ལཾ།། | |
|
de ltar yang gsang bla ma rtsa gsum 'dus pa'i bsnyen sgrub kyi yi ge skal bzang yid kyi 'dod 'jo zhes bya ba 'di ni/___rang gzhan mang po la sman pa'i bsam pa bzang pos kun nas bslangs te/___rig pa 'dzin pa'i myu gu 'jigs bral ye shes rdo rjes rang lo sum cu rtsa gsum pa'i thog tu son pa 'dzin byed kyi lo khrum stod zla ba'i yar ngo rgyal ba dang po la/___gangs can gyi lho phyogs mon yul spa gro rin chen spungs kyi ri ngogs rang byung pad+mas byin gyis brlabs pa'i sgrub gnas kyi rgyal po stag tshang seng ge bsam 'grub kyi ke'u tshang du legs par sbyar ba ste/___'dis kyang zab mo'i lam bzang phyogs dus kun tu dar zhing rgyas la yun ring du gnas pa dang /___'gro ba thams cad o rgyan rdo rje 'chang chen po'i go 'phang la myur du reg pa'i rgyur gyur cig/___/sarba dA mang+ga laM// | ||