DJYD-KABUM-22-ZA-012: Difference between revisions

From Dudjom Wiki
DJYD-KABUM-22-ZA-012
No edit summary
No edit summary
Line 7: Line 7:
|author=Dudjom Rinpoche
|author=Dudjom Rinpoche
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985.
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 22: . Kalimpong: Dupjung Lama, 1979-1985.
|language=Tibetan
|language=Tibetan
|pagestatus=Temporary stub only
|tibgenre=Notes - zin bris
|volnumtib=༢༢
|volyigtib=ཟ
|rectonotes=zin bris
|volumenumber=22
|volumenumber=22
|volumeLetter=ZA
|volumeLetter=ZA

Revision as of 08:23, 24 July 2024

Wylie title DJYD-KABUM-22-ZA-012.pdf
Location bdud 'joms rin po che bka' 'bum
Volume 22, Text 12, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. '. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 22: . Kalimpong: Dupjung Lama, 1979-1985.
Side notes Recto: zin bris  
More details More details
Genre Notes - zin bris
[edit]
(1ན)(ཕུར་པ་ཡང་གསང་སྤུ་གྲི་ཉིན་ཆོག་རྐྱང་པའི་ཟིན་བྲིས་ལ། བཅས་གཤོམ་མཐོང་བརྒྱུད་བཞིན་ཚོགས་པར་བྱས་ནས། ཆོ་ག་དངོས་ལ། ཚིག་བདུན་གསོལ་འདེབས་སོགས་སྔོན་དུ་འགྲོ་བས། བརྒྱུད་འདེབས་)ཀུན་བཟང་རིགས་ལྔའི་(མཐར་རོལ་མོ་བྱིན་རླབས་བརྒྱ་བརྡུང་དུ་གྲགས་པ་ནི། དུང་ཆེན་དང་ཐིང་གང་གསུམ་གྱིས་དྲངས་པའི་ཟིལ་འབེབས་མཐར་ཡང་ལེན་གཅིག་དང་ཐིང་གང་ཆུང་ངུ་རེས་དྲངས་པའི་རོལ་མོ་གཅིག་ནས་བཅུ་གཅིག་བར་སྔ་མ་ལས་ཕྱི་མ་རེ་རེས་མང་བར་རིམ་གྱིས་འཕེལ་གྲངས་ཀྱི་རོལ་མོ་ཆུང་བརྡེག་དང་། གྲངས་འཕེལ་མཚམས་ཀྱི་མཐར་ཐིང་གང་ཆེན་པོས་དྲངས་པའི་མཚམས་ཀྱི་རོལ་མོ་ཆེ་བརྡེག་མཐར་ཐིང་གང་དལ་བུས་དྲངས་པའི་ཟིལ་འབེབས་ལ་ཌཱ་རུ་རྐང་དུང་སོགས་བྱའོ། །རོལ་མོ་སིལ་སྙན་ཡིན་ཚེ་རྒྱག་ཚད་ལ་རྒྱ་གླིང་ཡོད་དོ། །དེ་ནས་)བདག་དང་འགྲོ་བ་(སོགས་ཆོས་སྤྱོད་ནང་ལྟར་སྐྱབས་སེམས་དང་།)རྡོ་རྗེ་སློབ་དཔོན་(སོགས་མཐར། བགེགས་གཏོར་)ཨ་མྲྀ་ཏ(ས་བསང་།)སྭ་བྷཱ་ཝ(ས་སྦྱང་།) སྟོང་པའི་ངང་(སོགས། འབྲུ་གསུམ་ལ་རང་རྒྱ། རྡོ་དྲིལ་བཅས་)བྷཱུ་མི་པ་ཏི(ར་བསྡུ་རྒྱ། རྡོ་ཐལ་སེ་གོལ་བཅས་)སྠ་ན་(སོགས་ལན་གསུམ།)གང་དག་འདིར་གནས་(སོགས་མཐར་དྲིལ་གསིལ་དང་སེ་གོལ་བཅས་སརྦ་)བྷཱུ་ཏ་(སོགས་འཇམ་རོལ། སིལ་སྙན་པ་མ་དུ་བཟུང་ནས།) རང་གི་སེམས་ཉིད་(སོགས། ཟིལ་འབེབས་སུམ་བརྡུང་།)ཉིན་ཅིག་བགེགས་ལ་གདངས་ཆེ་ཆུང་གང་རིགས་སམ་ལྷུག་(1བ)འདོན་གྱིས། བརྒྱ་རུ་ཁོས། ཞེས(སུམ་བརྡུང་འཇོག་མེད་ཀྱིས།)སྟེང་ཡང་ཕུར་བུ་(སོགས་མཐར་ཟིལ་འོག་སྔགས་བཅས་ནས་བཞག །)བླ་མ་རིག་འཛིན་(སོགས་བསྡུ་རྒྱ། གདངས་ཡོད་མེད་གང་ལྟར་ཡང་རོལ་མོ་མེད་པའི་རྔ་ཆིངས་ཀྱིས།)བཅོམ་ལྡན་བདེ་གཤེགས་(སོགས་མཐར་ཐོད་ཚག་གིས་རོལ་ཆ་བཞག་ནས། ཐལ་སྦྱར་བཅས་)ཡེ་ཤེས་སྐུ་མཆོག་(མཐར། རོལ་མེད་རྔ་ཆིངས་ཀྱིས།)བདེ་གཤེགས་རྒྱལ་བ་(སོགས་ནས། དམ་བཅའི་སྔགས་མཇུག་སུམ་བརྡུང་འཇོག་མེད་ལ་འཇོག་མེད་ལ་གཡབ་དར་གཡབ་ཅིང་ལྡེམས་དབྱངས་ཀྱིས།) སྲིད་པའི་ཕུར་བུ་(ལ་རྩ་གདངས་ཆེ་བ།) གཉིས་མེད་དག་པ་(ནས་རྔ་ཆིངས་ལྷུག་འདོན་མཐར། ཚིག་མཇུག་ནས་དུང་ཆེན་གྱིས་དྲངས་པའི་རྒྱུད་གསུམ་རོལ་མོར་གཡབ་དར་དང་ཟིལ་འབེབས་ལ་ཌཱ་རྐང་བཅས་སྔགས་བརྗོད་ལ་རོལ་བཞག )། རཾ་ཡཾ་ཁཾ། བདག་གི་(སོགས། སྨན་རཀ་གཏོར་སྔགས་རྣམས་ལན་གསུམ་རེ།) རྟོག་བྲལ་(སོགས་འབྲུ་གསུམ་བརྗོད་ཅིང་འཇམ་རོལ་ཌཱ་བཅས།)ཆོས་ཐམས་ཅད་(སོགས་ཏིང་འཛིན་རྣམ་གསུམ་སོ་སོར་བསྐུལ་མཚམས།) རྡོ་རྗེ་ཁྲོས་པ་(ལ་རྩ་གདངས།)དྭངས་མའི་སྲོག་(ནས། བསྐུལ་མཚམས་ཀྱིས་)སླར་ཡང་ཧཱུྃ་ལས་(སོགས་ནས།) ནམ་མཁའི་ཧཱུཾ་དེ་(སོགས་བསྐྱེད་སྔགས་ཀྱི་མཇུག་ཏུ་ཟིལ་འབེབས་མཐར་གདངས་བཏང་ན་ལེན་གཉིས་ནས་ལྔ་བརྡུང་ཐིང་གང་མ་ཆུང་དུ་གཅིག་སྟེ་དྲུག་བརྡེག་འཇོག་མེད་ཀྱིས་ལྡེམས་དབྱངས་བྱ། གདངས་མི་བཏང་ན་སུམ་བརྡུང་འཇོག་མེད་རྔ་ཆིངས་ཀྱིས།)བཅོམ་(2ན)ལྡན་དཔལ་ཆེན་(སོགས། མཚམས་ཀྱི་ལྷུག་འདོན་བྱ་རིགས་རྣམས་ལ་རྔ་ཆིངས་ཀྱིས་བཞག་ཅིང་། སླར་རྔ་ཆིངས་ཁོ་ནས་འགོ་འཛིན་པ་ལས་རོལ་མོ་མེད།) རང་གི་ཐུགས་ཀའི་(སོགས་ནས། དུང་ཆེན་གྱིས་དྲངས་པའི་གཡབ་མོ་ཟིལ་འབེབས་མཐར་ལེན་གཉིས་ནས་ཉིས་བརྡུང་མཚམས་ཅན་འཇོག་མེད་ཐིང་གང་མའམ། གདངས་མི་བཏང་ན་སུམ་བརྡུང་འཇོག་མེད་ཀྱིས།)རྡོ་རྗེ་གཞོན་ནུ་(སོགས། སྔགས་མཇུག་སུམ་བརྡུང་འཇོག་མེད་གཡབ་བཅས་ནས།) སྲིད་པའི་ཕུར་བུ་(སོགས་མཐར་གཡབ་བཅས་ཟིལ་འབེབས་ཀྱིས་བཞག །)ཡེ་ཤེས་ཀྱི་འཁོར་ལོ་(སོགས་བསྐུལ་མཚམས། རྔ་ཆིངས་ཀྱི།) སྲིད་གསུམ་(སོགས།) ཐབས་ཀྱི་(སོགས།)བདག་སྩོལ་ཅིག་(ཅེས་བཞག །སྔགས་དང་ཚིག་ལྷུག་མཐར་རྔ་བཅས།) སངས་རྒྱས་(སོགས། འདི་གསུམ་ལ་གདངས་མི་བཏང་ན་མཚམས་སུ་རོལ་མོ་མི་དགོས། གདངས་གཏོང་ན་སོ་སོའི་ཚིག་མཇུག་སུམ་བརྡུང་འཇོག་གཅིག་རེ། འདིར་ཚིགས་གྲོལ་ན་)བརྟན་པར་བཞུགས་(ནས་ཟིལ་འབེབས་ཀྱིས་བཞག །མི་གྲོལ་ན་)ཏིཥྛ་སྟྭཾ་(ཞེས་རྔ་ཚག་གིས་བཞག །)རང་བཞིན་(སོགས། འདིར་གསར་འཚོགས་ཚེ་ཐང་ཟིལ་སུམ་བརྡུང་འཇོག་མེད་ཀྱིས།)རང་བྱུང་(སོགས་གདངས།)དཔའ་བོའི་རོ་(ནས་ལྷུག) ། རྒྱལ་བ་དགོངས་བརྒྱུད་(སོགས་སྨན་མཆོད་གདངས་སྤྱི་འགྲོའི་ལྷུག །རྔ་ཆིངས་ཀྱིས།) ཨོཾ་ཨཱཿཧཱུཾ། ཁྲོ་བོ་(སོགས། སྔགས་མཇུག་སུམ་བརྡུང་གིས།) དམ་རྫས་(སོགས།) ཉོན་མོངས་(2བ)(སོགས།)གཏི་མུག་སོགས་(ལ་གདངས་མི་བཏང་ན་རོལ་མོ་མི་དགོས་བཏང་ན་སུམ་བརྡུང་།) ཁྲོ་མོ་(སོགས་ཀྱི་ཚིག་མཇུག་ཟིལ་འབེབས་སུམ་བརྡུང་འཇོག་མེད་ཀྱིས།) དུས་གསུམ་སངས་རྒྱས་(ལ་གདངས་ཆེ་ཆུང་གང་རིགས་དང་བསྟོད་མཐར་ཟིལ་ནས་བཞག་རོལ་གྱིས་རྔ་སྦུབ་གནས་སུ་འཇོག །དེ་ནས་བཟླས་པ་རྣམས་གཞུང་བཞིན་བསྐུལ་མཚམས་བཅས་པ་དང་། དྲག་སྔགས་འདུས་པ་བཟླས་ཚེ་ལས་རྡོར་གྱིས་ཐུན་བསྐོར།)ཡེ་ཤེས་ལྷ་ཚོགས་(ལ་འཇམ་རོལ་ཌཱ་རུ་དུང་ཆེན་བཅས། དེ་ནས་བསྐང་གསོའི་མཆོད་རློབ་རྒྱས་པ་དང་འདས་གཏོར་འབུལ། སྦུག་ཆལ་འདོན། གཏོར་བསྔོའི་ཡན་བཏང་ནས་ཚ་རྟིང་གྲོལ། ༼གུང་ཚིག་ལ། ༽ གཟའ་དང་རྣམ་སྲས་ཀྱི་བསྟོད་པ་ཡན་དང་། རྗེས་འབྲང་གཏེར་གཞི་སྔགས་མཆོད་ཡན་གྱིས་གྲོལ། ༼བར་ཆ་ལ་༽ ལས་རྡོར་གྱིས་གསོལ་གདབ་སྔོན་འགྲོས།)སརྦ་དནྲ་བྱཾ་(སོགས། རྔ་སྦུག་ལེན།)ཁཾ། (ཐང་ཟིལ་སུམ་བརྡུང་འཇོག་མེད་ཀྱིས།) རྡོ་རྗེ་ལྟ་བུ་(སོགས་གདངས་ཅི་རིགས་གཏང་། ལས་རྡོར་གྱིས་ཚིག་དང་བསྟུན། དཔལ་འབར་བསྐོར། རླུང་གཡབ་གཡབ། ཆུ་གཙང་འཐོར།) བཀྲུ་བར་བྱ་(ཞེས་རྔ་ཚག་གིས་བཞག །རིགས་ལྔའི་སྔགས་སོགས་བརྗོད། ཐིང་གཅིག་དང་ལེན་གཅིག་གིས་དྲངས་པའི་སུམ་བརྡུང་འཇོག་མེད་ཀྱིས།) སྲིད་པའི་ཕུར་བུ་(སོགས།) ཡེ་ཤེས་(ནས་ཌཱ་རུ་བཅས་འཇམ་རོལ།) འབྱུང་བ་(སོགས་སོ་སོའི་མཇུག་ཏུ་སྔགས་རྒྱ་དང་།) སྒྲ་(ལ་རོལ་མོ་ཌཱ་རུ་དུང་ཆེན་བཅས། ཐིང་གཅིག་(3ན)ལན་གཅིག་སུམ་བརྡུང་འཇོག་མེད་)ཀྱིས། བླ་མེད་(སོགས། ཚིག་མཇུག་སུམ་བརྡུང་འཇོག་མེད་ནས་འདིའི་མཇུག་དགུ་བརྡུང་འཇོག་གཅིག་བཅས་དྲེགས་འཇོམས་བཟའ་དང་བཅའི་གདངས་ཡིན།) དམ་ཚིག་ཆེན་པོའི་(སོགས་ཚིག་མཇུག་སུམ་བརྡུང་།) ཡེ་ཤེས་ལྷ་ལ་(སོགས་ཚིག་མཇུག་རྔ་ཆིངས་ཀྱིས་བཞག་ནས་སྔགས་བརྗོད། དེའི་ཚེ་ལས་རྡོར་གྱིས་གདབ་ལས་ཆས་སློབ་དཔོན་མདུན་དུ་འབུལ། བྲུབ་ཁུང་ཁ་ཕྱེ་སྟེ།) བཛྲ་ཀཱི་ལི་(སོགས།)དཔག་ཏུ་མེད་པར་གྱུར། (འགུགས་གཞུག་གཅིག་བྱེད། འགུགས་རོལ་དགུ་བརྡུང་མཐར་སུམ་བརྡུང་འཇོག་མེད་ཀྱིས།) དམ་ཚིག་ཆེན་པོའི་(སོགས་ཚིག་མཇུག་སུམ་བརྡུང་འཇོག་མེད་ཀྱིས།) བྱང་ཆུབ་མཆོག་(སོགས་ཚིག་མཇུག་རྔ་ཚག་གིས་བཞག །)ཨོཾ་ལཾ་(སོགས། ཐིང་གང་གསུམ་གྱིས་དྲངས་པའི་ཟིལ་འབེབས་ཤིན་ཏུ་དལ་བའི་ཚེ་ཕུར་པ་བསྒྲིལ་ཞིང་གདབ། ཟིལ་མཐར་སུམ་བརྡུང་ཚེ་ཁྲོ་མོའི་ཕུར་པ་ཐོགས་ཏེ།)དངོས་གྲུབ་(སོགས།)མཉན་པར་བྱོས་(ཞེས་རྔ་ཚག་གིས་བཞག །)ཧཱུཾ་པ་ར་(སོགས། ཐིང་གཅིག་ལེན་གཅིག་བཅས་སུམ་བརྡུང་གིས།) བྲན་(དང་སོགས།)མཛོད་(ཅེས་བཞག །)ཧ་ན་(སོགས།) མ་རཀྨོ་(སོགས་ནས་ཐིང་གཅིག་ཟིལ་ནས་ཐུན་བྲབ། སུམ་བརྡུང་ལ་སྒོས་ཕུར་ཐོགས་ཏེ།)གདུག་ཅིང་(སོགས།) བྱོས། (ཞེས་བཞག་ནས་སྔགས་གཞུང་གསལ་ལྟར། སྒྲོལ་གྲི་ཐོགས་ཏེ་སུམ་བརྡུང་གོང་ལྟར།) རྡོ་རྗེ་(སོགས།) བྱེད་(ཅེས་བཞག །སྔགས་མཇུག་ཟིལ་འབེབས་འོག་དྲག་(3བ)སྔགས་འདུས་པ་དང་རྐང་དུང་སོགས་དྲག་རྔམས་ལྡན་པས་རྐང་གཡས་ནས་བསྒྲལ་ཞིང་ཐོ་ཧོམ་ཐོགས་ཏེ་སུམ་བརྡུང་གོང་ལྟར།) རྡུངས་ཤིག་(སོགས། ཚིག་མཇུག་སུམ་བརྡུང་འཇོག་མེད་འོག་སྔགས་བཅས་བརྡུངས་ནས་ལིང་རོ་ཧོམ་གཟར་དུ་ཕྱར་ཞིང་།)དཔལ་ཆེན་(སོགས་ཚིག་མཇུག་ཟིལ་ནས་བཞག་རོལ། བསྐང་རྫས་བརླབས་ཞྭ་བཅས། ཐིང་གསུམ་ནས་སུམ་བརྡུང་སྔར་རྒྱུན་བཞིན་གྱིས་གཟའ་དང་རྣམ་སྲས་ཀྱི་བསྐང་བ་སྤྱི་བཤགས་ཕྲིན་བཅོལ་ཡན་དང་། ཆ་གསུམ་བཏང་། བར་ཆ་གྲོལ། ༼དགོང་ཚོགས་ལ། ༽) ཧེ་རུ་ཀ་དཔལ་(སོགས་ཐིང་གསུམ་ཟིལ་སུམ་བརྡུང་མཚམས་ཅན་འཇོག་བཅས་ཀྱིས།) དང་པོ་ཕུད་(སོགས།) ཐ་མ་གཅིག་ཏུ་(ལ་ལས་རྡོར་གྱིས་ཕུད་ལྷག་བསྲེ། མཇུག་ཏུ་སུམ་བརྡུང་གོང་ལྟར་བཞག །ལྷག་གཏོར་བརླབ་པར་གསོལ་གདབ་ཞུ། ཁ་ཕྲུ་འདེབས་ཤིང་ཐུགས་ཐིག་ལྟར་བརླབས་ལ་ཉེར་སྤྱོད་ཀྱིས་མཆོད། ཐིང་གཅིག་ཟིལ་ཌཱ་བཅས་སུམ་བརྡུང་འཇོག་མེད་ཀྱིས།)བྲན་དང་(སོགས་ཚིག་མཇུག་རྔ་ཆིངས་ཀྱིས་བཞག་ནས་སྔགས་མཐར། ཐིང་གཅིགཟིལ་ཌཱ་བཅས་ཕྱིར་དོར་ནས་རོལ་བཞག །དེ་ནས་ཆོས་སྐྱོང་གཏོར་འབུལ་དགུག་གཞུག་ནས་ཤིས་བརྗོད་བར་སྔ་རྒྱུན་ལྟར་གནང་། མཐར་ཐལ་སྦྱར་གྱིས།)ཧོ་དགོངས་སུ་གསོལ་(སོགས་སྨོན་ལམ།) ཧོ་དཔལ་ཆེན་པོ་(སོགས་བཟོད་གསོལ་མཐའི་ཡིག་བརྒྱ་དྲིལ་གསིལ། བརྟན་མ་)ཨོཾ་ཨཱཿཧཱུཾ་(གིས་བརླབས། ཐིང་གཅིག་ལན་གཅིག་དང་ཐིང་རྐང་གིས་དྲངས་པའི་དགུ་བརྡུང་འཇོག་གཅིག་གིས།) བརྟན་མ་བཅུ་གཉིས་(སོགས།)(4ན)མཚན་ཡང་བཏགས་(ལ་རོལ་མོ་བྱེད།) སྒྲུབ་པ་པོ་(སོགས་གྱེར་ཚེ་མཇུག་ཚིག་ཚར་གཉིས་འདབ་སྟེ་དགུ་བརྡུང་མཐར་སུམ་བརྡུང་འཇོག་བཅས་ཀྱིས།) སྟོང་གསུམ་སྟོང་གི་(སོགས།) བུ་ཡུག་འཚུབས་(ལ་རོལ་མོ་བྱེད།) རང་གི་(སོགས་ལྷག་རྣམས་ལྷུག་འདོན། ཚིག་མཇུག་ཟིལ་འབེབས་རོལ་བཞག)ཧཱུཾ་(སོགས།)ཕཊ་(སོགས་བསྡུ་ལྡང་ནས་དགུང་ཐུན་སོགས་རྒྱུན་ལྡན་ལྟར་རོ།། །།)