DJYD-KABUM-23-A-021: Difference between revisions
From Dudjom Wiki
DJYD-KABUM-23-A-021
No edit summary |
No edit summary |
||
| Line 18: | Line 18: | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། | {{TibP|༄༅། །ནོར་བདག་ཨ་པ་ར་ཙིཏྟའི་སྒྲུབ་ཐབས་འདོད་རྒུ་ཆར་འབེབས་ཞེས་བྱ་བ་བཞུགས་སོ། ། | ||
༄༅། །ཨོཾ་སྭསྟི། ཁྱོད་ཞལ་ཉིན་མོར་བྱེད་པའི་གཟི་བརྗིད་ཀྱིས། །འདོད་རྒུའི་སྣང་བས་ས་གསུམ་འགེངས་མཛད་པ། །གནོད་སྦྱིན་སྡེ་དཔོན་ཆེ་དེར་རབ་བཏུད་ནས། སྒྲུབ་ཐབས་འཇུག་བདེའི་དབྱངས་སུ་དེང་འདིར་ལེན། །(རིག་འཛིན་བདུད་འཇོམས་གླིང་པའི་ཟ་བ་གཏེར་ལས་བྱོན་པ་ནོར་བདག་ཨ་པ་ར་ཙིཏྟ་ཉིད་སྒྲུབ་ཅིང་མཆོད་པའི་ཚུལ་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །) | |||
(དང་པོ་ནི། དབེན་ཅིང་ཉམས་དགའ་བའི་གནས་ཁང་བྱི་དོར་དང་རྒྱན་གྱིས་མཛེས་པར་བྱས་པའི་ཕུག་ལོགས་སོགས་གང་བདེར་སྟེགས་བུ་ཁེབས་ལྡན་ལ་ཡི་དམ་གྱི་དཔལ་གཏོར་དང་། གཡས་གཡོན་དུ་དམ་ཅན་ཕོ་བརྒྱུད་མོ་བརྒྱུད་ཀྱི་སྤུངས་གཏོར་སྨན་རཀ་ཉེར་སྤྱོད་སོགས་བཤམས། (2ན) དེ་མདུན་སྟེགས་བུ་དར་རས་སོགས་ཁེབས་དཀར་པོས་གཡོགས་པ་ལ་མེ་ཏོག་གི་ཚོམ་བུ་དགུ་བཀོད་པའི་དབུས་སུ་འོག་ཏུ་སྨོས་པ་ལྟར་ཚད་ལྡན་འདུ་བྱས་པའི་བླ་རྡོ་ཉིད་བརྟན་པར་བཀོད་པའི་མདུན་དུ་འབྲུ་གཙང་གི་ཕྱེ་ཟན་སྨན་དང་དཀར་མངར་བསྲེས་པ་ལས་གཡང་བཤོས་ནོར་བུའི་དབྱིབས་ཅན་རྒྱན་སྤྲོས་ལྡན་པ་བཀོད། གཡང་རྟེན་གྱི་རིགས་དང་བཟའ་བཏུང་གི་བྱེ་བྲག་སོགས་ཡོད་ནའང་གཡས་གཡོན་མདུན་རྒྱབ་གང་བདེར་འཇོག །མདུན་དུ་ཉེར་སྤྱོད་ཕྲེང་ཚར་དང་། འདོད་ཡོན་ལྔ། རྫས་རྟགས། སྣ་བདུན། གཟུགས་འགྲོས་སོགས་བྲིས་འབུར་གང་རུང་བཀོད་མཛེས་སུ་བསྟར། ཉིན་དང་པོར་དགོས་པའི་དཀར་ཟླུམ་ཆ་གསུམ་དང་། རྫ་ཆག་ལྟ་བུའི་སྣོད་དུ་བསེ་རག་ངར་མི་ཞྭ་གོས་སྐྱ་བོ་གྱོན་པ་ལག་གཉིས་ཟས་སློང་བའི་ཚུལ་གྱིས་བཟེད་པའི་མདུན་དུ་མར་མེ་(2བ)དང་ཡས་རྫས་སྣ་ཚོགས་ཀྱིས་བསྐོར་བ་བཅས་གཞི་མདུན་སྟེགས་དམའ་བར་བཤམས། གཞན་ཡང་སྔོན་གཏོར། ཚོགས་ཀྱི་ཡོ་བྱད། ཆད་བརྟན། མདའ་དར་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པར་བྱའོ། །) | (དང་པོ་ནི། དབེན་ཅིང་ཉམས་དགའ་བའི་གནས་ཁང་བྱི་དོར་དང་རྒྱན་གྱིས་མཛེས་པར་བྱས་པའི་ཕུག་ལོགས་སོགས་གང་བདེར་སྟེགས་བུ་ཁེབས་ལྡན་ལ་ཡི་དམ་གྱི་དཔལ་གཏོར་དང་། གཡས་གཡོན་དུ་དམ་ཅན་ཕོ་བརྒྱུད་མོ་བརྒྱུད་ཀྱི་སྤུངས་གཏོར་སྨན་རཀ་ཉེར་སྤྱོད་སོགས་བཤམས། (2ན) དེ་མདུན་སྟེགས་བུ་དར་རས་སོགས་ཁེབས་དཀར་པོས་གཡོགས་པ་ལ་མེ་ཏོག་གི་ཚོམ་བུ་དགུ་བཀོད་པའི་དབུས་སུ་འོག་ཏུ་སྨོས་པ་ལྟར་ཚད་ལྡན་འདུ་བྱས་པའི་བླ་རྡོ་ཉིད་བརྟན་པར་བཀོད་པའི་མདུན་དུ་འབྲུ་གཙང་གི་ཕྱེ་ཟན་སྨན་དང་དཀར་མངར་བསྲེས་པ་ལས་གཡང་བཤོས་ནོར་བུའི་དབྱིབས་ཅན་རྒྱན་སྤྲོས་ལྡན་པ་བཀོད། གཡང་རྟེན་གྱི་རིགས་དང་བཟའ་བཏུང་གི་བྱེ་བྲག་སོགས་ཡོད་ནའང་གཡས་གཡོན་མདུན་རྒྱབ་གང་བདེར་འཇོག །མདུན་དུ་ཉེར་སྤྱོད་ཕྲེང་ཚར་དང་། འདོད་ཡོན་ལྔ། རྫས་རྟགས། སྣ་བདུན། གཟུགས་འགྲོས་སོགས་བྲིས་འབུར་གང་རུང་བཀོད་མཛེས་སུ་བསྟར། ཉིན་དང་པོར་དགོས་པའི་དཀར་ཟླུམ་ཆ་གསུམ་དང་། རྫ་ཆག་ལྟ་བུའི་སྣོད་དུ་བསེ་རག་ངར་མི་ཞྭ་གོས་སྐྱ་བོ་གྱོན་པ་ལག་གཉིས་ཟས་སློང་བའི་ཚུལ་གྱིས་བཟེད་པའི་མདུན་དུ་མར་མེ་(2བ)དང་ཡས་རྫས་སྣ་ཚོགས་ཀྱིས་བསྐོར་བ་བཅས་གཞི་མདུན་སྟེགས་དམའ་བར་བཤམས། གཞན་ཡང་སྔོན་གཏོར། ཚོགས་ཀྱི་ཡོ་བྱད། ཆད་བརྟན། མདའ་དར་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པར་བྱའོ། །) | ||
(གཉིས་པ་དངོས་གཞི་ནི། ཐོག་མར་བདག་བསྐྱེད་ཀྱི་གཞུང་གང་ལ་བརྟེན་པའི་བརྒྱུད་འདེབས་ནས་བརྩམ་བཟླས་པ་འགྲུབ་ཀྱི་བར་བཏང་ནས། འདིར་ནོར་ཅན་དང་རྒྱས་པའི་རིགས་ལ་ངེས་པར་དགོས་པ་ཕྱག་རྡོར་གཏུམ་པོའི་རྣལ་འབྱོར་ནི།) ཤུ་ནྱ་ཏ(ས་བསང་སྦྱང་།) སྟོང་པའི་ངང་ལས་སྲུང་འཁོར་གྱི་དབུས་སུ་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་སྔོན་པོ་དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་ཞེ་སྡང་རྡོ་རྗེ་གསང་བའི་བདག་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་པས་གནམ་ལྕགས་ཀྱི་རྡོ་རྗེ་ནམ་མཁར་གསོར་ཞིང་། གཡོན་སྡིགས་མཛུབ་དང་བཅས་པས་སྦྲུལ་ཞགས་འཛིན་པ། ཞབས་གཉིས་འདོར་སྟབས་ཀྱིས་གཟའ་ཀླུ་སྡེ་བརྒྱད་བསྣོལ་བའི་གདན་ལ་འགྱིང་བ། དུར་ཁྲོད་རོལ་པའི་ཆས་ཅན་ཁྲོ་གཏུམ་འཇིགས་རྔམས་བལྟར་མི་བཟོད་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་གདོད་ནས་དམ་ཡེ་གཉིས་སུ་མེད་པའི་ངོ་བོར་བཞུགས་པའོ། །ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་སྔོན་པོའི་མཐར་རྩ་བའི་སྔགས་ཀྱིས་བསྐོར་བར་(3ན)གྱུར་བ་ལས་སེམ་བཟུང་ནས། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ༔ (ཅེས་གང་འགྲུབ་བཟླས་ལ།) ཧཱུཾ་ཧཱུཾ་ཧཱུཾ་(གིས་འོད་གསལ་དུ་བསྡུས།) ཕཊ་ཕཊ་ཕཊ་(ཀྱིས་ཟུང་འཇུག་གི་སྐུར་ལྡང་། དེ་ནས་གཏོར་མ་དཀར་ཟླུམ་རྣམས།) སྭ་བྷཱ་ཝ(ས་བསང་སྦྱང་།) སྟོང་པའི་ངང་ལས་མཁའ་ལ་འཇའ་ཚོན་ཤར་བ་བཞིན་དུ་ཕྱི་ནང་གསང་བའི་མཆོད་སྤྲིན་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་མི་ཟད་པ་རྒྱན་གྱི་འཁོར་ལོས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་ཁྱབ་པར་གྱུར། (ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ནས།) ཨོཾ་ཨཱཿཧཱུཾ༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ བཀའ་སྲུང་དམ་ཅན་གཏེར་བདག་ལ༔ འདོད་ཡོན་བདུད་རྩིའི་མཆོད་པ་འབུལ༔ བདག་གི་ཚོགས་གཉིས་རབ་རྫོགས་ནས༔ ནོར་བདག་ཨ་པར་འགྲུབ་པ་དང་༔ འདོད་དོན་འབད་མེད་འབྱུང་བར་མཛོད༔ སརྦ་ས་པ་རི་ཝཱ་ར་ཨི་དཾ་བ་ལངྟ་ཁཱ་ཧི༔ (ཞེས་གཏོར་མ་དང་པོ་ཕྱི་རོལ་དུ་འབུལ།) ཀྱེ༔ འབྱུང་བ་ལྔ་ལ་དབང་མཛད་ཅིང་༔ འཇིག་རྟེན་ཁམས་སུ་རྒྱུ་བ་ཡི༔ ས་བདག་ཀླུ་གཉན་གཞི་བདག་དང་༔ ཁྱད་པར་ས་(3བ)ཕྱོགས་འདིར་གནས་པའི༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་རྣམས༔ འདིར་གཤེགས་བདུད་རྩིའི་གཏོར་མ་བཞེས༔ སྒྲུབ་པའི་མཐུན་རྐྱེན་ཀུན་བསྒྲུབ་ལ༔ འགལ་རྐྱེན་བར་ཆད་ཐམས་ཅད་བཟློག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་སརྦ་ལོ་ཀ་པཱ་ལ་ཨེ་དཾ་བ་ལིངྟ་ཁཱ་ཧི༔ (ཞེས་གཏོར་མ་གཉིས་པ་ཕྱི་རོལ་དུ་འབུལ།) ཀྱེ༔ འབྱུང་བ་ལྔ་ཡི་ལྷ་དང་ནི༔ ཁམས་གསུམ་ལ་གནས་གཡང་ལྷ་དང་༔ གནོད་སྦྱིན་ནོར་ལྷ་གཏེར་བདག་ཚོགས༔ དམ་ཚིག་ཐུགས་དམ་རྒྱུད་བསྐུལ་ལོ༔ ཀུན་ཀྱང་གནོད་སྦྱིན་ཨ་པ་རའི༔ སྐུར་བཞེངས་འདིར་གཤེགས་གཏོར་མ་བཞེས༔ རྟེན་འདིར་དབྱེར་མེད་རོ་གཅིག་ཏུ༔ བརྟན་བཞུགས་ནོར་དང་ལོངས་སྤྱོད་ཀྱི༔ དངོས་གྲུབ་སྩོལ་ལ་འཕེལ་རྒྱས་མཛོད༔ དམ་ལས་མ་མདའ་ས་མ་ཡ༔ སརྦ་བ་ལིངྟ་ཁཱ་ཧི༔ (ཞེས་གཏོར་མ་གསུམ་པ་བླ་རྡོའི་མདུན་དུ་འབུལ། ཡས་གླུད་རྣམས་སྔགས་དྲུག་ཕྱག་དྲུག་གིས་བརླབས་ནས།) ཀྱེ། རི་རབ་ཆེན་པོའི་ལྷོ་ཡི་ཕྱོགས། །འཛམ་བུ་གླིང་གི་འཇིག་རྟེན་ཁམས། །སྣ་ཚོགས་ལས་ཀྱི་གྲོང་ཁྱེར་གྱི། །མཐའ་དབུས་ཕྱོགས་མཚམས་གར་གནས་ཀྱང་། །བསེ་རག་གཞོན་ནུ་རྒྱལ་པོ་ལ། །བསེ་རག་(4ན)སྡེ་ཚོགས་འཁོར་གྱིས་བསྐོར། །རྫོང་ཡས་མཆོད་སྦྱིན་ལེན་པའི་ཕྱིར། །བསྐྱེད་པའི་གནས་འདིར་མྱུར་དུ་ཁུག །བོས་པའི་མགྲོན་ལ་ས་མཱ་ཛཿ གཟུགས་དང་དབྱེར་མེད་བརྟན་པར་གྱུར། །སམྦྷ་རའི་(སྔགས་གང་མང་གིས་ཡས་རྣམས་བསྔོས་ལ།) ཀྱེ། བསེ་རག་གཞོན་ནུ་རྒྱལ་པོ་ནི། །མ་ལུས་འཁོར་བཅས་ཚུར་ཉོན་ཅིག །ཁྱེད་རྣམས་མ་ལུས་འཁོར་བཅས་ལ། །དེ་རིང་ཡས་དང་རྫོང་འདེབས་ན། །དགའ་མགུ་ཡི་རང་ཚིམ་གྱུར་ནས། །བདག་ཅག་མི་ནོར་འཁོར་བཅས་ལ། །མ་ཉེ་མ་འཁོར་མ་གནོད་པར། །དཔག་ཚད་མང་པོའི་ཕ་རོལ་དུ། །ད་ལྟ་ཉིད་དུ་འགྲོ་བར་གྱིས། །གལ་ཏེ་མི་འགྲོ་འདུག་གྱུར་ན། །བདག་ཉིད་ཕྱག་ན་རྡོ་རྗེ་ཡི། །ཐུགས་ལས་ཐུན་མཚོན་འཕྲུལ་འཁོར་གྱིས། །ལུས་ངག་རྡུལ་དུ་བརླག་འགྱུར་རོ། །སརྦ་བིགྷྣཱ་གཙྪ། ཧཱུྃ་(བཞིའི་སྔགས་དང་ཡུངས་ཐུན་གུ་གུལ་དུད་པ་བཅས་གླུད་ཡས་ཁང་ཁྱིམ་མི་མཐོང་བའི་སར་བསྐྱལ། ལས་བྱང་ལྟར་སྲུང་འཁོར་བསྒོམ། འདི་དག་ཉིན་དང་པོ་ལས་རྒྱུན་དུ་མི་དགོས་སོ། །མཆོད་གཏོར་བྱིན་བརླབ་ནི།) རྃ་ཡྃ་ཁྃ། མཆོད་རྫས་དངོས་འཛིན་ཉེས་སྐྱོན་བསྲེག་གཏོར་བཀྲུས། །ཉེར་སྤྱོད་འདོད་ཡོན་རྣམ་ལྔ་སྨན་(4བ)རཀ་དང་། །བཟའ་བཅའི་གཏོར་མ་འཛད་མེད་འདོད་རྒུའི་གཏེར། །ཡེ་ཤེས་བདུད་རྩིས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ་(ནས་)ཤཔྡའི་(བར་དང་།) ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱི༔ (ཞེས་བྱིན་གྱིས་བརླབས། མདུན་རྟེན་བསྐྱེད་པ་ནི།) ཤུ་ནྱ་ཏ(ས་བསང་སྦྱང་།) འཁོར་འདས་ཆོས་རྣམས་མི་དམིགས་འོད་གསལ་དང་། །འགགས་མེད་ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་ལས། །མདུན་གྱི་ས་གཞི་ཁོར་ཡུག་འདི་དག་ཀུན། འཆི་མེད་ལྕང་ལོ་ཅན་གྱི་དགའ་བའི་ཚལ། །ཡངས་ཤིང་རྒྱ་ཆེ་ཞིང་གི་བཀོད་པ་རྫོགས། །དབུས་སུ་རིན་ཆེན་སྣ་ཚོགས་ལས་གྲུབ་པའི། །གཞལ་མེད་ཕོ་བྲང་གྲུ་བཞི་སྒོ་བཞིར་ལྡན། །གསེར་གྱི་ཡ་ཕུབ་བཻཌཱུའི་ཏོག་གིས་མཛེས། །མཚན་ཉིད་ཀུན་ཚང་དར་གདུགས་རྒྱལ་མཚན་དང་། །བླ་བྲེ་ལྔ་ལྡི་ཡོལ་བ་ལ་སོགས་པ། །སྣ་ཚོགས་རྒྱན་གྱི་བཀོད་པ་དུ་མས་སྤྲས། །ལྷ་དང་ལྷ་མོས་མཆོད་པའི་སྤྲིན་ཕུང་སྤྲོ། །སྲིད་ཞིའི་དཔལ་འབྱོར་མ་ཚང་མེད་པས་གཏམས། །དེ་དབུས་སྣ་ཚོགས་རིན་ཆེན་མཛེས་པའི་ཁྲི། །པདྨ་དང་ནི་ཉི་ཟླའི་གདན་སྟེང་དུ། །ཧཱུཾ་ཡིག་དཀར་པོ་མཆོག་ཏུ་འབར་བ་ལས། །འོད་འཕྲོས་འཕགས་མཆོད་ (5ན)འགྲོ་བའི་དབུལ་བ་སེལ། །སྲིད་ཞིའི་དྭངས་བཅུད་ཚུར་འདུས་ཧཱུཾ་ལ་ཐིམ། །དེ་ཉིད་ཡོངས་གྱུར་ནོར་བདག་ཨ་པ་ར། །དཀར་གསལ་སྒེག་ཅིང་བརྗིད་པའི་ལང་ཚོ་འབར། །ཞལ་གཅིག་ཁྲོ་འཛུམ་རྗེས་ཆགས་ཉམས་འགྱུར་ཅན། །ཕྱག་གཉིས་གཡས་པས་ཡིད་བཞིན་རིན་པོ་ཆེ། །དབང་གི་རྒྱལ་པོ་ཐུགས་ཀའི་སྟོད་དུ་འཛིན། །གཡོན་པས་ནོར་བུ་སྐྱུག་པའི་ནེའུ་ལེ། །དཀུ་ལ་བརྟེན་ནས་རབ་ཏུ་བཙིར་བའི་ཚུལ། །ཞབས་གཉིས་དཔའ་བོ་གྱད་ཀྱི་འདོར་སྟབས་བགྲད། །གནག་སྣུམ་རལ་པའི་ཟར་བུ་རྟིང་རྩེར་སླེབས། །སྟག་ཤམ་ནོར་བུའི་རྒྱན་ཕྲེང་མཛེས་པར་སྤྲས། །གཟི་བྱིན་འོད་ཕུང་འབར་བའི་ཀློང་ན་རོལ། །དེ་ཡི་སྤྱི་བོར་སྨུག་འཛིན་དཀར་པོ་ནི། །བེ་ཅོན་ནེའུ་ལེ་འཛིན་ཅིང་གཡུ་འབྲུག་ཆིབས། །མགྲིན་པར་མགོན་པོ་ཛམྦྷ་ལ་དམར་གསལ། །ནོར་བུ་ནེའུ་ལེ་འཛིན་འདོར་སྟབས་བཞུགས། །ཐུགས་ཀར་རྒྱལ་ཆེན་རྣམ་སྲས་སེར་གསལ་མདངས། །རྒྱལ་མཚན་ནེའུ་ལེ་འཛིན་ཅིང་རོལ་སྟབས་བཞུགས། །ལྟེ་བར་གནོད་སྦྱིན་ཛམ་ལྷ་གསེར་མདོག་འབར། །ནོར་བ་ནེའུ་ལེ་འཛིན་ཅིང་ཕྱེད་སྐྱིལ་བཞུགས། །(5བ)གསང་བ་ནོར་སྐྱོང་ཛམ་ནག་མུན་པའི་མདངས། །ཐོད་ཁྲག་ནེའུ་ལེ་འཛིན་ཅིང་དོར་སྟབས་རོལ། །ཀུན་ཀྱང་རང་རང་རྒྱན་དང་ཆ་བྱད་རྫོགས། །བག་དྲོ་ལྷུན་ཆགས་གཟི་བརྗིད་འོད་དུ་འཕྲོ། །དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་ལས། །འོད་འཕྲོས་ལྕང་ལོ་ཅན་གྱི་ཞིང་ཁམས་ནས། །གནོད་སྦྱིན་ནོར་ལྷ་རྒྱ་མཚོའི་ཐུགས་རྒྱུད་བསྐུལ། །སྤྱན་དྲང་མཁའ་ལ་སྤྲིན་བཞིན་གཏིབས་པར་གྱུར། །(སྤྱན་འདྲེན་ནི།) ཧཱུཾ༔ དད་པ་དང་ནི་དམ་ཚིག་གིས༔ འབོད་དོ་སྒྲུབ་བོ་ནོར་གྱི་བདག༔ སྔོན་གྱི་ཐུགས་དམ་མ་གཡེལ་བར༔ རྫུ་འཕྲུལ་དབང་གིས་གནས་འདིར་བྱོན༔ གནོད་སྦྱིན་ཆེན་པོ་གཤེགས་སུ་གསོལ༔ ནོར་གྱི་བདག་པོ་གཤེགས་སུ་གསོལ༔ ཨ་པར་ཙིཏྟ་གཤེགས་སུ་གསོལ༔ ཛམ་ལྷ་རིགས་ལྔ་གཤེགས་སུ་གསོལ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿ (བཞུགས་གསོལ་ཕྱག་འཚལ་ནི།) ཧོཿ རྟེན་རྫས་འདི་དང་གཉིས་མེད་དུ༔ གཏན་དུ་བཞུགས་ལ་དངོས་གྲུབ་སྩོལ༔ མི་འབྲལ་སྲུང་མར་མངའ་གསོལ་ལོ༔ སྒོ་གསུམ་གུས་པས་ཕྱག་ཀྱང་འཚལ༔ ས་མ་ཡ་ཏིཥྛ་(6ན)ལྷན༔ ན་མོ་པུ་རུ་ཤ་ཡ་ཧོཿ (མཆོད་པ་ནི།) ཧོཿ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ འདོད་རྒུའི་དཔལ་ཡོན་ནམ་མཁའ་མཛོད༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་མཐུན་པའི་རྫས༔ རང་རང་ཡིད་ལ་ཅི་འདོད་པའི༔ ལོངས་སྤྱོད་དཔག་བསམ་ཤིང་དང་ནི༔ ནོར་བུ་ཇི་བཞིན་འབྱུང་འགྱུར་གྱི༔ མཆོད་སྤྲིན་མི་ཟད་གཏེར་དུ་འབུལ༔ བཞེས་ནས་དངོས་གྲུབ་ཆར་དུ་ཕོབས༔ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྡ་པཉྩ་ཀཱ་མ་གུ་ཎ་ཨ་མྲྀ་ཏ་རཀྟ་བ་ལིངྟ་པཱུ་ཛ་ཧོ༔ (བསྟོད་པ་ནི།) ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་མངའ་བདག་འདོད་འབྱུང་གནས༔ འགྲོ་བའི་དབུལ་ཕོངས་འབྱོར་རྒུད་སྐྱོབ༔ ནོར་བདག་རྒྱལ་པོ་ཁྱེད་ལ་བསྟོད༔ དཀར་གསལ་སྒེག་ཅིང་བརྗིད་པའི་སྐུ༔ དབང་གི་བདག་ཉིད་ཁྲོ་འཛུམ་ཞལ༔ ཕྱག་མཚན་རིན་ཆེན་ནོར་སྐྱུགས་ལས༔ འདོད་རྒུའི་གྲུ་ཆར་འབེབས་ལ་བསྟོད༔ འགྲོ་དོན་ཞབས་གཉིས་དོར་སྟབས་བཞེངས༔ སྟག་ཤམ་ནོར་བུའི་ཕྲེང་བས་བརྒྱན༔ ཁམས་གསུམ་འགྲོ་ཀུན་དབང་དུ་སྡུད༔ ཡིད་ཅན་རེ་བ་སྐོང་(6བ)ལ་བསྟོད༔ རབ་འབྱམས་ཕྲིན་ལས་ཡོངས་སྒྲུབ་ཅིང་༔ འདོད་རྒུའི་དཔལ་ཡོན་ཆར་དུ་ཕོབ༔ མི་ཟད་གཏེར་དུ་འཕེལ་རྒྱས་མཛོད༔ དམ་ལས་མ་འདའ་ས་མ་ཡ༔ (བཟླས་པ་ནི།) གནོད་སྦྱིན་གྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་དཀར་པོའི་མཐར་སྔགས་ཀྱིས་བསྐོར་བ༔ བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་ཐོགས་མེད་དུ་བསྒྲུབ་པར་གྱུར། ཨོཾ་ཨ་པ་ར་ཙིཏྟ་ཡཀྴ་ཧཱུཾ༔ (རྩ་བའི་སྔགས་སོ། །)ཨོཾ་ཙིཏྟ་ཡཀྴ་ཁུག་དུང་དུང་ཤོག༔ ཨོཾ་ཙིཏྟ་ཁ་ལ་ཡ༔ སྙིང་ལ་བྲིང་བྲིང་༔ དུང་དུང་༔ མི་སྙིང་སྒུལ་སྒུལ་སྭཱ་ཧཱ༔ (འབོད་སྔགས་སོ། །)ཨོཾ་ཙིཏྟ་ནྲྀ་སྒུལ་སྒུལ༔ རྒྱུག་རྒྱུག༔ བྲིང་བྲིང་༔ དུང་དུང་སྭཱ་ཧཱ༔ (དབང་སྡུད་སྔགས་སོ།) ཨོཾ་ཙིཏྟ་ཧ་རི་ནི་ས་མ་མ་ཁ་ཤི་བྃ་སྭཱ་ཧཱ༔ (གནད་དབབ་སྔགས་སོ། །དེ་ལྟར་སོ་སོར་ཅི་རིགས་པ་བཟླ། ཐུན་མཚམས་སུ་གཏོར་མ་འབུལ་བ་ནི། མཆོད་གཏོར།) རྃ་ཁྃ་ཡྃ། མ་དག་ཉེས་སྐྱོན་བསྲེག་གཏོར་བཀྲུས། །ཟག་མེད་འདོད་ཡོན་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུཾ། ( ལན་གསུམ་གྱིས་བརླབས།) གནོད་སྦྱིན་འཁོར་བཅས་ཀྱི་ལྗགས་རྡོ་རྗེའི་སྦུ་གུའི་འོད་ཀྱིས་གཏོར་མ་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཨ་པ་ར་(7ན)ཙིཏྟ་ཡཀྴ་ཧཱུ༔ ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། (ལན་བདུན་གྱིས་ཕུལ་ལ།) ཨརྒྷཾ་(སོགས་ཀྱིས་མཆོད་ཅིང་།) དུས་གསུམ་སངས་རྒྱས་(སོགས་ཤློ་ཀས་བསྟོད་ནས།) གནོད་སྦྱིན་ནོར་ལྷའི་ཚོགས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །(སོགས་ཀྱིས་ཕྲིན་ལས་བཅོལ། འདིར་གཞུང་གི་ཚོགས་མཆོད་རྒྱས་པར་བཏང་ཞིང་ཟུར་དུ་གསལ་བའི་སྐོང་བའང་སྦྱར་ལ་གྲངས་གསོག དེ་ནས་གཡང་འགུགས་བསྐུལ་བ་ནི། མདའ་དར་གཡབ་ཅིང་།) ཀྱེ། རྩ་བརྒྱུད་བླ་མ་མཆོག་གསུམ་རྩ་བ་གསུམ། །དམ་ཅན་ཆོས་སྐྱོང་ལྷ་དང་རིག་པ་འཛིན། །ཁྱད་པར་གནོད་སྦྱིན་ནོར་བདག་སྤྲུལ་འཁོར་བཅས། །རབ་འབྱམས་ཕྱོགས་དུས་ཞིང་ཁམས་ཇི་སྙེད་དང་། །བྱང་ཕྱོགསལྕང་ལོ་ཅན་ནས་སྐུ་བསྐྱོད་ལ། །སྔོན་གྱི་ཐུགས་དམ་གཉན་པོ་མ་བསྙེལ་བར། །ཕུན་ཚོགས་བཀྲ་ཤིས་དཔལ་འབར་གནས་མཆོག་འདིར། །ཕྱྭ་གཡང་ཐོགས་མེད་འགུགས་པའི་ཕྲིན་ལས་མཛོད། །ཕྱོགས་བཅུའི་སངས་རྒྱས་ཞིང་གི་ངོ་མཚར་དཔལ། །རྒྱལ་ཀུན་སྤངས་རྟོགས་མཁྱེན་བརྩེ་ནུས་མཐུ་དང་། །རྩ་གསུམ་དམ་ཅན་སྲུང་མའི་ཚོགས་རྣམས་ཀྱི། །བྱིན་རླབས་དངོས་གྲུབ་ཕྲིན་ལས་གཡང་ཁུག་(7བ)ཅིག །ལུང་རྟོགས་ཆོས་ཚུལ་དགེ་འདུན་དར་རྒྱས་དང་། །མཁས་པའི་རྣམ་དཔྱོད་གྲུབ་པའི་ཉམས་རོགས་བཟང་། །འཆད་རྩོད་རྩོམ་གསུམ་ཐོས་བསམ་སྒོམ་སྒྲུབ་སོགས། །ཕུན་ཚོགས་དགེ་ལེགས་གཏན་གྱི་གཡང་ཁུག་ཅིག །ནོར་བུ་དཔག་བསམ་ཤིང་དང་འདོད་འཇོའི་བ། །མ་རྨོས་ལོ་ཏོག་རིན་ཆེན་གཏེར་གྱི་བུམ། །ལྷ་ཀླུ་མི་ཡི་འཇིག་རྟེན་ཁམས་ཀུན་གྱི། །བརྟན་གཡོའི་དྭངས་བཅུད་དགེ་མཚན་གཡང་ཁུག་ཅིག །རྒྱ་གར་དམ་པའི་ཆོས་དང་རྒྱ་ནག་ཁྲིམས། །སྟག་གཟིག་ནོར་དང་གེ་སར་དཔའ་དར་སྟོབས། །ཧོར་གྱི་རྩལ་དང་སྤུར་རྒྱལ་བོད་ཀྱི་ཚེ། །འཛམ་བུའི་གླིང་གི་དཔལ་འབྱོར་གཡང་ཁུག་ཅིག །རྣམ་སྲས་འབྱོར་པ་ནོར་རྒྱུན་ལྷ་མོའི་ཕྱུགས། །ཀུ་བེ་ར་ཡི་རྟ་དང་གང་བཟང་ལུག །ཛམ་ལྷའི་ནོར་དང་ཞིང་ལྷ་ཚངས་པའི་འབྲུ། མི་ཐུབ་དགྲ་ལྷའི་གོ་མཚོན་གཡང་ཁུག་ཅིག །གཟུགས་བཟང་སྐད་སྙན་བློ་གྲོས་ཤེས་རབ་གསལ། །ངང་རྒྱུད་བཟང་ཞིང་རང་བཞིན་དགེ་ལ་སྤྱོད། །ཚེ་རིང་མེད་བཀྲ་ཤིས་བདེ་སྐྱིད་འཕེལ། །མཐོ་རིས་ལེགས་རྒུའི་དཔལ་གྱི་གཡང་ཁུག་ཅིག །འཆི་མེད་(8ན)ཚེ་དང་འཛད་མེད་ལོངས་སྤྱོད་གཏེར། །འགྲིབ་མེད་བསོད་ནམས་སྙན་གྲགས་བརྒྱུད་འཛིན་སྲིད། །འཁོར་སློབ་ཆབ་སྲིད་དར་རྒྱས་དབུ་འཕང་མཐོ། །ཕྱོགས་ལས་རྣམ་པར་རྒྱལ་བའི་གཡང་ཁུག་ཅིག །ཕྱྭ་ཚེ་འོད་ཀྱི་ཉི་མ་ཀྱི་ལི་ལི། །རྨ་གཡང་ཟེར་གྱི་ཟླ་བ་ཏ་ལ་ལ། །ཕྱྭ་དང་བླ་ཚེ་རི་ལ་མ་བྲོས་པར། །གཡང་དང་བསོད་ནམས་སྒོ་རུ་མ་ཉམས་ཤིག །མི་ཉམས་རྟག་བརྟན་ཆོས་དབྱིངས་ཀློང་དུ་སྦ། །འགྱུར་མེད་ཏིང་ངེ་འཛིན་གྱིས་རྒྱས་བཏབ་པས། །ནམ་ཡང་འཕོ་འགྱུར་རྒུད་པ་དང་བྲལ་ནས། །འཕྲལ་ཡུན་མི་འཛད་གཏེར་ལ་ལོངས་སྤྱོད་ཤོག ། ཛ་ཡ་ཛ་ཡ་སིངྔྷི་ཧོཿ (ཞེས་དང་།) ཡེ་ངྷརྨ་(བརྗོད་བཞིན་རྟེན་ལ་མེ་ཏོག་འཐོར་བས་བརྟན་པར་བྱའོ། །གྲངས་གསོག་ན་མཆོད་བརླབ་ནས་འདི་ཡན་ཆད་ལ་གྲངས་འཛིན། རྫོགས་པ་ན་ལྷག་མ་སོགས་བཏང་། རྗེས་སུ་གཏང་རག་གི་གཏོར་འབུལ་མཆོད་བསྟོད་ཕྲིན་བཅོལ་རྣམས་གོང་སྨོས་ལྟར་བྱས། ནོངས་བཤགས་ནི།) ཧོཿ བདག་གི་མ་འབྱོར་མ་རྙེད་ཅིང་༔ སེར་སྣའི་དབང་གྱུར་ཉེས་བྱས་སོགས༔ ཐུགས་དང་འགལ་བ་ཅི་བགྱིས་པ༔ བཤགས་སོ་དག་ཅིང་ཚངས་པར་སྩོལ༔ (ཞེས་དང་། ཡིག་བརྒྱ་བརྗོད། བརྟན་བཞུགས་ནི།) (8བ)འདིར་ནི་རྟེན་དང་ལྷན་ཅིག་ཏུ། །(སོགས་ཀྱིས་མེ་ཏོག་འཐོར། བསྔོ་སྨོན་ནི།) བསོད་ནམས་འདི་ཡིས་མཐའ་ཡས་འགྲོ་བ་ཀུན། །ཉམ་ཐག་དབུལ་ཕོངས་སྡུག་བསྔལ་ཀུན་ཞི་ནས། །འཛད་མེད་འདོད་རྒུ་འཇོ་བའི་དགའ་སྟོན་གྱིས། །སྦྱིན་པའི་ཕར་ཕྱིན་རྒྱ་མཚོ་ཡོངས་རྫོགས་ཤོག ། (ཅེས་དང་། ཤིས་བརྗོད་ཅི་རིགས་བྱ། དེ་ནས་ཆད་བརྟན་སོགས་བདག་བསྐྱེད་ཀྱི་རྗེས་ཆོག་ལས་གཞུང་ལྟར་མཐར་དབྱུང་ངོ་། །གྲུབ་པའི་ཐུན་མཐའ་མར་ནོངས་བཤགས་ཀྱི་རྗེས་སུ་དངོས་གྲུབ་བླང་བ་ནི།) ཧོཿ ནོར་བདག་རྒྱལ་པོ་ཨ་པ་ར༔ ཛམ་ལྷ་རིགས་ལྔ་སྤྲུལ་འཁོར་བཅས༔ མ་ལུས་བདག་ལ་དགོངས་སུ་གསོལ༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ སྒྲུབ་པའི་རྣལ་འབྱོར་བདག་ཉིད་ལ༔ འདོད་རྒུའི་དཔལ་གྱི་དངོས་གྲུབ་སྩོལ༔ སརྦ་རཏྣ་བ་སུ་སངྔྷི་ཕ་ལ་ཧོཿ (ཞེས་རྫས་རྣམས་མྱང་། གལ་ཏེ་སྦྱིན་བདག་ལ་གཡང་རྫས་གཏད་ན། གོང་གི་བརྟན་བཞུགས་གྲུབ་པ་དང་སྦྱིན་བདག་ཁྲུས་དང་རྒྱན་གྱིས་བརྒྱན་པ་སྟན་དཀར་ལ་འཁོད་པར་བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། དམིགས་པ་དང་བཅས་གཡང་འགུགས་བསྐུལ་ལ་རྟེན་རྫས་རྣམས་ལག་ཏུ་གཏད།) ཡེ་ངྷརྨ(ས་ཐོག་དྲངས་གཞུང་གི་བཀྲ་ཤིས་ཀྱིས་མཚོན་ཤིས་བརྗོད་ཅི་རིགས་མཐར།) འབད་དང་སྩོལ་བས་(མ་གོས་སོགས་དང་།) གནས་འདིར་ཉིན་མོ་བདེ་(9ན)ལེགས་(སོགས་བརྗོད་ལ་མེ་ཏོག་འཐོར་བས་བདེ་ལེགས་སུ་བྱ་ཞིང་རང་གནས་སུ་བཏང་། དེས་ཀྱང་རྫས་རྣམས་དངོས་གྲུབ་ཏུ་རོལ་ཞིང་རྟེན་རྣམས་མཛོད་དུ་སྦ་བ་སོགས་ལག་ལེན་མ་ནོར་བར་བྱའོ། །འདིའི་རྟེན་རྫས་བླ་རྡོ་བཅའ་ཐབས་ནི། དར་རས་སམ་ཤོག་བུར་ནོར་བདག་གི་སྐུ་གཟུགས་ལྷ་བསྐྱེད་བཞིན་བྲིས་པའི་སྙིང་གར་ཧཱུཾ་དང་མདུན་ནས་བརྩམས་གཞུང་གི་སྔགས་རྣམས་ཀྱི་མཐར། གནོད་སྦྱིན་ཨ་པ་ར་ཙིཏྟ་ནོར་ལྷ་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་སྒྲུབ་པའི་རྟེན་འདིར་གཉིས་སུ་མེད་པར་བཞུགས་ལ་བདག་དང་སྦྱིན་པའི་བདག་པོས་གཙོས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཚེ་བསོད་དཔལ་འབྱོར་ཕྱྭ་གཡང་ལོངས་སྤྱོད་འདོད་རྒུའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་དང་། སུ་པྲཏིཥྛ་དང་ཡེངྷརྨ་བཅས་བྲིས་ལ་དྲི་བཟང་གིས་བྱུགས། སྲོག་ཡིག་མི་གནོད་པར་བལྟེབས་ལ་རི་བོང་གི་སྙིང་ཤུན་དུ་གཞུག །དེ་ཡང་རི་བོང་གི་ཐོད་པར་མགོ་མཇུག་མ་ནོར་བར་བཅུག་ཅིང་རིན་ཆེན་འབྲུ་སྨན་དར་གོས་ཟས་སྣ་སོགས་གཡང་རྫས་ཀྱིས་ཕྱུར་བུར་གཏམས་ལ་སྟོང་མཚམས་མ་ལུས་པར་བྱ། ཁ་དམ་པར་བཅད་དེ་ཕྱི་ནས་དར་རས་དཀར་སེར་གྱིས་གཡོགས་ཤིང་ཚོན་སྐུད་ཀྱིས་བཅིངས་པར་རྟགས་ཀྱིས་རྒྱས་གདབ། སྦྱོར་བའི་སྐབས་སྦྱོང་ཁྲུས་རྒྱས་བསྡུས་གང་འགྲུབ་མཐར།) རང་ཉིད་གསང་བདག་ཐུགས་ལས་འོད་འཕྲོས་པས། །ལྕང་ལོ་ཅན་ནས་ནོར་བདག་འཁོར་དང་བཅས། །སྤྱན་དྲངས་སྒྲུབ་པའི་རྟེན་ལ་སིབ་སིབ་(9བ)ཐིམ། །དབྱེར་མེད་གཅིག་འདྲེས་གཟི་བྱིན་འབར་བར་གྱུར། །(རྩ་སྔགས་དང་རྟེན་སྙིང་བརྒྱ་རྩ་བཟླས་པའི་མེ་ཏོག་འཐོར་ལ།) ན་མོ། དཀོན་མཆོག་རྩ་གསུམ་སྲུང་མའི་བདེན་སྟོབས་དང་། །ཆོས་ཉིད་རྟེན་འབྲེལ་བསླུ་བ་མེད་པའི་མཐུས། །གནོད་སྦྱིན་ནོར་བདག་ཆེན་པོའི་སྲོག་སྙིང་ཀུན། །བླ་རྡོ་འདི་ལ་གནས་ཤིང་བརྟན་གྱུར་ཅིག །(ཅེས་དང་། ཤིས་བརྗོད་བྱ། དངོས་གཞིའི་སྐབས་མདུན་རྟེན་གྱི་གཙོ་བོ་བླ་རྡོ་དང་གཉིས་སུ་མེད་པར་གསལ་གདབ་པ་ཡིན་ནོ། །ཡང་སྦྱིན་བདག་གི་རེ་སྐོང་ལྟ་བུར་བླ་རྡོ་མ་འཛོམ་ན་གཏོར་མ་ཙམ་ལ་བརྟེན་ཀྱང་རྗེས་མཐུན་རུང་བར་རྟོག་གོ། །གཞན་ཡང་བསྙེན་སྒྲུབ་ཀྱི་སྐབས་སུ་སྔགས་ཀྱི་འཕྲོ་འདུའི་དམིགས་གནད་རྟགས་ཚད་ལོག་གནོན་གྱི་མན་ངག་སོགས་ནི་གཏེར་གཞུང་རྩ་བའི་ཡི་གེ་དང་། བརྒྱུད་ལྡན་དམ་པའི་ཞལ་གྱི་བདུད་རྩི་འཐུང་བ་ལ་བརྩོན་པར་བྱ་བ་ཁོ་ནའོ། །ཚོགས་བཟང་བསགས་པ་དབེན་ལས་ཡང་སྲིད་འདིར། །མི་བཟད་བཀྲེན་པའི་སྡུག་བསྔལ་གྱིས་གདུང་བར། །དབུགས་འབྱིན་སྟེར་བའི་ཐབས་ལ་བརྩོན་བྱེད་པ། །འདི་ཡང་རྒྱལ་སྲས་སྤྱོད་པའི་ཚུལ་མིན་ནམ། །དེ་ལྟའི་བསོད་ནམས་པད་རྩ་ལྟར་དཀར་མཐུས། །དབུལ་ཕོངས་རྒྱུ་འབྲས་མཐར་བྱས་དགེ་ལེགས་ཀྱི། །མཛོད་ཆེན་འཛིན་ལ་གནོད་སྦྱིན་དབང་པོ་དང་། །མཚུངས་པའི་སྐལ་བཟང་འགྲོ་འདིས་ཐོབ་གྱུར་ཅིག ། ནོར་བདག་ཨ་པར་ཙིཏྟ་སྒྲུབ་ཐབས་འདོད་རྒུ་ཆར་འབེབས་ཞེས་བྱ་བ་འདི་ནི་ཀོང་པོ་ང་ཕོད་ནས་(10)མཁྱེན་རྟོགས་ཡོན་ཏན་གྱི་བདག་ཉིད་སློབ་དཔོན་ངག་དབང་ཨོ་རྒྱན་བསྟན་འཛིན་གྱིས་ལྷ་རྫས་མེ་ཏོག་གི་སྐྱེས་དང་བཅས་རིང་མོའི་དུས་ནས་གསུང་བསྐུལ་ནན་ཆགས་སུ་གནང་བའི་བཞེད་སྐོང་དུ། གཏེར་འབྱིན་རིག་འཛིན་ཆེན་པོའི་ཐུགས་རྗེའི་ཟླ་ཟེར་སྙིང་ལ་ཞུགས་པས་བློ་གྲོས་ཀྱི་ཀུནྡ་ཅུང་ཟད་འཛུམ་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གཏེར་གཞུང་གི་དགོངས་པ་རྩ་བར་བཟུང་། མངོན་རྟོགས་སོགས་བརྗོད་བདེའི་ཚིགས་བཅད་དུ་བསྡེབས་ཤིང་ཁ་སྐོང་དུ་འོས་པ་ཅི་རིགས་པས་མི་འགལ་བར་བརྒྱན་ཏེ། རང་ལོ་ཉེར་གཉིས་པ་ཤིང་མོ་གླང་གི་ལོ་ས་ག་ཉ་བའི་དཀར་ཕྱོགས་ཀྱི་དགའ་བ་གཉིས་པ་འགྲུབ་པའི་སྦྱོར་བ་དང་ལྡན་པའི་ཚེས་ལ་རང་གནས་མཁན་ལྗོངས་བདེ་ཆེན་ཆོས་འཁོར་གླིང་དུ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ།། །།)}} | (གཉིས་པ་དངོས་གཞི་ནི། ཐོག་མར་བདག་བསྐྱེད་ཀྱི་གཞུང་གང་ལ་བརྟེན་པའི་བརྒྱུད་འདེབས་ནས་བརྩམ་བཟླས་པ་འགྲུབ་ཀྱི་བར་བཏང་ནས། འདིར་ནོར་ཅན་དང་རྒྱས་པའི་རིགས་ལ་ངེས་པར་དགོས་པ་ཕྱག་རྡོར་གཏུམ་པོའི་རྣལ་འབྱོར་ནི།) ཤུ་ནྱ་ཏ(ས་བསང་སྦྱང་།) སྟོང་པའི་ངང་ལས་སྲུང་འཁོར་གྱི་དབུས་སུ་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་སྔོན་པོ་དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་ཞེ་སྡང་རྡོ་རྗེ་གསང་བའི་བདག་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་པས་གནམ་ལྕགས་ཀྱི་རྡོ་རྗེ་ནམ་མཁར་གསོར་ཞིང་། གཡོན་སྡིགས་མཛུབ་དང་བཅས་པས་སྦྲུལ་ཞགས་འཛིན་པ། ཞབས་གཉིས་འདོར་སྟབས་ཀྱིས་གཟའ་ཀླུ་སྡེ་བརྒྱད་བསྣོལ་བའི་གདན་ལ་འགྱིང་བ། དུར་ཁྲོད་རོལ་པའི་ཆས་ཅན་ཁྲོ་གཏུམ་འཇིགས་རྔམས་བལྟར་མི་བཟོད་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་གདོད་ནས་དམ་ཡེ་གཉིས་སུ་མེད་པའི་ངོ་བོར་བཞུགས་པའོ། །ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་སྔོན་པོའི་མཐར་རྩ་བའི་སྔགས་ཀྱིས་བསྐོར་བར་(3ན)གྱུར་བ་ལས་སེམ་བཟུང་ནས། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ༔ (ཅེས་གང་འགྲུབ་བཟླས་ལ།) ཧཱུཾ་ཧཱུཾ་ཧཱུཾ་(གིས་འོད་གསལ་དུ་བསྡུས།) ཕཊ་ཕཊ་ཕཊ་(ཀྱིས་ཟུང་འཇུག་གི་སྐུར་ལྡང་། དེ་ནས་གཏོར་མ་དཀར་ཟླུམ་རྣམས།) སྭ་བྷཱ་ཝ(ས་བསང་སྦྱང་།) སྟོང་པའི་ངང་ལས་མཁའ་ལ་འཇའ་ཚོན་ཤར་བ་བཞིན་དུ་ཕྱི་ནང་གསང་བའི་མཆོད་སྤྲིན་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་མི་ཟད་པ་རྒྱན་གྱི་འཁོར་ལོས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་ཁྱབ་པར་གྱུར། (ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ནས།) ཨོཾ་ཨཱཿཧཱུཾ༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ བཀའ་སྲུང་དམ་ཅན་གཏེར་བདག་ལ༔ འདོད་ཡོན་བདུད་རྩིའི་མཆོད་པ་འབུལ༔ བདག་གི་ཚོགས་གཉིས་རབ་རྫོགས་ནས༔ ནོར་བདག་ཨ་པར་འགྲུབ་པ་དང་༔ འདོད་དོན་འབད་མེད་འབྱུང་བར་མཛོད༔ སརྦ་ས་པ་རི་ཝཱ་ར་ཨི་དཾ་བ་ལངྟ་ཁཱ་ཧི༔ (ཞེས་གཏོར་མ་དང་པོ་ཕྱི་རོལ་དུ་འབུལ།) ཀྱེ༔ འབྱུང་བ་ལྔ་ལ་དབང་མཛད་ཅིང་༔ འཇིག་རྟེན་ཁམས་སུ་རྒྱུ་བ་ཡི༔ ས་བདག་ཀླུ་གཉན་གཞི་བདག་དང་༔ ཁྱད་པར་ས་(3བ)ཕྱོགས་འདིར་གནས་པའི༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་རྣམས༔ འདིར་གཤེགས་བདུད་རྩིའི་གཏོར་མ་བཞེས༔ སྒྲུབ་པའི་མཐུན་རྐྱེན་ཀུན་བསྒྲུབ་ལ༔ འགལ་རྐྱེན་བར་ཆད་ཐམས་ཅད་བཟློག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་སརྦ་ལོ་ཀ་པཱ་ལ་ཨེ་དཾ་བ་ལིངྟ་ཁཱ་ཧི༔ (ཞེས་གཏོར་མ་གཉིས་པ་ཕྱི་རོལ་དུ་འབུལ།) ཀྱེ༔ འབྱུང་བ་ལྔ་ཡི་ལྷ་དང་ནི༔ ཁམས་གསུམ་ལ་གནས་གཡང་ལྷ་དང་༔ གནོད་སྦྱིན་ནོར་ལྷ་གཏེར་བདག་ཚོགས༔ དམ་ཚིག་ཐུགས་དམ་རྒྱུད་བསྐུལ་ལོ༔ ཀུན་ཀྱང་གནོད་སྦྱིན་ཨ་པ་རའི༔ སྐུར་བཞེངས་འདིར་གཤེགས་གཏོར་མ་བཞེས༔ རྟེན་འདིར་དབྱེར་མེད་རོ་གཅིག་ཏུ༔ བརྟན་བཞུགས་ནོར་དང་ལོངས་སྤྱོད་ཀྱི༔ དངོས་གྲུབ་སྩོལ་ལ་འཕེལ་རྒྱས་མཛོད༔ དམ་ལས་མ་མདའ་ས་མ་ཡ༔ སརྦ་བ་ལིངྟ་ཁཱ་ཧི༔ (ཞེས་གཏོར་མ་གསུམ་པ་བླ་རྡོའི་མདུན་དུ་འབུལ། ཡས་གླུད་རྣམས་སྔགས་དྲུག་ཕྱག་དྲུག་གིས་བརླབས་ནས།) ཀྱེ། རི་རབ་ཆེན་པོའི་ལྷོ་ཡི་ཕྱོགས། །འཛམ་བུ་གླིང་གི་འཇིག་རྟེན་ཁམས། །སྣ་ཚོགས་ལས་ཀྱི་གྲོང་ཁྱེར་གྱི། །མཐའ་དབུས་ཕྱོགས་མཚམས་གར་གནས་ཀྱང་། །བསེ་རག་གཞོན་ནུ་རྒྱལ་པོ་ལ། །བསེ་རག་(4ན)སྡེ་ཚོགས་འཁོར་གྱིས་བསྐོར། །རྫོང་ཡས་མཆོད་སྦྱིན་ལེན་པའི་ཕྱིར། །བསྐྱེད་པའི་གནས་འདིར་མྱུར་དུ་ཁུག །བོས་པའི་མགྲོན་ལ་ས་མཱ་ཛཿ གཟུགས་དང་དབྱེར་མེད་བརྟན་པར་གྱུར། །སམྦྷ་རའི་(སྔགས་གང་མང་གིས་ཡས་རྣམས་བསྔོས་ལ།) ཀྱེ། བསེ་རག་གཞོན་ནུ་རྒྱལ་པོ་ནི། །མ་ལུས་འཁོར་བཅས་ཚུར་ཉོན་ཅིག །ཁྱེད་རྣམས་མ་ལུས་འཁོར་བཅས་ལ། །དེ་རིང་ཡས་དང་རྫོང་འདེབས་ན། །དགའ་མགུ་ཡི་རང་ཚིམ་གྱུར་ནས། །བདག་ཅག་མི་ནོར་འཁོར་བཅས་ལ། །མ་ཉེ་མ་འཁོར་མ་གནོད་པར། །དཔག་ཚད་མང་པོའི་ཕ་རོལ་དུ། །ད་ལྟ་ཉིད་དུ་འགྲོ་བར་གྱིས། །གལ་ཏེ་མི་འགྲོ་འདུག་གྱུར་ན། །བདག་ཉིད་ཕྱག་ན་རྡོ་རྗེ་ཡི། །ཐུགས་ལས་ཐུན་མཚོན་འཕྲུལ་འཁོར་གྱིས། །ལུས་ངག་རྡུལ་དུ་བརླག་འགྱུར་རོ། །སརྦ་བིགྷྣཱ་གཙྪ། ཧཱུྃ་(བཞིའི་སྔགས་དང་ཡུངས་ཐུན་གུ་གུལ་དུད་པ་བཅས་གླུད་ཡས་ཁང་ཁྱིམ་མི་མཐོང་བའི་སར་བསྐྱལ། ལས་བྱང་ལྟར་སྲུང་འཁོར་བསྒོམ། འདི་དག་ཉིན་དང་པོ་ལས་རྒྱུན་དུ་མི་དགོས་སོ། །མཆོད་གཏོར་བྱིན་བརླབ་ནི།) རྃ་ཡྃ་ཁྃ། མཆོད་རྫས་དངོས་འཛིན་ཉེས་སྐྱོན་བསྲེག་གཏོར་བཀྲུས། །ཉེར་སྤྱོད་འདོད་ཡོན་རྣམ་ལྔ་སྨན་(4བ)རཀ་དང་། །བཟའ་བཅའི་གཏོར་མ་འཛད་མེད་འདོད་རྒུའི་གཏེར། །ཡེ་ཤེས་བདུད་རྩིས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ་(ནས་)ཤཔྡའི་(བར་དང་།) ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱི༔ (ཞེས་བྱིན་གྱིས་བརླབས། མདུན་རྟེན་བསྐྱེད་པ་ནི།) ཤུ་ནྱ་ཏ(ས་བསང་སྦྱང་།) འཁོར་འདས་ཆོས་རྣམས་མི་དམིགས་འོད་གསལ་དང་། །འགགས་མེད་ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་ལས། །མདུན་གྱི་ས་གཞི་ཁོར་ཡུག་འདི་དག་ཀུན། འཆི་མེད་ལྕང་ལོ་ཅན་གྱི་དགའ་བའི་ཚལ། །ཡངས་ཤིང་རྒྱ་ཆེ་ཞིང་གི་བཀོད་པ་རྫོགས། །དབུས་སུ་རིན་ཆེན་སྣ་ཚོགས་ལས་གྲུབ་པའི། །གཞལ་མེད་ཕོ་བྲང་གྲུ་བཞི་སྒོ་བཞིར་ལྡན། །གསེར་གྱི་ཡ་ཕུབ་བཻཌཱུའི་ཏོག་གིས་མཛེས། །མཚན་ཉིད་ཀུན་ཚང་དར་གདུགས་རྒྱལ་མཚན་དང་། །བླ་བྲེ་ལྔ་ལྡི་ཡོལ་བ་ལ་སོགས་པ། །སྣ་ཚོགས་རྒྱན་གྱི་བཀོད་པ་དུ་མས་སྤྲས། །ལྷ་དང་ལྷ་མོས་མཆོད་པའི་སྤྲིན་ཕུང་སྤྲོ། །སྲིད་ཞིའི་དཔལ་འབྱོར་མ་ཚང་མེད་པས་གཏམས། །དེ་དབུས་སྣ་ཚོགས་རིན་ཆེན་མཛེས་པའི་ཁྲི། །པདྨ་དང་ནི་ཉི་ཟླའི་གདན་སྟེང་དུ། །ཧཱུཾ་ཡིག་དཀར་པོ་མཆོག་ཏུ་འབར་བ་ལས། །འོད་འཕྲོས་འཕགས་མཆོད་ (5ན)འགྲོ་བའི་དབུལ་བ་སེལ། །སྲིད་ཞིའི་དྭངས་བཅུད་ཚུར་འདུས་ཧཱུཾ་ལ་ཐིམ། །དེ་ཉིད་ཡོངས་གྱུར་ནོར་བདག་ཨ་པ་ར། །དཀར་གསལ་སྒེག་ཅིང་བརྗིད་པའི་ལང་ཚོ་འབར། །ཞལ་གཅིག་ཁྲོ་འཛུམ་རྗེས་ཆགས་ཉམས་འགྱུར་ཅན། །ཕྱག་གཉིས་གཡས་པས་ཡིད་བཞིན་རིན་པོ་ཆེ། །དབང་གི་རྒྱལ་པོ་ཐུགས་ཀའི་སྟོད་དུ་འཛིན། །གཡོན་པས་ནོར་བུ་སྐྱུག་པའི་ནེའུ་ལེ། །དཀུ་ལ་བརྟེན་ནས་རབ་ཏུ་བཙིར་བའི་ཚུལ། །ཞབས་གཉིས་དཔའ་བོ་གྱད་ཀྱི་འདོར་སྟབས་བགྲད། །གནག་སྣུམ་རལ་པའི་ཟར་བུ་རྟིང་རྩེར་སླེབས། །སྟག་ཤམ་ནོར་བུའི་རྒྱན་ཕྲེང་མཛེས་པར་སྤྲས། །གཟི་བྱིན་འོད་ཕུང་འབར་བའི་ཀློང་ན་རོལ། །དེ་ཡི་སྤྱི་བོར་སྨུག་འཛིན་དཀར་པོ་ནི། །བེ་ཅོན་ནེའུ་ལེ་འཛིན་ཅིང་གཡུ་འབྲུག་ཆིབས། །མགྲིན་པར་མགོན་པོ་ཛམྦྷ་ལ་དམར་གསལ། །ནོར་བུ་ནེའུ་ལེ་འཛིན་འདོར་སྟབས་བཞུགས། །ཐུགས་ཀར་རྒྱལ་ཆེན་རྣམ་སྲས་སེར་གསལ་མདངས། །རྒྱལ་མཚན་ནེའུ་ལེ་འཛིན་ཅིང་རོལ་སྟབས་བཞུགས། །ལྟེ་བར་གནོད་སྦྱིན་ཛམ་ལྷ་གསེར་མདོག་འབར། །ནོར་བ་ནེའུ་ལེ་འཛིན་ཅིང་ཕྱེད་སྐྱིལ་བཞུགས། །(5བ)གསང་བ་ནོར་སྐྱོང་ཛམ་ནག་མུན་པའི་མདངས། །ཐོད་ཁྲག་ནེའུ་ལེ་འཛིན་ཅིང་དོར་སྟབས་རོལ། །ཀུན་ཀྱང་རང་རང་རྒྱན་དང་ཆ་བྱད་རྫོགས། །བག་དྲོ་ལྷུན་ཆགས་གཟི་བརྗིད་འོད་དུ་འཕྲོ། །དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་ལས། །འོད་འཕྲོས་ལྕང་ལོ་ཅན་གྱི་ཞིང་ཁམས་ནས། །གནོད་སྦྱིན་ནོར་ལྷ་རྒྱ་མཚོའི་ཐུགས་རྒྱུད་བསྐུལ། །སྤྱན་དྲང་མཁའ་ལ་སྤྲིན་བཞིན་གཏིབས་པར་གྱུར། །(སྤྱན་འདྲེན་ནི།) ཧཱུཾ༔ དད་པ་དང་ནི་དམ་ཚིག་གིས༔ འབོད་དོ་སྒྲུབ་བོ་ནོར་གྱི་བདག༔ སྔོན་གྱི་ཐུགས་དམ་མ་གཡེལ་བར༔ རྫུ་འཕྲུལ་དབང་གིས་གནས་འདིར་བྱོན༔ གནོད་སྦྱིན་ཆེན་པོ་གཤེགས་སུ་གསོལ༔ ནོར་གྱི་བདག་པོ་གཤེགས་སུ་གསོལ༔ ཨ་པར་ཙིཏྟ་གཤེགས་སུ་གསོལ༔ ཛམ་ལྷ་རིགས་ལྔ་གཤེགས་སུ་གསོལ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿ (བཞུགས་གསོལ་ཕྱག་འཚལ་ནི།) ཧོཿ རྟེན་རྫས་འདི་དང་གཉིས་མེད་དུ༔ གཏན་དུ་བཞུགས་ལ་དངོས་གྲུབ་སྩོལ༔ མི་འབྲལ་སྲུང་མར་མངའ་གསོལ་ལོ༔ སྒོ་གསུམ་གུས་པས་ཕྱག་ཀྱང་འཚལ༔ ས་མ་ཡ་ཏིཥྛ་(6ན)ལྷན༔ ན་མོ་པུ་རུ་ཤ་ཡ་ཧོཿ (མཆོད་པ་ནི།) ཧོཿ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ འདོད་རྒུའི་དཔལ་ཡོན་ནམ་མཁའ་མཛོད༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་མཐུན་པའི་རྫས༔ རང་རང་ཡིད་ལ་ཅི་འདོད་པའི༔ ལོངས་སྤྱོད་དཔག་བསམ་ཤིང་དང་ནི༔ ནོར་བུ་ཇི་བཞིན་འབྱུང་འགྱུར་གྱི༔ མཆོད་སྤྲིན་མི་ཟད་གཏེར་དུ་འབུལ༔ བཞེས་ནས་དངོས་གྲུབ་ཆར་དུ་ཕོབས༔ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྡ་པཉྩ་ཀཱ་མ་གུ་ཎ་ཨ་མྲྀ་ཏ་རཀྟ་བ་ལིངྟ་པཱུ་ཛ་ཧོ༔ (བསྟོད་པ་ནི།) ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་མངའ་བདག་འདོད་འབྱུང་གནས༔ འགྲོ་བའི་དབུལ་ཕོངས་འབྱོར་རྒུད་སྐྱོབ༔ ནོར་བདག་རྒྱལ་པོ་ཁྱེད་ལ་བསྟོད༔ དཀར་གསལ་སྒེག་ཅིང་བརྗིད་པའི་སྐུ༔ དབང་གི་བདག་ཉིད་ཁྲོ་འཛུམ་ཞལ༔ ཕྱག་མཚན་རིན་ཆེན་ནོར་སྐྱུགས་ལས༔ འདོད་རྒུའི་གྲུ་ཆར་འབེབས་ལ་བསྟོད༔ འགྲོ་དོན་ཞབས་གཉིས་དོར་སྟབས་བཞེངས༔ སྟག་ཤམ་ནོར་བུའི་ཕྲེང་བས་བརྒྱན༔ ཁམས་གསུམ་འགྲོ་ཀུན་དབང་དུ་སྡུད༔ ཡིད་ཅན་རེ་བ་སྐོང་(6བ)ལ་བསྟོད༔ རབ་འབྱམས་ཕྲིན་ལས་ཡོངས་སྒྲུབ་ཅིང་༔ འདོད་རྒུའི་དཔལ་ཡོན་ཆར་དུ་ཕོབ༔ མི་ཟད་གཏེར་དུ་འཕེལ་རྒྱས་མཛོད༔ དམ་ལས་མ་འདའ་ས་མ་ཡ༔ (བཟླས་པ་ནི།) གནོད་སྦྱིན་གྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་དཀར་པོའི་མཐར་སྔགས་ཀྱིས་བསྐོར་བ༔ བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་ཐོགས་མེད་དུ་བསྒྲུབ་པར་གྱུར། ཨོཾ་ཨ་པ་ར་ཙིཏྟ་ཡཀྴ་ཧཱུཾ༔ (རྩ་བའི་སྔགས་སོ། །)ཨོཾ་ཙིཏྟ་ཡཀྴ་ཁུག་དུང་དུང་ཤོག༔ ཨོཾ་ཙིཏྟ་ཁ་ལ་ཡ༔ སྙིང་ལ་བྲིང་བྲིང་༔ དུང་དུང་༔ མི་སྙིང་སྒུལ་སྒུལ་སྭཱ་ཧཱ༔ (འབོད་སྔགས་སོ། །)ཨོཾ་ཙིཏྟ་ནྲྀ་སྒུལ་སྒུལ༔ རྒྱུག་རྒྱུག༔ བྲིང་བྲིང་༔ དུང་དུང་སྭཱ་ཧཱ༔ (དབང་སྡུད་སྔགས་སོ།) ཨོཾ་ཙིཏྟ་ཧ་རི་ནི་ས་མ་མ་ཁ་ཤི་བྃ་སྭཱ་ཧཱ༔ (གནད་དབབ་སྔགས་སོ། །དེ་ལྟར་སོ་སོར་ཅི་རིགས་པ་བཟླ། ཐུན་མཚམས་སུ་གཏོར་མ་འབུལ་བ་ནི། མཆོད་གཏོར།) རྃ་ཁྃ་ཡྃ། མ་དག་ཉེས་སྐྱོན་བསྲེག་གཏོར་བཀྲུས། །ཟག་མེད་འདོད་ཡོན་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུཾ། ( ལན་གསུམ་གྱིས་བརླབས།) གནོད་སྦྱིན་འཁོར་བཅས་ཀྱི་ལྗགས་རྡོ་རྗེའི་སྦུ་གུའི་འོད་ཀྱིས་གཏོར་མ་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཨ་པ་ར་(7ན)ཙིཏྟ་ཡཀྴ་ཧཱུ༔ ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། (ལན་བདུན་གྱིས་ཕུལ་ལ།) ཨརྒྷཾ་(སོགས་ཀྱིས་མཆོད་ཅིང་།) དུས་གསུམ་སངས་རྒྱས་(སོགས་ཤློ་ཀས་བསྟོད་ནས།) གནོད་སྦྱིན་ནོར་ལྷའི་ཚོགས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །(སོགས་ཀྱིས་ཕྲིན་ལས་བཅོལ། འདིར་གཞུང་གི་ཚོགས་མཆོད་རྒྱས་པར་བཏང་ཞིང་ཟུར་དུ་གསལ་བའི་སྐོང་བའང་སྦྱར་ལ་གྲངས་གསོག དེ་ནས་གཡང་འགུགས་བསྐུལ་བ་ནི། མདའ་དར་གཡབ་ཅིང་།) ཀྱེ། རྩ་བརྒྱུད་བླ་མ་མཆོག་གསུམ་རྩ་བ་གསུམ། །དམ་ཅན་ཆོས་སྐྱོང་ལྷ་དང་རིག་པ་འཛིན། །ཁྱད་པར་གནོད་སྦྱིན་ནོར་བདག་སྤྲུལ་འཁོར་བཅས། །རབ་འབྱམས་ཕྱོགས་དུས་ཞིང་ཁམས་ཇི་སྙེད་དང་། །བྱང་ཕྱོགསལྕང་ལོ་ཅན་ནས་སྐུ་བསྐྱོད་ལ། །སྔོན་གྱི་ཐུགས་དམ་གཉན་པོ་མ་བསྙེལ་བར། །ཕུན་ཚོགས་བཀྲ་ཤིས་དཔལ་འབར་གནས་མཆོག་འདིར། །ཕྱྭ་གཡང་ཐོགས་མེད་འགུགས་པའི་ཕྲིན་ལས་མཛོད། །ཕྱོགས་བཅུའི་སངས་རྒྱས་ཞིང་གི་ངོ་མཚར་དཔལ། །རྒྱལ་ཀུན་སྤངས་རྟོགས་མཁྱེན་བརྩེ་ནུས་མཐུ་དང་། །རྩ་གསུམ་དམ་ཅན་སྲུང་མའི་ཚོགས་རྣམས་ཀྱི། །བྱིན་རླབས་དངོས་གྲུབ་ཕྲིན་ལས་གཡང་ཁུག་(7བ)ཅིག །ལུང་རྟོགས་ཆོས་ཚུལ་དགེ་འདུན་དར་རྒྱས་དང་། །མཁས་པའི་རྣམ་དཔྱོད་གྲུབ་པའི་ཉམས་རོགས་བཟང་། །འཆད་རྩོད་རྩོམ་གསུམ་ཐོས་བསམ་སྒོམ་སྒྲུབ་སོགས། །ཕུན་ཚོགས་དགེ་ལེགས་གཏན་གྱི་གཡང་ཁུག་ཅིག །ནོར་བུ་དཔག་བསམ་ཤིང་དང་འདོད་འཇོའི་བ། །མ་རྨོས་ལོ་ཏོག་རིན་ཆེན་གཏེར་གྱི་བུམ། །ལྷ་ཀླུ་མི་ཡི་འཇིག་རྟེན་ཁམས་ཀུན་གྱི། །བརྟན་གཡོའི་དྭངས་བཅུད་དགེ་མཚན་གཡང་ཁུག་ཅིག །རྒྱ་གར་དམ་པའི་ཆོས་དང་རྒྱ་ནག་ཁྲིམས། །སྟག་གཟིག་ནོར་དང་གེ་སར་དཔའ་དར་སྟོབས། །ཧོར་གྱི་རྩལ་དང་སྤུར་རྒྱལ་བོད་ཀྱི་ཚེ། །འཛམ་བུའི་གླིང་གི་དཔལ་འབྱོར་གཡང་ཁུག་ཅིག །རྣམ་སྲས་འབྱོར་པ་ནོར་རྒྱུན་ལྷ་མོའི་ཕྱུགས། །ཀུ་བེ་ར་ཡི་རྟ་དང་གང་བཟང་ལུག །ཛམ་ལྷའི་ནོར་དང་ཞིང་ལྷ་ཚངས་པའི་འབྲུ། མི་ཐུབ་དགྲ་ལྷའི་གོ་མཚོན་གཡང་ཁུག་ཅིག །གཟུགས་བཟང་སྐད་སྙན་བློ་གྲོས་ཤེས་རབ་གསལ། །ངང་རྒྱུད་བཟང་ཞིང་རང་བཞིན་དགེ་ལ་སྤྱོད། །ཚེ་རིང་མེད་བཀྲ་ཤིས་བདེ་སྐྱིད་འཕེལ། །མཐོ་རིས་ལེགས་རྒུའི་དཔལ་གྱི་གཡང་ཁུག་ཅིག །འཆི་མེད་(8ན)ཚེ་དང་འཛད་མེད་ལོངས་སྤྱོད་གཏེར། །འགྲིབ་མེད་བསོད་ནམས་སྙན་གྲགས་བརྒྱུད་འཛིན་སྲིད། །འཁོར་སློབ་ཆབ་སྲིད་དར་རྒྱས་དབུ་འཕང་མཐོ། །ཕྱོགས་ལས་རྣམ་པར་རྒྱལ་བའི་གཡང་ཁུག་ཅིག །ཕྱྭ་ཚེ་འོད་ཀྱི་ཉི་མ་ཀྱི་ལི་ལི། །རྨ་གཡང་ཟེར་གྱི་ཟླ་བ་ཏ་ལ་ལ། །ཕྱྭ་དང་བླ་ཚེ་རི་ལ་མ་བྲོས་པར། །གཡང་དང་བསོད་ནམས་སྒོ་རུ་མ་ཉམས་ཤིག །མི་ཉམས་རྟག་བརྟན་ཆོས་དབྱིངས་ཀློང་དུ་སྦ། །འགྱུར་མེད་ཏིང་ངེ་འཛིན་གྱིས་རྒྱས་བཏབ་པས། །ནམ་ཡང་འཕོ་འགྱུར་རྒུད་པ་དང་བྲལ་ནས། །འཕྲལ་ཡུན་མི་འཛད་གཏེར་ལ་ལོངས་སྤྱོད་ཤོག ། ཛ་ཡ་ཛ་ཡ་སིངྔྷི་ཧོཿ (ཞེས་དང་།) ཡེ་ངྷརྨ་(བརྗོད་བཞིན་རྟེན་ལ་མེ་ཏོག་འཐོར་བས་བརྟན་པར་བྱའོ། །གྲངས་གསོག་ན་མཆོད་བརླབ་ནས་འདི་ཡན་ཆད་ལ་གྲངས་འཛིན། རྫོགས་པ་ན་ལྷག་མ་སོགས་བཏང་། རྗེས་སུ་གཏང་རག་གི་གཏོར་འབུལ་མཆོད་བསྟོད་ཕྲིན་བཅོལ་རྣམས་གོང་སྨོས་ལྟར་བྱས། ནོངས་བཤགས་ནི།) ཧོཿ བདག་གི་མ་འབྱོར་མ་རྙེད་ཅིང་༔ སེར་སྣའི་དབང་གྱུར་ཉེས་བྱས་སོགས༔ ཐུགས་དང་འགལ་བ་ཅི་བགྱིས་པ༔ བཤགས་སོ་དག་ཅིང་ཚངས་པར་སྩོལ༔ (ཞེས་དང་། ཡིག་བརྒྱ་བརྗོད། བརྟན་བཞུགས་ནི།) (8བ)འདིར་ནི་རྟེན་དང་ལྷན་ཅིག་ཏུ། །(སོགས་ཀྱིས་མེ་ཏོག་འཐོར། བསྔོ་སྨོན་ནི།) བསོད་ནམས་འདི་ཡིས་མཐའ་ཡས་འགྲོ་བ་ཀུན། །ཉམ་ཐག་དབུལ་ཕོངས་སྡུག་བསྔལ་ཀུན་ཞི་ནས། །འཛད་མེད་འདོད་རྒུ་འཇོ་བའི་དགའ་སྟོན་གྱིས། །སྦྱིན་པའི་ཕར་ཕྱིན་རྒྱ་མཚོ་ཡོངས་རྫོགས་ཤོག ། (ཅེས་དང་། ཤིས་བརྗོད་ཅི་རིགས་བྱ། དེ་ནས་ཆད་བརྟན་སོགས་བདག་བསྐྱེད་ཀྱི་རྗེས་ཆོག་ལས་གཞུང་ལྟར་མཐར་དབྱུང་ངོ་། །གྲུབ་པའི་ཐུན་མཐའ་མར་ནོངས་བཤགས་ཀྱི་རྗེས་སུ་དངོས་གྲུབ་བླང་བ་ནི།) ཧོཿ ནོར་བདག་རྒྱལ་པོ་ཨ་པ་ར༔ ཛམ་ལྷ་རིགས་ལྔ་སྤྲུལ་འཁོར་བཅས༔ མ་ལུས་བདག་ལ་དགོངས་སུ་གསོལ༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ སྒྲུབ་པའི་རྣལ་འབྱོར་བདག་ཉིད་ལ༔ འདོད་རྒུའི་དཔལ་གྱི་དངོས་གྲུབ་སྩོལ༔ སརྦ་རཏྣ་བ་སུ་སངྔྷི་ཕ་ལ་ཧོཿ (ཞེས་རྫས་རྣམས་མྱང་། གལ་ཏེ་སྦྱིན་བདག་ལ་གཡང་རྫས་གཏད་ན། གོང་གི་བརྟན་བཞུགས་གྲུབ་པ་དང་སྦྱིན་བདག་ཁྲུས་དང་རྒྱན་གྱིས་བརྒྱན་པ་སྟན་དཀར་ལ་འཁོད་པར་བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། དམིགས་པ་དང་བཅས་གཡང་འགུགས་བསྐུལ་ལ་རྟེན་རྫས་རྣམས་ལག་ཏུ་གཏད།) ཡེ་ངྷརྨ(ས་ཐོག་དྲངས་གཞུང་གི་བཀྲ་ཤིས་ཀྱིས་མཚོན་ཤིས་བརྗོད་ཅི་རིགས་མཐར།) འབད་དང་སྩོལ་བས་(མ་གོས་སོགས་དང་།) གནས་འདིར་ཉིན་མོ་བདེ་(9ན)ལེགས་(སོགས་བརྗོད་ལ་མེ་ཏོག་འཐོར་བས་བདེ་ལེགས་སུ་བྱ་ཞིང་རང་གནས་སུ་བཏང་། དེས་ཀྱང་རྫས་རྣམས་དངོས་གྲུབ་ཏུ་རོལ་ཞིང་རྟེན་རྣམས་མཛོད་དུ་སྦ་བ་སོགས་ལག་ལེན་མ་ནོར་བར་བྱའོ། །འདིའི་རྟེན་རྫས་བླ་རྡོ་བཅའ་ཐབས་ནི། དར་རས་སམ་ཤོག་བུར་ནོར་བདག་གི་སྐུ་གཟུགས་ལྷ་བསྐྱེད་བཞིན་བྲིས་པའི་སྙིང་གར་ཧཱུཾ་དང་མདུན་ནས་བརྩམས་གཞུང་གི་སྔགས་རྣམས་ཀྱི་མཐར། གནོད་སྦྱིན་ཨ་པ་ར་ཙིཏྟ་ནོར་ལྷ་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་སྒྲུབ་པའི་རྟེན་འདིར་གཉིས་སུ་མེད་པར་བཞུགས་ལ་བདག་དང་སྦྱིན་པའི་བདག་པོས་གཙོས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཚེ་བསོད་དཔལ་འབྱོར་ཕྱྭ་གཡང་ལོངས་སྤྱོད་འདོད་རྒུའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་དང་། སུ་པྲཏིཥྛ་དང་ཡེངྷརྨ་བཅས་བྲིས་ལ་དྲི་བཟང་གིས་བྱུགས། སྲོག་ཡིག་མི་གནོད་པར་བལྟེབས་ལ་རི་བོང་གི་སྙིང་ཤུན་དུ་གཞུག །དེ་ཡང་རི་བོང་གི་ཐོད་པར་མགོ་མཇུག་མ་ནོར་བར་བཅུག་ཅིང་རིན་ཆེན་འབྲུ་སྨན་དར་གོས་ཟས་སྣ་སོགས་གཡང་རྫས་ཀྱིས་ཕྱུར་བུར་གཏམས་ལ་སྟོང་མཚམས་མ་ལུས་པར་བྱ། ཁ་དམ་པར་བཅད་དེ་ཕྱི་ནས་དར་རས་དཀར་སེར་གྱིས་གཡོགས་ཤིང་ཚོན་སྐུད་ཀྱིས་བཅིངས་པར་རྟགས་ཀྱིས་རྒྱས་གདབ། སྦྱོར་བའི་སྐབས་སྦྱོང་ཁྲུས་རྒྱས་བསྡུས་གང་འགྲུབ་མཐར།) རང་ཉིད་གསང་བདག་ཐུགས་ལས་འོད་འཕྲོས་པས། །ལྕང་ལོ་ཅན་ནས་ནོར་བདག་འཁོར་དང་བཅས། །སྤྱན་དྲངས་སྒྲུབ་པའི་རྟེན་ལ་སིབ་སིབ་(9བ)ཐིམ། །དབྱེར་མེད་གཅིག་འདྲེས་གཟི་བྱིན་འབར་བར་གྱུར། །(རྩ་སྔགས་དང་རྟེན་སྙིང་བརྒྱ་རྩ་བཟླས་པའི་མེ་ཏོག་འཐོར་ལ།) ན་མོ། དཀོན་མཆོག་རྩ་གསུམ་སྲུང་མའི་བདེན་སྟོབས་དང་། །ཆོས་ཉིད་རྟེན་འབྲེལ་བསླུ་བ་མེད་པའི་མཐུས། །གནོད་སྦྱིན་ནོར་བདག་ཆེན་པོའི་སྲོག་སྙིང་ཀུན། །བླ་རྡོ་འདི་ལ་གནས་ཤིང་བརྟན་གྱུར་ཅིག །(ཅེས་དང་། ཤིས་བརྗོད་བྱ། དངོས་གཞིའི་སྐབས་མདུན་རྟེན་གྱི་གཙོ་བོ་བླ་རྡོ་དང་གཉིས་སུ་མེད་པར་གསལ་གདབ་པ་ཡིན་ནོ། །ཡང་སྦྱིན་བདག་གི་རེ་སྐོང་ལྟ་བུར་བླ་རྡོ་མ་འཛོམ་ན་གཏོར་མ་ཙམ་ལ་བརྟེན་ཀྱང་རྗེས་མཐུན་རུང་བར་རྟོག་གོ། །གཞན་ཡང་བསྙེན་སྒྲུབ་ཀྱི་སྐབས་སུ་སྔགས་ཀྱི་འཕྲོ་འདུའི་དམིགས་གནད་རྟགས་ཚད་ལོག་གནོན་གྱི་མན་ངག་སོགས་ནི་གཏེར་གཞུང་རྩ་བའི་ཡི་གེ་དང་། བརྒྱུད་ལྡན་དམ་པའི་ཞལ་གྱི་བདུད་རྩི་འཐུང་བ་ལ་བརྩོན་པར་བྱ་བ་ཁོ་ནའོ། །ཚོགས་བཟང་བསགས་པ་དབེན་ལས་ཡང་སྲིད་འདིར། །མི་བཟད་བཀྲེན་པའི་སྡུག་བསྔལ་གྱིས་གདུང་བར། །དབུགས་འབྱིན་སྟེར་བའི་ཐབས་ལ་བརྩོན་བྱེད་པ། །འདི་ཡང་རྒྱལ་སྲས་སྤྱོད་པའི་ཚུལ་མིན་ནམ། །དེ་ལྟའི་བསོད་ནམས་པད་རྩ་ལྟར་དཀར་མཐུས། །དབུལ་ཕོངས་རྒྱུ་འབྲས་མཐར་བྱས་དགེ་ལེགས་ཀྱི། །མཛོད་ཆེན་འཛིན་ལ་གནོད་སྦྱིན་དབང་པོ་དང་། །མཚུངས་པའི་སྐལ་བཟང་འགྲོ་འདིས་ཐོབ་གྱུར་ཅིག ། ནོར་བདག་ཨ་པར་ཙིཏྟ་སྒྲུབ་ཐབས་འདོད་རྒུ་ཆར་འབེབས་ཞེས་བྱ་བ་འདི་ནི་ཀོང་པོ་ང་ཕོད་ནས་(10)མཁྱེན་རྟོགས་ཡོན་ཏན་གྱི་བདག་ཉིད་སློབ་དཔོན་ངག་དབང་ཨོ་རྒྱན་བསྟན་འཛིན་གྱིས་ལྷ་རྫས་མེ་ཏོག་གི་སྐྱེས་དང་བཅས་རིང་མོའི་དུས་ནས་གསུང་བསྐུལ་ནན་ཆགས་སུ་གནང་བའི་བཞེད་སྐོང་དུ། གཏེར་འབྱིན་རིག་འཛིན་ཆེན་པོའི་ཐུགས་རྗེའི་ཟླ་ཟེར་སྙིང་ལ་ཞུགས་པས་བློ་གྲོས་ཀྱི་ཀུནྡ་ཅུང་ཟད་འཛུམ་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གཏེར་གཞུང་གི་དགོངས་པ་རྩ་བར་བཟུང་། མངོན་རྟོགས་སོགས་བརྗོད་བདེའི་ཚིགས་བཅད་དུ་བསྡེབས་ཤིང་ཁ་སྐོང་དུ་འོས་པ་ཅི་རིགས་པས་མི་འགལ་བར་བརྒྱན་ཏེ། རང་ལོ་ཉེར་གཉིས་པ་ཤིང་མོ་གླང་གི་ལོ་ས་ག་ཉ་བའི་དཀར་ཕྱོགས་ཀྱི་དགའ་བ་གཉིས་པ་འགྲུབ་པའི་སྦྱོར་བ་དང་ལྡན་པའི་ཚེས་ལ་རང་གནས་མཁན་ལྗོངས་བདེ་ཆེན་ཆོས་འཁོར་གླིང་དུ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ།། །།)}} | ||
Revision as of 14:06, 20 July 2024
First text in volume.Last text in volume.
| Wylie title | ||
|---|---|---|
| Location | bdud 'joms rin po che bka' 'bum Volume 23, Text 21, Pages (Folios to ) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985. | |
| Side notes | ||
| More details More details | ||
| Genre | ||