DJYD-KABUM-22-ZA-016: Difference between revisions
No edit summary |
m (Text replacement - "༈" to " ༈ ") |
||
| Line 40: | Line 40: | ||
༄༅། །ཨོཾ་སྭསྟི། ཞི་ཁྲོ་རིགས་བརྒྱའི་དཀྱིལ་འཁོར་འཁོར་ལོ་ཀུན། །སྤྲོ་བསྡུའི་བྱེད་པོ་ཁྱབ་བདག་རྡོ་རྗེ་སེམས། །གདོད་མའི་ཡེ་ཤེས་བདེ་གཤེགས་སྣང་བརྙན་དང་། །དབྱེར་མེད་རོ་མཉམ་དྲིན་ཅན་བླ་མར་འདུད། །དམ་པའི་ལེགས་བཤད་དགེ་ལེགས་འདོད་འཇོའི་རྒྱུན། །གྲུབ་གཉིས་རིན་ཆེན་འབྱུང་གནས་རོལ་པའི་མཚོར། །ཡོངས་བསྐྱིལ་ཕྱག་བཞེས་ཆོ་གའི་ཁྲིགས་ཇི་བཞིན། །ཡི་གེར་བཀོད་འདི་རང་གིས་བལྟ་ཕྱིར་ཡིན། །དེ་ལ་གསུམ་སྟེ། རྒྱས་པ་དང་། འབྲིང་པོ་དང་། བསྡུས་པའི་ཚུལ་ལོ། །དང་པོ་ལའང་སྦྱོར་བ། དངོས་གཞི། རྗེས་དང་གསུམ་ལས། དང་ {{TibChung|[2a]}} པོ་ནི། རྩ་དཀྱིལ་ཐུགས་རྗེ་ཆེན་པོ་དང་སྦྱར་ཏེ་དེའི་རས་བྲིས་བཀྲམ་པར་སྒོར་མཆོད། རྒྱན་གོས། རྒྱབ་ཏུ་མཆོད་གཏོར་བླ་གཏོར་དམར་པོ། །དེའི་གཡས་སུ་སྲུང་མ་སྤྱིའི་གཏོར་སྤུངས། གཡོན་དུ་ལྷ་ཆེན་སྨན་རྡོར་སྤུངས་གཏོར། དེ་མདུན་ཞི་དྲག་མཆོད་པ་མཇུག་སྤྲོད་མཚམས་འབུལ་གཏོར། གཡས་གཡོན་དུ་སྨན་རཀ །ཆད་བརྟན། སྲུང་བསྒོའི་མཆོད་གཏོར་ཉེར་སྤྱོད་བཅས་ཚང་བར་འདུ་བྱ་ཞིང་། དེའི་བྱང་ཤར་དུ་སྟེགས་གྲུ་བཞིར་ཁྲུས་དཀྱིལ་རས་བྲིས་པད་འདབ་བརྒྱད་ལྟེ་བར་རྡོ་རྗེ་ཕྱོགས་མཚམས་སུ་རིགས་བཞི་ཡུམ་དང་བཅས་པའི་ཕྱག་མཚན་བྲིས་དབུས་འཕྲུལ་ {{TibChung|[2b]}} སྟེགས་ཁར་ཁྲུས་གཞོང་མེ་ལོང་ཁྲུས་རས་ས་བོན་ཅན་དང་། ཁྲུས་དར་བཅས་བཞག །འདབ་མ་བརྒྱད་ལ་ཁྲུས་བུམ་ཕྱོགས་མདོག་གོས་ཀྱིས་ཀླུབས་ཤིང་ཁ་རྒྱན་ཅན་བརྒྱད་ཀར་དྲིལ་ཆུས་སུམ་གཉིས་བཀང་བར་སོ་སོའི་རྫས་བྱེ་བྲག་པ་བླུགས་ཏེ་མཆུ་རྣམས་ནང་བསྟན་དུ་བསྒྲིག །རྫས་རྣམས་མ་འབྱོར་ན་སྤྱི་ཁྱབ་བུམ་རྫས་ཉེར་ལྔ་ཁོ་ནས་ཀྱང་ཆོག་གསུངས། འདག་རྫས་རྒྱས་པ་ལྟར་བུམ་པ་རེ་རེའི་རྒྱབ་ཏུ་རིམ་བཞིན་དང་། དབྱེ་བ་མེད་པར་ཟངས་སྣོད་དུ་ཤུ་ཏི་དང་ཉེ་ཤིང་ཆུ་དང་སྦྱར་བ། དྲི་ལྔ་འབྲུ་མར་དང་སྦྱར་བ། སྲན་ཕྱེ་དང་ཤིང་ཤུན་ལྔའི་ཕྱེ་མ་རྣམས་རིམ་བཞིན་བཤགས། དེ་དག་བྱུག་པའི་དུར་པིར་ཀྱང་བཀོད། མཐར་སྒོར་མཆོད་དང་། རྒྱན་གོས་བཀྲམ། སྟེང་དུ་གདུགས་དཀར་པོ་དབུབ། སྟེགས་ཆུང་ཁེབས་ལྡན་ཁར་སྦྱང་ཆས་པད་སྦུག་གསུམ་རྒྱན་ལྔ་དགྲམ། ཏིང་ལོ་ཆང་བུ་ཅན་གསུམ་དཀར་ཐིག་རེ། འབྲས་ཆན་ཆང་བུ་གཉིས། ཞོ་ཟན་ཆང་བུ་གཉིས་སོ་སོར་དཀར་རྒྱན་བཞི་སྒྲོམ་ཅན། ཡུངས་དཀར་སྣོད། ཆུ་ཏིང་། མེ། མེ་ལོང་ལ་ཏིལ་ནག་སྡིག་གཟུགས་ཁ་རང་བསྟན་བཅས། བྲིས་དཀྱིལ་གྱི་ཤར་ལྷོར་རས་བྲིས་རི་གླིང་ཅན་དབུས་རྐང་གསུམ་ཁར་ཙ་རུའི་བཟའ་བ་ཤ་ཆང་མིན་པའི་ཟས་སྣ་ཚོགས་དབུས་ཟླུམ་ {{TibChung|[3a]}} བཤོས་དཀར་པོ་རྒྱན་ལྔ་སྒྲོམ་རྩེར་རྡོ་རྗེ་ཉི་ཟླ་མེ་རི་དར་གདུགས་སེར་པོ་ཅན་དང་། རས་བྲིས་ཕྱི་ནས་འབྲུ་སྤུངས་པར་ཙཀླི་འཛུག །ཉེར་སྤྱོད་སྒོར་མཆོད། རྒྱན་གོས་བཅས། ཁྲུས་བུམ་གྱི་ཉེ་ལོིགས་གང་བདེར་སྣོད་གྲོ་སེར་པོས་བཀང་དབུས་གཟུངས་བུམ་དྲིའི་ཆུ་དང་འོ་མས་བཀང་བའི་ཁར་མེ་ལོང་ལ་རྟེན་སྙིང་ཚར་བདུན་བརྐོས་པར་ཙན་དཀར་གུར་གུམ་གི་ཝཾ་རྣམས་འོ་མར་སྦྱར་ཏེ་བྱུག་པས་བཀབ། དེ་མདུན་དྲིའི་དུང་ཞལ་གཟུངས་རྡོར་བཅས་པ་དང་། གནས་བྱའི་རྟེན་ལ་གོས་དམར་སེར་གྱིས་གཡོགས་པ་རྣམས་སོ། །༼ སྦྱོར་བའི་ཆོ་ག་ལ་༽ དུང་ཆོས་ཀཱ་ལི་འགྱེད། བདག་བསྐྱེད་སྐྱབས་འགྲོ་ནས་བཟུང་ཡེ་ཤེས་སྐུ་མཆོག་དོར་བའི་བྱིན་འབེབས་ལ་རྒྱུད་གསུམ་རོལ་མོ། །མཆོད་ཕྲེང་རྒྱས་པ་མི་དགོས། བཟླས་པ་བུམ་སྒྲུབ་སོགས་དཀྱུས་ལྟར། འཐོར་ནས་འགྱེད། དེ་ནས་ཇི་ལྟར་བལྟམས་པ་ནས་ཡོན་འབུལ་ཡན་རྫོགས་པར་བྱེད། དེ་སྐབས་བུམ་ཆུ་འགྱེད། རིགས་ལྔ་འགྱེད་བསྡུ། དུང་ཆོས་བསྡུ། སློབ་མཆོད་འབུལ་བ་སོགས་ཚོགས་མཆོད་ནང་ལྟར་མཛད་རྗེས་ཞོག་ཚོགས་གྲོལ། ༼ཚ་རྟིང་ལ་༽ ལས་རྡོར་གྱིས་ལས་བུམ་འཐོར་གཡབ་ཞུས་ཏེ་གཟུངས་བུམ་ལ་འཐོར། རྟ་སྔགས་དང་། སྭ་བྷཱ་ {{TibChung|[3b]}} ཝས་བསང་སྦྱང་། སྟོང་པའི་ངང་ལས་སོགས། གཟུངས་ཐག་ཕུལ། རྟེན་སྙིང་མང་ཙམ་བཟླ། བསྐུལ་མཚམས་སྐབས་མེ་ལོང་གི་ཡི་གེ་དུང་ཆུས་སྦྱངས་ནས་གཟུངས་བུམ་དུ་བླུགས། དེ་ནས་དུང་ཆོས་སུ་བླུགས་ཏེ་ཁྲུས་བུམ་བརྒྱད་དང་གཙོ་ལས་རྣམས་སུ་བླུགས་ཚར་བསྟུན་བཟླས་པ་བཞག །སྔར་བཞིན་ཁྲུས་བུམ་ལ་འཐོར། བསང་སྦྱང་། སྟོང་པའི་ངང་ལས་སོགས། བཟླས་པ་རེ་རེ་བདུན་ཙམ་རེ་བཟླ་བར་གཟུངས་རྡོར་རིམ་བཞིན་སྤོ། སྤྱི་སྔགས་བརྒྱ་རྩའི་རིང་ཤར་བུམ་སྟེང་། སྤྱན་སྔགས་ཉེར་གཅིག །ཡིག་བརྒྱ་ཉེར་གཅིག །རྟེན་སྙིང་ཉེར་གཅིག །གཟུངས་རྡོར་བཞག །རྟེན་དགབ་དབྱེ། རྟ་སྔགས་ཉེར་གཅིག །ཧཱུཾ་བཞི་པའི་སྐབས་ལས་རྡོར་ཞྭ་ཕྲག་གིས་གུལ་ཐུན་ལ་སྔགས་བསྐོར། རོལ་ཆེན་འདོན། སྦྱང་ཆས་གྲལ་གཤམ་དུ་བསྒྲིག་ནས་ཐམས་ཅད་ཀྱིས་ཞྭ་བཞེས། ལས་རྡོར་གྱིས་ཕྱག་གསུམ་སྔོན་འགྲོས་ཞྭ་ལག་ཐོགས་ཀྱིས་གསོལ་ཞུའི་མཐར་ཞྭ་གྱོན། པད་སྦུག་གཡས་བསྐོར་གསུམ། སྔགས་ལ་པད་སྐོར་མཛོད་རྒྱ་སེ་གོལ་བཅས། ཡང་ཞྭ་ལག་ཐོགས་ཀྱིས་གསོལ་ཞུ་ནས་གྱོན། ཏིང་ལོ་གཡོན་བསྐོར་གསུམ། སྔགས་ལ་རྡོ་རྗེ་ལན་གསུམ་གསོར་ཞིང་དྲིལ་བུ་གསིལ། ཞྭ་ལག་ཐོགས་ཀྱིས་གསོལ་ {{TibChung|[4a]}} ཞུ། སྤོས་འགྱེད། སྤྱན་འདྲེན་ཡོ་ག་སྤྱི་གདངས། རོལ་རྐང་། སྤོས་བསྡུ། མཆོད་སྔགས་རོལ། བསྟོད་པ། བདེན་སྟོབས་བརྗོད་པ་སྔོན་མ་གཉིས་ལ་གཏོར་མ་རིམ་བཞིན་སྤགས། རོལ་ཆེན་གྱིས་ཀིང་རོལ་ཐུང་ཙམ་རེ་མཛད་སྐབས། རྐང་། མང་གིས་རྡོ་རྗེ་གསོར་བ་སོགས་བྱ། རྗེས་མར་གཏོར་མ་ཕྱི་རོལ་དུ་དོར། སྦྱིན་བདག་སྤོས། རྒྱ་གླིང་། ལས་རྡོར་གུལ་ཐུན་ཞྭ་གཟན་ཟླུམ་བཅས། སློབ་དཔོན་བགེགས་སྐྲོད་ལ་ཕེབས། ཀིང་རོལ་རིང་ཙམ་ལ་འབེབས་རྐང་གླིང་དང་། སུམ་བརྡུང་གཉིས་དང་དགུ་བརྡུང་རེ་སྤེལ་བ་ཚུར་མ་འཁོར་བར་བྱས་ནས་ཟིལ་འབེབས་དུས་རྐང་གླིང་། སྣམ་སྦྱར་སྟེགས་ཁེབས་ལེན་འགྲེ། ཡང་ཕྱག་གསུམ་བཅས་གསོལ་ཞུ། ལག་གཉིས་འབྲས་དང་། ཞོའི་ཆང་བུ་རིམ་བཞིན་གཡས་དང་གཡོན་དུ་བསྐོར། རྟ་སྔགས་གཉིས། ཡུངས་ཆུ་སྦྱར་བ་གཡས་བསྐོར་གྱིས། ཧཱུཾ་རིང་གསུམ། ཨོཾ་སརྦ་པ་པཾ་སོགས། གཡོན་བསྐོར་གྱིས། ཨོཾ་རིང་གསུམ། སརྦ་སོགས་གཉིས་ཀ་མེ་ཆུར་བླུགས། མེ་ཆུ་གཉིས་ཀྱང་བཟེད་ཞལ་དུ་བླུགས་ཏེ་ཕྱིར་དོར། གནས་བྱའི་སོགས་རོལ་མོ། ཕྱག་གསུམ་བཅས་ཞྭ་ལག་ཐོགས་གསོལ་ཞུ། བདག་དང་ {{TibChung|[4b]}} སོགས་སརྦ་པ་པཾ་ལན་གསུམ་ལ་རིམ་པར་གཡས་གཡོན་དང་གཉིས་ཁར་བསྐོར་ཏེ་མེ་ཆུར་བླུགས་ནས་ཆུ་ཕྱིར་དོར། བདག་དང་སོགས། རོལ་མོ། །ཞ་ཕུད། ཇ༽ སྣམ་སྟེགས་འགྱེད། ཐམས་ཅད་བཞེངས་ནས་ཞྭ་དང་སྣམ་སྦྱར་བཞེས། གཟན་ཁྱེར་སྟེང་སྟེགས་ཁེབས་འགོད། གང་འདིར་སོགས། ཁྲུས་ཀྱི་ཁང་པར་ཚིག་དྲིལ་མེད། འདུར་གདངས་སྒང་རོལ། འདི་ནས་རོལ་མོ་འཛིན་བཞིན་སྔགས་ཐམས་ཅད་དལ་འདུར་གྱིས། རྟ་སྔགས་དང་སརྦ་ཏ་ཐཱ་སོགས་ཁྲུས་ཆལ་མེ་ལོང་ལ་བྱུག ཨོཾ་ཧཱུཾ་སོགས་འབྲུ་མར་བྱུག །སརྦ་ཏ་ཐཱ་སོགས་སྲན་ཕྱེ་སོགས་བྱུག འདི་ནི་ཁྲུས་མཆོག་སོགས་ཁྱོགས་འབེབས་ཀྱི་དྲིལ་འདེགས་ལས་དྲིལ་གསིལ་མེད། གརྦྷེ་སོགས་རོལ་ཕྱེད་དྲིལ་གསོལ། དེ་དག་སྐུ་སོགས་ས་བོན་བཀོད་དེ་ཕྱི་ཚུལ་བྱེད། འདི་ཡན་ཤར་བུམ་གྱིས་སོ། །དེ་ནས་རིམ་བཞིན་ཤར་ལྷོ་ནས་གཡས་བསྐོར་གྱིས་བུམ་པ་ལེན་ཅིང་རྟ་སྔགས་ཀྱིས་མདུན་བསྡུས་པའི་བུམ་པ་དང་པོ་ཇི་ལྟ་བ་བཞིན་བྱེད། བཟོད་པའི་རྟ་སྔགས་ལ་བསྐུལ་མཚམས། ཆུ་བོ་དྲུག་ནས་གདངས་ཁྱོགས་འབེབས་ལ་དྲིལ་གསིལ་མཛད། འདི་ནས་ཤར་བུམ་ཡིན། སྔགས་ཕྱེད་རོལ། དེ་དག་སྐུ་ལ་སྔགས་དྲིལ་གསིལ། སྐུ་མཆོག་རྣམས་སོགས་ {{TibChung|[5a]}} བཞི་དྲིལ། སྔགས་ཕྱེད་རོལ། རོལ་མོ་བཞག །ཁྲུས་བུམ་མེ་ལོང་བཞག །རས་ཐོགས། བདེ་གཤེགས་སྐུ་སོགས་བཞི་དྲིལ། རས་མཆོག་འདི་བཞེས་པར་ཕྱི་ཚུལ། སྔགས་དྲིལ། དུང་ཞལ་བླངས། སྟོང་གསུམ་སོགས་དུང་ཞལ་ནས་འཐོར། སྔགས་དྲིལ་གསིལ། རྡོར་དྲིལ་བཞག །གོས་ཟུང་བཟུང་བཞིན་རྩ་གདངས་ཀྱིས། དེ་ནས་དེ་ལ་སོགས། སྣ་ཚོགས་དབང་པོའི། རྒྱལ་བ་མཚན་དཔེའི་སོགས། བཛྲ་ཝ་པ་སོགས་ནས་བཞུགས། རོལ་མེད། གོས་ཟུང་མེད་ན་མཆོད་སིལ་རྒྱག ཐ༽ །གནས་བརྟན་ཕྱག་མཆོད་སོགས་གང་རིགས་སྐབས་རོལ་ཆེན་མཇུག་ཚོགས་གྲོལ། ༼གུང་ཚིག་ལ་༽ སློབ་དཔོན་ནས་ལས་བུམ་ཆུ་འཐོར་བ་འདི་མན་བསང་སྦྱང་ཐམས་ཅད་འདྲ། རྟ་སྭས་བསང་སྦྱང་། སྟོང་པའི་ངང་ལས་སོགས། བཛྲ་སྭ་མཱ་ཛཿར་བསྡུ་བྱ། སྤོས་འགྱེད། མ་ལུས་སེམས་ཅན་ཡོ་ག་བཞི་དྲིལ། བསྐུལ་མཚམས་ཀྱིས། ཆོས་རྣམས་ཀུན་ནས་ཐུགས་ཐིག་རྟ། བཞི་དྲིལ་མཐར་རོལ། སྤོས་བསྡུ། ཧཱུཾ་བཞིའི་སྔགས་ལ་རོལ་མོ། །རྡོར་གསོར། ཐུན་བྲབ། དྲིལ་ཁང་གིས་འདི་ནས་ཤློ་ཀ་གསུམ་ཁྲུས་གདངས། བཅོམ་ལྡན་འདིས་གོས། སློབ་དཔོན་ {{TibChung|[5b]}} གྱིས་དུང་ཆོས་འདེགས། སྔགས་ལ་མཆོད་ཡོན་རྒྱ། ཇི་ལྟར་སོགས་ལས་ཆུ་འཐོར། སྔགས་དྲིལ་གསིལ་རྒྱ་བཅས། བདག་དང་སོགས་ལ་དྲིལ་མེད་ཀྱིས་གདན་འབུལ་བའི་རྒྱ་དང་། རྡོ་དྲིལ་ལྡན་པས་བཛྲ་པུཥྤེ་སོགས་རང་རྒྱལ་རོལ་མོ་བཛྲ་ཨཾ་ཀུ་སོགས་སྔགས་མཚན་བཞི་སོ་སོའི་རྒྱ་རྡོ་དྲིལ་ལྡན་པས་གནང་ནས་རྡོ་དྲིལ་བཞག །གནས་བྱའི་ལྷ་སོགས། དཔལ་ལྡན་སངས་རྒྱས་སོགས་ལ་ལྷ་དབང་རྟ། རྡོ་རྗེ་རྩེ་ལྔའི་རྒྱ་རྟེན་ལ་བསྐུར། རང་གི་སྙིང་གའི་སོགས། ས་མཱ་ཛཿར་རང་རྒྱ། རྡོ་དྲིལ་བཅས་ཨརྒྷཾ་སོགས་རང་རྒྱ་དང་རོལ་མོ། ཆོས་སྐུ་ནམ་མཁར་འགྲོ་བ་རྒྱུད་ལྔའི་གདངས་དང་རིགས་ལྔའི་སྤྱི་ཕྱག་བཅས། རྡོ་རྗེ་ཅན་གྱི་སོགས་ཐལ་སྦྱར་ཁྲུས་གདངས། ནམ་མཁའ་གང་བའི་སོགས། བཀྲ་ཤིས་གང་ཞིག་ལ་སློབ་དཔོན་གྱིས་བུམ་པ་མཆུ་ཕྱིར་བསྟན་ཞབས་ནས་འདེགས། བྱིངས་ཀྱིས་རྡོ་རྗེ་གསོར་ཞིང་དྲིལ་བུ་འདེགས་བཞིན་འགྲོ་བ་རྒྱུད་ལྔའི་རྟ། དྲིལ་གསིལ་མེད། ཇི་ལྟར་བལྟམས་པར་ལྷ་དབང་རྟ་ལ་བུམ་པ་གོང་ནས་འཛིན་པ་དེ་བཞིན་ལས་འཐོར་བ་མི་གནང་། སྔགས་དྲིལ། ཨོཾ་ཧཱུཾ་སོགས་རྡོ་རྗེ་རྩེ་གཅིག་རྒྱ་རྟེན་ལ་བསྐུར། ཨོཾ་བཛྲ་ཏུ་ཥྱ་སོགས་ཐལ་མོ་བརྡབ། ཇ༽ རྟ་སྔགས། རཾ་ཡཾ་སོགས། {{TibChung|[6a]}} ཐམས་ཅད་སྟོང་ཉིད་སོགས་རོལ་ཌཱ། ལག་གཉིས་ཕྱག་རྒྱ་འབྱུང་བའི་རྒྱ་བཅས། ཕྱོགས་བཅུ་རབ་འབྱམས་སོགས་རབ་འབྱམས་རྒྱ་མཚོའི་རྟ་སོ་སོའི་ཕྱག་རྒྱའི་མཇུག་སེ་གོལ་བསྣོལ་མ་མཐར་རོལ་མོ། དྲིལ་སྟབས་སྔོན་འགྲོས། མི་རྟོག་རྡོ་རྗེ་རྩ་གདངས། ཆོས་སྐུ་ནམ་མཁའ་ནས་ཤློ་ཀ་དྲུག་རྩ་གདངས་སྤྱི་ཕྱག །གནས་བྱའི་ཐུགས་ཀར་སོགས། མེ་ཏོག་འཐོར་ནས་གཟུངས་ཐག་འབུལ་ཞིང་གཟུངས་རྡོར་མེ་ལོང་བཅས་ལས་རྡོར་གྱིས་འཛིན། སུ་པྲ་སོགས་སྔགས་ཚན་གཉིས་དང་ཡིག་བརྒྱ་རྣམས་བསྐུལ་མཚམས་བཅས་ཅི་རིགས་བཟླས་ལ་གཟུངས་ཐག་བསྡུ། གུང་ཐུན་བཅས་གྲོལ། ༼བར་ཆར་༽ ལྷ་ཆེན་གྱི་མཆོད་རློབ་ནས། གཏོར་བསྔོ་ལྷ་ཆེན་ལྷ་མོ་སྔགས་འབུལ་བཅས། བསྟོད་མཇུག་བསྐང་བ་སྦྲེལ། སྨན་རྡོར་གཏེར་གཞི་བཤགས་ཕྲིན་མཇུག་ཐམས་ཅད་གཟན་ཟླུམ་ཞྭ་ཕྲག་ཁྱེར་གདིང་བ་སོགས་བསྣམས་ཏེ་གྲལ་རིམ་གྱིས་ཕེབས། ༼ཆབ་བཏང་༽ སྟེགས་ཁེབས་ལྡན་ཁར་ཉེར་སྤྱོད་འགོ་གཡས། ཆ་གསུམ་འགོ་གཡོན་དུ་བསྒྲིག དབུ་ཞྭ་མཆོད། ཆ་གསུམ་དཀྱུས་ལྟར་ལ་དབང་པོ་རྡོ་རྗེར་གདངས་དྲིལ་སྟབས་ཅན། འབྱུང་པོ་གང་དག་མཇུག་གཟན་ཁྱེར་མཛད་དེ་ཡིག་བརྒྱ་བསྐུལ་ {{TibChung|[6b]}} བཞིན་རོལ་མོ་ནས་སྒོར། ཐུན་བརྡེག །ལས་ཆུ་འཐོར། གྲལ་ལ་ཕེབས་བསྟུན་རོལ་བཞག །སྣམ་སྦྱར་འགྱེད། སྤོས་འགྱེད། བཞེངས་ནས་པུས་མོ་གཡས་བཙུག །རྡོ་དྲིལ་བཅས། ཨོཾ་བཛྲ་ཛི་ཧཱ་སོགས་སྙན་གསན་ལན་གསུམ་ཡོ་ག་སྤྱི་གདངས་བཞི་དྲིལ་མཐར་རོལ། དྲིལ་བཞག་ནས། ཕྱོགས་བཅུ་རབ་འབྱམས་གོང་འདྲ་མཐར། དྲིལ་སྟབས་སྔོན་འགྲོས། མི་རྟོག་རྡོ་རྗེ་སོགས་བསྟོད་པ་ཤློ་ཀ་བདུན་སྤྱི་གདངས་སྤྱི་ཕྱག་ཅན། དེ་ནས་སྣམ་སྦྱར་འབུལ། མར་བཞུགས་ཏེ་དྲིལ་གསིལ་མེད་པའི་ཡིག་བརྒྱ་ལན་གསུམ། ཨོཾ་ཨཱཿསོགས་གཤེགས། སརྦ་ཏ་ཐཱ་སོགས་གདངས་ལ། པུཥྤེ་ནས་ཤཔྡའི་བར་རང་རྒྱ་དང་རོལ་མོ། དྲིལ་སྟབས་བཅས། བསྟོད་པར་འོས་པ་འགྲོ་བ་བརྒྱུད་ལྔའི་གདངས་སྤྱི་ཕྱག་ཅན་མཐར། རྟེན་གྱི་དཔྲལ་མགྲིན་ཐུགས་ཀ་གཙུག་ཏོར་ཕྱག་རྣམས་རེག་པར་དུང་ཆོས་ཆུས་མེ་ལོང་ལ་ཐིག་ལེ་བྱ། རྟ་སྔགས་ཚར་ལྔ་བཟླ། རྡོ་རྗེས་དེ་ཉིད་ལ་རེག་ཅིང་། བཛྲ་རཀྵ་ཧཾ། བཛྲ་ཝསྟྲ་ཞེས་རོལ་མོ་བཅས་རྟེན་བཀབ་ཕུལ་ལ་ཚོགས་གྲོལ། ༼དགུང་ཚོགས་ལ་༽ ཚོགས་བྱིན་རློབ་ནས་ཞལ་སྟོབ་བར་དང་། དགུང་ཐུན་ལྷག་གཏོར། ཆོས་སྐྱོང་གཏོར་འབུལ་གནང་མི་དགོས་པས་བསྐུལ་ཆད་ཐོ་དང་ {{TibChung|[7a]}} མཉམ་དུ་དམ་ཅན་གཏོར་སྤུངས་འབུལ་བ་ལས་གཞན་རྣམས་སྒྲུབ་མཆོད་དཀྱུས་ལྟར་གནང་། | ༄༅། །ཨོཾ་སྭསྟི། ཞི་ཁྲོ་རིགས་བརྒྱའི་དཀྱིལ་འཁོར་འཁོར་ལོ་ཀུན། །སྤྲོ་བསྡུའི་བྱེད་པོ་ཁྱབ་བདག་རྡོ་རྗེ་སེམས། །གདོད་མའི་ཡེ་ཤེས་བདེ་གཤེགས་སྣང་བརྙན་དང་། །དབྱེར་མེད་རོ་མཉམ་དྲིན་ཅན་བླ་མར་འདུད། །དམ་པའི་ལེགས་བཤད་དགེ་ལེགས་འདོད་འཇོའི་རྒྱུན། །གྲུབ་གཉིས་རིན་ཆེན་འབྱུང་གནས་རོལ་པའི་མཚོར། །ཡོངས་བསྐྱིལ་ཕྱག་བཞེས་ཆོ་གའི་ཁྲིགས་ཇི་བཞིན། །ཡི་གེར་བཀོད་འདི་རང་གིས་བལྟ་ཕྱིར་ཡིན། །དེ་ལ་གསུམ་སྟེ། རྒྱས་པ་དང་། འབྲིང་པོ་དང་། བསྡུས་པའི་ཚུལ་ལོ། །དང་པོ་ལའང་སྦྱོར་བ། དངོས་གཞི། རྗེས་དང་གསུམ་ལས། དང་ {{TibChung|[2a]}} པོ་ནི། རྩ་དཀྱིལ་ཐུགས་རྗེ་ཆེན་པོ་དང་སྦྱར་ཏེ་དེའི་རས་བྲིས་བཀྲམ་པར་སྒོར་མཆོད། རྒྱན་གོས། རྒྱབ་ཏུ་མཆོད་གཏོར་བླ་གཏོར་དམར་པོ། །དེའི་གཡས་སུ་སྲུང་མ་སྤྱིའི་གཏོར་སྤུངས། གཡོན་དུ་ལྷ་ཆེན་སྨན་རྡོར་སྤུངས་གཏོར། དེ་མདུན་ཞི་དྲག་མཆོད་པ་མཇུག་སྤྲོད་མཚམས་འབུལ་གཏོར། གཡས་གཡོན་དུ་སྨན་རཀ །ཆད་བརྟན། སྲུང་བསྒོའི་མཆོད་གཏོར་ཉེར་སྤྱོད་བཅས་ཚང་བར་འདུ་བྱ་ཞིང་། དེའི་བྱང་ཤར་དུ་སྟེགས་གྲུ་བཞིར་ཁྲུས་དཀྱིལ་རས་བྲིས་པད་འདབ་བརྒྱད་ལྟེ་བར་རྡོ་རྗེ་ཕྱོགས་མཚམས་སུ་རིགས་བཞི་ཡུམ་དང་བཅས་པའི་ཕྱག་མཚན་བྲིས་དབུས་འཕྲུལ་ {{TibChung|[2b]}} སྟེགས་ཁར་ཁྲུས་གཞོང་མེ་ལོང་ཁྲུས་རས་ས་བོན་ཅན་དང་། ཁྲུས་དར་བཅས་བཞག །འདབ་མ་བརྒྱད་ལ་ཁྲུས་བུམ་ཕྱོགས་མདོག་གོས་ཀྱིས་ཀླུབས་ཤིང་ཁ་རྒྱན་ཅན་བརྒྱད་ཀར་དྲིལ་ཆུས་སུམ་གཉིས་བཀང་བར་སོ་སོའི་རྫས་བྱེ་བྲག་པ་བླུགས་ཏེ་མཆུ་རྣམས་ནང་བསྟན་དུ་བསྒྲིག །རྫས་རྣམས་མ་འབྱོར་ན་སྤྱི་ཁྱབ་བུམ་རྫས་ཉེར་ལྔ་ཁོ་ནས་ཀྱང་ཆོག་གསུངས། འདག་རྫས་རྒྱས་པ་ལྟར་བུམ་པ་རེ་རེའི་རྒྱབ་ཏུ་རིམ་བཞིན་དང་། དབྱེ་བ་མེད་པར་ཟངས་སྣོད་དུ་ཤུ་ཏི་དང་ཉེ་ཤིང་ཆུ་དང་སྦྱར་བ། དྲི་ལྔ་འབྲུ་མར་དང་སྦྱར་བ། སྲན་ཕྱེ་དང་ཤིང་ཤུན་ལྔའི་ཕྱེ་མ་རྣམས་རིམ་བཞིན་བཤགས། དེ་དག་བྱུག་པའི་དུར་པིར་ཀྱང་བཀོད། མཐར་སྒོར་མཆོད་དང་། རྒྱན་གོས་བཀྲམ། སྟེང་དུ་གདུགས་དཀར་པོ་དབུབ། སྟེགས་ཆུང་ཁེབས་ལྡན་ཁར་སྦྱང་ཆས་པད་སྦུག་གསུམ་རྒྱན་ལྔ་དགྲམ། ཏིང་ལོ་ཆང་བུ་ཅན་གསུམ་དཀར་ཐིག་རེ། འབྲས་ཆན་ཆང་བུ་གཉིས། ཞོ་ཟན་ཆང་བུ་གཉིས་སོ་སོར་དཀར་རྒྱན་བཞི་སྒྲོམ་ཅན། ཡུངས་དཀར་སྣོད། ཆུ་ཏིང་། མེ། མེ་ལོང་ལ་ཏིལ་ནག་སྡིག་གཟུགས་ཁ་རང་བསྟན་བཅས། བྲིས་དཀྱིལ་གྱི་ཤར་ལྷོར་རས་བྲིས་རི་གླིང་ཅན་དབུས་རྐང་གསུམ་ཁར་ཙ་རུའི་བཟའ་བ་ཤ་ཆང་མིན་པའི་ཟས་སྣ་ཚོགས་དབུས་ཟླུམ་ {{TibChung|[3a]}} བཤོས་དཀར་པོ་རྒྱན་ལྔ་སྒྲོམ་རྩེར་རྡོ་རྗེ་ཉི་ཟླ་མེ་རི་དར་གདུགས་སེར་པོ་ཅན་དང་། རས་བྲིས་ཕྱི་ནས་འབྲུ་སྤུངས་པར་ཙཀླི་འཛུག །ཉེར་སྤྱོད་སྒོར་མཆོད། རྒྱན་གོས་བཅས། ཁྲུས་བུམ་གྱི་ཉེ་ལོིགས་གང་བདེར་སྣོད་གྲོ་སེར་པོས་བཀང་དབུས་གཟུངས་བུམ་དྲིའི་ཆུ་དང་འོ་མས་བཀང་བའི་ཁར་མེ་ལོང་ལ་རྟེན་སྙིང་ཚར་བདུན་བརྐོས་པར་ཙན་དཀར་གུར་གུམ་གི་ཝཾ་རྣམས་འོ་མར་སྦྱར་ཏེ་བྱུག་པས་བཀབ། དེ་མདུན་དྲིའི་དུང་ཞལ་གཟུངས་རྡོར་བཅས་པ་དང་། གནས་བྱའི་རྟེན་ལ་གོས་དམར་སེར་གྱིས་གཡོགས་པ་རྣམས་སོ། །༼ སྦྱོར་བའི་ཆོ་ག་ལ་༽ དུང་ཆོས་ཀཱ་ལི་འགྱེད། བདག་བསྐྱེད་སྐྱབས་འགྲོ་ནས་བཟུང་ཡེ་ཤེས་སྐུ་མཆོག་དོར་བའི་བྱིན་འབེབས་ལ་རྒྱུད་གསུམ་རོལ་མོ། །མཆོད་ཕྲེང་རྒྱས་པ་མི་དགོས། བཟླས་པ་བུམ་སྒྲུབ་སོགས་དཀྱུས་ལྟར། འཐོར་ནས་འགྱེད། དེ་ནས་ཇི་ལྟར་བལྟམས་པ་ནས་ཡོན་འབུལ་ཡན་རྫོགས་པར་བྱེད། དེ་སྐབས་བུམ་ཆུ་འགྱེད། རིགས་ལྔ་འགྱེད་བསྡུ། དུང་ཆོས་བསྡུ། སློབ་མཆོད་འབུལ་བ་སོགས་ཚོགས་མཆོད་ནང་ལྟར་མཛད་རྗེས་ཞོག་ཚོགས་གྲོལ། ༼ཚ་རྟིང་ལ་༽ ལས་རྡོར་གྱིས་ལས་བུམ་འཐོར་གཡབ་ཞུས་ཏེ་གཟུངས་བུམ་ལ་འཐོར། རྟ་སྔགས་དང་། སྭ་བྷཱ་ {{TibChung|[3b]}} ཝས་བསང་སྦྱང་། སྟོང་པའི་ངང་ལས་སོགས། གཟུངས་ཐག་ཕུལ། རྟེན་སྙིང་མང་ཙམ་བཟླ། བསྐུལ་མཚམས་སྐབས་མེ་ལོང་གི་ཡི་གེ་དུང་ཆུས་སྦྱངས་ནས་གཟུངས་བུམ་དུ་བླུགས། དེ་ནས་དུང་ཆོས་སུ་བླུགས་ཏེ་ཁྲུས་བུམ་བརྒྱད་དང་གཙོ་ལས་རྣམས་སུ་བླུགས་ཚར་བསྟུན་བཟླས་པ་བཞག །སྔར་བཞིན་ཁྲུས་བུམ་ལ་འཐོར། བསང་སྦྱང་། སྟོང་པའི་ངང་ལས་སོགས། བཟླས་པ་རེ་རེ་བདུན་ཙམ་རེ་བཟླ་བར་གཟུངས་རྡོར་རིམ་བཞིན་སྤོ། སྤྱི་སྔགས་བརྒྱ་རྩའི་རིང་ཤར་བུམ་སྟེང་། སྤྱན་སྔགས་ཉེར་གཅིག །ཡིག་བརྒྱ་ཉེར་གཅིག །རྟེན་སྙིང་ཉེར་གཅིག །གཟུངས་རྡོར་བཞག །རྟེན་དགབ་དབྱེ། རྟ་སྔགས་ཉེར་གཅིག །ཧཱུཾ་བཞི་པའི་སྐབས་ལས་རྡོར་ཞྭ་ཕྲག་གིས་གུལ་ཐུན་ལ་སྔགས་བསྐོར། རོལ་ཆེན་འདོན། སྦྱང་ཆས་གྲལ་གཤམ་དུ་བསྒྲིག་ནས་ཐམས་ཅད་ཀྱིས་ཞྭ་བཞེས། ལས་རྡོར་གྱིས་ཕྱག་གསུམ་སྔོན་འགྲོས་ཞྭ་ལག་ཐོགས་ཀྱིས་གསོལ་ཞུའི་མཐར་ཞྭ་གྱོན། པད་སྦུག་གཡས་བསྐོར་གསུམ། སྔགས་ལ་པད་སྐོར་མཛོད་རྒྱ་སེ་གོལ་བཅས། ཡང་ཞྭ་ལག་ཐོགས་ཀྱིས་གསོལ་ཞུ་ནས་གྱོན། ཏིང་ལོ་གཡོན་བསྐོར་གསུམ། སྔགས་ལ་རྡོ་རྗེ་ལན་གསུམ་གསོར་ཞིང་དྲིལ་བུ་གསིལ། ཞྭ་ལག་ཐོགས་ཀྱིས་གསོལ་ {{TibChung|[4a]}} ཞུ། སྤོས་འགྱེད། སྤྱན་འདྲེན་ཡོ་ག་སྤྱི་གདངས། རོལ་རྐང་། སྤོས་བསྡུ། མཆོད་སྔགས་རོལ། བསྟོད་པ། བདེན་སྟོབས་བརྗོད་པ་སྔོན་མ་གཉིས་ལ་གཏོར་མ་རིམ་བཞིན་སྤགས། རོལ་ཆེན་གྱིས་ཀིང་རོལ་ཐུང་ཙམ་རེ་མཛད་སྐབས། རྐང་། མང་གིས་རྡོ་རྗེ་གསོར་བ་སོགས་བྱ། རྗེས་མར་གཏོར་མ་ཕྱི་རོལ་དུ་དོར། སྦྱིན་བདག་སྤོས། རྒྱ་གླིང་། ལས་རྡོར་གུལ་ཐུན་ཞྭ་གཟན་ཟླུམ་བཅས། སློབ་དཔོན་བགེགས་སྐྲོད་ལ་ཕེབས། ཀིང་རོལ་རིང་ཙམ་ལ་འབེབས་རྐང་གླིང་དང་། སུམ་བརྡུང་གཉིས་དང་དགུ་བརྡུང་རེ་སྤེལ་བ་ཚུར་མ་འཁོར་བར་བྱས་ནས་ཟིལ་འབེབས་དུས་རྐང་གླིང་། སྣམ་སྦྱར་སྟེགས་ཁེབས་ལེན་འགྲེ། ཡང་ཕྱག་གསུམ་བཅས་གསོལ་ཞུ། ལག་གཉིས་འབྲས་དང་། ཞོའི་ཆང་བུ་རིམ་བཞིན་གཡས་དང་གཡོན་དུ་བསྐོར། རྟ་སྔགས་གཉིས། ཡུངས་ཆུ་སྦྱར་བ་གཡས་བསྐོར་གྱིས། ཧཱུཾ་རིང་གསུམ། ཨོཾ་སརྦ་པ་པཾ་སོགས། གཡོན་བསྐོར་གྱིས། ཨོཾ་རིང་གསུམ། སརྦ་སོགས་གཉིས་ཀ་མེ་ཆུར་བླུགས། མེ་ཆུ་གཉིས་ཀྱང་བཟེད་ཞལ་དུ་བླུགས་ཏེ་ཕྱིར་དོར། གནས་བྱའི་སོགས་རོལ་མོ། ཕྱག་གསུམ་བཅས་ཞྭ་ལག་ཐོགས་གསོལ་ཞུ། བདག་དང་ {{TibChung|[4b]}} སོགས་སརྦ་པ་པཾ་ལན་གསུམ་ལ་རིམ་པར་གཡས་གཡོན་དང་གཉིས་ཁར་བསྐོར་ཏེ་མེ་ཆུར་བླུགས་ནས་ཆུ་ཕྱིར་དོར། བདག་དང་སོགས། རོལ་མོ། །ཞ་ཕུད། ཇ༽ སྣམ་སྟེགས་འགྱེད། ཐམས་ཅད་བཞེངས་ནས་ཞྭ་དང་སྣམ་སྦྱར་བཞེས། གཟན་ཁྱེར་སྟེང་སྟེགས་ཁེབས་འགོད། གང་འདིར་སོགས། ཁྲུས་ཀྱི་ཁང་པར་ཚིག་དྲིལ་མེད། འདུར་གདངས་སྒང་རོལ། འདི་ནས་རོལ་མོ་འཛིན་བཞིན་སྔགས་ཐམས་ཅད་དལ་འདུར་གྱིས། རྟ་སྔགས་དང་སརྦ་ཏ་ཐཱ་སོགས་ཁྲུས་ཆལ་མེ་ལོང་ལ་བྱུག ཨོཾ་ཧཱུཾ་སོགས་འབྲུ་མར་བྱུག །སརྦ་ཏ་ཐཱ་སོགས་སྲན་ཕྱེ་སོགས་བྱུག འདི་ནི་ཁྲུས་མཆོག་སོགས་ཁྱོགས་འབེབས་ཀྱི་དྲིལ་འདེགས་ལས་དྲིལ་གསིལ་མེད། གརྦྷེ་སོགས་རོལ་ཕྱེད་དྲིལ་གསོལ། དེ་དག་སྐུ་སོགས་ས་བོན་བཀོད་དེ་ཕྱི་ཚུལ་བྱེད། འདི་ཡན་ཤར་བུམ་གྱིས་སོ། །དེ་ནས་རིམ་བཞིན་ཤར་ལྷོ་ནས་གཡས་བསྐོར་གྱིས་བུམ་པ་ལེན་ཅིང་རྟ་སྔགས་ཀྱིས་མདུན་བསྡུས་པའི་བུམ་པ་དང་པོ་ཇི་ལྟ་བ་བཞིན་བྱེད། བཟོད་པའི་རྟ་སྔགས་ལ་བསྐུལ་མཚམས། ཆུ་བོ་དྲུག་ནས་གདངས་ཁྱོགས་འབེབས་ལ་དྲིལ་གསིལ་མཛད། འདི་ནས་ཤར་བུམ་ཡིན། སྔགས་ཕྱེད་རོལ། དེ་དག་སྐུ་ལ་སྔགས་དྲིལ་གསིལ། སྐུ་མཆོག་རྣམས་སོགས་ {{TibChung|[5a]}} བཞི་དྲིལ། སྔགས་ཕྱེད་རོལ། རོལ་མོ་བཞག །ཁྲུས་བུམ་མེ་ལོང་བཞག །རས་ཐོགས། བདེ་གཤེགས་སྐུ་སོགས་བཞི་དྲིལ། རས་མཆོག་འདི་བཞེས་པར་ཕྱི་ཚུལ། སྔགས་དྲིལ། དུང་ཞལ་བླངས། སྟོང་གསུམ་སོགས་དུང་ཞལ་ནས་འཐོར། སྔགས་དྲིལ་གསིལ། རྡོར་དྲིལ་བཞག །གོས་ཟུང་བཟུང་བཞིན་རྩ་གདངས་ཀྱིས། དེ་ནས་དེ་ལ་སོགས། སྣ་ཚོགས་དབང་པོའི། རྒྱལ་བ་མཚན་དཔེའི་སོགས། བཛྲ་ཝ་པ་སོགས་ནས་བཞུགས། རོལ་མེད། གོས་ཟུང་མེད་ན་མཆོད་སིལ་རྒྱག ཐ༽ །གནས་བརྟན་ཕྱག་མཆོད་སོགས་གང་རིགས་སྐབས་རོལ་ཆེན་མཇུག་ཚོགས་གྲོལ། ༼གུང་ཚིག་ལ་༽ སློབ་དཔོན་ནས་ལས་བུམ་ཆུ་འཐོར་བ་འདི་མན་བསང་སྦྱང་ཐམས་ཅད་འདྲ། རྟ་སྭས་བསང་སྦྱང་། སྟོང་པའི་ངང་ལས་སོགས། བཛྲ་སྭ་མཱ་ཛཿར་བསྡུ་བྱ། སྤོས་འགྱེད། མ་ལུས་སེམས་ཅན་ཡོ་ག་བཞི་དྲིལ། བསྐུལ་མཚམས་ཀྱིས། ཆོས་རྣམས་ཀུན་ནས་ཐུགས་ཐིག་རྟ། བཞི་དྲིལ་མཐར་རོལ། སྤོས་བསྡུ། ཧཱུཾ་བཞིའི་སྔགས་ལ་རོལ་མོ། །རྡོར་གསོར། ཐུན་བྲབ། དྲིལ་ཁང་གིས་འདི་ནས་ཤློ་ཀ་གསུམ་ཁྲུས་གདངས། བཅོམ་ལྡན་འདིས་གོས། སློབ་དཔོན་ {{TibChung|[5b]}} གྱིས་དུང་ཆོས་འདེགས། སྔགས་ལ་མཆོད་ཡོན་རྒྱ། ཇི་ལྟར་སོགས་ལས་ཆུ་འཐོར། སྔགས་དྲིལ་གསིལ་རྒྱ་བཅས། བདག་དང་སོགས་ལ་དྲིལ་མེད་ཀྱིས་གདན་འབུལ་བའི་རྒྱ་དང་། རྡོ་དྲིལ་ལྡན་པས་བཛྲ་པུཥྤེ་སོགས་རང་རྒྱལ་རོལ་མོ་བཛྲ་ཨཾ་ཀུ་སོགས་སྔགས་མཚན་བཞི་སོ་སོའི་རྒྱ་རྡོ་དྲིལ་ལྡན་པས་གནང་ནས་རྡོ་དྲིལ་བཞག །གནས་བྱའི་ལྷ་སོགས། དཔལ་ལྡན་སངས་རྒྱས་སོགས་ལ་ལྷ་དབང་རྟ། རྡོ་རྗེ་རྩེ་ལྔའི་རྒྱ་རྟེན་ལ་བསྐུར། རང་གི་སྙིང་གའི་སོགས། ས་མཱ་ཛཿར་རང་རྒྱ། རྡོ་དྲིལ་བཅས་ཨརྒྷཾ་སོགས་རང་རྒྱ་དང་རོལ་མོ། ཆོས་སྐུ་ནམ་མཁར་འགྲོ་བ་རྒྱུད་ལྔའི་གདངས་དང་རིགས་ལྔའི་སྤྱི་ཕྱག་བཅས། རྡོ་རྗེ་ཅན་གྱི་སོགས་ཐལ་སྦྱར་ཁྲུས་གདངས། ནམ་མཁའ་གང་བའི་སོགས། བཀྲ་ཤིས་གང་ཞིག་ལ་སློབ་དཔོན་གྱིས་བུམ་པ་མཆུ་ཕྱིར་བསྟན་ཞབས་ནས་འདེགས། བྱིངས་ཀྱིས་རྡོ་རྗེ་གསོར་ཞིང་དྲིལ་བུ་འདེགས་བཞིན་འགྲོ་བ་རྒྱུད་ལྔའི་རྟ། དྲིལ་གསིལ་མེད། ཇི་ལྟར་བལྟམས་པར་ལྷ་དབང་རྟ་ལ་བུམ་པ་གོང་ནས་འཛིན་པ་དེ་བཞིན་ལས་འཐོར་བ་མི་གནང་། སྔགས་དྲིལ། ཨོཾ་ཧཱུཾ་སོགས་རྡོ་རྗེ་རྩེ་གཅིག་རྒྱ་རྟེན་ལ་བསྐུར། ཨོཾ་བཛྲ་ཏུ་ཥྱ་སོགས་ཐལ་མོ་བརྡབ། ཇ༽ རྟ་སྔགས། རཾ་ཡཾ་སོགས། {{TibChung|[6a]}} ཐམས་ཅད་སྟོང་ཉིད་སོགས་རོལ་ཌཱ། ལག་གཉིས་ཕྱག་རྒྱ་འབྱུང་བའི་རྒྱ་བཅས། ཕྱོགས་བཅུ་རབ་འབྱམས་སོགས་རབ་འབྱམས་རྒྱ་མཚོའི་རྟ་སོ་སོའི་ཕྱག་རྒྱའི་མཇུག་སེ་གོལ་བསྣོལ་མ་མཐར་རོལ་མོ། དྲིལ་སྟབས་སྔོན་འགྲོས། མི་རྟོག་རྡོ་རྗེ་རྩ་གདངས། ཆོས་སྐུ་ནམ་མཁའ་ནས་ཤློ་ཀ་དྲུག་རྩ་གདངས་སྤྱི་ཕྱག །གནས་བྱའི་ཐུགས་ཀར་སོགས། མེ་ཏོག་འཐོར་ནས་གཟུངས་ཐག་འབུལ་ཞིང་གཟུངས་རྡོར་མེ་ལོང་བཅས་ལས་རྡོར་གྱིས་འཛིན། སུ་པྲ་སོགས་སྔགས་ཚན་གཉིས་དང་ཡིག་བརྒྱ་རྣམས་བསྐུལ་མཚམས་བཅས་ཅི་རིགས་བཟླས་ལ་གཟུངས་ཐག་བསྡུ། གུང་ཐུན་བཅས་གྲོལ། ༼བར་ཆར་༽ ལྷ་ཆེན་གྱི་མཆོད་རློབ་ནས། གཏོར་བསྔོ་ལྷ་ཆེན་ལྷ་མོ་སྔགས་འབུལ་བཅས། བསྟོད་མཇུག་བསྐང་བ་སྦྲེལ། སྨན་རྡོར་གཏེར་གཞི་བཤགས་ཕྲིན་མཇུག་ཐམས་ཅད་གཟན་ཟླུམ་ཞྭ་ཕྲག་ཁྱེར་གདིང་བ་སོགས་བསྣམས་ཏེ་གྲལ་རིམ་གྱིས་ཕེབས། ༼ཆབ་བཏང་༽ སྟེགས་ཁེབས་ལྡན་ཁར་ཉེར་སྤྱོད་འགོ་གཡས། ཆ་གསུམ་འགོ་གཡོན་དུ་བསྒྲིག དབུ་ཞྭ་མཆོད། ཆ་གསུམ་དཀྱུས་ལྟར་ལ་དབང་པོ་རྡོ་རྗེར་གདངས་དྲིལ་སྟབས་ཅན། འབྱུང་པོ་གང་དག་མཇུག་གཟན་ཁྱེར་མཛད་དེ་ཡིག་བརྒྱ་བསྐུལ་ {{TibChung|[6b]}} བཞིན་རོལ་མོ་ནས་སྒོར། ཐུན་བརྡེག །ལས་ཆུ་འཐོར། གྲལ་ལ་ཕེབས་བསྟུན་རོལ་བཞག །སྣམ་སྦྱར་འགྱེད། སྤོས་འགྱེད། བཞེངས་ནས་པུས་མོ་གཡས་བཙུག །རྡོ་དྲིལ་བཅས། ཨོཾ་བཛྲ་ཛི་ཧཱ་སོགས་སྙན་གསན་ལན་གསུམ་ཡོ་ག་སྤྱི་གདངས་བཞི་དྲིལ་མཐར་རོལ། དྲིལ་བཞག་ནས། ཕྱོགས་བཅུ་རབ་འབྱམས་གོང་འདྲ་མཐར། དྲིལ་སྟབས་སྔོན་འགྲོས། མི་རྟོག་རྡོ་རྗེ་སོགས་བསྟོད་པ་ཤློ་ཀ་བདུན་སྤྱི་གདངས་སྤྱི་ཕྱག་ཅན། དེ་ནས་སྣམ་སྦྱར་འབུལ། མར་བཞུགས་ཏེ་དྲིལ་གསིལ་མེད་པའི་ཡིག་བརྒྱ་ལན་གསུམ། ཨོཾ་ཨཱཿསོགས་གཤེགས། སརྦ་ཏ་ཐཱ་སོགས་གདངས་ལ། པུཥྤེ་ནས་ཤཔྡའི་བར་རང་རྒྱ་དང་རོལ་མོ། དྲིལ་སྟབས་བཅས། བསྟོད་པར་འོས་པ་འགྲོ་བ་བརྒྱུད་ལྔའི་གདངས་སྤྱི་ཕྱག་ཅན་མཐར། རྟེན་གྱི་དཔྲལ་མགྲིན་ཐུགས་ཀ་གཙུག་ཏོར་ཕྱག་རྣམས་རེག་པར་དུང་ཆོས་ཆུས་མེ་ལོང་ལ་ཐིག་ལེ་བྱ། རྟ་སྔགས་ཚར་ལྔ་བཟླ། རྡོ་རྗེས་དེ་ཉིད་ལ་རེག་ཅིང་། བཛྲ་རཀྵ་ཧཾ། བཛྲ་ཝསྟྲ་ཞེས་རོལ་མོ་བཅས་རྟེན་བཀབ་ཕུལ་ལ་ཚོགས་གྲོལ། ༼དགུང་ཚོགས་ལ་༽ ཚོགས་བྱིན་རློབ་ནས་ཞལ་སྟོབ་བར་དང་། དགུང་ཐུན་ལྷག་གཏོར། ཆོས་སྐྱོང་གཏོར་འབུལ་གནང་མི་དགོས་པས་བསྐུལ་ཆད་ཐོ་དང་ {{TibChung|[7a]}} མཉམ་དུ་དམ་ཅན་གཏོར་སྤུངས་འབུལ་བ་ལས་གཞན་རྣམས་སྒྲུབ་མཆོད་དཀྱུས་ལྟར་གནང་། ༈ གཉིས་པ་དངོས་གཞིའི་ཆོ་ག་ནི། བདག་བསྐྱེད་སྔ་ཉིན་དང་འདྲ་ཞིང་། དེ་ལ་རྟག་ཏུ་མཐར། རིག་པའི་མེ་ཏོག་དོར་བ་ལ། སྔགས་ཚན་ལྔ་མཐར་ཚིག་རིང་མེད་པས། ཡེ་ཤེས་རྒྱལ་པོའི་སོགས་དང་། སྔགས་ཚན་གསུམ་ལ། དྲིལ་གསིལ་མཐར་བཞག །ཁྲོ་ལ་ཁྲོས་པ་མི་མཛད། གཟུངས་བུམ་སྒྲུབ་པ་ནས་གོས་ཟུང་བར་སྔ་ཉིན་ལྟར་ལ། མཆོད་སིལ་ཤ་སྟག་དང་། ཁྲུས་ཉི་ཤར་ལ་འགྲིགས་བར་གནང་ནས་ཞོག་ཚོགས་གྲོལ། ༼ ཚ་རྟིང་མར་༽ སྣམ་སྦྱར་བཞེས་ཏེ་བཞེངས། རྡོ་དྲིལ་མེ་ཏོག་བཅས་ཐལ་སྦྱར་གྱིས། གང་འདིར་སོགས་མཛད་དུ་གསོལ། ཡིག་དྲུག་སཏྭ་དང་། རོལ་འོག་ཡིག་བརྒྱ་དང་། ན་མོ་བྷ་ག་སོགས་མེ་ཏོག་འཐོར་བ་བཅས་ལན་གསུམ་རྗེས་པུས་བཙུག་གིས་བཞུགས་ནས་སྙིམ་པ་ཁ་སྦྱོར་མེ་ཏོག་བཅས་རྟེན་ལ་ཕྱོགས་ཏེ། ངོ་མཚར་ཆེན་པོ་སོགས་མེ་ཏོག་འཐོར་བ་བཅས་ལན་གསུམ་ལ་རོལ་མེད། དེ་ནས་སྣམ་སྦྱར་འབུལ་ཏེ་བདེ་བར་བཞུགས། རྟེན་བསྐྱེད་ནས་ཙིཏྟ་བཛྲ་བར་སྔ་ཉིན་ལྟར་དང་། དབང་ཐུགས་རྗེ་ཆེན་པོའི་ནང་གི་རང་གི་སྙིང་གའི་སོགས་ནས་ཚིག་ {{TibChung|[7b]}} ཕྲད་རྣམས་བསྒྱུར་བས་འབྲས་བུ་ངོ་བོ་ཉིད་སྐུའི་བར་ཕྱག་ལེན་རྣམས་སྒྲུབ་མཆོད་དཀྱུས་མ་ལྟར་ཡིན། དབང་གི་སྔོན་འགྲོ་དང་རྗེས་རྣམས་དོར། རྟ་སྔགས། རཾ་ཡཾ་སོགས། ཐམས་ཅད་སོགས། རོལ་ཌཱ། ཕྱོགས་བཅུ་རབ་འབྱམས་སོགས་དང་། བསྟོད་པ་རྣམས་སྔ་ཉིན་ལྟར། དྲིལ་པང་གིས། ཇི་ལྟར་མིག་མཁན་རྩ་གདངས། མིག་སྔགས་ལ་དྲིལ་གསིལ། སྨོན་ལམ་ལ་རོལ་མོ། སྙན་ཤངས་ཞལ་ཚེམས་བཞིར་གདངས་གོང་བཞིན་ལ་སྔགས་ལ་རོལ་མོ། སོ་སོའི་ཙཀླི་རིམ་པར་ཞྭ་བཅས་སློབ་དཔོན་ལ་ཕུལ་ཏེ། སླར་རི་གླིང་མཐར་ཞལ་ཕྱིར་བསྟན་གྱིས་འགོད། སློབ་དཔོན་གྱི་ཕྱག་གཡོན་དྲིལ་བུ་བཅས་མེ་ལོང་འཛིན། ཕྱག་གཡས་རྡོ་རྗེ་དང་བཅས་ཐལ་མོ་བརྐྱང་། གཡོན་དྲིལ་བུ་བཅས་སེ་གོལ་རེ་རྡེབ་པར་ཡིག་བརྒྱ་ལ་ཧཱུཾ་ཕཊ་བཏགས་པ་ལན་གསུམ་མཐར་དྲིལ་བུ་སོགས་བཞག །འདི་ལྟར་དཔལ་རྡོ་རྗེ་སོགས་མཐར་ཚོགས་གྲོལ། ༼གུང་ཚིག་ལ་༽ མཆོད་པ་བསང་སྦྱང་བྱིན་རླབས་རོལ་ཌཱ། རབ་འབྱམས་རྒྱ་མཚོ་རང་རྟ་སེ་གོལ་རེ་རོལ་མོ། ཞིང་འདི་འཁོར་ལོ། ཁ་དོག་དབྱིབས་ལེགས་རྩ་གདངས། ཤཔྡར་བཞི་རྡེག །རྡོ་རྗེའི་ལྷ་མོ་བཅུ་དྲུག་རང་རྟ་དང་རང་རྒྱ། ལས་བྱང་ {{TibChung|[8a]}} སྨན་མཅཆོད་རྒྱས་པ། གཏོར་མ། རཀྟ། གསང་མཆོད། བསྒྲལ་མཆོད། དེ་ཁོ་ན་ཉིད་བཅས་སོང་རྗེས། དྲིལ་སྟབས་སྔོན་འགྲོས། གང་གི་དྲིན་གྱིས་སོགས་བསྟོད་པ་ཤློ་ཀ་བདུན་སྤྱི་ཕྱག་ཡོ་ག་སྤྱི་གདངས། དེ་ནས་མཆོད་གཡོག་གཉིས་ཞྭ་བཅས་མངའ་དབུལ་ཙཀླི་རྣམས་རིམ་བཞིན་འབུལ་ཏེ་སྔར་བཞིན་བཙུག །དྲིལ་པང་གིས། ས་གཞི་སྤོས་སོགས་རྩ་གདངས། བཛྲ་རེ་ཁེར་མེ་ཏོག་འཐོར། དེ་དག་གི་ཚིག་སྡོམ་ནི། མི་དབང་ཐེག་མཆོག་ལྷ་ཡི་དབང་། །འཇིག་རྟེན་ཕྱོགས་དུས་རྒྱལ་བའི་དབུ། །དྲི་མེད་འགྲོ་བ་དབུ་སྐྲ་ལྕང་། །སྣ་ཚོགས་བདེགཤེགས་འགྲོ་བ་སེམས། །ཧཱུཾ་བདུད་དཔུང་སོགས་དྲིལ་འདེགས་ལྷ་དབང་རྟ་ཚིག་བསྒྱུར་བཅས་ལྷུ་བཞིར་ཕྱེད་རོལ། ཧཱུཾ་པད་ཉི་སོགས། ཁྲོ་རྒྱལ་འཁོར་དང་འཆོལ་རྒྱག་གིས་རོལ་གང་། རིན་ཆེན་སྣ་ཚོགས་ཟུང་འཇུག་དམ། །སྤྲོས་པ་དུ་མ་སོགས་ཀྱི་མཐའ། །ཐམས་ཅད་གུན་ལ་རོལ་མོ་རེའོ། །དེ་ནས་སྲོག་ཤིང་ནས་གདན་གྱི་བར་སོ་སོའི་སྨོན་ལམ་རྫོགས་མཚམས་རོལ་མོ་རེ། མཐར་གུང་ཐུན་གྱིས་གྲོལ་ལོ། ། ༈ དེའི་བར་ལ་རྒྱས་པའི་སྦྱིན་སྲེག་ནི། སློབ་དཔོན་ཞལ་བྱང་དུ་ཕྱོགས་པའི་གཡོན་དུ་མཆོད་སྟེགས་ཁེབས་ {{TibChung|[8b]}} སེར་སྟེང་རྒྱས་པའི་མེ་གཏོར་གཉིས། ཉེར་སྤྱོད་སེར་པོ། སྨན་རཀ །གཡས་སུ་རྫས་སྟེགས་ཁེབས་ལྡན་ཁར། འབྲས་བུ་ཅན་གྱི་ཡམ་ཤིང་གྲུ་གང་པ་གྲངས་དྲུག་ཅུ་རེ་དྲུག་རྩ་རྩེར་མངར་གསུམ་དང་མར་ཁུས་ཉུགས་པ། རིན་པོ་ཆེའི་སྣོད་དུ། དཀར་གསུམ། མངར་གསུམ། དཱུརྦ། ཞོ་ཟན། དུག་རིགས་མེད་པའི་མེ་ཏོག་སེར་པོའི་རིགས། དར་སྣ། གོས་སྣ། སྨན་སྣ། ཤིང་ཏོག་སྣེ་འཛོམ། ཟས་སྣ། རིན་ཆེན་སྣ་ལྔ། འབྲུ་སྣ་བཅས་སེར་པོར་བཅོས་པའི་རྫས་སྤུངས། མར་ཁུ་སོགས་རྫས་དང་ཡོ་བྱད་ཚང་བར་འདུ་བྱ། ཆས་གོས་སོགས་སྤྱན་རྒྱུན་གྱིས་ཕེབས་ཏེ། ལས་ཆུ་དང་རྟ་སྔགས་ཀྱིས་བསང་། མཆོད་རློབ་རོལ་ཌཱ། སྨན་རཀ་གཏོར་མའི་སྔགས་གསུམ་རེ། ཨོཾ་ཨཱཿཧཱུཾ་ནང་མཆོད་རྫས་ལ་འཐོར། ལས་ཆུ་སྔགས་ཀྱིས་ཐབ་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་སོགས། ཛྭ་ལ་རཾ་ཞེས་རོལ་མོར་བཅས་མེ་སྦར། ཐབ་ཀྱི་སོགས། ཚུར་གཤེགས་ཡོ་ག བཞུགས་སུ་གསོལ་རོལ་མོ་མཐེ་བོང་གཡབ། ཛཿཧཱུཾ་སོགས་རང་རྒྱ། ཧཱུཾ། ཚངས་པ་སོགས་ཕྱེད་ཕྱག་མཐར་མཆོད་སྔགས་རང་རྒྱ་རོལ་མོ་བཅས། མེ་ལྷའི་སོགས་བྱོན་སྐྱེམས་བདུན་ཚན་གསུམ་ {{TibChung|[9a]}} ཕུལ། རེ་རེ་བཞིན་རོལ་མོ། །སྔགས་དེ་རྫས་གཞན་གསུམ་པོ་བདུན་རེ་ཕུལ་ནས། ཨོཾ་ཨགྣ་ཡེ་སོགས་བླུགས་གཟར་གྱིས་མར་ཁུ་ཕུལ། མེ་ལྷ་སོགས། སླར་ཡང་མེའི་སོགས། ལས་བྱང་གི་སྤྱན་འདྲེན་ཚིག་མཇུག་རོལ་མོའི་རིང་བར་ཚོམ་བུ་སྤྱན་དྲངས། མཆོད་གར་ཕེབས། ཡིག་བཅུ་གཅིག །རྟ་སྔགས་གཅིག །ཡུམ་སྔགས་གཅིག །བཛྲ་དྷ་ཀ་སོགས་འཁོར་བཞི། བཛྲ་ཨངྐུ་སོགས་སྒོམ་བཞིའི་སྔགས་རྣམས་ཀྱིས་ཕུལ། བརྒྱ་བཞིས་བསྟིམ། ཀུན་བཟང་རྣམ་རོལ་སོགས་ནས་དེ་ཁོ་ནའི་བར་གྱིས་མཆོད། བསྟོད་པ་རྒྱས་པས་བསྟོད། དཀྱིལ་འཁོར་གྱི་སོགས། ཨགྣེ་བདུན་གྱིས་མར་ཁུས་དགང་། རྩ་སྔགས་ལ་རཏྣ་དྷཱ་ཀའི་སྤེལ་ཚིག་བཏགས་པས་ཕུལ་བ་ལན་གསུམ་རྗེས། ཡེ་ཤེས་ཀྱི་བདུད་རྩི་སོགས། ཡིག་བཅུའི་མཐར་རཏྣ་གདྷ་ཀ་སོགས་སྦྲེལ་བས་ཡམ་ཤིང་། མར་ཁུ། སྲེག་རྫས་སོགས་བཅུ་ཚན་གསུམ་རེ་རོལ་མོ་བཅས་འབུལ། དེ་བཞིན་རྟ་སྔགས་ལ་སྦྲེལ་བ་བདུན་ཚན་རེ་དང་། ཡུམ་སྔགས་ལ་སྦྲེལ་བ་བདུན་ཚན་རེས་ཕུལ། འཕྲོས་དེ་འཁོར་སྔགས་ལ་སྦྲེལ་བས་ཕུལ་ཏེ་རྫས་རྫོགས་ནས། ཆོས་དབྱིངས་རྣམ་དག་སོགས་མེ་གཏོར་ཕུལ། རང་བྱུང་གདོད་ནས་སོགས་ {{TibChung|[9b]}} བདུད་རྩི། རཏྣ་དྷཱ་ཀ་སོགས་ཉེར་སྤྱོད་ལྔའི་སྔགས་དང་རོལ་ཌཱ། ཆོས་སྐུ་སྐྱེ་བ་སོགས་ཚིག་བཅད་གཅིག་ལ་སྤྱི་ཕྱག་དང་། འཕྲོས་དེ་ཐལ་སྦྱར་བཅས་ཡོ་ག །ལྷ་ཚོགས་རྣམས་ཀྱི་སྐུ་ལས། ཡིག་བརྒྱ་གསུམ། བདེ་གཤེགས་ཀུན་འདུས་སོགས་བཤགས། ཐབ་ཀྱི་ཡེ་ཤེས་པ་གནས་བྱའི་ཐུགས་ཀར་གཤེགས་པར་གྱུར། ཅེས་ཚོམ་བུ་དང་མཆོད་གར་ཕེབས། དམ་ཚིག་པ་འབར་བའི་རྣམ་པར་གྱུར་སོགས། ཨོཾ་ཨགྣེ་སོགས་མར་ཁུ་ཕུལ། འཇིག་རྟེན་སོགས། མཆོད་སྔགས་བཛྲ་ཨརྒྷཾ་སོགས་རོལ་མོ། །སྲེག་རྫས་གསུམ་ལན་རེ་རོལ་མོ་བཅས་སྔར་ལྟར་ཕུལ། མེ་སྟེ་སོགས་ཕྱེད་ཕྱག །ཨ་ཀཱ་རོས་མེ་གཏོར་ཕུལ། མཆོད་སྦྱིན་གཏོར་མ་སོགས་རོལ་མོ། ཨོཾ་ཨཱཿསོགས་སེ་གོལ། དམ་ཚིགས་སོགས། ཐབ་ཏུ་འོ་ཐུག་སྣོད་ཁ་མེ་ཏོག་གིས་བརྒྱན་པ་བཙུག །སློབ་དཔོན་གྱིས་བླུགས་གཟར་དུ་ཆུ། འོ་མ། འབྲས། མར། ཀ་ར་ལྔ་ལ་རྩ་སྔགས་དང་། ཨོཾ་དཱི་བྱ་ཨ་ནཾ་ས་མ་ངྷི་ངྔྷྱཱ་ཤྲི་ཎ་ཡེ་སྭཱ་ཧཱ། ཞེས་བཏགས་པ་རྫས་རེ་སྔགས་རེ་རོལ་མོ་རེ་སྦྲགས་ཏེ་ཕུལ་ནས། ཡང་སྔགས་དེ་ཁ་ཤས་བཟླ་ཞིང་སློབ་དཔོན་ནས་བླུགས་གཟར་གྱིས་དཀྲུག་ཚུལ་གནང་། དེ་ནས་ཧེ་རུ་ཀ་དཔལ་སོགས་བསྔོ་སྨོན། ཞྭ་ {{TibChung|[10a]}} བཅས་བྱིན་རླབས་མཆོག་སོགས་ཤིས་བརྗོད་ཀྱིས་ཚོགས་གྲོལ། ༼བར་ཆར་༽ ལས་རྡོར་གཉིས་ཞྭ་སྣམ་སྦྱར་བཅས་ལས་ཆུ་འཐོར་ཞིང་། ནམ་མཛོད་སྔགས་རྒྱ་ལན་གསུམ་སྐབས་གཞུང་གྲལ་གཤམ་དུ་ཞལ་ཟས་བཏེགས། རོག་གཉིས་ཞྭ་བཅས་འོ་ཐུག་བཏེགས། ཞལ་ཟས་རོ་བརྒྱ་སོགས་མངའ་དབུལ་རྟ་རོལ་མོ། ཞལ་ཟས་རང་གནས་བཞག་སྟེ་སྣམ་སྦྱར་བསིལ་ལ་གསོལ་གདབ་ཞུ། ཚོགས་བྱིན་རློབ་ནས་ཞལ་སྟོབ་བར། ཇ༽ དེ་རྙེས་གནས་བྱའི་སོགས་ལས་སློབ་གཉིས་ཀྱིས་གཟུངས་ཐག་འཛིན། སྔགས་ཚན་གཉིས་བརྒྱ་རྩ་རེ་དང་། ཡེ་དྷརྨ་ཅི་མང་བཟླ། བསྐུལ་མཚམས་སྐབས་གཟུངས་བུམ་ཆུ་དང་། ཁྲུས་བུམ་བརྒྱད་པོའི་ཆུས་གྲོ་སྦོལ་ཏེ་གཉིས་ཀས་ཞྭ་ཕྲག་བཅས་སློབ་དཔོན་ནས་རིམ་བཞིན་འགྱེད་ཚར་བསྟུན། ཡེ་དྷརྨ་སོགས། ཞྭ་བཞེས། བཀྲ་ཤིས་གང་ཞིག་གིས་ཐོག་དྲངས་ཏེ་སྦྲེལ་ནས། ཕུན་སུམ་ཚོགས་པ་སོགས་བཀྲ་ཤིས་རྒྱས་པའི་འཁྲིལ་བའི་རོལ་མོ་བཅས་མཛད། ཞྭ་བསིལ་ནས། བཛྲ་པུཥྤེ་གདངས་མེད་རྒྱ་དྲིལ་གྱིས་རོལ་མོ་བཅས། སུ་པྲ་ཏིཥྛ་ལན་གསུམ་ཙམ་དང་། ཇི་སྲིད་ས་ཆུ་སོགས་འཁྱོག་འབེབས་ལན་གསུམ། མེ་ཏོག་འཐོར། འཁྱོགས་འབེབས་སྦྲེལ་ཏེ། {{TibChung|[10b]}} འདིར་ནི་གཟུགས་དང་སོགས་ལན་གསུམ་འཐོར། ཕྱོགས་བཅུ་ན་སོགས་ལན་གསུམ་འཐོར། འདི་སྐབས་ལས་རྡོར་དང་སློབ་དཔོན་གཉིས་ཀས་གཟུངས་ཐག་འཛིན། དེ་ནས་མེ་ལོང་སློབ་དཔོན་གྱི་ཕྱག་ཏུ་ཕུལ་བ་དེས་ཀྱང་རྡོ་རྗེ་དང་བཅས་པའི་ཐལ་མོས་སྐུའི་སྟོད་སྨད་བར་གསུམ་བསྐོར་བ་དང་སྦྲགས་ལས་སྔགས་ཚར་གསུམ་བཟླ། བཛྲ་པུཥྤེ་དྲིལ་མེད་གདངས་མེད་མཆོད་སིལ། བསྟོད་པར་འོས་པ་སྤྱི་ཕྱག་འགྲོ་རྒྱུད་གདངས། ཇ༽ དེ་རྗེས་ལྷ་ཆེན་མཆོད་རློབས་ནས་ཕྲིན་བཅོལ་མཇུག་བར་སྔ་ཉིན་ལྟར་ལ། ཆ་གསུམ་རྒྱུན་བསྟར་མཛད་རྗེས་གྲོལ། ༈ དེ་ནས་དགུང་ཚོགས་རྒྱུན་གྱི་སྒྲུབ་མཆོད་ནང་ལྟར་གནང་བས་འཐུས། གསུམ་པ་རྗེས་ཀྱི་ཆོ་ག་ནི། སྐྱབས་ཡུལ་གསལ་འདེབས་ནས་བཟླས་པ་ཡན་སྔར་བཞིན་ལ། བུམ་སྒྲུབ་མི་དགོས། དེ་ལ་རྟག་ཏུ་སོགས་དང་ཞོག་ཚོགས་གྲོལ། ༼ ཚ་རྟིང་མར་༽ ལེའུ་བདུན་མ་བསྟན་པ་རྨད་བྱུང་མཇུག ཇ༽ ཉི་མ་ལྷོ་ནུབ་{{TibChung|དཀར་}}ལྷོ་ནུབ་རྔ་ཡབ་ ཇ༽ གཞན་འོས་གྱུར་གསོལ་འདེབས་ཅི་རིགས་པས་གྲོལ། ༈ ༼གུང་ཚིག་ལ་༽ ཚོགས་བྱིན་བརླབ་ནས་ཞལ་སྟོབ་བར། གནས་བྱའི་ཐུགས་སོགས་བཟླས་པའི་བྱེད་སྒོ་སྔར་རྒྱུན་ལྟར་དང་། འདི་སྐབས་སྦུག་སིལ་ {{TibChung|[11a]}} འབུལ། སྣམ་སྦྱར་འགྱེད། ༼ཛ་ཆ་༽ བཞེངས་ཏེ་ཞྭ་སྣམ་བཅས་བཀྲ་ཤིས་སྔ་ཉིན་ལྟར་ལ་འཁྱིལ་རོལ་སྐབས་བཞེངས་ཐོག་ནས་ཌཱ་རུ་གནང་། ཤར་བུམ་ཁྲུས་ཆུ་ཐམས་ཅད་ལ་འཐོར། དེ་ལྟར་འགྲུབ་པ་སོགས་གྲལ་རིམ་གྱིས་མེ་ཏོག་འཐོར་བར་ཕེབས། ནང་དུ་ཕེབས་བསྟུན་རོལ་མོ་བཞག ཇ༽ །མཆོད་པ་རྒྱས་པ་ཕྱོགས་བཅུ་རབ་འབྱམས་སོགས། མི་རྟག་རྡོ་རྗེ་ཡོ་ག་སྤྱི་ཕྱག་ཅན་བསྟོད་པ་འདི་གཞུང་དང་ཟིན་བྲིས་ལ་མི་འདུག་ཀྱང་གནང་སྲོལ་ཡོད། ཇི་སྲིད་ས་ཆུ་གསུམ། འདིར་ནི་གཟུགས་གསུམ། ཕྱོགས་བཅུ་ན་གསུམ། བྱེད་སྒོ་སྔ་ཉིན་ལྟར། ལས་སྔགས་ཀྱང་དེ་མཚུངས། མཆོད་བསྟོད་བསྡུས་པ་སྔ་མ་ལྟར་དང་གུང་ཐུན་གྱིས་གྲོལ། ༼བར་ཆར་༽ ལྷ་ཆེན་མཆོད་བརླབ་ནས་ཆ་གསུམ་ལྷུག་བསྐྱེད་བར་སྔ་ཉིན་ལྟར། ཇ༽ ལྷ་མོའི་མངོན་རྟོགས་ནས་བསྐང་བའི་བར་རྔ་ཆོག་གིས་བཏང་། བསྐང་བའི་སྐབས་ལས་རྡོར་གྱིས་ཞྭ་བཞེས་བཞིན་མཆོད་གཏོར་ཕུལ། འདིའི་རོལ་མོ་ཐམས་ཅད་ལ་དུང་རྒྱ། ཟིལ་འབེབས་རྣམས་ལ་རྐང་གླིང་སོགས་ཀྱིས་བཞག་ནས། བཛྲ་རཀྵ་ཧཾ་ཞེས་རྡོ་རྗེ་རྩེ་ལྔའི་རྒྱ་བཅས་ཏེ། རྡོ་རྗེ་འདི་ནི་སོགས་ལྷ་དབང་རྟ། ཧ་ན་ཧཱུཾ་ཕཊ། རྒྱ་འགྲོལ། ཆོས་སྐྱོང་བའི་སོགས་དང་། {{TibChung|[11b]}} གང་འདིར་རབ་ཏུ་ཁྲུས་གདངས། ཐལ་སྦྱར་མེ་ཏོག་བཟུང་། སྐྱོང་བར་མཛོད་ལ་འཐོར་ཏེ་གྲོལ། ༼དགོངས་ཆར་༽ ལྷག་གཏོར། ལྷ་ཆེན་གཏོར་འབུལ་ཤིས་བརྗོད་བར། བསྐུལ། ཆད་ཐོ། ཟོར། བརྟན་མ། བྲོ་བརྡུང་། དངོས་གྲུབ། མཆོད་བསྟོད། དེ་ནས་ཐལ་འབྱར་མེ་ཏོག་བཅས། ས་དང་ཆུ་དང་ཁྲུས་གདངས། ཡིག་བརྒྱ་ལན་གསུམ། བདེ་གཤེགས་སོགས། ཉེར་བསྡུའི་བར་བྱས་ལ། ཡིག་བཅུའི་མཐར། ཇ༽ དེ་ནས་སྟེགས་ཁེབས་ལྡན་ལ་ཆུ་གཉིས་ཉེར་སྤྱོད་བཅས་བཤམ། འདིར་གཏོང་ཐུན་དགོས་ན་བཤད། སྦྱིན་བདག་ལ་བགེགས་སྐྲོད་དང་ལྷ་བསྐྱེད་གནང་སྲོལ་ཀྱང་ཡོད། ཐམས་ཅད་ཀྱིས་ཞྭ་བཞེས་ཏེ། རབ་འབྱམས་རྒྱ་མཚོ་རང་རྟ་རོལ་མོ་བཅས། སོ་སོའི་ཚིག་བསྟུན་སློབ་དཔོན་ལ་ཕུལ་ཞིང་རིམ་བཞིན་རྟེན་དྲུང་ངམ་མངའ་དབུལ་མདུན་དུ་བཤམ། དེ་སྐབས་ཞལ་རོ་བསིལ། མེ་ལོང་ཡེ་ཤེས་རྩ་གདངས་རོལ་མོ་ཐུང་ངུ་རེ་དང་། ལྷ་རྫས་ལས་བྱས་རྩ་གདངས་ཕྱེད་རོལ་རེ། བསྟན་པའི་དཔལ་གྱུར་གདངས་ཕྱེད་རོལ། དེ་ལྟར་སྦྲེལ་ཚིག་དང་བསྟུན་རྫས་བརྒྱད། སྣ་བདུན་ཙཀླི་རིམ་བཞིན་ཕུལ་ཏེ་སླར་མངའ་དབུལ་ལ་འཇུག །ཞྭ་བསིལ། ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་མཆོད་སྔགས་ཉེར་ {{TibChung|[12a]}} སྤྱོད་ཅན་གདངས་མ། དྲིལ་མེད་ཀྱི་རྒྱ་བཅས་རོལ་མོ། དྲིལ་སྟབས་བཅས་བསྟོད་པར་འོས་པ་འགྲོ་རྒྱུད་གདངས་སྤྱི་ཕྱག་ཅན། ཐལ་སྦྱར་གྱིས། ཨོཾ་སངས་རྒྱས་ཆོས་དང་སོགས་འདུས་སྨོན་ལམ་རྟ། ཇ༽ རྡོར་དྲིལ་པང་དུ་འཛིན་ནས། ཧེ་རུ་ཀ་དཔལ་སོགས་སྨོན་ལམ། འདི་སྐབས་ཞལ་རོ་དང་འོ་ཐུག་འདྲེན་བཞིན། བདེ་གཤེགས་ལྷག་མ་བརྗོད། ཞྭ་བཞེས་ཏེ་བཀྲ་ཤིས་མཐར་རོལ་མོ། ཞི་སྦྱིན་མི་གནང་ན་ཡིག་བརྒྱ་ལན་གསུམ་དྲིལ་གསིལ་ཅན་གནང་ནས་ཞྭ་བསིལ། དགུང་ཐུན་གྱིས་གྲོལ་ལོ། ། ༈ གཉིས་པ་འབྲིང་པོ་ལྟར་ན། སྔར་གྱི་ཉིན་དང་པོའི་སྦྱོར་ཆོག་སོར་བཞག་ཁོ་ནར་གནང་ཞིང་། ཉིན་གཉིས་པ་དངོས་གཞི་ཞོག་ཚོགས་ཚ་རྟིང་གཉིས་ཀྱི་ཆོ་ག་ལ་ཁྱད་པར་མེད་ཅིང་། གུང་ཚིག་ཞལ་ཟས་རོ་བརྒྱའི་མཇུག་གྲོལ། སྦྱིན་སྲེག་མི་གནང་། བར་ཆར་ཚོགས་བྱིན་བརླབ་མན་སྔར་གྱི་ཉིན་གསུམ་པའི་གུང་ཚིག་དང་བར་ཆ་གཉིས་ཀྱི་ཟིན་བྲིས་ལྟར་གནང་། དགུང་ཚོགས་ཉིན་གསུམ་པའི་སྐབས་སུ་ཇི་ལྟར་བཤད་པ་བཞིན་ཡིན་གསུངས། ༈ གསུམ་པ་བསྡུས་པ་ཉིན་ཆོག་ནི། རྩ་བར། བུམ་པ་གཉིས་བཀོད་ཡོ་བྱད་བཤམ། །བདག་བུམ་རྟེན་སྦྱང་བཀྲུ་ཕྱི་བསྐྱེད། །སྤྱན་དྲངས་དགུག་རྒྱས་དབང་ {{TibChung|[12b]}} མཆོད་བསྟོད། །སྤྱན་དབྱེ་རྟེན་བསྒྱུར་ཉེར་མཁོ་དབུལ། །རབ་གནས་སྔགས་བཟླ་བཀྲ་ཤིས་བརྗོད། །བརྟན་བཞུགས་སྲུང་བསྒོ་མཆོད་བསྟོད་གཤེགས། །ཡོན་བདག་ཤིས་བྱས་སྨོན་ལམ་གདབ། །རྗེས་བསྡུ་དགའ་སྟན་བྱ་བ་ཡིན། །ཞེས་གསུངས་པ་ལྟར་ཆོ་གའི་ཁྲིགས་ཉིན་གཉིས་མའི་གཉིས་པ་ཇི་ལྟ་བ་བཞིན་ལ། ལོང་སྐབས་མེད་ན་མཆོད་བསྟོད་བསྡུ་བ་ཙམ་ལས་འདོར་ལེན་མེད་གསུངས། ཉིན་གསུམ་སྐབས་ལས་བྱང་དབང་ཆོག་སོགས་ཀྱི་གདངས་གང་ཡོད་ཚར་རེ་འགྲོ་དགོས་ཤིང་། དུང་རྒྱ་སོགས་ལས་བྱང་ལ་འབུད་པར་མི་གནང་ཞིང་། རབ་གནས་ཀྱི་ཆོ་ག་དངོས་ལ་ཐུག་ན་ཐམས་ཅད་ལ་འབུད་དཀྲོལ་མཛད་དོ། །གཞུང་མཐུན་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཁྲིགས། །རིགས་མཐུན་དབང་པོར་ཐོས་དང་མཐོང་བ་རྣམས། །ཀུན་མཐུན་བརྗེད་བྱང་འཁྲུགས་བྲལ་སློབ་དཔོན་འདི། །དོན་མཐུན་ཐེ་ཚོམ་སེལ་བའི་བྱེད་པོར་ཤོག །དེ་ལྟར་རབ་གནས་ཆོ་ག་དགེ་ལེགས་འདོད་འཇོའི་ཟིན་བྲིས་བཀྲ་ཤིས་ཆར་འབེབས་འདི་ཉིད། རིག་འཛིན་འདུས་སྡེའི་དབུ་མཛད་བསྒྲང་བྱ་བཅུ་ཕྲག་གཉིས་ལྷག་ཙམ་དུ་སྐྱོང་བ་བྱང་འདྲེན་སྡོམ་བརྩོན་འགྱུར་མེད་དགའ་བོའི་དཔལ་གྱིས་རིག་འཛིན་བརྒྱུད་པའི་ཞལ་ལུང་ལྟར་འཁྲུལ་མེད་གཙང་དག་ཏུ་ {{TibChung|[13a]}} མཛད་པ་རང་ཉིད་ཀྱིས་མཐོང་ཆོས་སུ་ཇི་ལྟར་གྱུར་པ་རྣམས་ཆོ་གའི་རྒྱུན་མི་ཉམས་པའི་ཕྱིར་པྲ་ཛྙཱ་ཤ་སས་ཡི་གེའི་ལམ་དུ་སྤེལ་བ་དགེ་བར་གྱུར་ཅིག །སླར་ཡང་དགེ་བའི་བཤེ་གཉེན་དེ་ཉིད་ཀྱི་དྲུང་དུ་རྡོར་འཛིན་བདེ་ཆེན་ཆོས་འཛིན་དང་ཁོ་བོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ཟུང་གིས་དཔྱད་ཞུས་ཡང་དག་པ་ཞིག་ཞུས་ཡོད།། །།}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Latest revision as of 16:42, 23 December 2025
| Wylie title | rab gnas dge legs 'dod 'jo'i cho ga'i zin bris bkra shis char 'bebs | |
|---|---|---|
| Location | bdud 'joms rin po che bka' 'bum Volume 22, Text 16, Pages 327-351 (Folios 1a1 to 13a2) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. Rab gnas dge legs 'dod 'jo'i cho ga'i zin bris bkra shis char 'bebs. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 22: 327-351. Kalimpong: Dupjung Lama, 1979-1985. | |
| Side notes | Recto: zin bris Verso: dge legs 'dod 'jo | |
| More details More details | ||
| Source Author(s) | གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (gter bdag gling pa 'gyur med rdo rje) | |
| Genre | Consecration Rituals - rab gnas cho ga · Notes - zin bris | |
| Cycle | སྨིན་ལུགས་རབ་གནས་ཆོ་ག་དགེ་ལེགས་འདོད་འཇོ་ (smin lugs rab gnas cho ga dge legs 'dod 'jo) | |
| Colophon |
།དེ་ལྟར་རབ་གནས་ཆོ་ག་དགེ་ལེགས་འདོད་འཇོའི་ཟིན་བྲིས་བཀྲ་ཤིས་ཆར་འབེབས་འདི་ཉིད། རིག་འཛིན་འདུས་སྡེའི་དབུ་མཛད་བསྒྲང་བྱ་བཅུ་ཕྲག་གཉིས་ལྷག་ཙམ་དུ་སྐྱོང་བ་བྱང་འདྲེན་སྡོམ་བརྩོན་འགྱུར་མེད་དགའ་བོའི་དཔལ་གྱིས་རིག་འཛིན་བརྒྱུད་པའི་ཞལ་ལུང་ལྟར་འཁྲུལ་མེད་གཙང་དག་ཏུ་མཛད་པ་རང་ཉིད་ཀྱིས་མཐོང་ཆོས་སུ་ཇི་ལྟར་གྱུར་པ་རྣམས་ཆོ་གའི་རྒྱུན་མི་ཉམས་པའི་ཕྱིར་པྲ་ཛྙཱ་ཤ་སས་ཡི་གེའི་ལམ་དུ་སྤེལ་བ་དགེ་བར་གྱུར་ཅིག །སླར་ཡང་དགེ་བའི་བཤེ་གཉེན་དེ་ཉིད་ཀྱི་དྲུང་དུ་རྡོར་འཛིན་བདེ་ཆེན་ཆོས་འཛིན་དང་ཁོ་བོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ཟུང་གིས་དཔྱད་ཞུས་ཡང་དག་པ་ཞིག་ཞུས་ཡོད།། | |
|
/de ltar rab gnas cho ga dge legs 'dod 'jo'i zin bris bkra shis char 'bebs 'di nyid/___rig 'dzin 'dus sde'i dbu mdzad bsgrang bya bcu phrag gnyis lhag tsam du skyong ba byang 'dren sdom brtson 'gyur med dga' bo'i dpal gyis rig 'dzin brgyud pa'i zhal lung ltar 'khrul med gtsang dag tu mdzad pa rang nyid kyis mthong chos su ji ltar gyur pa rnams cho ga'i rgyun mi nyams pa'i phyir pra dz+nyA sha sas yi ge'i lam du spel ba dge bar gyur cig___/slar yang dge ba'i bshe gnyen de nyid kyi drung du rdor 'dzin bde chen chos 'dzin dang kho bo 'jigs bral ye shes rdo rje zung gis dpyad zhus yang dag pa zhig zhus yod// | ||