TTDL-ZABTER-05-CA-042: Difference between revisions

From Dudjom Wiki
TTDL-ZABTER-05-CA-042
m (Text replacement - "ཧོཿ" to "ཧོཿ ")
m (Text replacement - "༴" to "༴ ")
Line 43: Line 43:

ཐྂ༎༔  ན་མོ་གུ་རུ་པདྨ་ཀ་ར་ཡེ༔  ({{TibChung|བརྡ་ཡིག་}})  བདག་འདྲ་རིག་འཛིན་རྡོ་རྗེ་གཤོག་རྒོད་ངས༔ མ་འོངས་བརྒྱུད་འཛིན་རྣམས་ཀྱི་དོན་ཆེད་དུ༔ ཕུར་སྲུང་དམ་ཅན་སྒྲུབ་པའི་ལས་བྱང་བསྟན༔ བསྐལ་པའི་མར་གཤམ་དུས་ཀྱི་སྙིགས་མ་ལ༔ དཀར་ཕྱོགས་ཉམས་དམའ་ནག་ཕྱོགས་ཁ་དར་ནས༔ ལས་དང་ལས་ཀ་དམར་དང་ཆོམ་རྐུན་བྱེད༔ ནོར་དང་རྒྱན་ཆ་མཆོག་ཏུ་གོ་མཚོན་འཛིན༔ མ་མོ་མཁའ་འགྲོ་འཁྲུགས་ནས་ནད་རིམས་གཏོང་༔ ལས་ངན་རང་གིས་སྤྱོད་ནས་བསྐལ་ངན་ཟེར༔ དམེ་འཁྲུགས་ནང་འཐབ་ཕ་སྤུན་ཡིད་མི་ཆེས༔ སྙིང་འདྲའི་མི་ལ་སྙིང་གཏོད་དོན་སྙིང་འབྱིན༔ སྔགས་པ་དབུ་འཕང་དམའ་བའི་དུས་བྱུང་ཚེ༔ བདག་གི་བརྒྱུད་འཛིན་ལས་དང་སྐལ་ལྡན་རྣམས༔ དབེན་པའི་གནས་སུ་སྒྲུབ་པའི་དལ་ཞལ་ཕྱེས༔ འཁོར་ལོ་རྩིབས་བཅུའི་ལྟེ་བ་གྲུ་གསུམ་དབུས༔ དམར་གྱི་གཏོར་མ་གྲུ་གང་བརྗིད་ལྡན་དང་༔ གཡས་སུ་དམར་གཏོར་མཐོ་གང་གཡོན་ཏེ་ལྟར༔ ཕྱོགས་བཞིར་གཏོར་ཕྲན་བཞི་དང་མཚམས་བཞིར་བཞི༔ དེ་མཐར་བཅུ་གཉིས་དེ་མཐར་བཞི་བཞག་གོ༔ དེ་མཐར་གཏོར་ཆུང་ཉི་ཤུ་རྩ་བརྒྱད་བཞག༔ སྐྱུ་གུ་བ་ལིཾ་ཟན་དུམ་རིལ་བུས་བསྐོར༔ ཕྱི་ནང་གསང་མཆོད་ག་ཎའི་ལོངས་སྤྱོད་དང་༔ ནལ་བུའི་རྒྱལ་མཚན་རྨ་བྱ་བོང་དྲེལ་དང་༔ བྱ་ནག་ཤ་རྐྱང་གཟུགས་འགྲོས་དཔག་མེད་བཤམ༔ དམ་ཚིག་སྲོག་ལ་ཐེབས་པ་ཡི་དམ་མཆོག༔ སྒྲུབ་པའི་རྟགས་མཚན་མ་རྫོགས་བར་དུ་བསྒྲུབ༔ དེ་མིན་སྲུང་མ་བྲན་དུ་ཁོལ་མི་སྲིད༔ ཆོས་ཉིད་དོན་རྟོགས་རྣལ་འབྱོར་དབང་ཕྱུག་གམ༔ ཡང་ན་ཐབས་ལམ་མཐར་ཕྱིན་རྣལ་འབྱོར་རམ༔ ཡང་ན་བསྙེན་སྒྲུབ་ཚད་རྫོགས་དམ་ལྡན་ལ༔ སྲུང་མ་དམ་ཅན་རྒྱ་མཚོས་བུ་ལྟར་བརྩེ༔ དེ་གང་མེད་ན་འདོད་པས་ཁུག་མིན་ཏེ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་དལ་ཞལ་ཕྱེས༔ བསྐྱེད་རྫོགས་གདིང་ལྡན་བསྒྲུབ་ལ་གཞོལ་བའི་བུས༔ བར་ཆད་སེལ་ཕྱིར་སྲུང་མ་དབང་བྱེད་ན༔ དམ་ཚིག་ཟོལ་མེད་ཡི་དམ་ཚད་མར་ཟུངས༔ དེ་ནས་དམ་ཅན་བསྒྲུབ་པའི་ལས་གཞུང་འཇུག༔ ས་མ་ཡ༔ ཧཱུྃ་ཧཱུྃ་ཧཱུྃ༔ བདག་ཉིད་དཔལ་ཆེན་པོའི་ཐུགས་ཀ་ནས་ཡི་གེ་བྷྲུྃ་དམར་ནག་གཅིག་སྤྲོས༔ དེ་ཡོངས་སུ་གྱུར་པ་ལས༔ དུར་ཁྲོད་ཐོད་མཁར་འབར་བའི་ཚལ་དུ་རབ་འཇིགས་དྲག་པོའི་གཞལ་ཡས་ཁང་ཆེན་པོ་ཚད་དང་མཚན་ཉིད་སྣ་ཚོགས་ཡོངས་སུ་རྫོགས་པའི་དབུས་སུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་སུམ་བརྩེགས་ཀྱི་སྟེང་དུ་པདྨ་དང་ཉི་མ་རོ་ཡི་གདན་ལ༔ བདག་ཡི་དམ་གྱི་ཐུགས་ཀ་ནས་ཡི་གེ་མ་སྨུག་ནག་འོད་འབར་བ་གཅིག་འཕྲོས་པས༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ༔ ཐུགས་རྗེ་གཟི་བྱིན་ཐམས་ཅད་བསྡུས་ཏེ་མ་ལ་བསྟིམ༔ སླར་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཡེ་ཤེས་དང་འཇིག་རྟེན་གྱི་མ་ཚོགས་མཁའ་འགྲོ་རྒྱ་མཚོ་ཆོས་སྐྱོང་དམ་ཅན་རྒྱ་མཚོ་ཐམས་ཅད་ཀྱི་མཐུ་རྩལ་ནུས་སྟོབས་ཐམས་ཅད་མ་ལ་བསྡུས༔ མ་ལས་འོད་ཟེར་དྲག་ཅིང་ཚ་ལ་རྩུབ་པ་དཔག་ཏུ་མེད་པ་འཕྲོས་པས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད་རྡུལ་དུ་བརླག༔ དེ་དག་གི་ཚེ་བསོད་བཀྲག་མདངས་ནུས་སྟོབས་ཐམས་ཅད་བསྡུས་ཏེ་མ་ལ་བསྟིམ༔ ཕྱོགས་བཅུའི་རྒྱལ་དང་རྒྱལ་སྲས་དུ་མར་སྣང་ཞིང་སྟོན་པ་ཐམས་ཅད་ཡེ་ཤེས་ཀློང་དུ་རོ་གཅིག་དུ་འདུས་ལ་སོ་སོར་མི་གཞན་པར་ཡི་གེ་མ་ལ་འདུས་པ་ཡོངས་སུ་གྱུར་པ་ལས༔ ཧཱུྃ་ཧཱུྃ་ཧཱུྃ༔ སྔགས་སྲུང་གཙོ་མོ་ཨེ་ཀ་ཛ་ཊཱི་མ༔ སྨུག་ནག་ཞལ་གཅིག་ཕྱག་གཉིས་འོད་ཟེར་འབར༔ སྤྱན་གཅིག་འཁོར་འདས་མ་ལུས་ས་ལེར་གཟིགས༔ ཚེམས་གཅིག་བསྟན་པའི་རཱུ་དྲའི་ཤ་རུས་གསོལ༔ དམར་སེར་སྣུམ་ལྕུགས་རལ་གཅིག་གྱེན་དུ་འཁྱིལ༔ ཕྱག་གཡས་ཞིང་དབྱུག་གཡོན་པས་དགྲ་སྙིང་གསོལ༔ སྡིག་མཛུབ་རྩེ་ནས་ལྕགས་སྤྱང་ལྕགས་ཕུར་འགྱེད༔ ཞབས་གཅིག་རྒྱལ་བསེན་དམ་སྲིའི་སྙིང་ཀར་བརྫིས༔ སྤྲིན་དཀར་ཀློང་ན་འགྱིང་བའི་སྟབས་སུ་བཞུགས༔ དྲག་པོ་ཕུར་སྐྱོང་རྒྱ་མཚོ་ལས་ལ་འགྱེད༔ སྣང་སྲིད་འཁོར་འདས་བཀོད་པ་སྐུ་ལ་རྫོགས༔ ཁྱབ་བདག་གཞོམ་མེད་ཉག་གཅིག་ཐིག་ལེའི་སྐུ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་ཅིང་༔ སྒྲུབ་མཆོག་བདག་ལ་མ་ལྟར་དགྱེས་དགོངས་བསམ༔ ཤར་ཕྱོགས་དཀར་གསལ་ཟླུམ་འཁྱིལ་འོད་ཀློང་དུ༔ ཞི་བའི་ལས་མཛད་ཙ་ཏི་དཀར་མོ་ནི༔ ཕྱག་གཉིས་ལྕགས་ཀྱུ་དངུལ་དཀར་ཕུར་པ་འདྲིལ༔ ལྷོ་ཕྱོགས་སེར་གསལ་གྲུ་བཞིའི་དཀྱིལ་འཁོར་དུ༔ རྒྱས་པའི་ལས་མཛད་ཙ་ཏི་སེར་མོ་ནི༔ ཕྱག་གཉིས་གསེར་ཞགས་གསེར་གྱི་ཕུར་པ་འདྲིལ༔ ནུབ་ཕྱོགས་དམར་ནག་ཟླ་གམ་གདེངས་པའི་དབུས༔ དབང་གི་ལས་མཛད་ཙ་ཏི་དམར་མོ་ནི༔ ཕྱག་གཉིས་ལྕགས་སྒྲོག་ཟངས་ཀྱི་ཕུར་པ་འདྲིལ༔ བྱང་ཕྱོགས་ལྗང་ནག་གྲུ་གསུམ་འབར་བའི་དབུས༔ དྲག་པོའི་ལས་མཛད་ཙ་ཏི་ནག་མོ་ནི༔ ཕྱག་གཉིས་དྲིལ་བུ་གནམ་ལྕགས་ཕུར་པ་འདྲིལ༔ ཀུན་ཀྱང་རཱུ་དྲའི་སྙིང་གར་གར་སྟབས་མཛད༔ རལ་པ་འབྲུ་གཅིག་སྲིད་གསུམ་རྩེ་རུ་འཁྱིལ༔ ཟར་བུ་ཐུར་འཕྱང་ཁམས་གསུམ་ཁྱབ་པར་བརྡལ༔ སྤྱན་གཅིག་ཉི་མ་འབུམ་བརྡལ་འོད་ལས་ལྷག༔ ཚེམས་གཅིག་ཟླ་སྟོང་ལས་ལྷག་འོད་ཟེར་འབར༔ ནུ་གཅིག་རབ་རྒྱས་དངོས་གྲུབ་ཆར་རྒྱུན་འབེབས༔ སྐུ་སྟོད་གཡང་གཞི་སྐུ་སྨད་སྤྲིན་གྱིས་གཡོགས༔ བ་སྤུའི་གསེབ་ནས་ཕུར་པའི་ཚྭ་ཚྭ་འཕྲོ༔ སྤྲུལ་པ་ལྕགས་སྤྱང་ཁྲ་ཐབས་ལས་ལ་འགྱེད༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་དུ་གསལ༔ འཁོར་འདས་ཡོངས་ཀྱི་དབང་ཕྱུག་ཆེན་མོར་བསྐྱེད༔ སྣང་བ་གནས་སུ་དག་པ་མཚོན་ཕྱིར་གཞལ་ཡས་ཁང་གི་བཀོད་པ༔ མ་ཆགས་པདྨ་དང་སྐྱོན་བྲལ་ཉི་ཟླའི་གདན༔ དེ་སྟེང་མི་སྲུན་ཟིལ་གྱིས་གནོན་པ་མཚོན་ཕྱིར་རོ་གདན༔ དེ་སྟེང་རིག་སྟོང་ཉིས་སུ་མེད་པ་ཀ་དག་འོད་གསལ་གྱི་ངོ་བོ་གཙོ་མོ་སྨུག་ནག་འོད་འཕྲོ༔ སྒྱུ་འཕྲུལ་ཞེ་སྡང་འཇོམས་མཛད་མེ་ལོང་ཡེ་ཤེས་རྡོ་རྗེ་དཀར་མོ༔ ང་རྒྱལ་འདུལ་བའི་གཉེན་པོར་མཉམ་ཉིད་ཡེ་ཤེས་རིན་ཆེན་སེར་མོ༔ འདོད་ཆགས་འདུལ་པའི་གཉེན་པོར་སོར་རྟོག་ཡེ་ཤེས་པདྨ་དམར་མོ༔ ཕྲག་དོག་འདུལ་བའི་གཉེན་པོར་བྱ་གྲུབ་ཡེ་ཤེས་ཀརྨ་མཐིང་ནག༔ འཁོར་འདས་གཉིས་མེད་ཀ་དག་ལྷུན་གྲུབ་ཏུ་རྫོགས་པའི་རལ་པ་འབྲུ་གཅིག༔ ཉག་གཅིག་ཐིག་ལེའི་ཞལ་གཅིག༔ ཆོས་སྐུ་སྐྱེ་བ་མེད་པའི་སྤྱན་གཅིག༔ ཐབས་ཤེས་གཉིས་སུ་མེད་པའི་ཕྱག་གཉིས༔ འགྲོ་བ་ཡོངས་ལ་གདུང་ཞིང་བརྩེ་བའི་མ་གཅིག་པུ་སྟེ་ནུ་མ་གཅིག༔ འཁོར་འདས་སྐུ་ཡིས་ཁྱབ་པའི་ཁྱབ་བདག་ཆེན་པོ་གཅིག་པའི་ཕྱིར་ཞབས་གཅིག༔ བདེ་ཆེན་ཡེ་ཤེས་འདུ་འབྲལ་མེད་པའི་མཚོན་ཕྱིར་སྤྲིན་དཀར་གྱི་ན་བཟའ་གསོལ་བ༔ འཁོར་འདས་གནས་ཡུལ་དུར་ཁྲོད་ཀུན་གྱི་བདག་མོ་ཉིད་ལས་མི་གཞན་ཅིང་ཕྱོགས་ལས་རྣམ་པར་རྒྱལ་བ་རེ་དོགས་མཚན་མ་བྲལ་བ་དེ་དང་དེའི་མཚོན་བྱེད་ཞིང་ཆེན་གཡང་གཞི་དང་རུས་རྒྱན་ནོ༔ ལྷུན་གྲུབ་ཀྱི་དུས་གོང་གཉིས་བསྙེན་སྒྲུབ་སྐང་མཆོད་ལ་བརྩོན་པར་བྱའོ༔ གཡས་སུ་མ་ལས་རང་བྱུང་རྒྱལ་མོ་ནི༔ མཐིང་ནག་རབ་འཇིགས་བོང་དམར་གྭ་པ་ཆིབས༔ ཕྱག་གཉིས་གནམ་ལྕགས་རལ་གྲི་ཐོད་ཁྲག་བསྣམས༔ སྲིན་གྱི་ཐོད་སྒ་སྦྲུལ་གྱི་གོང་སྨེད་ཅན༔ སྔ་ཤད་བདུད་ཀྱི་ཁྲམ་བམ་མཚོན་གྲུ་གུ༔ ཕྱི་ཤད་གཡས་གཡོན་ཤྭ་རྡེའུ་ནད་རྐྱལ་བཀལ༔ དུར་ཁྲོད་ཆས་དང་འཇིགས་པའི་རྒྱན་རྣམས་རྫོགས༔ བཀའ་གཏེར་ཡོངས་ཀྱི་སྲུང་མ་ཀུན་བཟང་སྲིད་པའི་རྒྱལ་མོ་འདི་གཤིན་རྗེའི་དབང་མོ་འཁྲུགས་རྩོད་དང་བསྟན་དགྲ་འདུལ་བའི་གཉེན་པོར་བསྔགས་པ་སྟེ་ཁྱད་པར་དུ་བཀའ་འདིའི་སྲུང་མར་བསྔགས་པ་ཡིན་པས་ཞིང་བཅུའི་དཔུང་འཇོམ་མོ༔  ({{TibChung|བརྡ་ཡིག་}}) གཡོན་དུ་བྷྱོཿལས་ཤ་ཟ་ངན་ནེ་མ༔ སེར་ནག་ཕྱག་གཡས་ནོར་བུ་གཡོན་གཏེར་བུམ༔ ནད་རྐྱལ་མཆན་བཅུག་ཞབས་གཉིས་གར་སྟབས་འགྱིང་༔ སྤྱན་བསྒྲད་ཞལ་འཛུམ་སྐྲ་དམར་གྱེན་དུ་བརྫེས༔ སྤྲུལ་པ་ལས་བཞིའི་མཁའ་འགྲོ་ཕོ་ཉར་འགྱེད༔ རོ་ལང་གཅན་སྤྱང་ཚྭ་ཚྭ་སྐར་ལྟར་འཁྲིགས༔ གནས་ཡུལ་དུར་ཁྲོད་ཀུན་གྱི་དབང་མོར་བསྐྱེད༔ ནང་གི་གཉེར་འཛིན་གཏེར་གྱི་བདག་མོ་གནས་ཡུལ་དུར་ཁྲོད་མཁའ་འགྲོ་ཐམས་ཅད་ཀྱི་སྤྲུལ་གཞི་ཀ་དག་ཀུན་ཏུ་བཟང་མོའི་ཕྲིན་ལས་ཀྱི་གར་མཁན་མོ་འདི་ནི་དབུལ་འཕོང་འཇོམས་མཛད་གནོད་སྦྱིན་གྱི་དབང་མོའོ༔  ({{TibChung|བརྡ་ཡིག་}}) ཤར་དུ་འབར་མ་ཆེན་མོ་སྤྱང་ཞོན་མ༔ དཀར་གསལ་ཕྱག་གཉིས་གྲི་ཁུག་ཐོད་ཁྲག་བསྣམས༔ ཞལ་གདངས་སྤྱན་བསྒྲད་ཁྲོ་གཉེར་རབ་ཏུ་འཁྲུགས༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་རུ་འཁྱིལ༔ གཟིག་ཤམ་རུས་རྒྱན་མི་མགོའི་ཕྲེང་བ་གསོལ༔ དྲི་ཟ་ཟིལ་གནོན་ཆུ་ཁམས་དབང་མོར་བསྐྱེད༔ ལྷོ་རུ་དུར་ཁྲོད་བདག་མོ་དཔལ་ཕྲེང་མ༔ སེར་གསལ་ཕྱག་གཉིས་ཞགས་པ་ཐོད་ཁྲག་བསྣམས༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ སྤྱན་གསུམ་དམར་ཟླུམ་སྡང་མིག་ཕྱོགས་བཅུར་གཡོ༔ ཁྲོ་གཉེར་སྡུད་ཅིང་རལ་པ་དམར་སེར་འཁྱིལ༔ གཟིག་ཤམ་རུས་རྒྱན་མི་མགོའི་ཕྲེང་བ་གསོལ༔ རོ་ལང་སྟེང་དུ་རྔམས་པའི་སྟབས་ཀྱིས་བཞུགས༔ གཤིན་རྗེའི་ཟིལ་གནོན་ས་ཁམས་དབང་མོ་བསྐྱེད༔ ནུབ་ཏུ་སྲིན་མོ་ཁ་རིག་གཟི་འབར་མ༔ དམར་གསལ་ཕྱག་གཉིས་ལྕགས་སྒྲོག་ཐོད་ཁྲག་བསྣམས༔ ཁྲོ་གཏུམ་རྔམས་བརྗིད་དུར་ཁྲོད་ཆས་རྫོགས་ཤིང་༔ སྤྲེལ་དམར་སྟེང་དུ་དྲག་པོའི་ཧ་ཧ་རྒོད༔ མེ་ལྷ་ཟིལ་གནོན་མེ་ཁམས་དབང་མོ་བསྐྱེད༔ བྱང་དུ་འཇིགས་བྱེད་རྡོ་རྗེ་གློག་ཞོན་མ༔ ལྗང་གསལ་ཕྱག་གཉིས་དྲིལ་བུ་ཐོད་ཁྲག་བསྣམས༔ ཁྲོ་མོའི་ཆས་རྫོགས་སྤྱན་བསྒྲད་མཆེ་བ་གཙིགས༔ གར་དགུའི་ཉམས་གྱིས་དགྲ་བགེགས་འདུལ་བར་བྱེད༔ རླུང་ལྷ་ཟིལ་གནོན་རླུང་ཁམས་དབང་མོ་བསྐྱེད༔ ཤར་ལྷོར་རྡོ་རྗེ་ལྷ་མོ་ཚེ་རིང་མ༔ དཀར་གསལ་ཞི་འཛུམ་རྨ་བྱའི་ཐུལ་པ་གསོལ༔ ཕྱག་གཉིས་མདའ་དར་རིན་ཆེན་ནོར་བུ་བསྣམས༔ རཏྣའི་ཆས་རྫོགས་བཞེངས་པའི་སྟབས་ཀྱིས་བཞུགས༔ ལྷོ་ནུབ་ཤ་ཟ་ཌཱ་ཀི་ཁ་མོ་ཆེ༔ དམར་གསལ་ཁྲོ་གཏུམ་དུར་ཁྲོད་ཆས་རྫོགས་ཤིང་༔ ཕྱག་གཉིས་རལ་གྲི་བྷནྡྷ་ཁྲག་བཀང་བསྣམས༔ ཞབས་གཉིས་པད་ཉི་རོ་ཡི་གདན་ལ་བརྫིས༔ ནུབ་བྱང་རྡོ་རྗེ་གཡུ་སྒྲོན་སྐུ་མདོག་སྔོ༔ ཕྱག་གཉིས་མདའ་དར་ནོར་བུ་དབང་རྒྱལ་བསྣམས༔ ཞི་འཛུམ་དར་གོས་རིན་ཆེན་རྒྱན་ཆས་སྤྲས༔ པདྨ་ཉི་མའི་གདན་ལ་གར་སྟབས་བཞུགས༔ བྱང་ཤར་མ་ཅིག་དཔལ་ལྷ་སྐུ་མདོག་ལྗང་༔ ཞི་འཛུམ་དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ ཕྱག་གཉིས་ནོར་བུ་བསམ་འཕེལ་གཏེར་བུམ་བསྣམས༔ པད་ཉིའི་གདན་ལ་བཞེངས་པའི་སྟབས་ཀྱིས་བཞུགས༔ དེ་དག་ནི་གཙོ་མོ་གསུམ་གྱི་སྒྱུ་འཕྲུལ་གར་མཁན་རྣལ་འབྱོར་པ་ལ་འདོད་རྒུའི་དངོས་གྲུབ་སྟེར་ཞིང་དམ་ཉམས་རྣམས་ཀྱི་སྲོག་གི་གཤེད་མར་བསྔགས་ཤིང་ལེགས་ཉེས་གཉིས་ཀྱི་སྟངས་འཛིན་ཅིང་དམ་ཚིག་གི་རྗེས་གཅོད་པའི་སྲིད་པ་གསུམ་གྱི་དབང་མོའོ༔  ({{TibChung|བརྡ་ཡིག་}}) ཕྱི་རིམ་གནམ་ལྕགས་འཁོར་ལོ་གདེངས་པའི་ཁར༔ པདྨ་ཉི་མ་རོ་ཡི་གདན་སྟེང་དུ༔ ཤྭ་ན་ཆེན་མོ་དུང་གི་སྤྱང་མོ་ཞོན༔ གོས་སུ་མི་ལྤགས་གཡང་གཞི་རློན་པ་གསོལ༔ ཤིན་ཏུ་མི་བཟད་འཇིགས་པའི་ཆ་ལུགས་ཅན༔ རལ་པ་ཁམ་ནག་སྲིད་པའི་རྩེ་རུ་འཁྱིལ༔ ཕྱག་གཉིས་ཤེལ་གྲི་ཤེལ་གྱི་ཕུར་པ་བསྣམས༔ སྲི་ཀ་མུ་ཁ་གསེར་འཕང་ལྕེ་བརྒྱད་ཞོན༔ ཕྱག་གཉིས་ཆུ་སྲིན་རྒྱལ་མཚན་ཕུར་པ་བསྣམས༔ གོས་སུ་མི་ལྤགས་གཡང་གཞི་ལྷུབ་ཆེན་གསོལ༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ སྤྱན་བསྒྲད་རལ་པ་ཁམ་ནག་ས་ལ་སླེབ༔ ཤིན་ཏུ་མི་སྲུན་འཇིགས་པའི་ཆ་ལུགས་ཅན༔ སྲི་ལ་མུ་ཁ་ཟངས་ཀྱི་ཝ་མོ་ཞོན༔ ཕྱག་གཉིས་ཐོད་ཁྲག་གནམ་ལྕགས་ཕུར་པ་བསྣམས༔ ཞལ་གདངས་སྤྱན་བསྒྲད་རྣོ་དབལ་མཆེ་བ་གཙིགས༔ རལ་པ་དམར་སེར་སྲིད་པའི་རྩེ་རུ་འཁྱིལ༔ ཧཱུྃ་ཕཊ་སྒྲ་ཡིས་སྲིད་གསུམ་འདར་ཞིང་འགེམས༔ གཟིག་ཐམ་རུས་རྒྱན་མི་མགོའི་ཕྲེང་བ་གསོལ༔ ཀུ་ཀུ་མུ་ཁ་ལྕགས་ཀྱི་ཁྱི་མོ་ཞོན༔ ཕྱག་གཉིས་རལ་གྲི་གནམ་ལྕགས་ཕུར་པ་འདྲིལ༔ ཁྲོ་གཏུམ་རྔམས་བརྗིད་རབ་འཇིགས་བལྟར་མི་བཟོད༔ ཁྲོ་མོའི་ཆས་རྫོགས་འཁོར་འདས་དབང་མོར་བསྐྱེད༔ རེ་ཏཱི་ཆེན་མོ་བོང་བུ་གྭ་པ་བཅིབས༔ ཕྱག་གཉིས་ཐོད་དབྱུག་གནམ་ལྕགས་ཕུར་བ་བསྣམས༔ ཞལ་གདངས་ལྗགས་འདྲིལ་སྤྱན་བསྒྲད་མཆེ་བ་གཙིགས༔ ཐོད་སྐམ་དབུ་རྒྱན་རལ་པ་དམར་སེར་འཁྱིལ༔ སྟག་ཤམ་རུས་རྒྱན་མི་ལྤགས་གཡང་གཞི་གསོལ༔ རེ་ཛ་ཆེན་མོ་དྲེའུ་ལ་བཅིབས་ཤིང་༔ ཕྱག་གཉིས་ཁྲམ་ཤིང་གནམ་ལྕགས་ཕུར་པ་འདྲིལ༔ ཁྲོ་གཏུམ་རྔམས་བརྗིད་རབ་འཇིགས་བལྟར་མི་བཟོད༔ སྟག་ཤམ་སྦྲུལ་གྱི་གདུ་བུ་དར་དཔྱངས་གསོལ༔ རལ་པ་ཁམ་ནག་སྐུ་ཡི་རྒྱབ་ཏུ་བསྙིལ༔ རེ་ཏཱི་ཆེན་མོ་གློག་ཞགས་ལ་བཅིབས་ཤིང་༔ ཕྱག་གཉིས་ནད་རྐྱལ་གནམ་ལྕགས་ཕུར་པ་བསྣམས༔ ཞལ་གདངས་སྤྱན་བསྒྲད་རྣོ་དབལ་མཆེ་བ་གཙིགས༔ རལ་པའི་རྩེ་ནས་ཕུར་པའི་ཚྭ་ཚྭ་འཕྲོ༔ སྟག་ཤམ་མི་ལྤགས་གཡང་གཞི་རློན་པ་གསོལ༔ རེ་ཛུ་ཆེན་མོ་སྲིད་པའི་མ་ཧེ་ཞོན༔ ཕྱག་གཉིས་སྤུ་གྲི་གནམ་ལྕགས་ཕུར་པ་བསྣམས༔ ཧཱུྃ་ཕཊ་སྒྲ་ཡིས་སྲིད་གསུམ་དངས་ཤིང་འདར༔ ཤིན་ཏུ་མི་བཟད་ཁྲོ་མོའི་ཆ་ལུགས་ཅན༔ ལུས་ལ་དར་གྱི་ལའུ་ལྗང་ཁྲ་གསོལ༔ རྡོ་རྗེ་ཡ་བྱིན་ཆུ་སྲིན་ཁམ་པ་ཞོན༔ ཕྱག་གཉིས་ཐོག་མདའ་གནམ་ལྕགས་ཕུར་པ་བསྣམས༔ ཞལ་གདངས་སྤྱན་བསྒྲད་རལ་པ་ཁམ་ནག་བརྫེས༔ རྨ་བྱའི་ཐུལ་པར་དར་གྱི་མཐིང་གོས་གསོལ༔ རྡོ་རྗེ་དེ་བྱིན་གཡུ་འབྲུག་ལ་བཅིབས་ཤིང་༔ ཕྱག་གཉིས་ནོར་བུ་གསེར་གྱི་ཕུར་པ་འདྲིལ༔ ཞི་འཛུམ་དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ དབུ་སྐྲ་རལ་བའི་ཐོར་གཟུག་པདྨས་བརྒྱན༔ ཟར་བུ་ཐུར་འཕྱང་སྒྲུབ་ལ་དངོས་གྲུབ་སྟེར༔ རྡོ་རྗེ་བསྭེ་བྱིན་ཡུ་མོ་རྐང་གསུམ་ཆིབས༔ ཕྱག་གཉིས་སྦྲུལ་ཞགས་གནམ་ལྕགས་ཕུར་པ་བསྣམས༔ ཤིན་ཏུ་མི་སྲུན་རྒོད་གཤེ་རྔམས་པའི་སྐུ༔ རལ་པ་དམར་སེར་སྲིད་པའི་རྩེ་མོར་བརྫེས༔ ལུས་ལ་དར་གྱི་ལ་འུ་སྔོ་ཁྲ་གསོལ༔ རྡོ་རྗེ་ཕག་བྱིན་ཤ་བ་རྐང་བརྒྱད་ཞོན༔ སྣང་སྲིད་ཁམས་ཀུན་སྐད་ཅིག་ཡུད་ཙམ་ཉུལ༔ ཕྱག་གཉིས་གློག་ཞགས་སྤེན་གྱི་ཕུར་པ་བསྣམས༔ ཤིན་ཏུ་མི་བཟད་ཁྲོ་གཏུམ་རྔམས་པའི་སྐུ༔ སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྟེར་ཞིང་༔ དམ་ཉམས་རྣམས་ཀྱི་སྲོག་གི་གཤེད་མར་བསྒོམ༔ ཕྱོགས་བཞིར་གནམ་ལྕགས་འཁོར་ལོའི་རྩིབས་སྟེངས་སུ༔ ཤར་དུ་དུང་གི་སྐྱེས་བུ་སེང་གེ་བཅིབས༔ ཕྱག་གཉིས་ཤེལ་གྲི་ཤེལ་གྱི་ཕུར་བ་བསྣམས༔ ཞལ་གདངས་ལྗགས་འདྲིལ་སྤྱན་བསྒྲད་མཆེ་བ་གཙིགས༔ དབུ་སྐྲ་ཁམ་ནག་སྲིད་པའི་རྩེ་རུ་འཁྱིལ༔ སྤྱང་དཀར་སློག་པ་ལྷུབ་ཆེན་གོས་སུ་གསོལ༔ མེ་ལྷ་ཟིལ་གནོན་སྲིད་པའི་བདག་པོར་བསྐྱེད༔ ལྷོ་རུ་བསྭེ་ཡི་སྐྱེས་བུ་སེར་ནག་རྔམས༔ སྟག་མོ་གྲུས་མའི་སྟེང་ན་འགྱིང་སྟབས་བཞུགས༔ ཕྱག་གཉིས་གསེར་ཕུར་བྷནྡྷ་ཁྲག་བཀང་བསྣམས༔ ཤིན་ཏུ་ཁྲོ་གཏུམ་རྔམས་བརྗིད་བལྟར་མི་བཟོད༔ དར་གྱི་ལ་འུ་མཐིང་ཁྲ་མཛེས་པ་དང་༔ རིན་པོ་ཆེ་ཡི་རྒྱན་ཆ་སྣ་ཚོགས་གསོལ༔ སྲིན་པོ་ཟིལ་གནོན་སྒྲུབ་ལ་དངོས་གྲུབ་སྟེར༔ ནུབ་ཏུ་ཏ་ཀི་ཆེན་པོ་སྐུ་མདོག་དམར༔ དོམ་བུ་ཐུགས་དཀར་སྟེང་དུ་བརྗིད་པར་བཞུགས༔ ཕྱག་གཉིས་རླུང་ཞགས་ཟངས་ཀྱི་ཕུར་པ་བསྣམས༔ ཞལ་གདངས་ལྗགས་འདྲིལ་སྤྱན་བསྒྲད་མཆེ་བ་གཙིགས༔ དབུ་སྐྲ་ཁམ་ནག་སྲིད་པའི་རྩེ་རུ་འཁྱིལ༔ སྐུ་ལ་ཟངས་ཁྲབ་མི་མགོའི་ཕྲེང་བ་གསོལ༔ རླུང་ལྷ་ཟིལ་གནོན་སྒྲུབ་ལ་དངོས་གྲུབ་སྟེར༔ བྱང་དུ་ལྕགས་ཀྱི་སྐྱེས་བུ་རྔ་མོང་ཞོན༔ ཕྱག་གཉིས་གནམ་ལྕགས་རྡོ་རྗེ་ཕུར་པ་བསྣམས༔ ཞལ་གདངས་ལྗགས་འདྲིལ་རལ་པ་སྲིད་རྩེར་འབར༔ ལུས་ལ་ལྕགས་ཁྲབ་སྦྲུལ་གྱིས་སྐ་རགས་བཅིངས༔ དབང་ལྡན་ཟིན་གནོན་སྒྲུབ་མཆོག་བུ་ལྟར་སྐྱོངས༔ དེ་མཐར་དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང་༔ འབར་མ་མིང་སྲིང་ཕུར་སྲུང་རྒྱ་མཚོའི་ཚོགས༔ ཉི་རྡུལ་འཁྲིགས་པ་ལྟ་བུར་ལྷམ་མེར་གསལ༔ རང་རང་རྣམས་ཀྱི་སྲོག་གི་ཡི་གེ་ལས༔ འོད་འཕྲོས་དབྱིངས་ནས་སྤྱན་དྲངས་གཉིས་མེད་བསྟིམས༔ དེ་ནས་སྤྱན་འདྲེན་བྱ་བ་ལ༔ སྤོས་སྲེག་དར་གཡབ་རྔ་གླིང་དང་༔ གདུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ་ཧྲཱིཿཆོས་དབྱིངས་བརྡལ་བ་ཨེ་ཡི་དཀྱིལ་འཁོར་ནས༔ ཀུན་ཏུ་བཟང་མོའི་རྣམ་འཕྲུལ་ཨེ་ཀ་ཛཿདད་པ་དང་ནི་དམ་ཚིག་གཉན་གྱིས་འབོད༔ མ་ཐོགས་སྒྲུབ་པའི་གནས་འདིར་མྱུར་དུ་གཤེགས༔ བསིལ་བ་ཚལ་གྱི་དུར་ཁྲོད་ཆེན་པོ་ནས༔ དཔལ་ལྡན་རང་བྱུང་རྒྱལ་མོ་འཁོར་དང་བཅས༔ དད་པ་དང་ནི་དམ་ཚིག༴ མ་ཐོགས་སྒྲུབ་པའི༴ གནས་དང་ཉེ་ཞིང་དུར་ཁྲོད་ཆེན་པོ་ནས༔ སྔགས་སྲུང་ཤ་ཟ་ཆེན་མོ་ངན་ནེ་མ༔ དད་པ་དང་ནི་དམ་ཚིག༴ མ་ཐོགས་སྒྲུབ་པའི༴ ཤར་ཕྱོགས་ཞི་བ་ལྷུན་གྲུབ་དུར་ཁྲོད་ནས༔ འབར་མ་ཆེན་མོ་སྤྱང་ཞོན་འཁོར་དང་བཅས༔ དད་པ་དང་ནི་དམ་ཚིག༴ མ་ཐོགས་སྒྲུབ་པའི༴ ལྷོ་ཕྱོགས་རྒྱས་པ་ལྷུན་གྲུབ་དུར་ཁྲོད་ནས༔ དཔལ་ཕྲེང་ལྷ་མོ་འཁོར་དང་བཅས་པ་རྣམས༔ དད་པ་དང་ནི་དམ་ཚིག༴ མ་ཐོགས་སྒྲུབ་པའི༴ ནུབ་ཕྱོགས་དབང་གི་དུར་ཁྲོད་ཆེན་པོ་ནས༔ སྲིན་པོ་ཁ་རིག་གཟི་འབར་འཁོར་དང་བཅས༔ དད་པ་དང་ནི་དམ་ཚིག༴ མ་ཐོགས་སྒྲུབ་པའི༴ བྱང་ཕྱོགས་དྲག་པོ་ལྷུན་གྲུབ་དུར་ཁྲོད་ནས༔ འཇིགས་བྱེད་རྡོ་རྗེ་གློག་ཞོན་འཁོར་དང་བཅས༔ དད་པ་དང་ནི་དམ་ཚིག༴ མ་ཐོགས་སྒྲུབ་པའི༴ ཤར་ལྷོ་གངས་རི་བསྐྱེད་མོས་ཚལ་དབུས་ནས༔ ཚེ་རིང་མཆེད་ལྔ་འཁོར་དང་བཅས་པ་རྣམས༔ དད་པ་དང་ནི་དམ་ཚིག༴ མ་ཐོགས་སྒྲུབ་པའི༴ ལྷོ་ནུབ་ཧ་ཧ་དགོད་པའི་དུར་ཁྲོད་ནས༔ ཤ་ཟ་ཌཱ་ཀིའི་གཙོ་མོ་ཁ་མོ་ཆེ༔ དད་པ་དང་ནི་དམ་ཚིག༴ མ་ཐོགས་སྒྲུབ་པའི༴ ནུབ་བྱང་གཡུ་ཡི་ཁང་བཟང་དམ་པ་ནས༔ རྡོ་རྗེ་གཡུ་སྔོན་ལྷ་མོ་འཁོར་དང་བཅས༔ དད་པ་དང་ནི་དམ་ཚིག༴ མ་ཐོགས་སྒྲུབ་པའི༴ བྱང་ཤར་རིན་ཆེན་གཏེར་གྱི་ཁང་བཟང་ནས༔ མ་ཅིག་ཌཱ་ཀི་དཔལ་ལྷ་འཁོར་དང་བཅས༔ དད་པ་དང་ནི་དམ་ཚིག༴ མ་ཐོགས་སྒྲུབ་པའི༴ དཀྱིལ་འཁོར་ཆེན་པོའི་བར་ཁྱམས་ཁོར་ཡུག་ནས༔ ཕུར་སྲུང་དམ་ཅན་རྒྱ་མཚོ་འཁོར་དང་བཅས༔ དད་པ་དང་ནི་དམ་ཚིག༴ མ་ཐོགས་སྒྲུབ་པའི༴ རང་རང་གནས་ཡུལ་དུར་ཁྲོད་སོ་སོ་ནས༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་འཁོར་དང་བཅས༔ དད་པ་དང་ནི་དམ་ཚིག་གཉན་གྱི་འབོད༔ མ་ཐོགས་སྒྲུབ་པའི་གནས་འདིར་མྱུར་དུ་གཤེགས༔ སྒྲུབ་ལ་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ རྣལ་འབྱོར་ཚེ་སྲོག་བསྲིང་ཕྱིར་གཤེགས་སུ་གསོལ༔ ལོག་འདྲེན་དམ་སྲི་འདུལ་ཕྱིར་གཤེགས་སུ་གསོལ༔ མཐའ་དམག་འབྱུང་པོ་འདུལ་ཕྱིར་གཤེགས་སུ་གསོལ༔ ཨོཾ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ སྤྱན་འདྲེན་པའི་ཡན་ལག་གོ༔  ({{TibChung|བརྡ་ཡིག་}}) ཧཱུྃ༔ གསང་ཆེན་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ བསྟན་དགྲ་གནོད་བྱེད་བསྒྲལ་བའི་ཁྲི་སྟེང་དུ༔ ཕུར་སྲུང་དམ་ཅན་རྒྱ་མཚོ་འཁོར་དང་བཅས༔ གཉིས་མེད་རོལ་པ་ཆེན་པོར་བརྟན་བཞུགས་གསོལ༔ བཛྲ་ས་མ་ཡ་ཏཥྛ་ལྷན༔ བཞུགས་སུ་གསོལ་བའི་ཡན་ལག་གོ༔  ({{TibChung|བརྡ་ཡིག་}}) ཧཱུྃ་ཧྲཱིཿགདོད་ནས་ཀུན་ཏུ་བཟང་པོའི་རོལ་པ་ལས༔ འགྲོ་བའི་དོན་དུ་དྲེགས་པའི་སྐུ་རུ་བཞེངས༔ བསྟན་སྲུང་དམ་ཅན་རྒྱ་མཚོ་འཁོར་བཅས་ལ༔ གཉིས་མེད་གུས་པ་ཆེན་པོས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ ཧོཿ  པྲ་ཏིཙྪ་ ཧོཿ  ཕྱག་འཚལ་བའི་ལན་ལག་གོ༔  ({{TibChung|བརྡ་ཡིག་}}) ཧཱུྃ་ཧྲཱི༔ ཉེར་སྤྱོད་འདོད་ཡོན་སྨན་གཏོར་རཀྟ་དང་༔ དར་ཟབ་སྤྱན་གཟིགས་འབྲུ་སྣ་སྨན་སྦོས་རིགས༔ གསེར་དངུལ་ཟངས་ལྕགས་བྱུ་རུ་མུ་མེན་དབུགས༔ ཨིནྡྲ་ལ་སོགས་རིན་ཆེན་སྣ་ཚོགས་དང་༔ རི་དྭགས་གཡུང་དྭགས་ཆུ་གནས་བྱ་རིགས་སོགས༔ དགྲ་བགེགས་བསྒྲལ་བའི་ཕུང་ཁམས་སྐྱེ་མཆེད་བཅས༔ བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ༔ དགྲ་བགེགས་མཐའ་དམག་ཧ་ལུ་མནྡ་དང་༔ འབྱུང་པོ་མེ་ཞོན་འགོང་ནག་རླུང་ཞོན་རིགས༔ ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་ནས་ཀྱང་༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་མཛོད༔ ཞི་རྒྱས་དབང་དྲག་ཕྲིན་ལས་ཐོགས་མེད་བསྒྲུབ༔ ཨོཾྃ་བཛྲ་དྷེ་ཝ་ཌཱཀི་ནཱི་སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགསཤཔྡ་རཱུ་པ་སོགསསྤཪྵེ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིངྟ་མཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་ལ་ཁཱ་ཧི༔ མཆོད་པ་འབུལ་བའི་ལན་ལག་གོ༔  ({{TibChung|བརྡ་ཡིག་}}) ཧཱུྃ་ཧྲཱིཿགདོད་མའི་གཞི་དབྱིངས་ཀུན་ཏུ་བཟང་མོ་ཡི༔ སྒྱུ་འཕྲུལ་གར་གྱི་རྣམ་རོལ་སྲུང་མ་ཆེ༔ དམ་ལྡན་རྣལ་འབྱོར་བུ་བཞིན་སྐྱོང་བའི་མ༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོ་ཁྱོད་ལ་བསྟོད༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་༔ བསྟན་པ་སྲུང་ཞིང་དྲག་མོའི་སྐུ་རུ་བཞེངས༔ སྲིད་གསུམ་འཛིན་མའི་ཁྱོན་ལ་མངའ་དབང་བསྒྱུར༔ མ་མོ་རེ་མ་ཏཱི་ལ་ཕྱག་འཚལ་བསྟོད༔ གནས་ཡུལ་དུར་ཁྲོད་ཀུན་གྱི་མངའ་བདག་མོ༔ གནོད་སྦྱིན་ཚུལ་གྱིས་སྒྲུབ་ལ་དངོས་གྲུབ་སྟེར༔ སངས་རྒྱས་བསྟན་ལ་གཡེལ་མེད་བྱ་ར་བྱེད༔ དུར་ཁྲོད་ལྷ་མོའི་སྐུ་གསུང་ཐུགས་ལ་བསྟོད༔ ཞི་བའི་ཚུལ་གྱིས་སྒྲུབ་ལ་དངོས་གྲུབ་སྟེར༔ དྲག་པོའི་སྐུར་བཞེངས་ཞིང་བཅུ་ཆམ་ལ་འབེབས༔ སྣ་ཚོགས་གར་མཁན་གཟུགས་སུ་བརྫུ་བ་མོ༔ ལས་བཞིའི་མཁའ་འགྲོ་མཚམས་བཞིའི་ལྷ་མོར་བསྟོད༔ དཀྱིལ་འཁོར་མཐའ་སྐྱོང་དབང་མོ་ཉི་ཤུའི་ཚོགས༔ བཀའ་ཡི་དམ་ཚིག་གཉན་པོའི་རྗེས་འཛིན་ཅིང་༔ ལྷ་མཆོག་ཕུར་པ་སྒྲུབ་པའི་རྣལ་འབྱོར་ལ༔ བུ་བཞིན་སྐྱོངས་མཛད་ཕུར་སྲུང་རྒྱ་མཚོར་བསྟོད༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་འཛིན་ཅིང་༔ བཀའ་བཞིན་རབ་འབྱམས་ཕྲིན་ལས་ཐོགས་མེད་བསྒྲུབ༔ ཕྱི་རོལ་ཀླ་ཀློ་ལྟ་ལོག་རྡུལ་དུ་བརླག༔ བསྟན་སྲུང་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད༔ སྤྱིར་བསྟོད་པའི་ཡན་ལག་གོ༔  ({{TibChung|བརྡ་ཡིག་}}) ཧཱུྃ་ཧྲཱིཿཡེ་གཞི་ཀ་དག་སྤྲོས་པ་བྲལ་བའི་དབྱིངས༔ ལྷུན་གྲུབ་ཡོན་ཏན་ཀུན་རྫོགས་ཐིག་ལེ་ཆེ༔ སྤྲུལ་པ་དགྱེས་ཆགས་གར་གྱི་རྣམ་རོལ་ལས༔ ཀུན་ཏུ་བཟང་མོ་དྲག་ཁྲོས་ཨེ་ཀ་ཛ༔ ཆོས་ཉིད་སྐྱེ་བ་མེད་པའི་སྐུ་མདོག་མཐིང་༔ ཉག་གཅིག་ཞལ་གྱི་དཀྱིལ་འཁོར་མཛེས་པ་ངོམས༔ སྐུ་གསུམ་འདུ་འབྲལ་མེད་པའི་སྤྱན་གཅིག་གཟིགས༔ བདེན་གཉིས་ཟུང་འཇུག་ཤངས་བུག་ཧ་རེ་ཕྱེས༔ ལོག་འདྲེན་ཚར་གཅོད་ཧཱུྃ་གི་སྣང་གླུ་ལེན༔ བདག་མེད་རྟོགས་པའི་ཚེམས་ཀྱིས་དགྲ་གདོན་གསོལ༔ རྟོག་བཅས་རྟོག་མེད་དབྱིངས་སུ་བཅོལ་བ་ཡི༔ རལ་པ་འབྲུ་གཅིག་ཀུན་ཟླུམ་དབྱིངས་སུ་འཁྱིལ༔ ཐབས་ཤེས་གཉིས་མེད་སྙན་གྱི་པདྨོ་རྒྱས༔ སྒྲུབ་ལ་དངོས་གྲུབ་སྟེང་མཛད་ནུ་གཅིག་འཕྱང་༔ འཁོར་འདས་ཕྱོགས་འཛིན་སྤངས་པའི་ཕྱག་གཉིས་པ༔ ཞིང་བཅུ་ཚར་གཅོད་བམ་གྱི་དབྱུག་པ་ཕྱར༔ སྡིགས་མཛུབ་རྩེ་ནས་ལྕགས་སྤྱང་ཚྭ་ཚྭ་འཕྲོ༔ བར་ཆད་ཉུལ་ལེ་ཐལ་བའི་རྡུལ་བཞིན་བརླག༔ སྣང་སྟོང་དབྱེར་མེད་ཟུང་དུ་འཇུག་པ་ཡི༔ རྐང་གཅིག་བདག་རྟོག་རཱུ་ཏྲའི་སྙིང་གར་བརྫིས༔ སྲིད་ཞིའི་མཁའ་རུ་སྡུད་པའི་བྷ་ག་རྒྱས༔ རྟོག་ཚོགས་ལྔ་བཅུ་རྩ་བརྒྱད་བཅོམ་པ་ཡི༔ མོ་མགོ་ལྔ་བཅུའི་ཕྲེང་བའི་སེ་རལ་ཁ༔ སྤྲུལ་སྐུ་དགྱེས་ཆགས་འགྲོ་ལ་དགོངས་པའི་ཕྱིར༔ ཞིང་ཆེན་མི་ལྤགས་རློན་པ་གོས་སུ་ཀླུབས༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་གར་མཁན་དཔྱིད༔ སྤྲིན་དཀར་ཀློང་དུ་འགྱིང་བའི་སྟབས་སུ་བཞུགས༔ བདེ་སྟོང་དབྱིངས་ཀྱི་རྗེ་མོའི་སྐུ་ལ་བསྟོད༔ གསུང་གི་ང་རོས་དགྲ་བགེགས་བརྒྱལ་ཞིང་བསྔངས༔ ཧཱུྃ་གླུའི་སྒྲ་ཡིས་ཀུན་རྟོག་འཁོར་བ་འཇིག༔ ཕཊ་ཕེཾ་ལོག་འདྲེན་གཞོམ་པའི་ངག་བྲོ་འཁྲབ༔ རྒོད་གཤེད་རྔམས་ཤུལ་ལྡན་པའི་ང་རོ་ཡིས༔ འབྱུང་དམག་འཇོམས་མཛད་རྗེ་མོའི་གསུང་ལ་བསྟོད༔ ཆོས་སྐུ་སྤྲོས་མཐའ་བྲལ་ཞིང་ཡུལ་བརྒྱད་སྤངས༔ ལོངས་སྐུ་སྣ་ཚོགས་ཚོམ་བུ་ཕྱོགས་སུ་འབར༔ སྤྲུལ་པ་དགའ་དགྱེས་དྲག་མོའི་སྐུ་རུ་བཞེངས༔ སྒྲུབ་ལ་དངོས་གྲུབ་སྟེར་ཞིང་བགེགས་ཚོགས་གཞོམ༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོའི་ཐུགས་ལ་བསྟོད༔ མེ་ལོང་ཡེ་ཤེས་དབྱིངས་ལས་སྐུ་བཞེངས་ཤིང་༔ ཞི་བའི་ཕྲིན་ལས་མ་ལུས་ཐོགས་མེད་བསྒྲུབ༔ གར་གྱི་རྣམ་འགྱུར་མ་ངེས་སྤྱོད་པ་སྟོན༔ རྡོ་རྗེ་ཨེ་ཀ་ཛ་ཊཱིའི་སྐུ་ལ་བསྟོད༔ མཉམ་ཉིད་ཡེ་ཤེས་དབྱིངས་ལས་སྐུ་བཞེངས་ཤིང་༔ རྒྱས་པའི་ཕྲིན་ལས་མ་ལུས་ཐོགས་མེད་བསྒྲུབ༔ གར་གྱི་རྣམ་འགྱུར་མ་ངེས་སྤྱོད་པ་སྟོན༔ རིན་ཆེན་ཨེ་ཀ་ཛ་ཏིའི་སྐུ་ལ་བསྟོད༔ སོར་རྟོག་ཡེ་ཤེས་དབྱིངས་ལས་སྐུ་བཞེངས་ཤིང་༔ དབང་གི་ཕྲིན་ལས་མ་ལུས་ཐོགས་མེད་བསྒྲུབ༔ གར་གྱི་རྣམ་འགྱུར་མ་ངེས་སྤྱོད་པ་སྟོན༔ པདྨ་ཨེ་ཀ་ཛ་ཏིའི་སྐུ་ལ་བསྟོད༔ བྱ་གྲུབ་ཡེ་ཤེས་དབྱིངས་ལས་སྐུ་བཞེངས་ཤིང་༔ དྲག་པོའི་ཕྲིན་ལས་མ་ལུས་ཐོགས་མེད་བསྒྲུབ༔ གར་གྱི་རྣམ་འགྱུར་མ་ངེས་སྤྱོད་པ་སྟོན༔ ཀརྨ་ཨེ་ཀ་ཛ་ཏིའི་སྐུ་ལ་བསྟོད༔ དཔལ་ལྡན་རང་བྱུང་རྒྱལ་མོ་འཇིགས་པའི་སྐུ༔ སྲིད་པའི་བོང་བུ་གྭ་པའི་སྟེང་ན་འགྱིང་༔ ཞལ་གདངས་ལྗགས་འདྲིལ་རྣོ་དབལ་མཆེ་བ་གཙིགས༔ སྤྱན་གསུམ་བསྒྲད་པའི་ཤངས་ནས་ཧཱུྃ་གླུ་ལེན༔ ཕཊ་བྷྱོའི་སྒྲ་ཡིས་ལོག་འདྲེན་ཐལ་བར་བརླག༔ ཕྱག་གཉིས་རལ་གྲི་ཐོད་ཁྲག་ཁྲམ་ཤིང་བསྣམས༔ དུར་ཁྲོད་ཆས་བརྒྱད་གསོལ་ཞིང་སྲིད་གར་འཁྲབ༔ སྐུ་ལས་ཕུར་སྲུང་རྒྱ་མཚོ་ལས་ལ་འགྱེད༔ སྣང་སྲིད་ལེགས་ཉེས་ཀུན་གྱི་དབང་མོར་བསྟོད༔ དུར་ཁྲོད་ཉུལ་ཞིང་མ་ངེས་སྤྱོད་པ་སྟོན༔ གསང་སྔགས་བསྟན་པའི་གཉེར་འཛིན་མཐུ་མོ་ཆེ༔ སྔགས་སྲུང་དུར་ཁྲོད་ལྷ་མོ་ངན་ནེ་མ༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ སྤྱན་བསྒྲད་རལ་པ་དམར་སེར་སྲིད་རྩེར་འཁྱིལ༔ ཕྱག་གཉིས་ཡིད་བཞིན་ནོར་བུ་གཏེར་བུམ་བསྣམས༔ མཉམ་ཉིད་ངང་གདངས་སྐུ་མདོག་གསེར་འོད་འབར༔ དུར་ཁྲོད་ཆས་བརྒྱད་ཉེར་སྤྱོད་དྲུག་གིས་སྤྲས༔ ཞབས་གཉིས་འགྱིང་སྟབས་བམ་གྱི་གདན་ལ་བརྫིས༔ གནས་ཡུལ་དུར་ཁྲོད་ཀུན་གྱི་དབང་མོར་བསྟོད༔ ཕྲིན་ལས་བཞི་ལ་དབང་མཛད་མཐུ་མོ་ཆེ༔ འབར་མ་ཆེན་མོ་དུར་ཁྲོད་དཔལ་ཕྲེང་མ༔ ཁ་རིག་གཟི་འབར་འཇིགས་བྱེད་གློག་ཕྲེང་ཅན༔ འཇིག་རྟེན་ཚུལ་འཛིན་མཁའ་འགྲོ་བཞི་ལ་བསྟོད༔ དུས་བཞིའི་དྲོད་ཉུལ་སྒྲུབ་ལ་དངོས་གྲུབ་སྟེར༔ ཚེ་རིང་མ་དང་ཤ་ཟ་ཁ་མོ་ཆེ༔ རྡོ་རྗེ་གཡུ་སྒྲོན་དཔལ་གྱི་ལྷ་མོའི་ཚོགས༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་མཁའ་འགྲོར་བསྟོད༔ ཤྭ་ན་མཆེད་བཞི་རེ་ཏཱི་མ་བཞི་དང་༔ བསྭེ་མོ་མཆེད་བཞི་སྐྱེས་བུ་གིང་བཞི་སོགས༔ ཕུར་པའི་སྲུང་མར་ཁས་བླངས་དམ་བཅས་ཤིང་༔ སྒྲུབ་པ་པོ་ལ་ཚེ་དང་ལོངས་སྤྱོད་ཆོས༔ འཁོར་དང་གཟི་བརྗིད་སྙན་གྲགས་དངོས་གྲུབ་སྟེར༔ དམ་ཉམས་ཞིང་བཅུའི་སྡེ་དཔུང་བརླག་མཛད་པའི༔ ཡེ་ཤེས་འཇིག་རྟེན་སྲུང་མའི་ཚོགས་ལ་བསྟོད༔ བྱེ་བྲག་ཏུ་བསྟོད་བའི་ཡན་ལག་གོ༔  ({{TibChung|བརྡ་ཡིག་}}) ཧོཿ བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་དགོངས༔ བདག་ནི་མ་རིག་བག་མེད་དབང་འགྱུར་ཏེ༔ སོ་ཐར་བྱང་སེམས་གསང་སྔགས་སྡོམ་ཉམས་དང་༔ ཁྱད་པར་མཆོད་གསོལ་རྒྱུན་གཏོར་ཆགས་པ་དང་༔ ལེ་ལོའི་དབང་གིས་ཕུད་དང་མཆོད་རྫས་ཞན༔ སེར་སྣའི་དུག་དང་འདྲེས་པའི་ཉེས་འགལ་ཀུན༔ ཕུར་སྲུང་རྒྱ་མཚོའི་ཚོགས་ལ་བཟོད་པར་གསོལ༔ ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་ས་མ་ཡ༔ ཨཱཿས་མ་ཡ༔ ཧཱུྃ་ས་མ་ཡ༔ ཨོཾ་བཛྲ་སཏྭ་སོགས་ཡི་གེ་བརྒྱ་པ་བརྗོད༔ བཤགས་པ་བྱ་བའི་ཡན་ལག་གོ༔  ({{TibChung|བརྡ་ཡིག་}}) རང་ཉིད་ཡི་དམ་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཆོས་སྐྱོང་རྣམས་ཀྱི་ཐུགས་ཀར་ཕོག༔ ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་འབྱུང་བ་ལྔའི་ཁམས་ནས་འབྱུང་ལྔའི་ངོ་བོ་རང་འདྲ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཆོས་སྐྱོང་ཆེན་པོའི་སྐུ་གསུང་ཐུགས་ལ་ཐིམ་པས་འཁོར་འདས་ཡོངས་ལ་མངའ་དབང་བསྒྱུར་ཞིང་བདག་གི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབ་པར་བསམ༔ ཨོཾ་མ་མ་ཨེ་ཀ་ཙ་ཏི་མ་བྷྱོ་ཛ་ཧྲཱིཾ་ར་ལི་པྲ་མ་ནི་བཛྲ་ཧ་རི་ནི་ས་ཛཿཧཱུྃ་བཾ་ཧོ་ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏི་མཱ་ར་སྱ་ན་པྲ་མརྟ་ན་ཡེ་སརྦ་བཛྲ་ས་མ་ཡ་ཛ་ཛ་ཕེཾ་ཕེཾ༔ བར་མ་ཆད་པ་ཆུ་བོའི་གཞུང་བཞིན་བཟླ༔ འཛབ་སྔགས་བཟླ་བའི་ཡག་ལག་གོ༔  ({{TibChung|བརྡ་ཡིག་}}) དེ་ནས་དམར་གཏོར་སྐྱེམས་མཆོད་བཤམས༔ སྭ་བྷཱ་ཝ་ཡིས་སྟོང་པར་གྱུར༔ རྃ་ཡྃ་ཁྃ་གིས་མི་གཙང་སྦྱངས༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུར༔ ཧ་ཧོ་ཧྲཱིཿཡིས་མང་དུ་སྤེལ༔ གསེར་སྐྱེམས་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་རྒྱ་མཚོ་ཆེན་པོ་ཟད་མི་ཤེས་པའི་གཏེར་དུ་གྱུར༔ ནམ་མཁའ་མཛོད་སྔགས་ལན་གསུམ་བརྗོད༔ ཧཱུྃ་ཛཿཀུན་ཏུ་བཟང་མོ་ཉིད་ཞི་མུ་ཁ་ལེ༔ ཨེ་ཀ་ཛ་ཏི་དཔལ་ལྡན་རེ་མ་ཏཱི༔ དུར་ཁྲོད་བདག་མོ་ལྷ་མོ་ངན་ནེ་མ༔ ཛ་ཏི་མཆེད་བཞི་འབར་མ་སྤྱང་ཞོན་མ༔ རྡོ་རྗེ་དཔལ་ཕྲེང་སྲིན་མོ་གཟི་འབར་མ༔ འཇིགས་བྱེད་ཆེན་མོ་ཚེ་རིང་མཆེད་ལྔ་དང་༔ ཁ་མོ་ཆེ་དང་རྡོ་རྗེ་གཡུ་སྒྲོན་མ༔ དཔལ་ལྡན་ལྷ་མོ་ཤྭ་ན་མཆེད་བཞི་དང་༔ རེ་ཏཱི་མ་བཞི་བསྭེ་མོ་མཆེད་སྡེ་བཞི༔ སྐྱེས་བུ་མཆེད་བཞི་ཕུར་སྲུང་རྒྱ་མཚོའི་ཚོགས༔ ཡེ་ཤེས་འཇིག་རྟེན་བཀའ་སྲུང་དྲེགས་པའི་སྡེ༔ མ་ཐོགས་འབོད་པའི་གནས་འདིར་གཤེགས་སུ་གསོལ༔ ཕྱི་མཆོད་ཉེར་སྤྱོད་དར་ཟབ་སྤྱན་གཟིགས་དཀོར༔ ནང་མཆོད་འདོད་ཡོན་ལྔ་དང་ཤ་ཁྲག་ཚོགས༔ གསང་མཆོད་སྨན་གཏོར་རཀྟ་གྷ་ཎ་དང་༔ རི་དྭགས་གཡུང་དྭགས་ཆུ་གནས་བྱ་རིགས་ཚོགས༔ མི་ཟད་ལོངས་སྤྱོད་རྒྱན་གྱི་འཁོར་ལོ་ཡིས༔ སྔགས་སྲུང་ཨེ་ཀ་ཛ་ཊཱིའི་ཐུགས་དམ་བསྐང་༔ དཔལ་ལྡན་རང་བྱུང་རྒྱལ་མོའི་ཐུགས་དམ་བསྐང་༔ མ་མོ་ངན་ནེ་མ་ཡི༴ སྤྲུལ་པ་ཙ་ཏི་མཆེད་བཞིའི༴ འབར་མ་སྤྱང་ཞོན་མ་ཡི༴ རྡོ་རྗེ་དཔལ་ཕྲེང་མ་ཡི༴ སྲིན་མོ་གཟི་འབར་མ་ཡི༴ བདུད་མོ་འཇིགས་བྱེད་ཆེན་མོའི༴ སྨན་བཙུན་ཚེ་རིང་མ་ཡི༴ ཤ་ཟ་ཁ་མོ་ཆེ་ཡི༴ རྡོ་རྗེ་གཡུ་སྒྲོན་མ་ཡི༴ ནོར་སྟེར་དཔལ་གྱི་ལྷ་མོའི༴ ཞི་མཛད་ཤྭ་ན་མ་བཞིའི༴ རྒྱས་མཛད་རེ་ཏཱི་མཆེད་བཞིའི༴ དབང་སྡུད་བསྭེ་མོ་བཞིའི༴ དྲག་པོ་སྐྱེས་བུ་སྡེ་བཞིའི༴ གཞན་ཡང་ཕུར་སྲུང་རྒྱ་མཚོའི༴ དེ་ལྟར་མཆོད་ཅིང་འདོད་དོན་གསོལ་བ་ནི༔ སངས་རྒྱས་བསྟན་སྲུང་དཀོན་མཆོག་དབུ་འཕང་བསྟོད༔ དགེ་འདུན་སྡེ་སྐྱོང་རྣལ་འབྱོར་ཚེ་སྲོག་བསྲིང་༔ འཇིགས་པ་བརྒྱུད་སོགས་འགལ་རྐྱེན་ཞི་བ་དང་༔ ཚེ་དང་བསོད་ནམས་ལོངས་སྤྱོད་རྒྱས་པར་མཛོད༔ ཁམས་གསུམ་སྲིད་གསུམ་སྐྱེ་འགྲོ་ཕོ་མོ་དང་༔ ཟས་ནོར་ལོངས་སྤྱོད་འདོད་རྒུ་དབང་དུ་སྡུད༔ གནོད་ཅིང་འཚེ་བའི་དགྲ་བགེགས་རྡུལ་དུ་རློག༔ མདོར་ན་རབ་འབྱམས་ཕྲིན་ལས་ཐོགས་མེད་སྒྲུབ༔ བཀའ་དང་དམ་ལས་མ་འདའ་ས་མ་ཡ༔ དེ་ལྟར་རྟག་ཏུ་མཆོད་ཅིང་བསྟོད་པ་ཡིས༔ རྣལ་འབྱོར་ཕྲིན་ལས་རབ་འབྱམས་ཐོགས་མེད་འགྲུབ༔ དངོས་གྲུབ་མྱུར་སྟེར་བར་ཆད་རྡུལ་དུ་བརླག༔ ཚེ་བསྲིང་དཔལ་བསྐྱེད་འདོད་དོན་རེ་བ་སྐོང་༔ རང་སྣང་དབང་སྡུད་གཞན་སྣང་ཟིལ་གྱིས་གནོན༔ ཚངས་དང་བརྒྱ་བྱིན་སོགས་ཀྱིས་མི་འཇིགས་ན༔ གཟུགས་མེད་འདྲེ་བགེགས་རྣམས་ཀྱིས་སྨོས་ཅི་དགོས༔ གཞན་གྱིས་རྒོལ་ཞིང་གནོད་པའི་རིགས་རྣམས་ཀུན༔ ཕུར་སྲུང་རྒྱ་མཚོའི་ཚོགས་ཀྱི་ཟ་སྐལ་བྱེད༔ དམ་ལྡན་སྒྲུབ་པོའི་སྲོག་ལྷ་ཚེ་བརྟེན་བྱེད༔ དམ་ཉམས་ལྟ་ལོག་ཙིཏྟའི་གཤེད་དུ་ཆེ༔ ས་མ་ཡ༔ ཨེ་མ༔ ཨོ་རྒྱན་ཆེན་པོའི་ཐུགས་ཀྱི་ཡང་སྙིང་མཆོག༔ ཟབ་ལམ་ཆོས་ཟབ་སྒྲུབ་པ་ཀུན་གྱི་བཅུད༔ མཁའ་འགྲོའི་སྲོག་ལས་སྣང་བའི་གསང་རྒྱ་ཡོད༔ སྣོད་མིན་སྐྱེ་བོའི་ཚོགས་ལ་ཨ་ཐཾ་རྒྱ༔ རླུང་ཕྱོགས་ཙམ་ཡང་བསྒྲགས་པར་མི་བྱ་བའི༔ སྲོག་གི་ཡང་ཐིག་ཕུར་པའི་སྒྲུབ་ཕྲིན་འདི༔ བཀའ་ཡི་སྲུང་མ་མིང་སྲིང་བཅུ་དྲུག་དང་༔ དབང་མོ་ཉེར་བརྒྱད་གནོད་སྦྱིན་རྨེ་རུ་ཙེ༔ ལྷ་ཆེན་དབང་ཕྱུག་གཟའ་བདུད་རྒྱལ་པོ་ལ༔ བཀའ་རྟགས་རྡོ་རྗེ་རྒྱ་ཡིས་གཏད་ནས་ཀྱང་༔ ཟོབ་རྫུན་ལོག་ལྟ་མཁན་དང་རིས་གཅོད་མི༔ བསྟན་ལ་རྒོལ་བའི་གཟུགས་ཅན་གཟུགས་མེད་པའི༔ ལོག་འདྲེན་རྣམས་ཀྱི་སྲོག་གི་གཤེད་དུ་བསྐོས༔ དམ་ལྡན་ཕུར་བའི་བཀའ་བབས་ཆོས་བདག་ལ༔ གཏད་རྒྱ་བཀྲོལ་ཞིང་སྐུ་ཚེའི་རྐྱེན་གེགས་བསལ༔ སྙན་གྲགས་གདུལ་བྱ་འགྲོ་དོན་རྒྱས་པ་ཡི༔ གྲོགས་སུ་བསྐོས་ཞིང་དམ་ཚིག་སྲོག་དང་བསྲེས༔ དེ་ལྟར་རྡོ་རྗེ་ཕུར་བའི་སྲུང་མ་ཡི༔ སྒྲུབ་ཐབས་ལག་ལེན་གསོལ་མཆོད་རིམ་པ་འདི༔ བཀའ་སྲུང་རྡོ་རྗེ་ལེགས་པ་ཁྱོད་ལ་གཏད༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ ཟབ་རྒྱ༔ སྦས་རྒྱ༔ དབྱིངས་སྣང་མཁའ་འགྲོའི་རྒྱ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཡང་མི་ལོ་ཉི་ཤུ་རྩ་བརྒྱད་བར་དུ་བཀའ་རྒྱ་བྱས་མཐར་ཆོས་བདག་སྐྱེས་བུ་དམ་པ་དགེ་ལེགས་དཔལ་བཟང་པོས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་པར་ཕབ་པའོ།།}}

</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Revision as of 10:10, 4 September 2025

Wylie title zab gsang mkha' 'gro'i snying thig las: thugs sgrub gsang ba'i rgya can gyi cha rkyen srung ma'i sgrub thabs: bdud 'joms gnam lcags rdo rje: TTDL-ZABTER-05-CA-042.pdf
Location bdud 'joms gling pa zab gter
Volume 5, Text 42, Pages 399-425 (Folios 1a1 to 14a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las thugs sgrub gsang ba'i rgya can gyi cha rkyen srung ma'i sgrub thabs bdud 'joms gnam lcags rdo rje. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 5: 399-425. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: sgrubs thabs   Verso: bdud 'joms phur srung
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle ཐུགས་སྒྲུབ་གསང་བའི་རྒྱ་ཅན་ (thugs sgrub gsang ba rgya can)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity E ka dzA Ti
Colophon

ཞེས་པ་འདི་ཡང་མི་ལོ་ཉི་ཤུ་རྩ་བརྒྱད་བར་དུ་བཀའ་རྒྱ་བྱས་མཐར་ཆོས་བདག་སྐྱེས་བུ་དམ་པ་དགེ་ལེགས་དཔལ་བཟང་པོས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་པར་ཕབ་པའོ།།

zhes pa 'di yang mi lo nyi shu rtsa brgyad bar du bka' rgya byas mthar chos bdag skyes bu dam pa dge legs dpal bzang pos nan du bskul ngor khrag 'thung bdud 'joms rdo rjes dag par phab pa'o//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན་གྱི་ཆ་རྐྱེན་སྲུང་མའི་སྒྲུབ་ཐབས༔ བདུད་འཇོམས་གནམ་ལྕགས་རྡོ་རྗེ་བཞུགས་སོ༔

ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) བདག་འདྲ་རིག་འཛིན་རྡོ་རྗེ་གཤོག་རྒོད་ངས༔ མ་འོངས་བརྒྱུད་འཛིན་རྣམས་ཀྱི་དོན་ཆེད་དུ༔ ཕུར་སྲུང་དམ་ཅན་སྒྲུབ་པའི་ལས་བྱང་བསྟན༔ བསྐལ་པའི་མར་གཤམ་དུས་ཀྱི་སྙིགས་མ་ལ༔ དཀར་ཕྱོགས་ཉམས་དམའ་ནག་ཕྱོགས་ཁ་དར་ནས༔ ལས་དང་ལས་ཀ་དམར་དང་ཆོམ་རྐུན་བྱེད༔ ནོར་དང་རྒྱན་ཆ་མཆོག་ཏུ་གོ་མཚོན་འཛིན༔ མ་མོ་མཁའ་འགྲོ་འཁྲུགས་ནས་ནད་རིམས་གཏོང་༔ ལས་ངན་རང་གིས་སྤྱོད་ནས་བསྐལ་ངན་ཟེར༔ དམེ་འཁྲུགས་ནང་འཐབ་ཕ་སྤུན་ཡིད་མི་ཆེས༔ སྙིང་འདྲའི་མི་ལ་སྙིང་གཏོད་དོན་སྙིང་འབྱིན༔ སྔགས་པ་དབུ་འཕང་དམའ་བའི་དུས་བྱུང་ཚེ༔ བདག་གི་བརྒྱུད་འཛིན་ལས་དང་སྐལ་ལྡན་རྣམས༔ དབེན་པའི་གནས་སུ་སྒྲུབ་པའི་དལ་ཞལ་ཕྱེས༔ འཁོར་ལོ་རྩིབས་བཅུའི་ལྟེ་བ་གྲུ་གསུམ་དབུས༔ དམར་གྱི་གཏོར་མ་གྲུ་གང་བརྗིད་ལྡན་དང་༔ གཡས་སུ་དམར་གཏོར་མཐོ་གང་གཡོན་ཏེ་ལྟར༔ ཕྱོགས་བཞིར་གཏོར་ཕྲན་བཞི་དང་མཚམས་བཞིར་བཞི༔ དེ་མཐར་བཅུ་གཉིས་དེ་མཐར་བཞི་བཞག་གོ༔ དེ་མཐར་གཏོར་ཆུང་ཉི་ཤུ་རྩ་བརྒྱད་བཞག༔ སྐྱུ་གུ་བ་ལིཾ་ཟན་དུམ་རིལ་བུས་བསྐོར༔ ཕྱི་ནང་གསང་མཆོད་ག་ཎའི་ལོངས་སྤྱོད་དང་༔ ནལ་བུའི་རྒྱལ་མཚན་རྨ་བྱ་བོང་དྲེལ་དང་༔ བྱ་ནག་ཤ་རྐྱང་གཟུགས་འགྲོས་དཔག་མེད་བཤམ༔ དམ་ཚིག་སྲོག་ལ་ཐེབས་པ་ཡི་དམ་མཆོག༔ སྒྲུབ་པའི་རྟགས་མཚན་མ་རྫོགས་བར་དུ་བསྒྲུབ༔ དེ་མིན་སྲུང་མ་བྲན་དུ་ཁོལ་མི་སྲིད༔ ཆོས་ཉིད་དོན་རྟོགས་རྣལ་འབྱོར་དབང་ཕྱུག་གམ༔ ཡང་ན་ཐབས་ལམ་མཐར་ཕྱིན་རྣལ་འབྱོར་རམ༔ ཡང་ན་བསྙེན་སྒྲུབ་ཚད་རྫོགས་དམ་ལྡན་ལ༔ སྲུང་མ་དམ་ཅན་རྒྱ་མཚོས་བུ་ལྟར་བརྩེ༔ དེ་གང་མེད་ན་འདོད་པས་ཁུག་མིན་ཏེ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་དལ་ཞལ་ཕྱེས༔ བསྐྱེད་རྫོགས་གདིང་ལྡན་བསྒྲུབ་ལ་གཞོལ་བའི་བུས༔ བར་ཆད་སེལ་ཕྱིར་སྲུང་མ་དབང་བྱེད་ན༔ དམ་ཚིག་ཟོལ་མེད་ཡི་དམ་ཚད་མར་ཟུངས༔ དེ་ནས་དམ་ཅན་བསྒྲུབ་པའི་ལས་གཞུང་འཇུག༔ ས་མ་ཡ༔ ཧཱུྃ་ཧཱུྃ་ཧཱུྃ༔ བདག་ཉིད་དཔལ་ཆེན་པོའི་ཐུགས་ཀ་ནས་ཡི་གེ་བྷྲུྃ་དམར་ནག་གཅིག་སྤྲོས༔ དེ་ཡོངས་སུ་གྱུར་པ་ལས༔ དུར་ཁྲོད་ཐོད་མཁར་འབར་བའི་ཚལ་དུ་རབ་འཇིགས་དྲག་པོའི་གཞལ་ཡས་ཁང་ཆེན་པོ་ཚད་དང་མཚན་ཉིད་སྣ་ཚོགས་ཡོངས་སུ་རྫོགས་པའི་དབུས་སུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་སུམ་བརྩེགས་ཀྱི་སྟེང་དུ་པདྨ་དང་ཉི་མ་རོ་ཡི་གདན་ལ༔ བདག་ཡི་དམ་གྱི་ཐུགས་ཀ་ནས་ཡི་གེ་མ་སྨུག་ནག་འོད་འབར་བ་གཅིག་འཕྲོས་པས༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ༔ ཐུགས་རྗེ་གཟི་བྱིན་ཐམས་ཅད་བསྡུས་ཏེ་མ་ལ་བསྟིམ༔ སླར་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཡེ་ཤེས་དང་འཇིག་རྟེན་གྱི་མ་ཚོགས་མཁའ་འགྲོ་རྒྱ་མཚོ་ཆོས་སྐྱོང་དམ་ཅན་རྒྱ་མཚོ་ཐམས་ཅད་ཀྱི་མཐུ་རྩལ་ནུས་སྟོབས་ཐམས་ཅད་མ་ལ་བསྡུས༔ མ་ལས་འོད་ཟེར་དྲག་ཅིང་ཚ་ལ་རྩུབ་པ་དཔག་ཏུ་མེད་པ་འཕྲོས་པས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད་རྡུལ་དུ་བརླག༔ དེ་དག་གི་ཚེ་བསོད་བཀྲག་མདངས་ནུས་སྟོབས་ཐམས་ཅད་བསྡུས་ཏེ་མ་ལ་བསྟིམ༔ ཕྱོགས་བཅུའི་རྒྱལ་དང་རྒྱལ་སྲས་དུ་མར་སྣང་ཞིང་སྟོན་པ་ཐམས་ཅད་ཡེ་ཤེས་ཀློང་དུ་རོ་གཅིག་དུ་འདུས་ལ་སོ་སོར་མི་གཞན་པར་ཡི་གེ་མ་ལ་འདུས་པ་ཡོངས་སུ་གྱུར་པ་ལས༔ ཧཱུྃ་ཧཱུྃ་ཧཱུྃ༔ སྔགས་སྲུང་གཙོ་མོ་ཨེ་ཀ་ཛ་ཊཱི་མ༔ སྨུག་ནག་ཞལ་གཅིག་ཕྱག་གཉིས་འོད་ཟེར་འབར༔ སྤྱན་གཅིག་འཁོར་འདས་མ་ལུས་ས་ལེར་གཟིགས༔ ཚེམས་གཅིག་བསྟན་པའི་རཱུ་དྲའི་ཤ་རུས་གསོལ༔ དམར་སེར་སྣུམ་ལྕུགས་རལ་གཅིག་གྱེན་དུ་འཁྱིལ༔ ཕྱག་གཡས་ཞིང་དབྱུག་གཡོན་པས་དགྲ་སྙིང་གསོལ༔ སྡིག་མཛུབ་རྩེ་ནས་ལྕགས་སྤྱང་ལྕགས་ཕུར་འགྱེད༔ ཞབས་གཅིག་རྒྱལ་བསེན་དམ་སྲིའི་སྙིང་ཀར་བརྫིས༔ སྤྲིན་དཀར་ཀློང་ན་འགྱིང་བའི་སྟབས་སུ་བཞུགས༔ དྲག་པོ་ཕུར་སྐྱོང་རྒྱ་མཚོ་ལས་ལ་འགྱེད༔ སྣང་སྲིད་འཁོར་འདས་བཀོད་པ་སྐུ་ལ་རྫོགས༔ ཁྱབ་བདག་གཞོམ་མེད་ཉག་གཅིག་ཐིག་ལེའི་སྐུ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་ཅིང་༔ སྒྲུབ་མཆོག་བདག་ལ་མ་ལྟར་དགྱེས་དགོངས་བསམ༔ ཤར་ཕྱོགས་དཀར་གསལ་ཟླུམ་འཁྱིལ་འོད་ཀློང་དུ༔ ཞི་བའི་ལས་མཛད་ཙ་ཏི་དཀར་མོ་ནི༔ ཕྱག་གཉིས་ལྕགས་ཀྱུ་དངུལ་དཀར་ཕུར་པ་འདྲིལ༔ ལྷོ་ཕྱོགས་སེར་གསལ་གྲུ་བཞིའི་དཀྱིལ་འཁོར་དུ༔ རྒྱས་པའི་ལས་མཛད་ཙ་ཏི་སེར་མོ་ནི༔ ཕྱག་གཉིས་གསེར་ཞགས་གསེར་གྱི་ཕུར་པ་འདྲིལ༔ ནུབ་ཕྱོགས་དམར་ནག་ཟླ་གམ་གདེངས་པའི་དབུས༔ དབང་གི་ལས་མཛད་ཙ་ཏི་དམར་མོ་ནི༔ ཕྱག་གཉིས་ལྕགས་སྒྲོག་ཟངས་ཀྱི་ཕུར་པ་འདྲིལ༔ བྱང་ཕྱོགས་ལྗང་ནག་གྲུ་གསུམ་འབར་བའི་དབུས༔ དྲག་པོའི་ལས་མཛད་ཙ་ཏི་ནག་མོ་ནི༔ ཕྱག་གཉིས་དྲིལ་བུ་གནམ་ལྕགས་ཕུར་པ་འདྲིལ༔ ཀུན་ཀྱང་རཱུ་དྲའི་སྙིང་གར་གར་སྟབས་མཛད༔ རལ་པ་འབྲུ་གཅིག་སྲིད་གསུམ་རྩེ་རུ་འཁྱིལ༔ ཟར་བུ་ཐུར་འཕྱང་ཁམས་གསུམ་ཁྱབ་པར་བརྡལ༔ སྤྱན་གཅིག་ཉི་མ་འབུམ་བརྡལ་འོད་ལས་ལྷག༔ ཚེམས་གཅིག་ཟླ་སྟོང་ལས་ལྷག་འོད་ཟེར་འབར༔ ནུ་གཅིག་རབ་རྒྱས་དངོས་གྲུབ་ཆར་རྒྱུན་འབེབས༔ སྐུ་སྟོད་གཡང་གཞི་སྐུ་སྨད་སྤྲིན་གྱིས་གཡོགས༔ བ་སྤུའི་གསེབ་ནས་ཕུར་པའི་ཚྭ་ཚྭ་འཕྲོ༔ སྤྲུལ་པ་ལྕགས་སྤྱང་ཁྲ་ཐབས་ལས་ལ་འགྱེད༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་དུ་གསལ༔ འཁོར་འདས་ཡོངས་ཀྱི་དབང་ཕྱུག་ཆེན་མོར་བསྐྱེད༔ སྣང་བ་གནས་སུ་དག་པ་མཚོན་ཕྱིར་གཞལ་ཡས་ཁང་གི་བཀོད་པ༔ མ་ཆགས་པདྨ་དང་སྐྱོན་བྲལ་ཉི་ཟླའི་གདན༔ དེ་སྟེང་མི་སྲུན་ཟིལ་གྱིས་གནོན་པ་མཚོན་ཕྱིར་རོ་གདན༔ དེ་སྟེང་རིག་སྟོང་ཉིས་སུ་མེད་པ་ཀ་དག་འོད་གསལ་གྱི་ངོ་བོ་གཙོ་མོ་སྨུག་ནག་འོད་འཕྲོ༔ སྒྱུ་འཕྲུལ་ཞེ་སྡང་འཇོམས་མཛད་མེ་ལོང་ཡེ་ཤེས་རྡོ་རྗེ་དཀར་མོ༔ ང་རྒྱལ་འདུལ་བའི་གཉེན་པོར་མཉམ་ཉིད་ཡེ་ཤེས་རིན་ཆེན་སེར་མོ༔ འདོད་ཆགས་འདུལ་པའི་གཉེན་པོར་སོར་རྟོག་ཡེ་ཤེས་པདྨ་དམར་མོ༔ ཕྲག་དོག་འདུལ་བའི་གཉེན་པོར་བྱ་གྲུབ་ཡེ་ཤེས་ཀརྨ་མཐིང་ནག༔ འཁོར་འདས་གཉིས་མེད་ཀ་དག་ལྷུན་གྲུབ་ཏུ་རྫོགས་པའི་རལ་པ་འབྲུ་གཅིག༔ ཉག་གཅིག་ཐིག་ལེའི་ཞལ་གཅིག༔ ཆོས་སྐུ་སྐྱེ་བ་མེད་པའི་སྤྱན་གཅིག༔ ཐབས་ཤེས་གཉིས་སུ་མེད་པའི་ཕྱག་གཉིས༔ འགྲོ་བ་ཡོངས་ལ་གདུང་ཞིང་བརྩེ་བའི་མ་གཅིག་པུ་སྟེ་ནུ་མ་གཅིག༔ འཁོར་འདས་སྐུ་ཡིས་ཁྱབ་པའི་ཁྱབ་བདག་ཆེན་པོ་གཅིག་པའི་ཕྱིར་ཞབས་གཅིག༔ བདེ་ཆེན་ཡེ་ཤེས་འདུ་འབྲལ་མེད་པའི་མཚོན་ཕྱིར་སྤྲིན་དཀར་གྱི་ན་བཟའ་གསོལ་བ༔ འཁོར་འདས་གནས་ཡུལ་དུར་ཁྲོད་ཀུན་གྱི་བདག་མོ་ཉིད་ལས་མི་གཞན་ཅིང་ཕྱོགས་ལས་རྣམ་པར་རྒྱལ་བ་རེ་དོགས་མཚན་མ་བྲལ་བ་དེ་དང་དེའི་མཚོན་བྱེད་ཞིང་ཆེན་གཡང་གཞི་དང་རུས་རྒྱན་ནོ༔ ལྷུན་གྲུབ་ཀྱི་དུས་གོང་གཉིས་བསྙེན་སྒྲུབ་སྐང་མཆོད་ལ་བརྩོན་པར་བྱའོ༔ གཡས་སུ་མ་ལས་རང་བྱུང་རྒྱལ་མོ་ནི༔ མཐིང་ནག་རབ་འཇིགས་བོང་དམར་གྭ་པ་ཆིབས༔ ཕྱག་གཉིས་གནམ་ལྕགས་རལ་གྲི་ཐོད་ཁྲག་བསྣམས༔ སྲིན་གྱི་ཐོད་སྒ་སྦྲུལ་གྱི་གོང་སྨེད་ཅན༔ སྔ་ཤད་བདུད་ཀྱི་ཁྲམ་བམ་མཚོན་གྲུ་གུ༔ ཕྱི་ཤད་གཡས་གཡོན་ཤྭ་རྡེའུ་ནད་རྐྱལ་བཀལ༔ དུར་ཁྲོད་ཆས་དང་འཇིགས་པའི་རྒྱན་རྣམས་རྫོགས༔ བཀའ་གཏེར་ཡོངས་ཀྱི་སྲུང་མ་ཀུན་བཟང་སྲིད་པའི་རྒྱལ་མོ་འདི་གཤིན་རྗེའི་དབང་མོ་འཁྲུགས་རྩོད་དང་བསྟན་དགྲ་འདུལ་བའི་གཉེན་པོར་བསྔགས་པ་སྟེ་ཁྱད་པར་དུ་བཀའ་འདིའི་སྲུང་མར་བསྔགས་པ་ཡིན་པས་ཞིང་བཅུའི་དཔུང་འཇོམ་མོ༔ (བརྡ་ཡིག་) གཡོན་དུ་བྷྱོཿལས་ཤ་ཟ་ངན་ནེ་མ༔ སེར་ནག་ཕྱག་གཡས་ནོར་བུ་གཡོན་གཏེར་བུམ༔ ནད་རྐྱལ་མཆན་བཅུག་ཞབས་གཉིས་གར་སྟབས་འགྱིང་༔ སྤྱན་བསྒྲད་ཞལ་འཛུམ་སྐྲ་དམར་གྱེན་དུ་བརྫེས༔ སྤྲུལ་པ་ལས་བཞིའི་མཁའ་འགྲོ་ཕོ་ཉར་འགྱེད༔ རོ་ལང་གཅན་སྤྱང་ཚྭ་ཚྭ་སྐར་ལྟར་འཁྲིགས༔ གནས་ཡུལ་དུར་ཁྲོད་ཀུན་གྱི་དབང་མོར་བསྐྱེད༔ ནང་གི་གཉེར་འཛིན་གཏེར་གྱི་བདག་མོ་གནས་ཡུལ་དུར་ཁྲོད་མཁའ་འགྲོ་ཐམས་ཅད་ཀྱི་སྤྲུལ་གཞི་ཀ་དག་ཀུན་ཏུ་བཟང་མོའི་ཕྲིན་ལས་ཀྱི་གར་མཁན་མོ་འདི་ནི་དབུལ་འཕོང་འཇོམས་མཛད་གནོད་སྦྱིན་གྱི་དབང་མོའོ༔ (བརྡ་ཡིག་) ཤར་དུ་འབར་མ་ཆེན་མོ་སྤྱང་ཞོན་མ༔ དཀར་གསལ་ཕྱག་གཉིས་གྲི་ཁུག་ཐོད་ཁྲག་བསྣམས༔ ཞལ་གདངས་སྤྱན་བསྒྲད་ཁྲོ་གཉེར་རབ་ཏུ་འཁྲུགས༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་རུ་འཁྱིལ༔ གཟིག་ཤམ་རུས་རྒྱན་མི་མགོའི་ཕྲེང་བ་གསོལ༔ དྲི་ཟ་ཟིལ་གནོན་ཆུ་ཁམས་དབང་མོར་བསྐྱེད༔ ལྷོ་རུ་དུར་ཁྲོད་བདག་མོ་དཔལ་ཕྲེང་མ༔ སེར་གསལ་ཕྱག་གཉིས་ཞགས་པ་ཐོད་ཁྲག་བསྣམས༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ སྤྱན་གསུམ་དམར་ཟླུམ་སྡང་མིག་ཕྱོགས་བཅུར་གཡོ༔ ཁྲོ་གཉེར་སྡུད་ཅིང་རལ་པ་དམར་སེར་འཁྱིལ༔ གཟིག་ཤམ་རུས་རྒྱན་མི་མགོའི་ཕྲེང་བ་གསོལ༔ རོ་ལང་སྟེང་དུ་རྔམས་པའི་སྟབས་ཀྱིས་བཞུགས༔ གཤིན་རྗེའི་ཟིལ་གནོན་ས་ཁམས་དབང་མོ་བསྐྱེད༔ ནུབ་ཏུ་སྲིན་མོ་ཁ་རིག་གཟི་འབར་མ༔ དམར་གསལ་ཕྱག་གཉིས་ལྕགས་སྒྲོག་ཐོད་ཁྲག་བསྣམས༔ ཁྲོ་གཏུམ་རྔམས་བརྗིད་དུར་ཁྲོད་ཆས་རྫོགས་ཤིང་༔ སྤྲེལ་དམར་སྟེང་དུ་དྲག་པོའི་ཧ་ཧ་རྒོད༔ མེ་ལྷ་ཟིལ་གནོན་མེ་ཁམས་དབང་མོ་བསྐྱེད༔ བྱང་དུ་འཇིགས་བྱེད་རྡོ་རྗེ་གློག་ཞོན་མ༔ ལྗང་གསལ་ཕྱག་གཉིས་དྲིལ་བུ་ཐོད་ཁྲག་བསྣམས༔ ཁྲོ་མོའི་ཆས་རྫོགས་སྤྱན་བསྒྲད་མཆེ་བ་གཙིགས༔ གར་དགུའི་ཉམས་གྱིས་དགྲ་བགེགས་འདུལ་བར་བྱེད༔ རླུང་ལྷ་ཟིལ་གནོན་རླུང་ཁམས་དབང་མོ་བསྐྱེད༔ ཤར་ལྷོར་རྡོ་རྗེ་ལྷ་མོ་ཚེ་རིང་མ༔ དཀར་གསལ་ཞི་འཛུམ་རྨ་བྱའི་ཐུལ་པ་གསོལ༔ ཕྱག་གཉིས་མདའ་དར་རིན་ཆེན་ནོར་བུ་བསྣམས༔ རཏྣའི་ཆས་རྫོགས་བཞེངས་པའི་སྟབས་ཀྱིས་བཞུགས༔ ལྷོ་ནུབ་ཤ་ཟ་ཌཱ་ཀི་ཁ་མོ་ཆེ༔ དམར་གསལ་ཁྲོ་གཏུམ་དུར་ཁྲོད་ཆས་རྫོགས་ཤིང་༔ ཕྱག་གཉིས་རལ་གྲི་བྷནྡྷ་ཁྲག་བཀང་བསྣམས༔ ཞབས་གཉིས་པད་ཉི་རོ་ཡི་གདན་ལ་བརྫིས༔ ནུབ་བྱང་རྡོ་རྗེ་གཡུ་སྒྲོན་སྐུ་མདོག་སྔོ༔ ཕྱག་གཉིས་མདའ་དར་ནོར་བུ་དབང་རྒྱལ་བསྣམས༔ ཞི་འཛུམ་དར་གོས་རིན་ཆེན་རྒྱན་ཆས་སྤྲས༔ པདྨ་ཉི་མའི་གདན་ལ་གར་སྟབས་བཞུགས༔ བྱང་ཤར་མ་ཅིག་དཔལ་ལྷ་སྐུ་མདོག་ལྗང་༔ ཞི་འཛུམ་དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ ཕྱག་གཉིས་ནོར་བུ་བསམ་འཕེལ་གཏེར་བུམ་བསྣམས༔ པད་ཉིའི་གདན་ལ་བཞེངས་པའི་སྟབས་ཀྱིས་བཞུགས༔ དེ་དག་ནི་གཙོ་མོ་གསུམ་གྱི་སྒྱུ་འཕྲུལ་གར་མཁན་རྣལ་འབྱོར་པ་ལ་འདོད་རྒུའི་དངོས་གྲུབ་སྟེར་ཞིང་དམ་ཉམས་རྣམས་ཀྱི་སྲོག་གི་གཤེད་མར་བསྔགས་ཤིང་ལེགས་ཉེས་གཉིས་ཀྱི་སྟངས་འཛིན་ཅིང་དམ་ཚིག་གི་རྗེས་གཅོད་པའི་སྲིད་པ་གསུམ་གྱི་དབང་མོའོ༔ (བརྡ་ཡིག་) ཕྱི་རིམ་གནམ་ལྕགས་འཁོར་ལོ་གདེངས་པའི་ཁར༔ པདྨ་ཉི་མ་རོ་ཡི་གདན་སྟེང་དུ༔ ཤྭ་ན་ཆེན་མོ་དུང་གི་སྤྱང་མོ་ཞོན༔ གོས་སུ་མི་ལྤགས་གཡང་གཞི་རློན་པ་གསོལ༔ ཤིན་ཏུ་མི་བཟད་འཇིགས་པའི་ཆ་ལུགས་ཅན༔ རལ་པ་ཁམ་ནག་སྲིད་པའི་རྩེ་རུ་འཁྱིལ༔ ཕྱག་གཉིས་ཤེལ་གྲི་ཤེལ་གྱི་ཕུར་པ་བསྣམས༔ སྲི་ཀ་མུ་ཁ་གསེར་འཕང་ལྕེ་བརྒྱད་ཞོན༔ ཕྱག་གཉིས་ཆུ་སྲིན་རྒྱལ་མཚན་ཕུར་པ་བསྣམས༔ གོས་སུ་མི་ལྤགས་གཡང་གཞི་ལྷུབ་ཆེན་གསོལ༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ སྤྱན་བསྒྲད་རལ་པ་ཁམ་ནག་ས་ལ་སླེབ༔ ཤིན་ཏུ་མི་སྲུན་འཇིགས་པའི་ཆ་ལུགས་ཅན༔ སྲི་ལ་མུ་ཁ་ཟངས་ཀྱི་ཝ་མོ་ཞོན༔ ཕྱག་གཉིས་ཐོད་ཁྲག་གནམ་ལྕགས་ཕུར་པ་བསྣམས༔ ཞལ་གདངས་སྤྱན་བསྒྲད་རྣོ་དབལ་མཆེ་བ་གཙིགས༔ རལ་པ་དམར་སེར་སྲིད་པའི་རྩེ་རུ་འཁྱིལ༔ ཧཱུྃ་ཕཊ་སྒྲ་ཡིས་སྲིད་གསུམ་འདར་ཞིང་འགེམས༔ གཟིག་ཐམ་རུས་རྒྱན་མི་མགོའི་ཕྲེང་བ་གསོལ༔ ཀུ་ཀུ་མུ་ཁ་ལྕགས་ཀྱི་ཁྱི་མོ་ཞོན༔ ཕྱག་གཉིས་རལ་གྲི་གནམ་ལྕགས་ཕུར་པ་འདྲིལ༔ ཁྲོ་གཏུམ་རྔམས་བརྗིད་རབ་འཇིགས་བལྟར་མི་བཟོད༔ ཁྲོ་མོའི་ཆས་རྫོགས་འཁོར་འདས་དབང་མོར་བསྐྱེད༔ རེ་ཏཱི་ཆེན་མོ་བོང་བུ་གྭ་པ་བཅིབས༔ ཕྱག་གཉིས་ཐོད་དབྱུག་གནམ་ལྕགས་ཕུར་བ་བསྣམས༔ ཞལ་གདངས་ལྗགས་འདྲིལ་སྤྱན་བསྒྲད་མཆེ་བ་གཙིགས༔ ཐོད་སྐམ་དབུ་རྒྱན་རལ་པ་དམར་སེར་འཁྱིལ༔ སྟག་ཤམ་རུས་རྒྱན་མི་ལྤགས་གཡང་གཞི་གསོལ༔ རེ་ཛ་ཆེན་མོ་དྲེའུ་ལ་བཅིབས་ཤིང་༔ ཕྱག་གཉིས་ཁྲམ་ཤིང་གནམ་ལྕགས་ཕུར་པ་འདྲིལ༔ ཁྲོ་གཏུམ་རྔམས་བརྗིད་རབ་འཇིགས་བལྟར་མི་བཟོད༔ སྟག་ཤམ་སྦྲུལ་གྱི་གདུ་བུ་དར་དཔྱངས་གསོལ༔ རལ་པ་ཁམ་ནག་སྐུ་ཡི་རྒྱབ་ཏུ་བསྙིལ༔ རེ་ཏཱི་ཆེན་མོ་གློག་ཞགས་ལ་བཅིབས་ཤིང་༔ ཕྱག་གཉིས་ནད་རྐྱལ་གནམ་ལྕགས་ཕུར་པ་བསྣམས༔ ཞལ་གདངས་སྤྱན་བསྒྲད་རྣོ་དབལ་མཆེ་བ་གཙིགས༔ རལ་པའི་རྩེ་ནས་ཕུར་པའི་ཚྭ་ཚྭ་འཕྲོ༔ སྟག་ཤམ་མི་ལྤགས་གཡང་གཞི་རློན་པ་གསོལ༔ རེ་ཛུ་ཆེན་མོ་སྲིད་པའི་མ་ཧེ་ཞོན༔ ཕྱག་གཉིས་སྤུ་གྲི་གནམ་ལྕགས་ཕུར་པ་བསྣམས༔ ཧཱུྃ་ཕཊ་སྒྲ་ཡིས་སྲིད་གསུམ་དངས་ཤིང་འདར༔ ཤིན་ཏུ་མི་བཟད་ཁྲོ་མོའི་ཆ་ལུགས་ཅན༔ ལུས་ལ་དར་གྱི་ལའུ་ལྗང་ཁྲ་གསོལ༔ རྡོ་རྗེ་ཡ་བྱིན་ཆུ་སྲིན་ཁམ་པ་ཞོན༔ ཕྱག་གཉིས་ཐོག་མདའ་གནམ་ལྕགས་ཕུར་པ་བསྣམས༔ ཞལ་གདངས་སྤྱན་བསྒྲད་རལ་པ་ཁམ་ནག་བརྫེས༔ རྨ་བྱའི་ཐུལ་པར་དར་གྱི་མཐིང་གོས་གསོལ༔ རྡོ་རྗེ་དེ་བྱིན་གཡུ་འབྲུག་ལ་བཅིབས་ཤིང་༔ ཕྱག་གཉིས་ནོར་བུ་གསེར་གྱི་ཕུར་པ་འདྲིལ༔ ཞི་འཛུམ་དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ དབུ་སྐྲ་རལ་བའི་ཐོར་གཟུག་པདྨས་བརྒྱན༔ ཟར་བུ་ཐུར་འཕྱང་སྒྲུབ་ལ་དངོས་གྲུབ་སྟེར༔ རྡོ་རྗེ་བསྭེ་བྱིན་ཡུ་མོ་རྐང་གསུམ་ཆིབས༔ ཕྱག་གཉིས་སྦྲུལ་ཞགས་གནམ་ལྕགས་ཕུར་པ་བསྣམས༔ ཤིན་ཏུ་མི་སྲུན་རྒོད་གཤེ་རྔམས་པའི་སྐུ༔ རལ་པ་དམར་སེར་སྲིད་པའི་རྩེ་མོར་བརྫེས༔ ལུས་ལ་དར་གྱི་ལ་འུ་སྔོ་ཁྲ་གསོལ༔ རྡོ་རྗེ་ཕག་བྱིན་ཤ་བ་རྐང་བརྒྱད་ཞོན༔ སྣང་སྲིད་ཁམས་ཀུན་སྐད་ཅིག་ཡུད་ཙམ་ཉུལ༔ ཕྱག་གཉིས་གློག་ཞགས་སྤེན་གྱི་ཕུར་པ་བསྣམས༔ ཤིན་ཏུ་མི་བཟད་ཁྲོ་གཏུམ་རྔམས་པའི་སྐུ༔ སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྟེར་ཞིང་༔ དམ་ཉམས་རྣམས་ཀྱི་སྲོག་གི་གཤེད་མར་བསྒོམ༔ ཕྱོགས་བཞིར་གནམ་ལྕགས་འཁོར་ལོའི་རྩིབས་སྟེངས་སུ༔ ཤར་དུ་དུང་གི་སྐྱེས་བུ་སེང་གེ་བཅིབས༔ ཕྱག་གཉིས་ཤེལ་གྲི་ཤེལ་གྱི་ཕུར་བ་བསྣམས༔ ཞལ་གདངས་ལྗགས་འདྲིལ་སྤྱན་བསྒྲད་མཆེ་བ་གཙིགས༔ དབུ་སྐྲ་ཁམ་ནག་སྲིད་པའི་རྩེ་རུ་འཁྱིལ༔ སྤྱང་དཀར་སློག་པ་ལྷུབ་ཆེན་གོས་སུ་གསོལ༔ མེ་ལྷ་ཟིལ་གནོན་སྲིད་པའི་བདག་པོར་བསྐྱེད༔ ལྷོ་རུ་བསྭེ་ཡི་སྐྱེས་བུ་སེར་ནག་རྔམས༔ སྟག་མོ་གྲུས་མའི་སྟེང་ན་འགྱིང་སྟབས་བཞུགས༔ ཕྱག་གཉིས་གསེར་ཕུར་བྷནྡྷ་ཁྲག་བཀང་བསྣམས༔ ཤིན་ཏུ་ཁྲོ་གཏུམ་རྔམས་བརྗིད་བལྟར་མི་བཟོད༔ དར་གྱི་ལ་འུ་མཐིང་ཁྲ་མཛེས་པ་དང་༔ རིན་པོ་ཆེ་ཡི་རྒྱན་ཆ་སྣ་ཚོགས་གསོལ༔ སྲིན་པོ་ཟིལ་གནོན་སྒྲུབ་ལ་དངོས་གྲུབ་སྟེར༔ ནུབ་ཏུ་ཏ་ཀི་ཆེན་པོ་སྐུ་མདོག་དམར༔ དོམ་བུ་ཐུགས་དཀར་སྟེང་དུ་བརྗིད་པར་བཞུགས༔ ཕྱག་གཉིས་རླུང་ཞགས་ཟངས་ཀྱི་ཕུར་པ་བསྣམས༔ ཞལ་གདངས་ལྗགས་འདྲིལ་སྤྱན་བསྒྲད་མཆེ་བ་གཙིགས༔ དབུ་སྐྲ་ཁམ་ནག་སྲིད་པའི་རྩེ་རུ་འཁྱིལ༔ སྐུ་ལ་ཟངས་ཁྲབ་མི་མགོའི་ཕྲེང་བ་གསོལ༔ རླུང་ལྷ་ཟིལ་གནོན་སྒྲུབ་ལ་དངོས་གྲུབ་སྟེར༔ བྱང་དུ་ལྕགས་ཀྱི་སྐྱེས་བུ་རྔ་མོང་ཞོན༔ ཕྱག་གཉིས་གནམ་ལྕགས་རྡོ་རྗེ་ཕུར་པ་བསྣམས༔ ཞལ་གདངས་ལྗགས་འདྲིལ་རལ་པ་སྲིད་རྩེར་འབར༔ ལུས་ལ་ལྕགས་ཁྲབ་སྦྲུལ་གྱིས་སྐ་རགས་བཅིངས༔ དབང་ལྡན་ཟིན་གནོན་སྒྲུབ་མཆོག་བུ་ལྟར་སྐྱོངས༔ དེ་མཐར་དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང་༔ འབར་མ་མིང་སྲིང་ཕུར་སྲུང་རྒྱ་མཚོའི་ཚོགས༔ ཉི་རྡུལ་འཁྲིགས་པ་ལྟ་བུར་ལྷམ་མེར་གསལ༔ རང་རང་རྣམས་ཀྱི་སྲོག་གི་ཡི་གེ་ལས༔ འོད་འཕྲོས་དབྱིངས་ནས་སྤྱན་དྲངས་གཉིས་མེད་བསྟིམས༔ དེ་ནས་སྤྱན་འདྲེན་བྱ་བ་ལ༔ སྤོས་སྲེག་དར་གཡབ་རྔ་གླིང་དང་༔ གདུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ་ཧྲཱིཿཆོས་དབྱིངས་བརྡལ་བ་ཨེ་ཡི་དཀྱིལ་འཁོར་ནས༔ ཀུན་ཏུ་བཟང་མོའི་རྣམ་འཕྲུལ་ཨེ་ཀ་ཛཿདད་པ་དང་ནི་དམ་ཚིག་གཉན་གྱིས་འབོད༔ མ་ཐོགས་སྒྲུབ་པའི་གནས་འདིར་མྱུར་དུ་གཤེགས༔ བསིལ་བ་ཚལ་གྱི་དུར་ཁྲོད་ཆེན་པོ་ནས༔ དཔལ་ལྡན་རང་བྱུང་རྒྱལ་མོ་འཁོར་དང་བཅས༔ དད་པ་དང་ནི་དམ་ཚིག༴ མ་ཐོགས་སྒྲུབ་པའི༴ གནས་དང་ཉེ་ཞིང་དུར་ཁྲོད་ཆེན་པོ་ནས༔ སྔགས་སྲུང་ཤ་ཟ་ཆེན་མོ་ངན་ནེ་མ༔ དད་པ་དང་ནི་དམ་ཚིག༴ མ་ཐོགས་སྒྲུབ་པའི༴ ཤར་ཕྱོགས་ཞི་བ་ལྷུན་གྲུབ་དུར་ཁྲོད་ནས༔ འབར་མ་ཆེན་མོ་སྤྱང་ཞོན་འཁོར་དང་བཅས༔ དད་པ་དང་ནི་དམ་ཚིག༴ མ་ཐོགས་སྒྲུབ་པའི༴ ལྷོ་ཕྱོགས་རྒྱས་པ་ལྷུན་གྲུབ་དུར་ཁྲོད་ནས༔ དཔལ་ཕྲེང་ལྷ་མོ་འཁོར་དང་བཅས་པ་རྣམས༔ དད་པ་དང་ནི་དམ་ཚིག༴ མ་ཐོགས་སྒྲུབ་པའི༴ ནུབ་ཕྱོགས་དབང་གི་དུར་ཁྲོད་ཆེན་པོ་ནས༔ སྲིན་པོ་ཁ་རིག་གཟི་འབར་འཁོར་དང་བཅས༔ དད་པ་དང་ནི་དམ་ཚིག༴ མ་ཐོགས་སྒྲུབ་པའི༴ བྱང་ཕྱོགས་དྲག་པོ་ལྷུན་གྲུབ་དུར་ཁྲོད་ནས༔ འཇིགས་བྱེད་རྡོ་རྗེ་གློག་ཞོན་འཁོར་དང་བཅས༔ དད་པ་དང་ནི་དམ་ཚིག༴ མ་ཐོགས་སྒྲུབ་པའི༴ ཤར་ལྷོ་གངས་རི་བསྐྱེད་མོས་ཚལ་དབུས་ནས༔ ཚེ་རིང་མཆེད་ལྔ་འཁོར་དང་བཅས་པ་རྣམས༔ དད་པ་དང་ནི་དམ་ཚིག༴ མ་ཐོགས་སྒྲུབ་པའི༴ ལྷོ་ནུབ་ཧ་ཧ་དགོད་པའི་དུར་ཁྲོད་ནས༔ ཤ་ཟ་ཌཱ་ཀིའི་གཙོ་མོ་ཁ་མོ་ཆེ༔ དད་པ་དང་ནི་དམ་ཚིག༴ མ་ཐོགས་སྒྲུབ་པའི༴ ནུབ་བྱང་གཡུ་ཡི་ཁང་བཟང་དམ་པ་ནས༔ རྡོ་རྗེ་གཡུ་སྔོན་ལྷ་མོ་འཁོར་དང་བཅས༔ དད་པ་དང་ནི་དམ་ཚིག༴ མ་ཐོགས་སྒྲུབ་པའི༴ བྱང་ཤར་རིན་ཆེན་གཏེར་གྱི་ཁང་བཟང་ནས༔ མ་ཅིག་ཌཱ་ཀི་དཔལ་ལྷ་འཁོར་དང་བཅས༔ དད་པ་དང་ནི་དམ་ཚིག༴ མ་ཐོགས་སྒྲུབ་པའི༴ དཀྱིལ་འཁོར་ཆེན་པོའི་བར་ཁྱམས་ཁོར་ཡུག་ནས༔ ཕུར་སྲུང་དམ་ཅན་རྒྱ་མཚོ་འཁོར་དང་བཅས༔ དད་པ་དང་ནི་དམ་ཚིག༴ མ་ཐོགས་སྒྲུབ་པའི༴ རང་རང་གནས་ཡུལ་དུར་ཁྲོད་སོ་སོ་ནས༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་འཁོར་དང་བཅས༔ དད་པ་དང་ནི་དམ་ཚིག་གཉན་གྱི་འབོད༔ མ་ཐོགས་སྒྲུབ་པའི་གནས་འདིར་མྱུར་དུ་གཤེགས༔ སྒྲུབ་ལ་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ རྣལ་འབྱོར་ཚེ་སྲོག་བསྲིང་ཕྱིར་གཤེགས་སུ་གསོལ༔ ལོག་འདྲེན་དམ་སྲི་འདུལ་ཕྱིར་གཤེགས་སུ་གསོལ༔ མཐའ་དམག་འབྱུང་པོ་འདུལ་ཕྱིར་གཤེགས་སུ་གསོལ༔ ཨོཾ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ སྤྱན་འདྲེན་པའི་ཡན་ལག་གོ༔ (བརྡ་ཡིག་) ཧཱུྃ༔ གསང་ཆེན་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ བསྟན་དགྲ་གནོད་བྱེད་བསྒྲལ་བའི་ཁྲི་སྟེང་དུ༔ ཕུར་སྲུང་དམ་ཅན་རྒྱ་མཚོ་འཁོར་དང་བཅས༔ གཉིས་མེད་རོལ་པ་ཆེན་པོར་བརྟན་བཞུགས་གསོལ༔ བཛྲ་ས་མ་ཡ་ཏཥྛ་ལྷན༔ བཞུགས་སུ་གསོལ་བའི་ཡན་ལག་གོ༔ (བརྡ་ཡིག་) ཧཱུྃ་ཧྲཱིཿགདོད་ནས་ཀུན་ཏུ་བཟང་པོའི་རོལ་པ་ལས༔ འགྲོ་བའི་དོན་དུ་དྲེགས་པའི་སྐུ་རུ་བཞེངས༔ བསྟན་སྲུང་དམ་ཅན་རྒྱ་མཚོ་འཁོར་བཅས་ལ༔ གཉིས་མེད་གུས་པ་ཆེན་པོས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ ཧོཿ པྲ་ཏིཙྪ་ ཧོཿ ཕྱག་འཚལ་བའི་ལན་ལག་གོ༔ (བརྡ་ཡིག་) ཧཱུྃ་ཧྲཱི༔ ཉེར་སྤྱོད་འདོད་ཡོན་སྨན་གཏོར་རཀྟ་དང་༔ དར་ཟབ་སྤྱན་གཟིགས་འབྲུ་སྣ་སྨན་སྦོས་རིགས༔ གསེར་དངུལ་ཟངས་ལྕགས་བྱུ་རུ་མུ་མེན་དབུགས༔ ཨིནྡྲ་ལ་སོགས་རིན་ཆེན་སྣ་ཚོགས་དང་༔ རི་དྭགས་གཡུང་དྭགས་ཆུ་གནས་བྱ་རིགས་སོགས༔ དགྲ་བགེགས་བསྒྲལ་བའི་ཕུང་ཁམས་སྐྱེ་མཆེད་བཅས༔ བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ༔ དགྲ་བགེགས་མཐའ་དམག་ཧ་ལུ་མནྡ་དང་༔ འབྱུང་པོ་མེ་ཞོན་འགོང་ནག་རླུང་ཞོན་རིགས༔ ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་ནས་ཀྱང་༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་མཛོད༔ ཞི་རྒྱས་དབང་དྲག་ཕྲིན་ལས་ཐོགས་མེད་བསྒྲུབ༔ ཨོཾྃ་བཛྲ་དྷེ་ཝ་ཌཱཀི་ནཱི་སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགསཤཔྡ་རཱུ་པ་སོགསསྤཪྵེ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིངྟ་མཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་ལ་ཁཱ་ཧི༔ མཆོད་པ་འབུལ་བའི་ལན་ལག་གོ༔ (བརྡ་ཡིག་) ཧཱུྃ་ཧྲཱིཿགདོད་མའི་གཞི་དབྱིངས་ཀུན་ཏུ་བཟང་མོ་ཡི༔ སྒྱུ་འཕྲུལ་གར་གྱི་རྣམ་རོལ་སྲུང་མ་ཆེ༔ དམ་ལྡན་རྣལ་འབྱོར་བུ་བཞིན་སྐྱོང་བའི་མ༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོ་ཁྱོད་ལ་བསྟོད༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་༔ བསྟན་པ་སྲུང་ཞིང་དྲག་མོའི་སྐུ་རུ་བཞེངས༔ སྲིད་གསུམ་འཛིན་མའི་ཁྱོན་ལ་མངའ་དབང་བསྒྱུར༔ མ་མོ་རེ་མ་ཏཱི་ལ་ཕྱག་འཚལ་བསྟོད༔ གནས་ཡུལ་དུར་ཁྲོད་ཀུན་གྱི་མངའ་བདག་མོ༔ གནོད་སྦྱིན་ཚུལ་གྱིས་སྒྲུབ་ལ་དངོས་གྲུབ་སྟེར༔ སངས་རྒྱས་བསྟན་ལ་གཡེལ་མེད་བྱ་ར་བྱེད༔ དུར་ཁྲོད་ལྷ་མོའི་སྐུ་གསུང་ཐུགས་ལ་བསྟོད༔ ཞི་བའི་ཚུལ་གྱིས་སྒྲུབ་ལ་དངོས་གྲུབ་སྟེར༔ དྲག་པོའི་སྐུར་བཞེངས་ཞིང་བཅུ་ཆམ་ལ་འབེབས༔ སྣ་ཚོགས་གར་མཁན་གཟུགས་སུ་བརྫུ་བ་མོ༔ ལས་བཞིའི་མཁའ་འགྲོ་མཚམས་བཞིའི་ལྷ་མོར་བསྟོད༔ དཀྱིལ་འཁོར་མཐའ་སྐྱོང་དབང་མོ་ཉི་ཤུའི་ཚོགས༔ བཀའ་ཡི་དམ་ཚིག་གཉན་པོའི་རྗེས་འཛིན་ཅིང་༔ ལྷ་མཆོག་ཕུར་པ་སྒྲུབ་པའི་རྣལ་འབྱོར་ལ༔ བུ་བཞིན་སྐྱོངས་མཛད་ཕུར་སྲུང་རྒྱ་མཚོར་བསྟོད༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་འཛིན་ཅིང་༔ བཀའ་བཞིན་རབ་འབྱམས་ཕྲིན་ལས་ཐོགས་མེད་བསྒྲུབ༔ ཕྱི་རོལ་ཀླ་ཀློ་ལྟ་ལོག་རྡུལ་དུ་བརླག༔ བསྟན་སྲུང་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད༔ སྤྱིར་བསྟོད་པའི་ཡན་ལག་གོ༔ (བརྡ་ཡིག་) ཧཱུྃ་ཧྲཱིཿཡེ་གཞི་ཀ་དག་སྤྲོས་པ་བྲལ་བའི་དབྱིངས༔ ལྷུན་གྲུབ་ཡོན་ཏན་ཀུན་རྫོགས་ཐིག་ལེ་ཆེ༔ སྤྲུལ་པ་དགྱེས་ཆགས་གར་གྱི་རྣམ་རོལ་ལས༔ ཀུན་ཏུ་བཟང་མོ་དྲག་ཁྲོས་ཨེ་ཀ་ཛ༔ ཆོས་ཉིད་སྐྱེ་བ་མེད་པའི་སྐུ་མདོག་མཐིང་༔ ཉག་གཅིག་ཞལ་གྱི་དཀྱིལ་འཁོར་མཛེས་པ་ངོམས༔ སྐུ་གསུམ་འདུ་འབྲལ་མེད་པའི་སྤྱན་གཅིག་གཟིགས༔ བདེན་གཉིས་ཟུང་འཇུག་ཤངས་བུག་ཧ་རེ་ཕྱེས༔ ལོག་འདྲེན་ཚར་གཅོད་ཧཱུྃ་གི་སྣང་གླུ་ལེན༔ བདག་མེད་རྟོགས་པའི་ཚེམས་ཀྱིས་དགྲ་གདོན་གསོལ༔ རྟོག་བཅས་རྟོག་མེད་དབྱིངས་སུ་བཅོལ་བ་ཡི༔ རལ་པ་འབྲུ་གཅིག་ཀུན་ཟླུམ་དབྱིངས་སུ་འཁྱིལ༔ ཐབས་ཤེས་གཉིས་མེད་སྙན་གྱི་པདྨོ་རྒྱས༔ སྒྲུབ་ལ་དངོས་གྲུབ་སྟེང་མཛད་ནུ་གཅིག་འཕྱང་༔ འཁོར་འདས་ཕྱོགས་འཛིན་སྤངས་པའི་ཕྱག་གཉིས་པ༔ ཞིང་བཅུ་ཚར་གཅོད་བམ་གྱི་དབྱུག་པ་ཕྱར༔ སྡིགས་མཛུབ་རྩེ་ནས་ལྕགས་སྤྱང་ཚྭ་ཚྭ་འཕྲོ༔ བར་ཆད་ཉུལ་ལེ་ཐལ་བའི་རྡུལ་བཞིན་བརླག༔ སྣང་སྟོང་དབྱེར་མེད་ཟུང་དུ་འཇུག་པ་ཡི༔ རྐང་གཅིག་བདག་རྟོག་རཱུ་ཏྲའི་སྙིང་གར་བརྫིས༔ སྲིད་ཞིའི་མཁའ་རུ་སྡུད་པའི་བྷ་ག་རྒྱས༔ རྟོག་ཚོགས་ལྔ་བཅུ་རྩ་བརྒྱད་བཅོམ་པ་ཡི༔ མོ་མགོ་ལྔ་བཅུའི་ཕྲེང་བའི་སེ་རལ་ཁ༔ སྤྲུལ་སྐུ་དགྱེས་ཆགས་འགྲོ་ལ་དགོངས་པའི་ཕྱིར༔ ཞིང་ཆེན་མི་ལྤགས་རློན་པ་གོས་སུ་ཀླུབས༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་གར་མཁན་དཔྱིད༔ སྤྲིན་དཀར་ཀློང་དུ་འགྱིང་བའི་སྟབས་སུ་བཞུགས༔ བདེ་སྟོང་དབྱིངས་ཀྱི་རྗེ་མོའི་སྐུ་ལ་བསྟོད༔ གསུང་གི་ང་རོས་དགྲ་བགེགས་བརྒྱལ་ཞིང་བསྔངས༔ ཧཱུྃ་གླུའི་སྒྲ་ཡིས་ཀུན་རྟོག་འཁོར་བ་འཇིག༔ ཕཊ་ཕེཾ་ལོག་འདྲེན་གཞོམ་པའི་ངག་བྲོ་འཁྲབ༔ རྒོད་གཤེད་རྔམས་ཤུལ་ལྡན་པའི་ང་རོ་ཡིས༔ འབྱུང་དམག་འཇོམས་མཛད་རྗེ་མོའི་གསུང་ལ་བསྟོད༔ ཆོས་སྐུ་སྤྲོས་མཐའ་བྲལ་ཞིང་ཡུལ་བརྒྱད་སྤངས༔ ལོངས་སྐུ་སྣ་ཚོགས་ཚོམ་བུ་ཕྱོགས་སུ་འབར༔ སྤྲུལ་པ་དགའ་དགྱེས་དྲག་མོའི་སྐུ་རུ་བཞེངས༔ སྒྲུབ་ལ་དངོས་གྲུབ་སྟེར་ཞིང་བགེགས་ཚོགས་གཞོམ༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོའི་ཐུགས་ལ་བསྟོད༔ མེ་ལོང་ཡེ་ཤེས་དབྱིངས་ལས་སྐུ་བཞེངས་ཤིང་༔ ཞི་བའི་ཕྲིན་ལས་མ་ལུས་ཐོགས་མེད་བསྒྲུབ༔ གར་གྱི་རྣམ་འགྱུར་མ་ངེས་སྤྱོད་པ་སྟོན༔ རྡོ་རྗེ་ཨེ་ཀ་ཛ་ཊཱིའི་སྐུ་ལ་བསྟོད༔ མཉམ་ཉིད་ཡེ་ཤེས་དབྱིངས་ལས་སྐུ་བཞེངས་ཤིང་༔ རྒྱས་པའི་ཕྲིན་ལས་མ་ལུས་ཐོགས་མེད་བསྒྲུབ༔ གར་གྱི་རྣམ་འགྱུར་མ་ངེས་སྤྱོད་པ་སྟོན༔ རིན་ཆེན་ཨེ་ཀ་ཛ་ཏིའི་སྐུ་ལ་བསྟོད༔ སོར་རྟོག་ཡེ་ཤེས་དབྱིངས་ལས་སྐུ་བཞེངས་ཤིང་༔ དབང་གི་ཕྲིན་ལས་མ་ལུས་ཐོགས་མེད་བསྒྲུབ༔ གར་གྱི་རྣམ་འགྱུར་མ་ངེས་སྤྱོད་པ་སྟོན༔ པདྨ་ཨེ་ཀ་ཛ་ཏིའི་སྐུ་ལ་བསྟོད༔ བྱ་གྲུབ་ཡེ་ཤེས་དབྱིངས་ལས་སྐུ་བཞེངས་ཤིང་༔ དྲག་པོའི་ཕྲིན་ལས་མ་ལུས་ཐོགས་མེད་བསྒྲུབ༔ གར་གྱི་རྣམ་འགྱུར་མ་ངེས་སྤྱོད་པ་སྟོན༔ ཀརྨ་ཨེ་ཀ་ཛ་ཏིའི་སྐུ་ལ་བསྟོད༔ དཔལ་ལྡན་རང་བྱུང་རྒྱལ་མོ་འཇིགས་པའི་སྐུ༔ སྲིད་པའི་བོང་བུ་གྭ་པའི་སྟེང་ན་འགྱིང་༔ ཞལ་གདངས་ལྗགས་འདྲིལ་རྣོ་དབལ་མཆེ་བ་གཙིགས༔ སྤྱན་གསུམ་བསྒྲད་པའི་ཤངས་ནས་ཧཱུྃ་གླུ་ལེན༔ ཕཊ་བྷྱོའི་སྒྲ་ཡིས་ལོག་འདྲེན་ཐལ་བར་བརླག༔ ཕྱག་གཉིས་རལ་གྲི་ཐོད་ཁྲག་ཁྲམ་ཤིང་བསྣམས༔ དུར་ཁྲོད་ཆས་བརྒྱད་གསོལ་ཞིང་སྲིད་གར་འཁྲབ༔ སྐུ་ལས་ཕུར་སྲུང་རྒྱ་མཚོ་ལས་ལ་འགྱེད༔ སྣང་སྲིད་ལེགས་ཉེས་ཀུན་གྱི་དབང་མོར་བསྟོད༔ དུར་ཁྲོད་ཉུལ་ཞིང་མ་ངེས་སྤྱོད་པ་སྟོན༔ གསང་སྔགས་བསྟན་པའི་གཉེར་འཛིན་མཐུ་མོ་ཆེ༔ སྔགས་སྲུང་དུར་ཁྲོད་ལྷ་མོ་ངན་ནེ་མ༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ སྤྱན་བསྒྲད་རལ་པ་དམར་སེར་སྲིད་རྩེར་འཁྱིལ༔ ཕྱག་གཉིས་ཡིད་བཞིན་ནོར་བུ་གཏེར་བུམ་བསྣམས༔ མཉམ་ཉིད་ངང་གདངས་སྐུ་མདོག་གསེར་འོད་འབར༔ དུར་ཁྲོད་ཆས་བརྒྱད་ཉེར་སྤྱོད་དྲུག་གིས་སྤྲས༔ ཞབས་གཉིས་འགྱིང་སྟབས་བམ་གྱི་གདན་ལ་བརྫིས༔ གནས་ཡུལ་དུར་ཁྲོད་ཀུན་གྱི་དབང་མོར་བསྟོད༔ ཕྲིན་ལས་བཞི་ལ་དབང་མཛད་མཐུ་མོ་ཆེ༔ འབར་མ་ཆེན་མོ་དུར་ཁྲོད་དཔལ་ཕྲེང་མ༔ ཁ་རིག་གཟི་འབར་འཇིགས་བྱེད་གློག་ཕྲེང་ཅན༔ འཇིག་རྟེན་ཚུལ་འཛིན་མཁའ་འགྲོ་བཞི་ལ་བསྟོད༔ དུས་བཞིའི་དྲོད་ཉུལ་སྒྲུབ་ལ་དངོས་གྲུབ་སྟེར༔ ཚེ་རིང་མ་དང་ཤ་ཟ་ཁ་མོ་ཆེ༔ རྡོ་རྗེ་གཡུ་སྒྲོན་དཔལ་གྱི་ལྷ་མོའི་ཚོགས༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་མཁའ་འགྲོར་བསྟོད༔ ཤྭ་ན་མཆེད་བཞི་རེ་ཏཱི་མ་བཞི་དང་༔ བསྭེ་མོ་མཆེད་བཞི་སྐྱེས་བུ་གིང་བཞི་སོགས༔ ཕུར་པའི་སྲུང་མར་ཁས་བླངས་དམ་བཅས་ཤིང་༔ སྒྲུབ་པ་པོ་ལ་ཚེ་དང་ལོངས་སྤྱོད་ཆོས༔ འཁོར་དང་གཟི་བརྗིད་སྙན་གྲགས་དངོས་གྲུབ་སྟེར༔ དམ་ཉམས་ཞིང་བཅུའི་སྡེ་དཔུང་བརླག་མཛད་པའི༔ ཡེ་ཤེས་འཇིག་རྟེན་སྲུང་མའི་ཚོགས་ལ་བསྟོད༔ བྱེ་བྲག་ཏུ་བསྟོད་བའི་ཡན་ལག་གོ༔ (བརྡ་ཡིག་) ཧོཿ བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་དགོངས༔ བདག་ནི་མ་རིག་བག་མེད་དབང་འགྱུར་ཏེ༔ སོ་ཐར་བྱང་སེམས་གསང་སྔགས་སྡོམ་ཉམས་དང་༔ ཁྱད་པར་མཆོད་གསོལ་རྒྱུན་གཏོར་ཆགས་པ་དང་༔ ལེ་ལོའི་དབང་གིས་ཕུད་དང་མཆོད་རྫས་ཞན༔ སེར་སྣའི་དུག་དང་འདྲེས་པའི་ཉེས་འགལ་ཀུན༔ ཕུར་སྲུང་རྒྱ་མཚོའི་ཚོགས་ལ་བཟོད་པར་གསོལ༔ ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་ས་མ་ཡ༔ ཨཱཿས་མ་ཡ༔ ཧཱུྃ་ས་མ་ཡ༔ ཨོཾ་བཛྲ་སཏྭ་སོགས་ཡི་གེ་བརྒྱ་པ་བརྗོད༔ བཤགས་པ་བྱ་བའི་ཡན་ལག་གོ༔ (བརྡ་ཡིག་) རང་ཉིད་ཡི་དམ་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཆོས་སྐྱོང་རྣམས་ཀྱི་ཐུགས་ཀར་ཕོག༔ ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་འབྱུང་བ་ལྔའི་ཁམས་ནས་འབྱུང་ལྔའི་ངོ་བོ་རང་འདྲ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཆོས་སྐྱོང་ཆེན་པོའི་སྐུ་གསུང་ཐུགས་ལ་ཐིམ་པས་འཁོར་འདས་ཡོངས་ལ་མངའ་དབང་བསྒྱུར་ཞིང་བདག་གི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབ་པར་བསམ༔ ཨོཾ་མ་མ་ཨེ་ཀ་ཙ་ཏི་མ་བྷྱོ་ཛ་ཧྲཱིཾ་ར་ལི་པྲ་མ་ནི་བཛྲ་ཧ་རི་ནི་ས་ཛཿཧཱུྃ་བཾ་ཧོ་ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏི་མཱ་ར་སྱ་ན་པྲ་མརྟ་ན་ཡེ་སརྦ་བཛྲ་ས་མ་ཡ་ཛ་ཛ་ཕེཾ་ཕེཾ༔ བར་མ་ཆད་པ་ཆུ་བོའི་གཞུང་བཞིན་བཟླ༔ འཛབ་སྔགས་བཟླ་བའི་ཡག་ལག་གོ༔ (བརྡ་ཡིག་) དེ་ནས་དམར་གཏོར་སྐྱེམས་མཆོད་བཤམས༔ སྭ་བྷཱ་ཝ་ཡིས་སྟོང་པར་གྱུར༔ རྃ་ཡྃ་ཁྃ་གིས་མི་གཙང་སྦྱངས༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུར༔ ཧ་ཧོ་ཧྲཱིཿཡིས་མང་དུ་སྤེལ༔ གསེར་སྐྱེམས་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་རྒྱ་མཚོ་ཆེན་པོ་ཟད་མི་ཤེས་པའི་གཏེར་དུ་གྱུར༔ ནམ་མཁའ་མཛོད་སྔགས་ལན་གསུམ་བརྗོད༔ ཧཱུྃ་ཛཿཀུན་ཏུ་བཟང་མོ་ཉིད་ཞི་མུ་ཁ་ལེ༔ ཨེ་ཀ་ཛ་ཏི་དཔལ་ལྡན་རེ་མ་ཏཱི༔ དུར་ཁྲོད་བདག་མོ་ལྷ་མོ་ངན་ནེ་མ༔ ཛ་ཏི་མཆེད་བཞི་འབར་མ་སྤྱང་ཞོན་མ༔ རྡོ་རྗེ་དཔལ་ཕྲེང་སྲིན་མོ་གཟི་འབར་མ༔ འཇིགས་བྱེད་ཆེན་མོ་ཚེ་རིང་མཆེད་ལྔ་དང་༔ ཁ་མོ་ཆེ་དང་རྡོ་རྗེ་གཡུ་སྒྲོན་མ༔ དཔལ་ལྡན་ལྷ་མོ་ཤྭ་ན་མཆེད་བཞི་དང་༔ རེ་ཏཱི་མ་བཞི་བསྭེ་མོ་མཆེད་སྡེ་བཞི༔ སྐྱེས་བུ་མཆེད་བཞི་ཕུར་སྲུང་རྒྱ་མཚོའི་ཚོགས༔ ཡེ་ཤེས་འཇིག་རྟེན་བཀའ་སྲུང་དྲེགས་པའི་སྡེ༔ མ་ཐོགས་འབོད་པའི་གནས་འདིར་གཤེགས་སུ་གསོལ༔ ཕྱི་མཆོད་ཉེར་སྤྱོད་དར་ཟབ་སྤྱན་གཟིགས་དཀོར༔ ནང་མཆོད་འདོད་ཡོན་ལྔ་དང་ཤ་ཁྲག་ཚོགས༔ གསང་མཆོད་སྨན་གཏོར་རཀྟ་གྷ་ཎ་དང་༔ རི་དྭགས་གཡུང་དྭགས་ཆུ་གནས་བྱ་རིགས་ཚོགས༔ མི་ཟད་ལོངས་སྤྱོད་རྒྱན་གྱི་འཁོར་ལོ་ཡིས༔ སྔགས་སྲུང་ཨེ་ཀ་ཛ་ཊཱིའི་ཐུགས་དམ་བསྐང་༔ དཔལ་ལྡན་རང་བྱུང་རྒྱལ་མོའི་ཐུགས་དམ་བསྐང་༔ མ་མོ་ངན་ནེ་མ་ཡི༴ སྤྲུལ་པ་ཙ་ཏི་མཆེད་བཞིའི༴ འབར་མ་སྤྱང་ཞོན་མ་ཡི༴ རྡོ་རྗེ་དཔལ་ཕྲེང་མ་ཡི༴ སྲིན་མོ་གཟི་འབར་མ་ཡི༴ བདུད་མོ་འཇིགས་བྱེད་ཆེན་མོའི༴ སྨན་བཙུན་ཚེ་རིང་མ་ཡི༴ ཤ་ཟ་ཁ་མོ་ཆེ་ཡི༴ རྡོ་རྗེ་གཡུ་སྒྲོན་མ་ཡི༴ ནོར་སྟེར་དཔལ་གྱི་ལྷ་མོའི༴ ཞི་མཛད་ཤྭ་ན་མ་བཞིའི༴ རྒྱས་མཛད་རེ་ཏཱི་མཆེད་བཞིའི༴ དབང་སྡུད་བསྭེ་མོ་བཞིའི༴ དྲག་པོ་སྐྱེས་བུ་སྡེ་བཞིའི༴ གཞན་ཡང་ཕུར་སྲུང་རྒྱ་མཚོའི༴ དེ་ལྟར་མཆོད་ཅིང་འདོད་དོན་གསོལ་བ་ནི༔ སངས་རྒྱས་བསྟན་སྲུང་དཀོན་མཆོག་དབུ་འཕང་བསྟོད༔ དགེ་འདུན་སྡེ་སྐྱོང་རྣལ་འབྱོར་ཚེ་སྲོག་བསྲིང་༔ འཇིགས་པ་བརྒྱུད་སོགས་འགལ་རྐྱེན་ཞི་བ་དང་༔ ཚེ་དང་བསོད་ནམས་ལོངས་སྤྱོད་རྒྱས་པར་མཛོད༔ ཁམས་གསུམ་སྲིད་གསུམ་སྐྱེ་འགྲོ་ཕོ་མོ་དང་༔ ཟས་ནོར་ལོངས་སྤྱོད་འདོད་རྒུ་དབང་དུ་སྡུད༔ གནོད་ཅིང་འཚེ་བའི་དགྲ་བགེགས་རྡུལ་དུ་རློག༔ མདོར་ན་རབ་འབྱམས་ཕྲིན་ལས་ཐོགས་མེད་སྒྲུབ༔ བཀའ་དང་དམ་ལས་མ་འདའ་ས་མ་ཡ༔ དེ་ལྟར་རྟག་ཏུ་མཆོད་ཅིང་བསྟོད་པ་ཡིས༔ རྣལ་འབྱོར་ཕྲིན་ལས་རབ་འབྱམས་ཐོགས་མེད་འགྲུབ༔ དངོས་གྲུབ་མྱུར་སྟེར་བར་ཆད་རྡུལ་དུ་བརླག༔ ཚེ་བསྲིང་དཔལ་བསྐྱེད་འདོད་དོན་རེ་བ་སྐོང་༔ རང་སྣང་དབང་སྡུད་གཞན་སྣང་ཟིལ་གྱིས་གནོན༔ ཚངས་དང་བརྒྱ་བྱིན་སོགས་ཀྱིས་མི་འཇིགས་ན༔ གཟུགས་མེད་འདྲེ་བགེགས་རྣམས་ཀྱིས་སྨོས་ཅི་དགོས༔ གཞན་གྱིས་རྒོལ་ཞིང་གནོད་པའི་རིགས་རྣམས་ཀུན༔ ཕུར་སྲུང་རྒྱ་མཚོའི་ཚོགས་ཀྱི་ཟ་སྐལ་བྱེད༔ དམ་ལྡན་སྒྲུབ་པོའི་སྲོག་ལྷ་ཚེ་བརྟེན་བྱེད༔ དམ་ཉམས་ལྟ་ལོག་ཙིཏྟའི་གཤེད་དུ་ཆེ༔ ས་མ་ཡ༔ ཨེ་མ༔ ཨོ་རྒྱན་ཆེན་པོའི་ཐུགས་ཀྱི་ཡང་སྙིང་མཆོག༔ ཟབ་ལམ་ཆོས་ཟབ་སྒྲུབ་པ་ཀུན་གྱི་བཅུད༔ མཁའ་འགྲོའི་སྲོག་ལས་སྣང་བའི་གསང་རྒྱ་ཡོད༔ སྣོད་མིན་སྐྱེ་བོའི་ཚོགས་ལ་ཨ་ཐཾ་རྒྱ༔ རླུང་ཕྱོགས་ཙམ་ཡང་བསྒྲགས་པར་མི་བྱ་བའི༔ སྲོག་གི་ཡང་ཐིག་ཕུར་པའི་སྒྲུབ་ཕྲིན་འདི༔ བཀའ་ཡི་སྲུང་མ་མིང་སྲིང་བཅུ་དྲུག་དང་༔ དབང་མོ་ཉེར་བརྒྱད་གནོད་སྦྱིན་རྨེ་རུ་ཙེ༔ ལྷ་ཆེན་དབང་ཕྱུག་གཟའ་བདུད་རྒྱལ་པོ་ལ༔ བཀའ་རྟགས་རྡོ་རྗེ་རྒྱ་ཡིས་གཏད་ནས་ཀྱང་༔ ཟོབ་རྫུན་ལོག་ལྟ་མཁན་དང་རིས་གཅོད་མི༔ བསྟན་ལ་རྒོལ་བའི་གཟུགས་ཅན་གཟུགས་མེད་པའི༔ ལོག་འདྲེན་རྣམས་ཀྱི་སྲོག་གི་གཤེད་དུ་བསྐོས༔ དམ་ལྡན་ཕུར་བའི་བཀའ་བབས་ཆོས་བདག་ལ༔ གཏད་རྒྱ་བཀྲོལ་ཞིང་སྐུ་ཚེའི་རྐྱེན་གེགས་བསལ༔ སྙན་གྲགས་གདུལ་བྱ་འགྲོ་དོན་རྒྱས་པ་ཡི༔ གྲོགས་སུ་བསྐོས་ཞིང་དམ་ཚིག་སྲོག་དང་བསྲེས༔ དེ་ལྟར་རྡོ་རྗེ་ཕུར་བའི་སྲུང་མ་ཡི༔ སྒྲུབ་ཐབས་ལག་ལེན་གསོལ་མཆོད་རིམ་པ་འདི༔ བཀའ་སྲུང་རྡོ་རྗེ་ལེགས་པ་ཁྱོད་ལ་གཏད༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ ཟབ་རྒྱ༔ སྦས་རྒྱ༔ དབྱིངས་སྣང་མཁའ་འགྲོའི་རྒྱ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཡང་མི་ལོ་ཉི་ཤུ་རྩ་བརྒྱད་བར་དུ་བཀའ་རྒྱ་བྱས་མཐར་ཆོས་བདག་སྐྱེས་བུ་དམ་པ་དགེ་ལེགས་དཔལ་བཟང་པོས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་པར་ཕབ་པའོ།།