DJYD-KABUM-07-JA-013: Difference between revisions

From Dudjom Wiki
DJYD-KABUM-07-JA-013
No edit summary
No edit summary
Line 7: Line 7:
|author=Dudjom Rinpoche
|author=Dudjom Rinpoche
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985.
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 7: . Kalimpong: Dupjung Lama, 1979-1985.
|sourcerevealer=bdud 'dul rdo rje
|sourcerevealertib=བདུད་འདུལ་རྡོ་རྗེ་
|terma=Yes
|cycle=bka' rdzogs pa chen po'i dam chos dgongs pa yongs 'dus
|cycletib=བཀའ་རྫོགས་པ་ཆེན་པོའི་དམ་ཆོས་དགོངས་པ་ཡོངས་འདུས་
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=
|volyigtib=ཇ
|volumenumber=07
|volumenumber=07
|volumeLetter=JA
|volumeLetter=JA

Revision as of 12:06, 9 July 2024

Wylie title DJYD-KABUM-07-JA-013.pdf
Location bdud 'joms rin po che bka' 'bum
Volume 7, Text 13, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. '. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 7: . Kalimpong: Dupjung Lama, 1979-1985.
Side notes  
More details More details
Tertön བདུད་འདུལ་རྡོ་རྗེ་ (bdud 'dul rdo rje)
Genre
Cycle བཀའ་རྫོགས་པ་ཆེན་པོའི་དམ་ཆོས་དགོངས་པ་ཡོངས་འདུས་ (bka' rdzogs pa chen po'i dam chos dgongs pa yongs 'dus)
[edit]
ཧ༔ བཀའ་རྫོགས་པ་ཆེན་པོ་དམ་ཆོས་དགོངས་པ་ཡོངས་འདུས་

ལས༔ སྒྲུབ་ཆེན་གྱི་བྱིན་འབེབས་ཡིད་བཞིན་ ནོར་བུ་བཞུགས་སོ༔

(1བ)གག་ །ཅྭ། ༔ བླ་མ་དགོངས་པ་ཡོངས་འདུས་ལས༔ སྒྲུབ་ཆེན་གྱི་དཀྱིལ་འཁོར་བྱིན་འབེབས་ཡིད་བཞིན་ནོར་བུ་ནི༔ དཀྱིལ་འཁོར་གྱི་ཆས་ཐམས་ཅད་ལེགས་པར་བསྒྲུབ་ལ༔ ཤ་ཆེན་ལ་སོགས་པའི་སྤོས་སྣ་ཚོགས་བསྲེག༔ རྐང་གླིང་ཐོད་རྔ་ལ་སོགས་པའི་རོལ་མོ་སྣ་ཚོགས་བསྒྲག༔ མཆེད་ལྕམ་ཐམས་ཅད་ཀྱིས་འཆམ་སྟབས་ཀྱིས་དཀྱིལ་འཁོར་ལ་བསྐོར་ཞིང་འདི་སྐད་དོ༔ ཧཱུཾ༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ སྐྱེ་མེད་དོན་གྱི་དངོས་གྲུབ་བརྙེས༔ ཀུན་བཟང་ཡབ་ཡུམ་བྱིན་ཕོབ་ཅིག༔ བདེ་བ་ཆེན་པོའི་ཕོ་བྲང་ནས༔ སྐྱེ་འཆི་མེད་པའི་དངོས་གྲུབ་བརྙེས༔ འོད་དཔག་མེད་མགོན་བྱིན་ཕོབ་ཅིག༔ ཕོ་བྲང་རི་བོ་ཏ་ལ་ནས༔ བྱམས་དང་སྙིང་རྗེའི་དངོས་གྲུབ་བརྙེས༔ ནམ་མཁའི་རྒྱལ་པོས་བྱིན་ཕོབ་ཅིག༔ ཨོ་རྒྱན་ཡུལ་གྱི་རྒྱ་མཚོའི་གླིང་༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་བྱིན་ཕོབ་ཅིག༔ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ ཡོན་ཏན་སྣ་ཚོགས་དངོས་གྲུབ་(2ན)བརྙེསཿ པདྨ་སམྦྷས་བྱིན་ཕོབ་ཅིག༔ རཱ་ག་རཀྟའི་གནས་མཆོག་ཏུ༔ ཐམས་ཅད་མཁྱེན་པའི་དངོས་གྲུབ་བརྙེས༔ བློ་ལྡན་མཆོག་སྲེད་བྱིན་ཕོབ་ཅིག༔ དགའ་བ་ཚལ་གྱི་དུར་ཁྲོད་དུ༔ ཁམས་གསུམ་དབང་སྡུད་དངོས་གྲུབ་བརྙེས༔ པདྨ་རྒྱལ་པོས་བྱིན་ཕོབ་ཅིག༔ སོ་ས་གླིང་གི་དུར་ཁྲོད་དུ༔ འགྲོ་བ་འདུལ་བའི་དངོས་གྲུབ་བརྙེས༔ ཉི་མ་འོད་ཟེར་བྱིན་ཕོབ་ཅིག༔ ཟ་ཧོར་རྒྱལ་པོའི་ཡུལ་དབུས་སུ༔ བདུད་འདུལ་དྲག་པོའི་དངོས་གྲུབ་བརྙེས༔ ཤཱཀྱ་སེང་གེས་བྱིན་ཕོབ་ཅིག༔ རྡོ་རྗེ་གདན་གྱི་གནས་མཆོག་ཏུ༔ མུ་སྟེགས་འདུལ་བའི་དངོས་གྲུབ་བརྙེས༔ སེང་གེ་སྒྲ་སྒྲོགས་བྱིན་ཕོབ་ཅིག༔ སྟག་ཚང་སེང་གེའི་བསམ་འགྲུབ་ཏུ༔ དྲེགས་པ་ཚར་གཅོད་དངོས་གྲུབ་བརྙེས༔ རྡོ་རྗེ་གྲོ་ལོད་བྱིན་ཕོབ་ཅིག༔ རྔ་ཡབ་དཔལ་རིའི་གཞལ་ཡས་སུ༔ གྲུབ་པ་མཐར་ཕྱིན་དངོས་གྲུབ་བརྙེས༔ པདྨ་ཐོད་ཕྲེང་བྱིན་ཕོབ་ཅིག༔ ཧཱུཾ༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ ཆོས་དབྱིངས་གཞོམ་མེད་ཕོ་བྲང་ནས༔ སྣ་ཚོགས་འགྲོ་འདུལ་དངོས་གྲུབ་བརྙེས༔ རིག་(2བ)འཛིན་བརྒྱད་ཀྱིས་བྱིན་ཕོབ་ཅིག༔ ཤློ་ཀ་འདི་ཤོག་སེར་ལ་མི་འདུག །)ཡང་རྫོང་ཤེལ་གྱི་བྲག་ཕུག་ཏུ༔ འཇམ་དཔལ་སྐུ་ཡི་དངོས་གྲུབ་བརྙེས༔ སངས་རྒྱས་ཡེ་ཤེས་བྱིན་ཕོབ་ཅིག༔ མཆིམས་ཕུ་བྲེ་གུའི་དབེན་གནས་སུ༔ པདྨ་གསུང་གི་དངོས་གྲུབ་བརྙེས༔ རྒྱལ་བ་མཆོག་དབྱངས་བྱིན་ཕོབ་ཅིག༔ མཁར་ཆུ་དཔལ་གྱི་བྲག་ཕྲག་ཏུ༔ ཡང་དག་ཐུགས་ཀྱི་དངོས་གྲུབ་བརྙེས༔ ནམ་མཁའི་སྙིང་པོས་བྱིན་ཕོབ་ཅིག༔ ཡར་ལུང་ཤེལ་གྱི་བྲག་ཕུག་ཏུ༔ བདུད་རྩི་སྨན་གྱི་དངོས་གྲུབ་བརྙེས༔ ཛྙཱ་ན་ཀུ་མཱས་བྱིན་ཕོབ་ཅིག༔ ནེ་རིང་སེང་གེའི་རྫོང་གསུམ་དུ༔ ཕྲིན་ལས་ཕུར་པའི་དངོས་གྲུབ་བརྙེས༔ ཡེ་ཤེས་མཚོ་རྒྱལ་བྱིན་ཕོབ་ཅིག༔ ཤམ་པོ་གངས་ཀྱི་ར་བ་རུ༔ རྦོད་གཏོང་མ་མོའི་དངོས་གྲུབ་བརྙེས༔ དཔལ་གྱི་ཡེ་ཤེས་བྱིན་ཕོབ་ཅིག༔ གནམ་མཚོ་སྔགས་ཀྱི་སྒྲུབ་གནས་སུ༔ དྲེགས་པ་ཀུན་འདུལ་དངོས་གྲུབ་བརྙེས༔ རླངས་ཆེན་དཔལ་སེང་བྱིན་ཕོབ་ཅིག༔ གཡའ་མ་ལུང་གི་དབེན་གནས་སུ༔ དྲག་སྔགས་མཐུ་ཡི་དངོས་གྲུབ་བརྙེས༔ བཻ་རོ་ཙ་ནས་བྱིན་ཕོབ་ཅིག༔ ཡར་ལུང་ཤེལ་གྱི་(3ན)ཡང་རྫོང་དུ༔ ཡོན་ཏན་སྣ་ཚོགས་དངོས་གྲུབ་བརྙེས༔ འབྲོག་མི་ཁྱེའུ་ཆུང་བྱིན་ཕོབ་ཅིག༔ བསམ་ཡས་དབུ་རྩེ་རིགས་གསུམ་དུ༔ བདེ་གཤེགས་འདུས་པའི་དངོས་གྲུབ་བརྙེས༔ ཆོས་རྒྱལ་ཡབ་སྲས་བྱིན་ཕོབ་ཅིག༔ བདེ་ཆེན་གསང་བའི་བྲག་ཕུག་ཏུ༔ འགྲོ་ཀུན་འདུལ་བའི་དངོས་གྲུབ་བརྙེས༔ གཏེར་བཞེད་སྙིང་པོས་བྱིན་ཕོབ་ཅིག༔ བཀའ་བབ་ལུང་གི་ཕོ་བྲང་ནས༔ བརྒྱུད་པའི་བླ་མས་བྱིན་ཕོབ་ཅིག༔ སྤྱི་གཙུག་ཉི་ཟླའི་གདན་སྟེང་ནས༔ རྩ་བའི་བླ་མས་བྱིན་ཕོབ་ཅིག༔ རང་ལུས་རྣམ་དག་ཕོ་བྲང་ནས༔ ཞི་ཁྲོའི་ལྷ་ཚོགས་བྱིན་ཕོབ་ཅིག༔ ཕོ་བྲང་གླིང་དགུའི་གཞལ་ཡས་ནས༔ བཀའ་བརྒྱད་ལྷ་ཚོགས་བྱིན་ཕོབ་ཅིག༔ གནས་ཡུལ་ཉི་ཤུ་རྩ་བཞི་ནས༔ དཔའ་བོ་མཁའ་འགྲོས་བྱིན་ཕོབ་ཅིག༔ བཀའ་དང་དམ་ཚིག་ཕོ་བྲང་ནས༔ གནས་སྲུང་གཏེར་བདག་བྱིན་ཕོབ་ཅིག༔ དབང་ཆེན་རྣམས་ཀྱིས་དབང་སྐུར་ཅིག༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག༔ བྱིན་རླབས་ན་བུན་ཐུ་ལུ་ལུ༔ དངོས་གྲུབ་སྦྲང་ཆར་ཉི་ལི་ལི༔ སྐལ་ལྡན་བུ་ལ་དབང་བཞི་(3བ)སྐུར༔ དཀྱིལ་འཁོར་འདི་ལ་བྱིན་ཕོབ་ཅིག༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུཾ༔ བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ཕ་ལ་ཨ་ཨཱ༔ སྙིགས་དུས་འགྲོ་ལ་ཕན་ཕྱིར་དུ༔ པདྨ་བདག་གིས་ལེགས་པར་བཀོད༔ ལས་ཅན་སྙིང་གི་བུ་དང་འཕྲད་པར་ཤོག༔ འཕྲད་ནས་འགྲོ་ཀུན་རང་གྲོལ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་ཟོག་པོ་ཏིང་འཛིན་བཟང་པོས་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་པའོ།། །།