DJYD-KABUM-22-ZA-039: Difference between revisions

From Dudjom Wiki
DJYD-KABUM-22-ZA-039
m Text replacement - "༈" to " ༈ "
m Text replacement - "bdud 'joms rin po che bka' 'bum" to "bdud 'joms rin po che'i bka' 'bum"
Line 6: Line 6:
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Khros ma nag mo'i gtor ma'i dpe'u ris''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 22: 599-602. Kalimpong: Dupjung Lama, 1979-1985.
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Khros ma nag mo'i gtor ma'i dpe'u ris''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 22: 599-602. Kalimpong: Dupjung Lama, 1979-1985.
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|collectiontitle=bdud 'joms rin po che bka' 'bum
|collectiontitle=bdud 'joms rin po che'i bka' 'bum
|author=Dudjom Rinpoche
|author=Dudjom Rinpoche
|sourcerevealer=bdud 'joms gling pa
|sourcerevealer=bdud 'joms gling pa

Revision as of 15:24, 24 February 2026

Wylie title khros ma nag mo'i gtor ma'i dpe'u ris
Location bdud 'joms rin po che'i bka' 'bum
Volume 22, Text 39, Pages 599-602 (Folios 1a1 to 2b7)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Khros ma nag mo'i gtor ma'i dpe'u ris. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 22: 599-602. Kalimpong: Dupjung Lama, 1979-1985.
Side notes Recto: gtor dpe   Verso: khros ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Illustrations - dpe'u ris
Cycle བདུད་འཇོམས་ཁྲོས་མ་ (bdud 'joms khros ma)
Parent Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity khros ma nag mo
Notes There are illustrations (dpe'u ris) in this text entry that have not be reproduced on this site. Please click on the pecha image to view the PDF.

[edit]
༄༅། །ཁྲོས་མ་ནག་མོའི་གཏོར་མའི་དཔེའུ་རིས་བཞུགས་སོ། །


༄༅། ། ༈ ཁྲོས་མའི་རྩ་གཏོར་གདན་ཆོས་འབྱུང་བསྣོལ། མའི་སྟེང་དམར་གཏོར་ཅུང་ཕྲ་ལ་རིང་བའི་རྣམ་པ་ཅན་འཁོར་རང་འདྲ་བཞིས་བསྐོར་བའོ། ། ༈ ཡང་སྒྲུབ་གཏོར་རྒྱས་པའི་སྐབས་སུ་ལྷ་གྲངས་ཀྱི་འཁོར་རིམ་བཞིན་ཕྱེད་སླེབས་ཀྱིས་བསྐོར་བའོ། ། ༈ སྨད་ལས་འདུལ་གྱི་ཟོར་གཏོར་དམར་གཏོར་ལེབ་མདུན་བསྟན་འཁོར་རང་འདྲ་བཅུ་གཉིས་ཀྱི་བསྐོར་བ། [2a] ༈ ཀླུ་རྒྱལ་དཀར་གཏོར་འདབ་བཞི་རིལ་བུ་ཅནགཤིན་རྗེ་དམར་གཏོར་གྲུ་གསུམ་གྲི་རིས་ཅན། བཙན་དམར་གཏོར་གྲུ་གསུམ་གཡོན་གཅུས། མ་མོ་དམར་གཏོར་གྲུ་གསུམ་རྩེ་བཅད། གཟའ་དམར་གཏོར་གྲུ་གསུམ་གཡས་གཅུས། བསྐུལ་གཏོར་དམར་གཏོར་གྲུ་གསུམ་མཐེབ་ཀྱུ་ཅན། གསོལ་བསྡུས་དམར་གཏོར་དཔུང་རང་མཐེབ་ཀྱུ་གང་མང་གིས་བསྐོར་བ། ཆད་མདོ་དམར་གཏོར་བྲ་གཟུགས་མ་ལོགས་རེར་མཐེབ་ཀྱུ་རེ། བརྟན་མ་དམར་གཏོར་གྲུ་གསུམ་དཔུང་རང་ལོགས་རེར་མཐབ་ཀྱུ་བཞི་རེ་བརྩེགས་པ། ཞལ་ཟས་སྤྱི་ལྟར། [2b] སླ་ངའི་ནང་དུ་བྲི་རྒྱུ། ༈ ཚེ་འདས་བླ་ཡིད་སེམས་གསུམ་ཁུག༔ ༈ གཤིན་པོ་ཕོ་ཡིན་ན་ཕོ་ཤིང་ངོར་མིང་བྱང་དང་། མོ་ཤིང་ངོར་ལིངྒ་ཏྲི་དགུ་ཛཿདགུ་བྲིས་པས་ཁེབས་བྱ། མོ་ཡིན་ན་མོ་ཤིང་ངོར་མིང་བྱང་དང་། ཕོ་ཤིང་ངོར་ལིངྒ་གོང་བཞིན་བྲིས་པས་ཁེབས་བྱ། དེ་གཉིས་ཀྱི་བར་དུ་ཤོག་ལིང་འཛུད་པ་ཕྱག་བཞེས་སོ། །ཕོ་ཤིང་སྟག་པ་དང་མོ་ཤིང་གླང་མ་ལས་བྱས་པའི་ཤིང་བྱང་བཅུ་གཉིས་ཀྱི་ངོས་གཅིག་ལ་འདི་ལྟར། གྲི་སྲི་ཁུག༔ ཤི་སྲི་ཁུག༔ ཆུང་སྲི་ཁུག༔ གཞོན་སྲི་ཁུག༔ དར་སྲི་ཁུག༔ རྒན་སྲི་ཁུག༔ གོད་སྲི་ཁུག༔ དུར་སྲི་ཁུག༔ ཕོ་སྲི་ཁུག༔ མོ་སྲི་ཁུག༔ འགག་སྲི་ཁུག༔ དམ་སྲི་ཁུག༔ ཅེས་བྲིས། ངོས་གཅིག་ལིངྒ་དང་གཉིས་ཀར་ཛ་ཁྲམ་དཔེའུ་རིས་ལྟར་བྲིའོ། །ཤིང་བྱང་འདི་ལྟར།