TTDL-ZABTER-13-PA-061: Difference between revisions

From Dudjom Wiki
TTDL-ZABTER-13-PA-061
m Text replacement - "bdud 'joms gling pa zab gter" to "bdud 'joms gling pa'i zab gter"
m Text replacement - "བདུད་འཇོམས་གླིང་པ་ཟབ་གཏེར" to "བདུད་འཇོམས་གླིང་པའི་ཟབ་གཏེར"
Line 5: Line 5:
|fulltitle=chos nyid nam mkha'i klong mdzod las: rdo rje phur pa srung mar bcas pa'i bskang gsol yid bzhin dbang rgyal:
|fulltitle=chos nyid nam mkha'i klong mdzod las: rdo rje phur pa srung mar bcas pa'i bskang gsol yid bzhin dbang rgyal:
|citation=Khrag 'thung [[Bdud 'joms gling pa]]. ''Chos nyid nam mkha'i klong mdzod las rdo rje phur pa srung mar bcas pa'i bskang gsol yid bzhin dbang rgyal''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 13: 231-233. Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''Chos nyid nam mkha'i klong mdzod las rdo rje phur pa srung mar bcas pa'i bskang gsol yid bzhin dbang rgyal''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 13: 231-233. Thimphu, Bhutan: Lama Kuenzang Wangdue, 2004.
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|collectiontitletib=བདུད་འཇོམས་གླིང་པའི་ཟབ་གཏེར།
|collectiontitle=bdud 'joms gling pa'i zab gter
|collectiontitle=bdud 'joms gling pa'i zab gter
|author=bdud 'joms gling pa
|author=bdud 'joms gling pa

Revision as of 13:20, 24 February 2026

Wylie title chos nyid nam mkha'i klong mdzod las: rdo rje phur pa srung mar bcas pa'i bskang gsol yid bzhin dbang rgyal:
Location bdud 'joms gling pa'i zab gter
Volume 13, Text 61, Pages 231-233 (Folios 1a1 to 2a1)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las rdo rje phur pa srung mar bcas pa'i bskang gsol yid bzhin dbang rgyal. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: 231-233. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskang gsol   Verso: bdud 'joms phur pa srung mar bcas
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Mending Rituals - bskang chog  ·  Protector Rituals - gsol mchod
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity Rdo rje phur pa
Colophon

ཞེས་པ་འདི་རྣམ་འབྱོར་པ་གསང་སྔགས་བསྟན་འཛིན་གྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བ་ཡོངས་སུ་དགེ་བར་གྱུར་ཅིག །དགེའོ།།

zhes pa 'di rnam 'byor pa gsang sngags bstan 'dzin gyis bskul ngor khrag 'thung bdud 'joms rdo rjes chos nyid nam mkha'i mdzod las bsgyur ba yongs su dge bar gyur cig_/dge'o//

[edit]
དྡྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རྡོ་རྗེ་ཕུར་པ་སྲུང་མར་བཅས་པའི་བསྐང་གསོལ་ཡིད་བཞིན་དབང་རྒྱལ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བསྐང་གསོལ་བྱེད་པའི་རིམ་པ་ལ༔ ཤ་ཁྲག་དང་ནི་དམར་གཏོར་དང་༔ ཇ་ཆང་ཁྲག་གི་སྐྱེམས་བཤམས་ནས༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་བདེན་པས་གཟུགས་ཅན་གཟུགས་མེད་དགྲ་བགེགས་གནོད་བྱེད་ཐམས་ཅད་ཤ་ཁྲག་དམར་གྱི་གཏོར་མ་འདི་ལ་ཁུག་ཅིག༔ ལན་གསུམ་མཐར༔ དགྲ་བགེགས་ཀྱི་ཤ་ཁྲག་ལས་བྱུང་བའི་གཏོར་མ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་མི་ཟད་པ་ནམ་མཁའི་མཛོད་ཀྱི་འཁོར་ལོར་གྱུར༔ ནམ་མཁའ་མཛོད་སྔགས་མཐར༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་སྤྱོན་ཕུར་པའི་ལྷ༔ རྡོ་རྗེ་གཞོན་ནུ་གཤེགས་སུ་གསོལ༔ དབྱིངས་ཀྱི་ཡུམ་ཆེན་གཤེགས་སུ་གསོལ༔ ཀཱི་ལ་རིགས་བཞི་ཁྲོ་བོ་བཅུ༔ ཡབ་ཡུམ་ཟ་གསོད་སྒོ་སྐྱོང་བཅས༔ ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ༔ དེ་ཡི་བཀའ་སྡོད་སྲུང་མ་ནི༔ ཤྭ་ན་མཆེད་བཞི་གཤེགས་སུ་གསོལ༔ རེ་ཏཱི་མ་བཞི༴ བསྭེ་མོ་མཆེད་བཞི༴ སྐྱེས་བུ་མཆེད་བཞི༴ དབང་ཕྱུག་ཉེར་བརྒྱད༴ འཁོར་དང་བཅས་པ་གཤེགས་སུ་གསོལ༔ བསྟན་དང་འགྲོ་བའི་དོན་ཕྱིར་དུ༔ སྒྲུབ་པའི་གནས་འདིར་བཞུགས་སུ་གསོལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཕྱི་ནང་གསང་མཚོད་སྣ་ཚོགས་དང་༔ དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས༔ འདོད་ཡོན་ནམ་མཁའ་མཛོད་དུ་འབུལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐང་༔ སྤྲུལ་འཁོར་བཀའ་སྡོད་ཐུགས་དམ་བསྐང་༔ ཕུར་པའི་སྲུང་མར་ཁས་བླངས་པའི༔ མ་མོ་བཅུ་གཉིས་ཐུགས་དམ་བསྐང་༔ སྐྱེས་བུ་མཆེད་བཞིའི་ཐུགས་དམ་བསྐང་༔ འཁོར་དང་བཅས་པའི་ཐུགས་དམ་བསྐང་༔ ཐུགས་དང་འགལ་འཁྲུལ་ཉེས་བྱས་བཤགས༔ རབ་གུས་གདུང་བས་ཕྱག་འཚལ་བསྟོད༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཚེ་དང་སྒྲུབ་པ་མཐར་རུ་སྐྱོལ༔ སྙིང་རུས་ངེས་འབྱུང་རྟེན་ཕུར་ཚུགས༔ ཕྱི་ནང་གསང་བའི་བར་ཆད་བཟློག༔ དགྲ་བགེགས་གནོད་བྱེད་མ་ལུས་སྒྲོལ༔ ཕྲིན་ལས་རབ་འབྱམས་ཡོངས་འགྲུབ་མཛོད༔ རང་དམ་གཉན་པོ་དཔང་བཙུག་གོ༔ མ་འདའ་བཛྲ་ས་མ་ཡ༔ དེ་ལྟར་གྲངས་ལྡན་བསྐྱལ་བ་ཡིས༔ བཀའ་སྲུང་དྲེགས་པ་བྲན་འཁོར་ནས༔ འདོད་དོན་ཡིད་བཞིན་འབྱུང་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་རྣམ་འབྱོར་པ་གསང་སྔགས་བསྟན་འཛིན་གྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བ་ཡོངས་སུ་དགེ་བར་གྱུར་ཅིག །དགེའོ།། །།