TTDL-ZABTER-12-NA-085: Difference between revisions

From Dudjom Wiki
TTDL-ZABTER-12-NA-085
m Text replacement - "བདུད་འཇོམས་གླིང་པ་ཟབ་གཏེར" to "བདུད་འཇོམས་གླིང་པའི་ཟབ་གཏེར"
No edit summary
 
Line 37: Line 37:
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|དྡྂ།༔  ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མའི་བསྐང་བ་འདོད་འཇོའི་དཔལ་སྟེར་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔  ({{TibChung|བརྡ་ཡིག་}})  རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མར༔ བརྟེན་ནས་ཉམས་ཆག་བསྐང་བའི་ཐབས༔ ལུས་དང་ལོངས་སྤྱོད་དགེ་རྩར་བཅས༔ ཚོགས་ཀྱི་འཁོར་ལོར་རྒྱས་བཏབ་སྟེ༔ ཐུགས་དམ་བསྐང་བའི་རིམ་པ་ལ༔ ཧཱུྃ༔ བདེ་ཆེན་དག་པ་མཁའ་སྤྱོད་ཞིང་༔ ལྷུན་གྲུབ་བདེ་ཆེན་གཞལ་ཡས་ནས༔ དུས་གསུམ་རྒྱལ་བ་བསྐྱེད་པའི་ཡུམ༔ འབུམ་ཕྲག་མཁའ་འགྲོ་ཡོངས་ཀྱི་གཙོ༔ རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ༔ ཁྲོས་མ་ནག་མོ་སེང་གེའི་གདོང་༔ ཡོངས་འདུས་དབྱིངས་ཀྱི་སྤྱི་རྗེ་མོ༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སྐུ༔ རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང་༔ གཏི་མུག་དབང་གིས་དམ་ཉམས་ཀུན༔ མ་ལུས་མི་འཆབ་མཐོལ་ལོ་བཤགས༔ ཀ་དག་ཐུགས་ཀྱི་རང་གདངས་ལས༔ འགྲོ་ཁམས་རྒྱ་མཚོའི་མུན་པ་སེལ༔ མེ་ལོང་ལྟ་བུའི་ཡེ་ཤེས་སྐུ༔ རྡོ་རྗེ་མཁའ་འགྲོའི་ཐུགས་དམ་བསྐང་༔ ཞེ་སྡང་དམ་ཚིག་ཉམས་སོ་ཅོག༔ འདི་ཡང་མི་འཆབ་མཐོལ་ལོ་བཤགས༔ ཡེ་ཤེས་ཡོན་ཏན་རྫོགས་པའི་དབྱིངས༔ འཁོར་འདས་དག་མཉམ་རོལ་པའི་མ༔ མཉམ་པ་ཉིད་ཀྱི་ཡེ་ཤེས་སྐུ༔ རིན་ཆེན་མཁའ་འགྲོའི་ཐུགས་དམ་བསྐང་༔ ང་རྒྱལ་དམ་ཚིག་ཉམས་སོ་ཅོག༔ མ་ལུས་མི་འཆབ་མཐོལ་ལོ་བཤགས༔ ཀུན་མཁྱེན་ཀུན་གཟིགས་དབྱིངས་ཀྱི་ཡུམ༔ གཟུང་འཛིན་འཁྲུལ་བ་ལས་སྒྲོལ་མ༔ སོ་སོར་རྟོག་པའི་ཡེ་ཤེས་སྐུ༔ པདྨ་མཁའ་འགྲོའི་ཐུགས་དམ་བསྐང་༔ འདོད་ཆགས་དབང་གི་དམ་ཉམས་ཀུན༔ མ་ལུས་མི་འཆབ་མཐོལ་ལོ་བཤགས༔ འཁོར་འདས་དག་མཉམ་རོལ་པའི་གདངས༔ སྣ་ཚོགས་ཕྲིན་ལས་མཛད་པ་མོ༔ བྱ་བ་གྲུབ་པའི་ཡེ་ཤེས་སྐུ༔ ལས་ཀྱི་མཁའ་འགྲོའི་ཐུགས་དམ་བསྐང་༔ ཕྲག་དོག་དབང་གིས་དམ་ཉམས་ཀུན༔ མ་ལུས་མི་འཆབ་མཐོལ་ལོ་བཤགས༔ ཚད་མེད་སྙིང་རྗེའི་ཕྱག་རྒྱ་མོ༔ དབྱིངས་ནས་དབྱིངས་སུ་འགུགས་བྱེད་ཅིང་༔ ཞི་བའི་ཕྲིན་ལས་མཛད་པ་མོ༔ ཤར་གྱི་སྒོ་མའི་ཐུགས་དམ་བསྐང་༔ བྱམས་པ་ཚད་མེད་རང་གདངས་མོ༔ འཁོར་བ་ཆོས་སྐུར་འཆིང་བྱེད་མ༔ ཡེ་ཤེས་ཡོན་ཏན་རྒྱས་པའི་དབྱིངས༔ ལྷོ་ཡི་སྒོ་མའི་ཐུགས་དམ་བསྐང་༔ དགའ་བ་ཚད་མེད་རང་གདངས་ལས༔ སྲིད་ལས་རྨོང་ཞིང་དབྱིངས་སུ་སྡོམས༔ འཁོར་འདས་དབང་དུ་བསྒྱུར་བའི་མ༔ ནུབ་ཀྱི་སྒོ་མའི་ཐུགས་དམ་བསྐང་༔ བཏང་སྙོམས་ཚད་མེད་རང་གདངས་མོ༔ འཁོར་བ་དབྱིངས་སུ་སྒྲོལ་བ་ཡི༔ དྲག་པོའི་ཕྲིན་ལས་མཛད་པ་མོ༔ བྱང་གི་སྒོ་མའི་ཐུགས་དམ་བསྐང་༔ མ་ངེས་སྣ་ཚོགས་གར་བསྒྱུར་ཅིང་༔ ཐབས་རྣམ་སྣ་ཚོགས་དུ་མ་ཡི༔ གདུལ་དཀའ་འདུལ་མཛད་འཕྲུལ་མོ་ཆེ༔ འབུམ་ཕྲག་མཁའ་འགྲོའི་ཐུགས་དམ་བསྐང་༔ བདག་ནི་ཚེ་རབས་ཐམས་ཅད་དུ༔ མ་རིག་འཁྲུལ་པའི་དབང་གྱུར་ཏེ༔ གཟུང་འཛིན་ལམ་དུ་འཆིང་བ་ཡི༔ སྡིག་སྒྲིབ་ལས་ཉོན་བག་ཆགས་དང་༔ སྡོམ་དང་བསླབ་པ་དམ་ཉམས་ཀུན༔ གནོང་ཞིང་འགྱོད་སེམས་དྲག་པོ་ཡིས༔ མི་འཆབ་མི་སྦེད་མཐོལ་ཞིང་བཤགས༔ དག་ཅིང་ཚངས་པར་མཛད་ནས་ཀྱང་༔ ཡེ་ཤེས་རང་ཞལ་མངོན་གྱུར་ཏེ༔ ཀ་དག་ཆེན་པོའི་ས་རུ་སྐྱོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས་ཚང་བར་བརྗོད༔ འདི་ལྟར་འགྱོད་ཚངས་དྲག་པོ་དང་༔ བཤགས་སྡོམ་གནད་ཀྱིས་ཟིན་གྱུར་ན༔ ཉམས་ཆག་ཉེས་ལྟུང་ཀུན་དག་ནས༔ ཉམས་དང་རྟོགས་པའི་ཡོན་ཏན་འཕེལ༔ བཀའ་སྲུང་དྲང་སྲོང་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ གུ་ཧྱ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །ཨྠིྀ།།}}
{{TibP|དྡྂ།༔  {{TibChung|ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མའི་བསྐང་བ་འདོད་འཇོའི་དཔལ་སྟེར་བཞུགས་སོ༔}} ན་མོ་གུ་རུ་པདྨ་ཀ་ར་ཡེ༔  ({{TibChung|བརྡ་ཡིག་}})  {{TibChung|རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མར༔ བརྟེན་ནས་ཉམས་ཆག་བསྐང་བའི་ཐབས༔ ལུས་དང་ལོངས་སྤྱོད་དགེ་རྩར་བཅས༔ ཚོགས་ཀྱི་འཁོར་ལོར་རྒྱས་བཏབ་སྟེ༔ ཐུགས་དམ་བསྐང་བའི་རིམ་པ་ལ༔}} ཧཱུྃ༔ བདེ་ཆེན་དག་པ་མཁའ་སྤྱོད་ཞིང་༔ ལྷུན་གྲུབ་བདེ་ཆེན་གཞལ་ཡས་ནས༔ དུས་གསུམ་རྒྱལ་བ་བསྐྱེད་པའི་ཡུམ༔ འབུམ་ཕྲག་མཁའ་འགྲོ་ཡོངས་ཀྱི་གཙོ༔ རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ༔ ཁྲོས་མ་ནག་མོ་སེང་གེའི་གདོང་༔ ཡོངས་འདུས་དབྱིངས་ཀྱི་སྤྱི་རྗེ་མོ༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སྐུ༔ རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང་༔ གཏི་མུག་དབང་གིས་དམ་ཉམས་ཀུན༔ མ་ལུས་མི་འཆབ་མཐོལ་ལོ་བཤགས༔ ཀ་དག་ཐུགས་ཀྱི་རང་གདངས་ལས༔ འགྲོ་ཁམས་རྒྱ་མཚོའི་མུན་པ་སེལ༔ མེ་ལོང་ལྟ་བུའི་ཡེ་ཤེས་སྐུ༔ རྡོ་རྗེ་མཁའ་འགྲོའི་ཐུགས་དམ་བསྐང་༔ ཞེ་སྡང་དམ་ཚིག་ཉམས་སོ་ཅོག༔ འདི་ཡང་མི་འཆབ་མཐོལ་ལོ་བཤགས༔ ཡེ་ཤེས་ཡོན་ཏན་རྫོགས་པའི་དབྱིངས༔ འཁོར་འདས་དག་མཉམ་རོལ་པའི་མ༔ མཉམ་པ་ཉིད་ཀྱི་ཡེ་ཤེས་སྐུ༔ རིན་ཆེན་མཁའ་འགྲོའི་ཐུགས་དམ་བསྐང་༔ ང་རྒྱལ་དམ་ཚིག་ཉམས་སོ་ཅོག༔ མ་ལུས་མི་འཆབ་མཐོལ་ལོ་བཤགས༔ ཀུན་མཁྱེན་ཀུན་གཟིགས་དབྱིངས་ཀྱི་ཡུམ༔ གཟུང་འཛིན་འཁྲུལ་བ་ལས་སྒྲོལ་མ༔ སོ་སོར་རྟོག་པའི་ཡེ་ཤེས་སྐུ༔ པདྨ་མཁའ་འགྲོའི་ཐུགས་དམ་བསྐང་༔ འདོད་ཆགས་དབང་གི་དམ་ཉམས་ཀུན༔ མ་ལུས་མི་འཆབ་མཐོལ་ལོ་བཤགས༔ འཁོར་འདས་དག་མཉམ་རོལ་པའི་གདངས༔ སྣ་ཚོགས་ཕྲིན་ལས་མཛད་པ་མོ༔ བྱ་བ་གྲུབ་པའི་ཡེ་ཤེས་སྐུ༔ ལས་ཀྱི་མཁའ་འགྲོའི་ཐུགས་དམ་བསྐང་༔ ཕྲག་དོག་དབང་གིས་དམ་ཉམས་ཀུན༔ མ་ལུས་མི་འཆབ་མཐོལ་ལོ་བཤགས༔ ཚད་མེད་སྙིང་རྗེའི་ཕྱག་རྒྱ་མོ༔ དབྱིངས་ནས་དབྱིངས་སུ་འགུགས་བྱེད་ཅིང་༔ ཞི་བའི་ཕྲིན་ལས་མཛད་པ་མོ༔ ཤར་གྱི་སྒོ་མའི་ཐུགས་དམ་བསྐང་༔ བྱམས་པ་ཚད་མེད་རང་གདངས་མོ༔ འཁོར་བ་ཆོས་སྐུར་འཆིང་བྱེད་མ༔ ཡེ་ཤེས་ཡོན་ཏན་རྒྱས་པའི་དབྱིངས༔ ལྷོ་ཡི་སྒོ་མའི་ཐུགས་དམ་བསྐང་༔ དགའ་བ་ཚད་མེད་རང་གདངས་ལས༔ སྲིད་ལས་རྨོང་ཞིང་དབྱིངས་སུ་སྡོམས༔ འཁོར་འདས་དབང་དུ་བསྒྱུར་བའི་མ༔ ནུབ་ཀྱི་སྒོ་མའི་ཐུགས་དམ་བསྐང་༔ བཏང་སྙོམས་ཚད་མེད་རང་གདངས་མོ༔ འཁོར་བ་དབྱིངས་སུ་སྒྲོལ་བ་ཡི༔ དྲག་པོའི་ཕྲིན་ལས་མཛད་པ་མོ༔ བྱང་གི་སྒོ་མའི་ཐུགས་དམ་བསྐང་༔ མ་ངེས་སྣ་ཚོགས་གར་བསྒྱུར་ཅིང་༔ ཐབས་རྣམ་སྣ་ཚོགས་དུ་མ་ཡི༔ གདུལ་དཀའ་འདུལ་མཛད་འཕྲུལ་མོ་ཆེ༔ འབུམ་ཕྲག་མཁའ་འགྲོའི་ཐུགས་དམ་བསྐང་༔ བདག་ནི་ཚེ་རབས་ཐམས་ཅད་དུ༔ མ་རིག་འཁྲུལ་པའི་དབང་གྱུར་ཏེ༔ གཟུང་འཛིན་ལམ་དུ་འཆིང་བ་ཡི༔ སྡིག་སྒྲིབ་ལས་ཉོན་བག་ཆགས་དང་༔ སྡོམ་དང་བསླབ་པ་དམ་ཉམས་ཀུན༔ གནོང་ཞིང་འགྱོད་སེམས་དྲག་པོ་ཡིས༔ མི་འཆབ་མི་སྦེད་མཐོལ་ཞིང་བཤགས༔ དག་ཅིང་ཚངས་པར་མཛད་ནས་ཀྱང་༔ ཡེ་ཤེས་རང་ཞལ་མངོན་གྱུར་ཏེ༔ ཀ་དག་ཆེན་པོའི་ས་རུ་སྐྱོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ {{TibChung|སོགས་ཚང་བར་བརྗོད༔ འདི་ལྟར་འགྱོད་ཚངས་དྲག་པོ་དང་༔ བཤགས་སྡོམ་གནད་ཀྱིས་ཟིན་གྱུར་ན༔ ཉམས་ཆག་ཉེས་ལྟུང་ཀུན་དག་ནས༔ ཉམས་དང་རྟོགས་པའི་ཡོན་ཏན་འཕེལ༔ བཀའ་སྲུང་དྲང་སྲོང་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ གུ་ཧྱ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །ཨྠིྀ།།}} }}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 12:59, 27 February 2026

Wylie title chos nyid nam mkha'i klong mdzod las: rgyal yum rdo rje rnal 'byor ma'i bskang ba 'dod 'jo'i dpal ster:
Location bdud 'joms gling pa'i zab gter
Volume 12, Text 85, Pages 499-501 (Folios 1a1 to 2a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las rgyal yum rdo rje rnal 'byor ma'i bskang ba 'dod 'jo'i dpal ster. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 12: 499-501. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskang ba   Verso: bdud 'joms rdo rje rnal 'byor ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Mending Rituals - bskang chog
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity Rdo rje rnal 'byor ma
Colophon

ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །ཨྠིྀ།།

zhes pa 'di yang khrag 'thung bdud 'joms rdo rjes chos nyid nam mkha'i klong las bsgyur ba'o/_/dge'o/_/dge'o/_/dge'o/_/a+thi+-i//

[edit]
དྡྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མའི་བསྐང་བ་འདོད་འཇོའི་དཔལ་སྟེར་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མར༔ བརྟེན་ནས་ཉམས་ཆག་བསྐང་བའི་ཐབས༔ ལུས་དང་ལོངས་སྤྱོད་དགེ་རྩར་བཅས༔ ཚོགས་ཀྱི་འཁོར་ལོར་རྒྱས་བཏབ་སྟེ༔ ཐུགས་དམ་བསྐང་བའི་རིམ་པ་ལ༔ ཧཱུྃ༔ བདེ་ཆེན་དག་པ་མཁའ་སྤྱོད་ཞིང་༔ ལྷུན་གྲུབ་བདེ་ཆེན་གཞལ་ཡས་ནས༔ དུས་གསུམ་རྒྱལ་བ་བསྐྱེད་པའི་ཡུམ༔ འབུམ་ཕྲག་མཁའ་འགྲོ་ཡོངས་ཀྱི་གཙོ༔ རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ༔ ཁྲོས་མ་ནག་མོ་སེང་གེའི་གདོང་༔ ཡོངས་འདུས་དབྱིངས་ཀྱི་སྤྱི་རྗེ་མོ༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སྐུ༔ རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང་༔ གཏི་མུག་དབང་གིས་དམ་ཉམས་ཀུན༔ མ་ལུས་མི་འཆབ་མཐོལ་ལོ་བཤགས༔ ཀ་དག་ཐུགས་ཀྱི་རང་གདངས་ལས༔ འགྲོ་ཁམས་རྒྱ་མཚོའི་མུན་པ་སེལ༔ མེ་ལོང་ལྟ་བུའི་ཡེ་ཤེས་སྐུ༔ རྡོ་རྗེ་མཁའ་འགྲོའི་ཐུགས་དམ་བསྐང་༔ ཞེ་སྡང་དམ་ཚིག་ཉམས་སོ་ཅོག༔ འདི་ཡང་མི་འཆབ་མཐོལ་ལོ་བཤགས༔ ཡེ་ཤེས་ཡོན་ཏན་རྫོགས་པའི་དབྱིངས༔ འཁོར་འདས་དག་མཉམ་རོལ་པའི་མ༔ མཉམ་པ་ཉིད་ཀྱི་ཡེ་ཤེས་སྐུ༔ རིན་ཆེན་མཁའ་འགྲོའི་ཐུགས་དམ་བསྐང་༔ ང་རྒྱལ་དམ་ཚིག་ཉམས་སོ་ཅོག༔ མ་ལུས་མི་འཆབ་མཐོལ་ལོ་བཤགས༔ ཀུན་མཁྱེན་ཀུན་གཟིགས་དབྱིངས་ཀྱི་ཡུམ༔ གཟུང་འཛིན་འཁྲུལ་བ་ལས་སྒྲོལ་མ༔ སོ་སོར་རྟོག་པའི་ཡེ་ཤེས་སྐུ༔ པདྨ་མཁའ་འགྲོའི་ཐུགས་དམ་བསྐང་༔ འདོད་ཆགས་དབང་གི་དམ་ཉམས་ཀུན༔ མ་ལུས་མི་འཆབ་མཐོལ་ལོ་བཤགས༔ འཁོར་འདས་དག་མཉམ་རོལ་པའི་གདངས༔ སྣ་ཚོགས་ཕྲིན་ལས་མཛད་པ་མོ༔ བྱ་བ་གྲུབ་པའི་ཡེ་ཤེས་སྐུ༔ ལས་ཀྱི་མཁའ་འགྲོའི་ཐུགས་དམ་བསྐང་༔ ཕྲག་དོག་དབང་གིས་དམ་ཉམས་ཀུན༔ མ་ལུས་མི་འཆབ་མཐོལ་ལོ་བཤགས༔ ཚད་མེད་སྙིང་རྗེའི་ཕྱག་རྒྱ་མོ༔ དབྱིངས་ནས་དབྱིངས་སུ་འགུགས་བྱེད་ཅིང་༔ ཞི་བའི་ཕྲིན་ལས་མཛད་པ་མོ༔ ཤར་གྱི་སྒོ་མའི་ཐུགས་དམ་བསྐང་༔ བྱམས་པ་ཚད་མེད་རང་གདངས་མོ༔ འཁོར་བ་ཆོས་སྐུར་འཆིང་བྱེད་མ༔ ཡེ་ཤེས་ཡོན་ཏན་རྒྱས་པའི་དབྱིངས༔ ལྷོ་ཡི་སྒོ་མའི་ཐུགས་དམ་བསྐང་༔ དགའ་བ་ཚད་མེད་རང་གདངས་ལས༔ སྲིད་ལས་རྨོང་ཞིང་དབྱིངས་སུ་སྡོམས༔ འཁོར་འདས་དབང་དུ་བསྒྱུར་བའི་མ༔ ནུབ་ཀྱི་སྒོ་མའི་ཐུགས་དམ་བསྐང་༔ བཏང་སྙོམས་ཚད་མེད་རང་གདངས་མོ༔ འཁོར་བ་དབྱིངས་སུ་སྒྲོལ་བ་ཡི༔ དྲག་པོའི་ཕྲིན་ལས་མཛད་པ་མོ༔ བྱང་གི་སྒོ་མའི་ཐུགས་དམ་བསྐང་༔ མ་ངེས་སྣ་ཚོགས་གར་བསྒྱུར་ཅིང་༔ ཐབས་རྣམ་སྣ་ཚོགས་དུ་མ་ཡི༔ གདུལ་དཀའ་འདུལ་མཛད་འཕྲུལ་མོ་ཆེ༔ འབུམ་ཕྲག་མཁའ་འགྲོའི་ཐུགས་དམ་བསྐང་༔ བདག་ནི་ཚེ་རབས་ཐམས་ཅད་དུ༔ མ་རིག་འཁྲུལ་པའི་དབང་གྱུར་ཏེ༔ གཟུང་འཛིན་ལམ་དུ་འཆིང་བ་ཡི༔ སྡིག་སྒྲིབ་ལས་ཉོན་བག་ཆགས་དང་༔ སྡོམ་དང་བསླབ་པ་དམ་ཉམས་ཀུན༔ གནོང་ཞིང་འགྱོད་སེམས་དྲག་པོ་ཡིས༔ མི་འཆབ་མི་སྦེད་མཐོལ་ཞིང་བཤགས༔ དག་ཅིང་ཚངས་པར་མཛད་ནས་ཀྱང་༔ ཡེ་ཤེས་རང་ཞལ་མངོན་གྱུར་ཏེ༔ ཀ་དག་ཆེན་པོའི་ས་རུ་སྐྱོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས་ཚང་བར་བརྗོད༔ འདི་ལྟར་འགྱོད་ཚངས་དྲག་པོ་དང་༔ བཤགས་སྡོམ་གནད་ཀྱིས་ཟིན་གྱུར་ན༔ ཉམས་ཆག་ཉེས་ལྟུང་ཀུན་དག་ནས༔ ཉམས་དང་རྟོགས་པའི་ཡོན་ཏན་འཕེལ༔ བཀའ་སྲུང་དྲང་སྲོང་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ གུ་ཧྱ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །ཨྠིྀ།།