TTDL-ZABTER-18-TSHA-060: Difference between revisions

From Dudjom Wiki
TTDL-ZABTER-18-TSHA-060
m Text replacement - "བདུད་འཇོམས་གླིང་པ་ཟབ་གཏེར" to "བདུད་འཇོམས་གླིང་པའི་ཟབ་གཏེར"
m Text replacement - "bdud 'joms gling pa zab gter" to "bdud 'joms gling pa'i zab gter"
 
Line 6: Line 6:
|citation=Khrag 'thung [[Bdud 'joms gling pa]]. ''Dus gsum sangs rgyas 'dus pa'i sogs chos nyid 'od zer la gdams pa''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 18: 205-206. Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''Dus gsum sangs rgyas 'dus pa'i sogs chos nyid 'od zer la gdams pa''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 18: 205-206. Thimphu, Bhutan: Lama Kuenzang Wangdue, 2004.
|collectiontitletib=བདུད་འཇོམས་གླིང་པའི་ཟབ་གཏེར།
|collectiontitletib=བདུད་འཇོམས་གླིང་པའི་ཟབ་གཏེར།
|collectiontitle=bdud 'joms gling pa zab gter
|collectiontitle=bdud 'joms gling pa'i zab gter
|author=bdud 'joms gling pa
|author=bdud 'joms gling pa
|tibgenre=Advice - zhal gdams
|tibgenre=Advice - zhal gdams

Latest revision as of 14:10, 24 February 2026

Wylie title dus gsum sangs rgyas 'dus pa'i sogs chos nyid 'od zer la gdams pa
Location bdud 'joms gling pa'i zab gter
Volume 18, Text 60, Pages 205-206 (Folios 103a1 to 103b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dus gsum sangs rgyas 'dus pa'i sogs chos nyid 'od zer la gdams pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: 205-206. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zhal gdams   Verso: bdud 'joms gsung mgur skor
More details More details
Genre Advice - zhal gdams
Colophon

བདུད་འཇོམས་པས་སོ། །དགེའོ།།

bdud 'joms pas so/_/dge'o//

[edit]
༄༅། །དུས་གསུམ་སངས་རྒྱས་འདུས་པའི་ཞལ། །པདྨ་འབྱུང་གནས་བདག་སྐྱོངས་ཤིག །སྨོན་ལམ་ལས་འབྲེལ་སྐྱེས་བུ་ཁྱོད། །ངའི་འབངས་ཆོས་ཉིད་འོད་ཟེར་དེ། །འོད་ཟེར་མིང་གཞིའི་ལུང་བསྟན་པའི། །གཅིག་ནི་དཔལ་ཡེའི་སྤྲུལ་པ་ལགས། །དེ་ལ་ཁྲེགས་ཆོད་ཐོད་རྒལ་གྱི། །གདམས་པ་ཞུས་ལ་དབེན་པའི་སར། །སྙིང་པོའི་སྒྲུབ་པ་ལྷུར་ལེན་མཛོད། །སྣང་སྲིད་འཁོར་འདས་ཐམས་ཅད་ཀུན། །རང་སྣང་ཉིད་དུ་རོ་གཅིག་པའི། །ཚུལ་དེ་ངེས་པར་རྟོགས་བྱས་ནས། །ངང་དུ་མཉམ་པར་བཞག་པའི་ཚེ། །རྒྱ་མཚོའི་གཟའ་སྐར་ཅི་བཞིན་དུ། །རང་སྣང་ཉིད་དུ་བབ་ཀྱིས་རྫོགས། །འདི་ནི་ལྟ་བའི་རྒྱལ་པོ་ལགས། །མ་བཅོས་རང་བབ་རང་ཡན་པའི། །ཤེས་རིག་མངོན་གྱུར་ཆེན་པོ་ནི། །སྒོམ་པའི་རྒྱལ་པོར་ལྷུན་གྱིས་གྲུབ། །རིག་པ་སེམས་སུ་མ་འཁྲུལ་བའི། །རང་གནས་རང་བབ་སྤྱོད་པའི་མཆོག །འདི་ནི་དུས་གསུམ་སངས་རྒྱས་ཞལ། །ནམ་ཡང་མི་འདོར་ལག་ལེན་གནད། །ཤེས་པ་དང་པོ་འོད་གསལ་དུ། །མཆེད་པའི་ཆོས་ཉིད་མངོན་སུམ་ཞལ། །མཐོང་ནས་སྣང་བ་དྭངས་མའི་ཆ། །གོང་འཕེལ་ཚད་ཕེབས་དབྱིངས་སུ་སྐྱོལ། །མི་འགྱང་མྱུར་དུ་འཇའ་ལུས་ཆེར། །མངོན་འཚང་རྒྱ་བར་གདོན་མི་ཟ། །ཚིག་མང་མདོ་དོན་གཅིག་དྲིལ་བའི། །མན་ངག་ཟབ་མོའི་ཡང་བཅུད་འདི། །གཅེས་པའི་ནོར་དུ་ཁྱོད་ལ་སྟེར། །ཉམས་སུ་ལོངས་ཤིག་སྐལ་ལྡན་བུ། །བདུད་འཇོམས་པས་སོ། །དགེའོ།། །།