TTDL-ZABTER-02-KHA-025: Difference between revisions

From Dudjom Wiki
TTDL-ZABTER-02-KHA-025
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༠༠༠༠བརྡ་ཡིག༣༠༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཁྲོ་རྒྱལ་གཤིན་རྗེའི་གཤེད་པོའི་དྲག་བཟློག་འཆི་བདག་ཚར་གཅོད་བཞུགས་སོ༔ ༠༠༠བརྡ་ཡིག༣༠༩ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ གཤིན་རྗེ་སྒྲུབ་པའི་རྣལ་འབྱོར་ལ༔ མི་མཐུན་གནོད་པའི་རྐྱེན་བྱུང་ན༔ དྲག་བཟློག་འཆི་བདག་ཟིལ་གནོན་བརྩོན༔ ལག་ཏུ་ལེན་པའི་རིམ་པ་ནི༔ དྲག་པོ་ལྕགས་ཀྱི་གཏོར་གཞོང་དུ༔ འབྲུ་ནག་གཏོར་མ་ཟུར་གསུམ་ལ༔ འཁོར་ནི་བརྒྱད་དང་མཆོད་པའི་རྫས༔ ཁྲག་ཀོང་སྐྱུ་གུ་བ་ལིཾ་ཏ༔ ཟན་དུམ་ཤ་དུམ་མང་པོ་བཀྲམ༔ མཐའ་ལ་རྩང་གི་ར་བས་བསྐོར༔ དྲག་པོའི་དཀྱིལ་འཁོར་དངོས་སུ་གསལ༔ མདུན་དུ་དྲག་པོའི་གཏོར་གཞོང་དུ༔ ཤ་ཁྲག་དམར་གཏོར་ལིང་རོ་བཤམས༔ རཀྟ་ཁྲག་གིས་རབ་བྲན་ནས༔ ཧཱུྃ༔ འོག་མིན་བརྡལ་ཁྱབ་ཆེན་པོའི་དབྱིངས༔ སེར་ནག་གྲུ་གསུམ་འབར་བའི་ཀློང་༔ འཆི་བདག་གཤིན་རྗེ་བསྣོལ་བའི་སྟེང་༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་དང་ཡེ་ཤེས་རྫོགས་པའི་དཔལ༔ ཆེ་མཆོག་ཁྲོ་རྒྱལ་གཤིན་རྗེའི་གཤེད༔ རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྐུ༔ ཕྱག་གཡས་ཤེས་རབ་རལ་གྲི་ཕྱར༔ མི་ཤེས་རྨོངས་པའི་རྐྱེན་བདུད་བཟློག༔ གཡོན་པས་རྡོ་རྗེའི་ཞགས་པ་བསྣམས༔ འཆི་བདག་གཤིན་རྗེའི་གདོན་ཚོགས་ཟློག༔ སྤྱན་གསུམ་སྡང་མིག་མཁའ་ལ་གཟིགས༔ སྡེ་བརྒྱད་ཡོངས་ཀྱི་གནོད་པ་ཟློག༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ སྟེང་ཁམས་གཉིས་ཀྱི་དགྲ་འདྲེ་ཟློག༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྣང་སྲིད་ལྷ་འདྲེའི་རྒོལ་ངན་ཟློག༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བསྒྲད༔ ས་བདག་ཀླུ་གཉན་རྒོལ་ངན་ཟློག༔ ཤངས་ནས་ཧཱུྃ་གི་རང་སྒྲ་སྒྲོགས༔ བྱད་ཁ་ཆགས་ཆེ་ཉམ་ང་ཟློག༔ དུར་ཁྲོད་དཔལ་ཆས་རྒྱན་དུ་རྫོགས༔ མི་དང་མི་མིན་རྒོལ་ངན་ཟློག༔ སྤྲུལ་པའི་ཁྲ་ཐབས་ལས་ལ་འགྱེད༔ མོ་རྩིས་རྨི་ལྟས་མཚན་ངན་ཟློག༔ ཡེ་ཤེས་མེ་དཔུང་འབར་ཀློང་འགྱིངས༔ ནད་རིམས་དལ་ཁ་ཐམས་ཅད་ཟློག༔ ཧཱུྃ་བྷྱོ༔ ཐུགས་ཀྱི་གསང་བ་རྫོགས་པའི་དཔལ༔ ཁྲོ་ཆེན་རྡོ་རྗེ་བདུད་འདུལ་གྱིས༔ ཞེ་སྡང་ལས་གྱུར་དགྲ་འདྲེ་དང་༔ མི་མཐུན་འགལ་རྐྱེན་ཐམས་ཅད་ཟློག༔ ཡོན་ཏན་ཡེ་ཤེས་ཡོངས་རྫོགས་དཔལ༔ ཁྲོ་ཆེན་ཡཀྵ་མེ་དབལ་གྱིས༔ ང་རྒྱལ་ལས་གྱུར་དགྲ་འདྲེ་དང་༔ མི་མཐུན་འགལ་རྐྱེན་ནད་མུག་ཟློག༔ གསུང་གི་གསང་བ་འདུས་པའི་དཔལ༔ ཁྲོ་ཆེན་ཀླུ་བདུད་རྡོ་རྗེ་ཡིས༔ འདོད་ཆགས་ལས་གྱུར་དགྲ་འདྲེ་དང་༔ འགལ་རྐྱེན་ནད་མཚོན་མི་ཁ་ཟློག༔ ཕྲིན་ལས་གསང་བ་རྫོགས་པའི་དཔལ༔ ཁྲོ་ཆེན་ཚེ་བདག་ནག་པོ་ཡིས༔ ཕྲག་དོག་ལས་གྱུར་དགྲ་འདྲེ་དང་༔ འགལ་རྐྱེན་དུས་མིན་འཆི་བ་ཟློག༔ ཧཱུྃ་བྷྱོ༔ སྙིང་རྗེས་ཁམས་གསུམ་འགུགས་བྱེད་མ༔ སྒོ་མ་ཆེན་མོ་ལྕགས་ཀྱུ་མ༔ ཤར་གྱི་དགྲ་བགེགས་མི་མཐུན་ཕྱོགས༔ ཞི་བའི་ལས་ཀྱིས་ཟློག་ཏུ་གསོལ༔ བྱམས་པས་སྲིད་གསུམ་འཆིང་བྱེད་མ༔ སྒོ་མ་ཆེན་མོ་ཞགས་པ་མས༔ ལྷོ་ཕྱོགས་དགྲ་བགེགས་གནོད་བྱེད་རྣམས༔ རྒྱས་པའི་ལས་ཀྱིས་ཟློག་ཏུ་གསོལ༔ དགའ་བས་དུག་གསུམ་སྡོམ་བྱེད་མ༔ སྒོ་མ་ཆེན་མོ་ལྕགས་སྒྲོག་མས༔ ནུབ་ཀྱི་དགྲ་འདྲེ་གདོན་གསུམ་ནད༔ དབང་སྡུད་ལས་ཀྱིས་ཟློག་ཏུ་གསོལ༔ བཏང་སྙོམས་འགྲོ་ཀུན་སྒྲོལ་མཛད་མ༔ སྒོ་མ་ཆེན་མོ་དྲིལ་བུ་མས༔ བྱང་གི་དགྲ་འདྲེ་ནད་མུག་མཚོན༔ དྲག་པོའི་ལས་ཀྱིས་ཟློག་ཏུ་གསོལ༔ ཧཱུྃ༔ འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་དུ༔ སྒྱུ་འཕྲུལ་རོལ་བའི་ཡེ་ཤེས་ལྷ༔ མ་ལུས་ལུས་པ་མེད་པ་ཡི༔ ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ མངོན་སྤྱོད་ཕྲིན་ལས་དུས་ལ་བབ༔ བདག་དང་ཁམས་གསུམ་སེམས་ཅན་གྱི༔ འཁྲུལ་བའི་བག་ཆགས་འཁོར་བའི་རྒྱུ༔ གདོད་མ་གཞི་ཡི་དབྱིངས་སུ་ཟློག༔ དུག་གསུམ་སྐུ་གསུམ་ངང་དུ་ཟློག༔ དུག་ལྔ་ཡེ་ཤེས་ལྔ་རུ་ཟློག༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཀུན༔ ཆོས་ཕུང་བརྒྱད་ཁྲིའི་ངང་དུ་ཟློག༔ གཟུང་དང་འཛིན་པའི་ཆོས་སོ་ཅོག༔ བློ་འདས་འུབ་ཆུབ་རོལ་པར་ཟློག༔ དེ་ནས་བདེན་བརྗོད་སྟོབས་ཀྱིས་བཟློག་པ་ནི༔ ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ རྩ་བ་གསུམ་གྱི་མཐུ་སྟོབས་དང་༔ སྐུ་གསུམ་རྒྱལ་བའི་ཐུགས་རྗེ་དང་༔ ཆོས་སྐྱོང་སྲུང་མའི་ནུས་མཐུ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིས༔ བྱད་ཁ་རྦོད་གཏོང་ཐམས་ཅད་ཟློག༔ སྔོན་ལས་འཕྲལ་རྐྱེན་ངན་པ་ཟློག༔ ལྷ་སྲིན་སྡེ་བརྒྱད་རྒོལ་ངན་ཟློག༔ སྣང་སྲིད་ལྷ་འདྲེའི་རྒོལ་ངན་ཟློག༔ བསྲེགས་མནན་སྔགས་དབལ་ཟེར་ཁ་ཟློག༔ རྫས་དང་འཁོར་ལོའི་ནུས་པ་ཟློག༔ མི་ཡི་ན་ཚ་ཐམས་ཅད་ཟློག༔ ཕྱུགས་ཀྱི་གོད་ཁ་དགྲ་ཇག་ཟློག༔ མི་ཁ་སྨྲ་མཆུ་འཁོན་འཐབ་ཟློག༔ ལྟས་ངན་ཐན་ངན་རྨི་ངན་ཟློག༔ མོ་ངན་རྩིས་ངན་ཐམས་ཅད་ཟློག༔ ནད་སྲི་ཤི་སྲི་གོད་སྲི་ཟློག༔ གྲི་ཁ་མཚོན་ཁ་སྨས་ངོ་བསྒྱུར༔ འཇིགས་པ་བརྒྱད་དང་བཅུ་དྲུག་ཟློག༔ ཆེ་སྲི་ཆུང་སྲི་དར་སྲི་ཟློག༔ མི་མཐུན་མི་འདོད་མི་རུང་ཚོགས༔ མ་ལུས་བསྡུས་ཤིང་བཟླུམ་བྱས་ནས༔ སྡང་བར་བྱེད་པའི་དགྲ་ལ་ཟློག༔ གནོད་པར་བྱེད་པའི་བགེགས་ལ་ཟློག༔ ཟ་བར་བྱེད་པའི་འདྲེ་ལ་ཟློག༔ ཕུང་བར་བྱེད་པའི་སྲི་ལ་ཟློག༔ རྗེས་ཤུལ་ལྷག་མ་མ་ལུས་པར༔ ཐལ་བའི་རྡུལ་བཞིན་བརླག་གྱུར་ཅིག༔ ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ་དགྲ་བགེགས་སརྦ་མཱ་ར་ཡ་པ་ཙ་པ་ཙ་ཧཱུྃ་བྷྱོ་ཕཊ༔ ས་མ་ཡ༔ འདི་ཡིས་མི་བཟློག་གང་ཡང་མེད༔ གནམ་ལྕགས་རྡོ་རྗེའི་ཐོག་དང་མཚུངས༔ བསྐྱེད་པའི་མཚོན་འགེངས་ཏིང་འཛིན་གཟེར༔ བཟློག་པའི་གནད་དུ་ཆེ་བ་ལགས༔ བཀའ་སྲུང་ལས་ཀྱི་གཤིན་རྗེས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་གཏན་ལ་ཕབ་པའོ།།དགེའོ།།དགེའོ།།དགེའོ།།།།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=02
|volumeLetter=KHA
|textnuminvol=025
|pdflink=File:TTDL-ZABTER-02-KHA-025.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-02-KHA
}}
<h1>Tibetan Text</h1>
<onlyinclude>
{{TibP|༠༠༠༠བརྡ་ཡིག༣༠༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཁྲོ་རྒྱལ་གཤིན་རྗེའི་གཤེད་པོའི་དྲག་བཟློག་འཆི་བདག་ཚར་གཅོད་བཞུགས་སོ༔ ༠༠༠བརྡ་ཡིག༣༠༩ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ གཤིན་རྗེ་སྒྲུབ་པའི་རྣལ་འབྱོར་ལ༔ མི་མཐུན་གནོད་པའི་རྐྱེན་བྱུང་ན༔ དྲག་བཟློག་འཆི་བདག་ཟིལ་གནོན་བརྩོན༔ ལག་ཏུ་ལེན་པའི་རིམ་པ་ནི༔ དྲག་པོ་ལྕགས་ཀྱི་གཏོར་གཞོང་དུ༔ འབྲུ་ནག་གཏོར་མ་ཟུར་གསུམ་ལ༔ འཁོར་ནི་བརྒྱད་དང་མཆོད་པའི་རྫས༔ ཁྲག་ཀོང་སྐྱུ་གུ་བ་ལིཾ་ཏ༔ ཟན་དུམ་ཤ་དུམ་མང་པོ་བཀྲམ༔ མཐའ་ལ་རྩང་གི་ར་བས་བསྐོར༔ དྲག་པོའི་དཀྱིལ་འཁོར་དངོས་སུ་གསལ༔ མདུན་དུ་དྲག་པོའི་གཏོར་གཞོང་དུ༔ ཤ་ཁྲག་དམར་གཏོར་ལིང་རོ་བཤམས༔ རཀྟ་ཁྲག་གིས་རབ་བྲན་ནས༔ ཧཱུྃ༔ འོག་མིན་བརྡལ་ཁྱབ་ཆེན་པོའི་དབྱིངས༔ སེར་ནག་གྲུ་གསུམ་འབར་བའི་ཀློང་༔ འཆི་བདག་གཤིན་རྗེ་བསྣོལ་བའི་སྟེང་༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་དང་ཡེ་ཤེས་རྫོགས་པའི་དཔལ༔ ཆེ་མཆོག་ཁྲོ་རྒྱལ་གཤིན་རྗེའི་གཤེད༔ རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྐུ༔ ཕྱག་གཡས་ཤེས་རབ་རལ་གྲི་ཕྱར༔ མི་ཤེས་རྨོངས་པའི་རྐྱེན་བདུད་བཟློག༔ གཡོན་པས་རྡོ་རྗེའི་ཞགས་པ་བསྣམས༔ འཆི་བདག་གཤིན་རྗེའི་གདོན་ཚོགས་ཟློག༔ སྤྱན་གསུམ་སྡང་མིག་མཁའ་ལ་གཟིགས༔ སྡེ་བརྒྱད་ཡོངས་ཀྱི་གནོད་པ་ཟློག༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ སྟེང་ཁམས་གཉིས་ཀྱི་དགྲ་འདྲེ་ཟློག༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྣང་སྲིད་ལྷ་འདྲེའི་རྒོལ་ངན་ཟློག༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བསྒྲད༔ ས་བདག་ཀླུ་གཉན་རྒོལ་ངན་ཟློག༔ ཤངས་ནས་ཧཱུྃ་གི་རང་སྒྲ་སྒྲོགས༔ བྱད་ཁ་ཆགས་ཆེ་ཉམ་ང་ཟློག༔ དུར་ཁྲོད་དཔལ་ཆས་རྒྱན་དུ་རྫོགས༔ མི་དང་མི་མིན་རྒོལ་ངན་ཟློག༔ སྤྲུལ་པའི་ཁྲ་ཐབས་ལས་ལ་འགྱེད༔ མོ་རྩིས་རྨི་ལྟས་མཚན་ངན་ཟློག༔ ཡེ་ཤེས་མེ་དཔུང་འབར་ཀློང་འགྱིངས༔ ནད་རིམས་དལ་ཁ་ཐམས་ཅད་ཟློག༔ ཧཱུྃ་བྷྱོ༔ ཐུགས་ཀྱི་གསང་བ་རྫོགས་པའི་དཔལ༔ ཁྲོ་ཆེན་རྡོ་རྗེ་བདུད་འདུལ་གྱིས༔ ཞེ་སྡང་ལས་གྱུར་དགྲ་འདྲེ་དང་༔ མི་མཐུན་འགལ་རྐྱེན་ཐམས་ཅད་ཟློག༔ ཡོན་ཏན་ཡེ་ཤེས་ཡོངས་རྫོགས་དཔལ༔ ཁྲོ་ཆེན་ཡཀྵ་མེ་དབལ་གྱིས༔ ང་རྒྱལ་ལས་གྱུར་དགྲ་འདྲེ་དང་༔ མི་མཐུན་འགལ་རྐྱེན་ནད་མུག་ཟློག༔ གསུང་གི་གསང་བ་འདུས་པའི་དཔལ༔ ཁྲོ་ཆེན་ཀླུ་བདུད་རྡོ་རྗེ་ཡིས༔ འདོད་ཆགས་ལས་གྱུར་དགྲ་འདྲེ་དང་༔ འགལ་རྐྱེན་ནད་མཚོན་མི་ཁ་ཟློག༔ ཕྲིན་ལས་གསང་བ་རྫོགས་པའི་དཔལ༔ ཁྲོ་ཆེན་ཚེ་བདག་ནག་པོ་ཡིས༔ ཕྲག་དོག་ལས་གྱུར་དགྲ་འདྲེ་དང་༔ འགལ་རྐྱེན་དུས་མིན་འཆི་བ་ཟློག༔ ཧཱུྃ་བྷྱོ༔ སྙིང་རྗེས་ཁམས་གསུམ་འགུགས་བྱེད་མ༔ སྒོ་མ་ཆེན་མོ་ལྕགས་ཀྱུ་མ༔ ཤར་གྱི་དགྲ་བགེགས་མི་མཐུན་ཕྱོགས༔ ཞི་བའི་ལས་ཀྱིས་ཟློག་ཏུ་གསོལ༔ བྱམས་པས་སྲིད་གསུམ་འཆིང་བྱེད་མ༔ སྒོ་མ་ཆེན་མོ་ཞགས་པ་མས༔ ལྷོ་ཕྱོགས་དགྲ་བགེགས་གནོད་བྱེད་རྣམས༔ རྒྱས་པའི་ལས་ཀྱིས་ཟློག་ཏུ་གསོལ༔ དགའ་བས་དུག་གསུམ་སྡོམ་བྱེད་མ༔ སྒོ་མ་ཆེན་མོ་ལྕགས་སྒྲོག་མས༔ ནུབ་ཀྱི་དགྲ་འདྲེ་གདོན་གསུམ་ནད༔ དབང་སྡུད་ལས་ཀྱིས་ཟློག་ཏུ་གསོལ༔ བཏང་སྙོམས་འགྲོ་ཀུན་སྒྲོལ་མཛད་མ༔ སྒོ་མ་ཆེན་མོ་དྲིལ་བུ་མས༔ བྱང་གི་དགྲ་འདྲེ་ནད་མུག་མཚོན༔ དྲག་པོའི་ལས་ཀྱིས་ཟློག་ཏུ་གསོལ༔ ཧཱུྃ༔ འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་དུ༔ སྒྱུ་འཕྲུལ་རོལ་བའི་ཡེ་ཤེས་ལྷ༔ མ་ལུས་ལུས་པ་མེད་པ་ཡི༔ ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ མངོན་སྤྱོད་ཕྲིན་ལས་དུས་ལ་བབ༔ བདག་དང་ཁམས་གསུམ་སེམས་ཅན་གྱི༔ འཁྲུལ་བའི་བག་ཆགས་འཁོར་བའི་རྒྱུ༔ གདོད་མ་གཞི་ཡི་དབྱིངས་སུ་ཟློག༔ དུག་གསུམ་སྐུ་གསུམ་ངང་དུ་ཟློག༔ དུག་ལྔ་ཡེ་ཤེས་ལྔ་རུ་ཟློག༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཀུན༔ ཆོས་ཕུང་བརྒྱད་ཁྲིའི་ངང་དུ་ཟློག༔ གཟུང་དང་འཛིན་པའི་ཆོས་སོ་ཅོག༔ བློ་འདས་འུབ་ཆུབ་རོལ་པར་ཟློག༔ དེ་ནས་བདེན་བརྗོད་སྟོབས་ཀྱིས་བཟློག་པ་ནི༔ ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ རྩ་བ་གསུམ་གྱི་མཐུ་སྟོབས་དང་༔ སྐུ་གསུམ་རྒྱལ་བའི་ཐུགས་རྗེ་དང་༔ ཆོས་སྐྱོང་སྲུང་མའི་ནུས་མཐུ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིས༔ བྱད་ཁ་རྦོད་གཏོང་ཐམས་ཅད་ཟློག༔ སྔོན་ལས་འཕྲལ་རྐྱེན་ངན་པ་ཟློག༔ ལྷ་སྲིན་སྡེ་བརྒྱད་རྒོལ་ངན་ཟློག༔ སྣང་སྲིད་ལྷ་འདྲེའི་རྒོལ་ངན་ཟློག༔ བསྲེགས་མནན་སྔགས་དབལ་ཟེར་ཁ་ཟློག༔ རྫས་དང་འཁོར་ལོའི་ནུས་པ་ཟློག༔ མི་ཡི་ན་ཚ་ཐམས་ཅད་ཟློག༔ ཕྱུགས་ཀྱི་གོད་ཁ་དགྲ་ཇག་ཟློག༔ མི་ཁ་སྨྲ་མཆུ་འཁོན་འཐབ་ཟློག༔ ལྟས་ངན་ཐན་ངན་རྨི་ངན་ཟློག༔ མོ་ངན་རྩིས་ངན་ཐམས་ཅད་ཟློག༔ ནད་སྲི་ཤི་སྲི་གོད་སྲི་ཟློག༔ གྲི་ཁ་མཚོན་ཁ་སྨས་ངོ་བསྒྱུར༔ འཇིགས་པ་བརྒྱད་དང་བཅུ་དྲུག་ཟློག༔ ཆེ་སྲི་ཆུང་སྲི་དར་སྲི་ཟློག༔ མི་མཐུན་མི་འདོད་མི་རུང་ཚོགས༔ མ་ལུས་བསྡུས་ཤིང་བཟླུམ་བྱས་ནས༔ སྡང་བར་བྱེད་པའི་དགྲ་ལ་ཟློག༔ གནོད་པར་བྱེད་པའི་བགེགས་ལ་ཟློག༔ ཟ་བར་བྱེད་པའི་འདྲེ་ལ་ཟློག༔ ཕུང་བར་བྱེད་པའི་སྲི་ལ་ཟློག༔ རྗེས་ཤུལ་ལྷག་མ་མ་ལུས་པར༔ ཐལ་བའི་རྡུལ་བཞིན་བརླག་གྱུར་ཅིག༔ ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ་དགྲ་བགེགས་སརྦ་མཱ་ར་ཡ་པ་ཙ་པ་ཙ་ཧཱུྃ་བྷྱོ་ཕཊ༔ ས་མ་ཡ༔ འདི་ཡིས་མི་བཟློག་གང་ཡང་མེད༔ གནམ་ལྕགས་རྡོ་རྗེའི་ཐོག་དང་མཚུངས༔ བསྐྱེད་པའི་མཚོན་འགེངས་ཏིང་འཛིན་གཟེར༔ བཟློག་པའི་གནད་དུ་ཆེ་བ་ལགས༔ བཀའ་སྲུང་ལས་ཀྱི་གཤིན་རྗེས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་གཏན་ལ་ཕབ་པའོ།།དགེའོ།།དགེའོ།།དགེའོ།།།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:43, 4 June 2024

Wylie title TTDL-ZABTER-02-KHA-025.pdf
Location bdud 'joms gling pa zab gter
Volume 2, Text 25, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིག༣༠༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཁྲོ་རྒྱལ་གཤིན་རྗེའི་གཤེད་པོའི་དྲག་བཟློག་འཆི་བདག་ཚར་གཅོད་བཞུགས་སོ༔ ༠༠༠བརྡ་ཡིག༣༠༩ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ གཤིན་རྗེ་སྒྲུབ་པའི་རྣལ་འབྱོར་ལ༔ མི་མཐུན་གནོད་པའི་རྐྱེན་བྱུང་ན༔ དྲག་བཟློག་འཆི་བདག་ཟིལ་གནོན་བརྩོན༔ ལག་ཏུ་ལེན་པའི་རིམ་པ་ནི༔ དྲག་པོ་ལྕགས་ཀྱི་གཏོར་གཞོང་དུ༔ འབྲུ་ནག་གཏོར་མ་ཟུར་གསུམ་ལ༔ འཁོར་ནི་བརྒྱད་དང་མཆོད་པའི་རྫས༔ ཁྲག་ཀོང་སྐྱུ་གུ་བ་ལིཾ་ཏ༔ ཟན་དུམ་ཤ་དུམ་མང་པོ་བཀྲམ༔ མཐའ་ལ་རྩང་གི་ར་བས་བསྐོར༔ དྲག་པོའི་དཀྱིལ་འཁོར་དངོས་སུ་གསལ༔ མདུན་དུ་དྲག་པོའི་གཏོར་གཞོང་དུ༔ ཤ་ཁྲག་དམར་གཏོར་ལིང་རོ་བཤམས༔ རཀྟ་ཁྲག་གིས་རབ་བྲན་ནས༔ ཧཱུྃ༔ འོག་མིན་བརྡལ་ཁྱབ་ཆེན་པོའི་དབྱིངས༔ སེར་ནག་གྲུ་གསུམ་འབར་བའི་ཀློང་༔ འཆི་བདག་གཤིན་རྗེ་བསྣོལ་བའི་སྟེང་༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་དང་ཡེ་ཤེས་རྫོགས་པའི་དཔལ༔ ཆེ་མཆོག་ཁྲོ་རྒྱལ་གཤིན་རྗེའི་གཤེད༔ རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྐུ༔ ཕྱག་གཡས་ཤེས་རབ་རལ་གྲི་ཕྱར༔ མི་ཤེས་རྨོངས་པའི་རྐྱེན་བདུད་བཟློག༔ གཡོན་པས་རྡོ་རྗེའི་ཞགས་པ་བསྣམས༔ འཆི་བདག་གཤིན་རྗེའི་གདོན་ཚོགས་ཟློག༔ སྤྱན་གསུམ་སྡང་མིག་མཁའ་ལ་གཟིགས༔ སྡེ་བརྒྱད་ཡོངས་ཀྱི་གནོད་པ་ཟློག༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ སྟེང་ཁམས་གཉིས་ཀྱི་དགྲ་འདྲེ་ཟློག༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྣང་སྲིད་ལྷ་འདྲེའི་རྒོལ་ངན་ཟློག༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བསྒྲད༔ ས་བདག་ཀླུ་གཉན་རྒོལ་ངན་ཟློག༔ ཤངས་ནས་ཧཱུྃ་གི་རང་སྒྲ་སྒྲོགས༔ བྱད་ཁ་ཆགས་ཆེ་ཉམ་ང་ཟློག༔ དུར་ཁྲོད་དཔལ་ཆས་རྒྱན་དུ་རྫོགས༔ མི་དང་མི་མིན་རྒོལ་ངན་ཟློག༔ སྤྲུལ་པའི་ཁྲ་ཐབས་ལས་ལ་འགྱེད༔ མོ་རྩིས་རྨི་ལྟས་མཚན་ངན་ཟློག༔ ཡེ་ཤེས་མེ་དཔུང་འབར་ཀློང་འགྱིངས༔ ནད་རིམས་དལ་ཁ་ཐམས་ཅད་ཟློག༔ ཧཱུྃ་བྷྱོ༔ ཐུགས་ཀྱི་གསང་བ་རྫོགས་པའི་དཔལ༔ ཁྲོ་ཆེན་རྡོ་རྗེ་བདུད་འདུལ་གྱིས༔ ཞེ་སྡང་ལས་གྱུར་དགྲ་འདྲེ་དང་༔ མི་མཐུན་འགལ་རྐྱེན་ཐམས་ཅད་ཟློག༔ ཡོན་ཏན་ཡེ་ཤེས་ཡོངས་རྫོགས་དཔལ༔ ཁྲོ་ཆེན་ཡཀྵ་མེ་དབལ་གྱིས༔ ང་རྒྱལ་ལས་གྱུར་དགྲ་འདྲེ་དང་༔ མི་མཐུན་འགལ་རྐྱེན་ནད་མུག་ཟློག༔ གསུང་གི་གསང་བ་འདུས་པའི་དཔལ༔ ཁྲོ་ཆེན་ཀླུ་བདུད་རྡོ་རྗེ་ཡིས༔ འདོད་ཆགས་ལས་གྱུར་དགྲ་འདྲེ་དང་༔ འགལ་རྐྱེན་ནད་མཚོན་མི་ཁ་ཟློག༔ ཕྲིན་ལས་གསང་བ་རྫོགས་པའི་དཔལ༔ ཁྲོ་ཆེན་ཚེ་བདག་ནག་པོ་ཡིས༔ ཕྲག་དོག་ལས་གྱུར་དགྲ་འདྲེ་དང་༔ འགལ་རྐྱེན་དུས་མིན་འཆི་བ་ཟློག༔ ཧཱུྃ་བྷྱོ༔ སྙིང་རྗེས་ཁམས་གསུམ་འགུགས་བྱེད་མ༔ སྒོ་མ་ཆེན་མོ་ལྕགས་ཀྱུ་མ༔ ཤར་གྱི་དགྲ་བགེགས་མི་མཐུན་ཕྱོགས༔ ཞི་བའི་ལས་ཀྱིས་ཟློག་ཏུ་གསོལ༔ བྱམས་པས་སྲིད་གསུམ་འཆིང་བྱེད་མ༔ སྒོ་མ་ཆེན་མོ་ཞགས་པ་མས༔ ལྷོ་ཕྱོགས་དགྲ་བགེགས་གནོད་བྱེད་རྣམས༔ རྒྱས་པའི་ལས་ཀྱིས་ཟློག་ཏུ་གསོལ༔ དགའ་བས་དུག་གསུམ་སྡོམ་བྱེད་མ༔ སྒོ་མ་ཆེན་མོ་ལྕགས་སྒྲོག་མས༔ ནུབ་ཀྱི་དགྲ་འདྲེ་གདོན་གསུམ་ནད༔ དབང་སྡུད་ལས་ཀྱིས་ཟློག་ཏུ་གསོལ༔ བཏང་སྙོམས་འགྲོ་ཀུན་སྒྲོལ་མཛད་མ༔ སྒོ་མ་ཆེན་མོ་དྲིལ་བུ་མས༔ བྱང་གི་དགྲ་འདྲེ་ནད་མུག་མཚོན༔ དྲག་པོའི་ལས་ཀྱིས་ཟློག་ཏུ་གསོལ༔ ཧཱུྃ༔ འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་དུ༔ སྒྱུ་འཕྲུལ་རོལ་བའི་ཡེ་ཤེས་ལྷ༔ མ་ལུས་ལུས་པ་མེད་པ་ཡི༔ ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ མངོན་སྤྱོད་ཕྲིན་ལས་དུས་ལ་བབ༔ བདག་དང་ཁམས་གསུམ་སེམས་ཅན་གྱི༔ འཁྲུལ་བའི་བག་ཆགས་འཁོར་བའི་རྒྱུ༔ གདོད་མ་གཞི་ཡི་དབྱིངས་སུ་ཟློག༔ དུག་གསུམ་སྐུ་གསུམ་ངང་དུ་ཟློག༔ དུག་ལྔ་ཡེ་ཤེས་ལྔ་རུ་ཟློག༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཀུན༔ ཆོས་ཕུང་བརྒྱད་ཁྲིའི་ངང་དུ་ཟློག༔ གཟུང་དང་འཛིན་པའི་ཆོས་སོ་ཅོག༔ བློ་འདས་འུབ་ཆུབ་རོལ་པར་ཟློག༔ དེ་ནས་བདེན་བརྗོད་སྟོབས་ཀྱིས་བཟློག་པ་ནི༔ ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ རྩ་བ་གསུམ་གྱི་མཐུ་སྟོབས་དང་༔ སྐུ་གསུམ་རྒྱལ་བའི་ཐུགས་རྗེ་དང་༔ ཆོས་སྐྱོང་སྲུང་མའི་ནུས་མཐུ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིས༔ བྱད་ཁ་རྦོད་གཏོང་ཐམས་ཅད་ཟློག༔ སྔོན་ལས་འཕྲལ་རྐྱེན་ངན་པ་ཟློག༔ ལྷ་སྲིན་སྡེ་བརྒྱད་རྒོལ་ངན་ཟློག༔ སྣང་སྲིད་ལྷ་འདྲེའི་རྒོལ་ངན་ཟློག༔ བསྲེགས་མནན་སྔགས་དབལ་ཟེར་ཁ་ཟློག༔ རྫས་དང་འཁོར་ལོའི་ནུས་པ་ཟློག༔ མི་ཡི་ན་ཚ་ཐམས་ཅད་ཟློག༔ ཕྱུགས་ཀྱི་གོད་ཁ་དགྲ་ཇག་ཟློག༔ མི་ཁ་སྨྲ་མཆུ་འཁོན་འཐབ་ཟློག༔ ལྟས་ངན་ཐན་ངན་རྨི་ངན་ཟློག༔ མོ་ངན་རྩིས་ངན་ཐམས་ཅད་ཟློག༔ ནད་སྲི་ཤི་སྲི་གོད་སྲི་ཟློག༔ གྲི་ཁ་མཚོན་ཁ་སྨས་ངོ་བསྒྱུར༔ འཇིགས་པ་བརྒྱད་དང་བཅུ་དྲུག་ཟློག༔ ཆེ་སྲི་ཆུང་སྲི་དར་སྲི་ཟློག༔ མི་མཐུན་མི་འདོད་མི་རུང་ཚོགས༔ མ་ལུས་བསྡུས་ཤིང་བཟླུམ་བྱས་ནས༔ སྡང་བར་བྱེད་པའི་དགྲ་ལ་ཟློག༔ གནོད་པར་བྱེད་པའི་བགེགས་ལ་ཟློག༔ ཟ་བར་བྱེད་པའི་འདྲེ་ལ་ཟློག༔ ཕུང་བར་བྱེད་པའི་སྲི་ལ་ཟློག༔ རྗེས་ཤུལ་ལྷག་མ་མ་ལུས་པར༔ ཐལ་བའི་རྡུལ་བཞིན་བརླག་གྱུར་ཅིག༔ ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ་དགྲ་བགེགས་སརྦ་མཱ་ར་ཡ་པ་ཙ་པ་ཙ་ཧཱུྃ་བྷྱོ་ཕཊ༔ ས་མ་ཡ༔ འདི་ཡིས་མི་བཟློག་གང་ཡང་མེད༔ གནམ་ལྕགས་རྡོ་རྗེའི་ཐོག་དང་མཚུངས༔ བསྐྱེད་པའི་མཚོན་འགེངས་ཏིང་འཛིན་གཟེར༔ བཟློག་པའི་གནད་དུ་ཆེ་བ་ལགས༔ བཀའ་སྲུང་ལས་ཀྱི་གཤིན་རྗེས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་གཏན་ལ་ཕབ་པའོ།།དགེའོ།།དགེའོ།།དགེའོ།།།།