TTDL-ZABTER-03-GA-006: Difference between revisions

From Dudjom Wiki
TTDL-ZABTER-03-GA-006
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཕགས་མཆོག་ཐུགས་རྗེ་ཆེན་པོའི་བསྐུལ་བཟློག་འཁོར་བ་ཡོངས་སྒྲོལ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༧༡ཟབ་གསང་ཉམས་སུ་ལེན་པའི་ཚེ༔ བསྐུལ་བ་འདི་ཉིད་མང་གནད་ཤེས༔ གསེར་སྐྱེམས་གཏོར་མ་བཤམས་བྱས་ཏེ༔ འདོད་ཡོན་ནམ་མཁའ་མཛོད་དུ་སྤེལ༔ དེ་ནས་བསྐུལ་བའི་རིམ་པ་ལ༔ ཧཱུྃ་ཧྲཱིཿབཞེངས་ཤིག་འཕགས་མཆོག་ཐུགས་རྗེའི་ལྷ༔ ཆོས་ཀྱི་དབྱིངས་ལས་གཟུགས་སྐུར་བཞེངས༔ གང་འདུལ་ཐབས་དང་ཐུགས་རྗེ་ཡིས༔ སྤྲུལ་དང་ཡང་སྤྲུལ་དཔག་མེད་པ༔ འགྱེད་ཅིང་གདུལ་དཀའ་འདུལ་དུ་གསོལ༔ སྒྲུབ་པའི་རྣལ་འབྱོར་མཆེད་ལྕམ་གྱི༔ ནད་གདོན་སྡིག་སྒྲིབ་བག་ཆགས་ཀུན༔ ཡུལ་མེད་ཆེན་པོར་དག་པར་མཛོད༔ ཚེ་བསོད་དཔལ་འབྱོར་ཡོན་ཏན་ཀུན༔ ཡར་ངོའི་ཟླ་ལྟར་འཕེལ་རྒྱས་མཛོད༔ ཁམས་གསུམ་སྲིད་གསུམ་མ་ལུས་པ༔ དབང་དུ་བསྡུས་ཤིང་བྲན་དུ་འཁོལ༔ བསྟན་དང་འགྲོ་ལ་རྒོལ་བ་ཡི༔ གཟུགས་ཡོད་གཟུགས་མེད་དགྲ་དང་བགེགས༔ རྗེས་ཤུལ་མེད་པར་རྡུལ་དུ་རློག༔ ཁྱེད་ཀྱི་བཀའ་སྡོད་སྤྲུལ་པ་ཡི༔ ཡེ་ཤེས་འཇིག་རྟེན་ལྷ་སྲུང་མ༔ ཀུན་ཀྱང་སྐྱེམས་གཏོར་འདི་བཞེས་ལ༔ བསྟན་དང་བསྟན་འཛིན་སྡེ་ཚོགས་སྐྱོངས༔ ཕྲིན་ལས་རབ་འབྱམས་ཡོངས་འགྲུབ་ཅིང་༔ རྫོགས་ལྡན་དུས་ཀྱི་བསྐལ་པ་བཞིན༔ བསྟན་འགྲོ་བདེ་ལ་འགོད་པར་མཛོད༔ རང་དམ་གཉན་པོ་དཔང་བཙུག་གོ༔ མ་འདའ་བཛྲ་ས་མ་ཡ༔ དེ་ནས་བཟློག་པ་བྱ་བ་ལ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐུ་གསུམ་རྒྱལ་བ་རྒྱ་མཚོ་དང་༔ ཆོས་སྲུང་དམ་ཅན་དབྱིངས་ནས་བཞེངས༔ དད་དམ་གཉན་པོས་ཐུགས་དམ་བསྐུལ༔ མངོན་སྤྱོད་ཕྲིན་ལས་དུས་ལ་བབ༔ ཐོགས་མེད་མཐུ་དང་སྟོབས་ཤུགས་ཕྱུང་༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ལ༔ བསམ་སྦྱོར་ངན་པའི་རྒོལ་བ་ཡི༔ གཟུགས་ཅན་དགྲ་བོ་སྒྲོལ་ཞིང་ཟློག༔ གཟུགས་མེད་གདོན་བགེགས་བསྒྲལ་ཞིང་ཟློག༔ ཕྱི་རྐྱེན་སེམས་ཅན་འཚེ་བ་ཟློག༔ ནང་རྐྱེན་མི་ཡི་ན་ཚ་དང་༔ ཕྱུགས་ཀྱི་གོད་ཁ་ཐམས་ཅད་ཟློག༔ གསང་རྐྱེན་ཉོན་མོངས་འཁྲུལ་འཁོར་ཟློག༔ བྱད་ཁ་རྦོད་གཏོང་ཐམས་ཅད་ཟློག༔ ལྷ་དང་སྲུང་མའི་བཀའ་ཆད་ཟློག༔ ཆོས་སྲིད་ནོར་ལ་བར་ཆད་ཅིང༔ དངོས་གྲུབ་འཕྲོག་དང་རྐུ་འཕྲོག་པའི༔ དགྲ་བགེགས་གནོད་བྱེད་ཐམས་ཅད་ཟློག༔ སྡང་བར་བྱེད་པའི་དགྲ་ལ་ཟློག༔ གནོད་པར་བྱེད་པའི་བགེགས་ལ་ཟློག༔ འཁོར་བ་མྱང་འདས་ཆེན་པོར་ཟློག༔ གཟུང་འཛིན་བདག་མེད་སྟོང་པར་ཟློག༔ སྡུག་བསྔལ་བདེ་བ་ཆེན་པོར་ཟློག༔ སྐྱེ་བ་ནམ་མཁའི་རྡོ་རྗེར་ཟློག༔ རྒ་བ་གཞོན་ནུ་བུམ་སྐུར་ཟློག༔ ན་བ་ཟག་མེད་བདེ་བར་ཟློག༔ འཆི་བ་འོད་གསལ་ཆོས་སྐུར་ཟློག༔ ཐམས་ཅད་དག་མཉམ་ངང་དུ་ཟློག༔ ཨེ་ས་མ་ཡ་བྷྱོ་བྷྱོ༔ བཟློག་བཟློག༔ བསྐྱེད་རིམ་གདིང་ལྡན་རྣལ་འབྱོར་པས༔ འདི་ལྟར་བཟློག་པའི་ལས་བརྩོན་ན༔ ཕྱི་ནང་བར་ཆད་ཀུན་སེལ་ཞིང་༔ དངོས་གྲུབ་བར་ཆད་མེད་པར་འཐོབ༔ བཀའ་སྲུང་དབང་ཕྱུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཨྠིྀ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ནས་གདན་དྲངས་ཏེ་མི་ལོ་སུམ་ཅུ་རྩ་གཅིག་བར་དུ་བཀའ་རྒྱ་བྱས་ཏེ་མཐར་ཆོས་ཀྱི་བདག་པོ་དགེ་ལེགས་དཔལ་བཟང་པོས་ནན་དུ་བསྐུལ་ངོར་གསེར་ཤོད་བླ་མ་རོང་ནས་གཏན་ལ་ཕབ་པའོ།།དགེའོ།།དགེའོ།།དགེའོ།ལེགས་སོ།སརྦ་མངྒ་ལཾ།།།།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=03
|volumeLetter=GA
|textnuminvol=006
|pdflink=File:TTDL-ZABTER-03-GA-006.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-03-GA
}}
<h1>Tibetan Text</h1>
<onlyinclude>
{{TibP|ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཕགས་མཆོག་ཐུགས་རྗེ་ཆེན་པོའི་བསྐུལ་བཟློག་འཁོར་བ་ཡོངས་སྒྲོལ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༧༡ཟབ་གསང་ཉམས་སུ་ལེན་པའི་ཚེ༔ བསྐུལ་བ་འདི་ཉིད་མང་གནད་ཤེས༔ གསེར་སྐྱེམས་གཏོར་མ་བཤམས་བྱས་ཏེ༔ འདོད་ཡོན་ནམ་མཁའ་མཛོད་དུ་སྤེལ༔ དེ་ནས་བསྐུལ་བའི་རིམ་པ་ལ༔ ཧཱུྃ་ཧྲཱིཿབཞེངས་ཤིག་འཕགས་མཆོག་ཐུགས་རྗེའི་ལྷ༔ ཆོས་ཀྱི་དབྱིངས་ལས་གཟུགས་སྐུར་བཞེངས༔ གང་འདུལ་ཐབས་དང་ཐུགས་རྗེ་ཡིས༔ སྤྲུལ་དང་ཡང་སྤྲུལ་དཔག་མེད་པ༔ འགྱེད་ཅིང་གདུལ་དཀའ་འདུལ་དུ་གསོལ༔ སྒྲུབ་པའི་རྣལ་འབྱོར་མཆེད་ལྕམ་གྱི༔ ནད་གདོན་སྡིག་སྒྲིབ་བག་ཆགས་ཀུན༔ ཡུལ་མེད་ཆེན་པོར་དག་པར་མཛོད༔ ཚེ་བསོད་དཔལ་འབྱོར་ཡོན་ཏན་ཀུན༔ ཡར་ངོའི་ཟླ་ལྟར་འཕེལ་རྒྱས་མཛོད༔ ཁམས་གསུམ་སྲིད་གསུམ་མ་ལུས་པ༔ དབང་དུ་བསྡུས་ཤིང་བྲན་དུ་འཁོལ༔ བསྟན་དང་འགྲོ་ལ་རྒོལ་བ་ཡི༔ གཟུགས་ཡོད་གཟུགས་མེད་དགྲ་དང་བགེགས༔ རྗེས་ཤུལ་མེད་པར་རྡུལ་དུ་རློག༔ ཁྱེད་ཀྱི་བཀའ་སྡོད་སྤྲུལ་པ་ཡི༔ ཡེ་ཤེས་འཇིག་རྟེན་ལྷ་སྲུང་མ༔ ཀུན་ཀྱང་སྐྱེམས་གཏོར་འདི་བཞེས་ལ༔ བསྟན་དང་བསྟན་འཛིན་སྡེ་ཚོགས་སྐྱོངས༔ ཕྲིན་ལས་རབ་འབྱམས་ཡོངས་འགྲུབ་ཅིང་༔ རྫོགས་ལྡན་དུས་ཀྱི་བསྐལ་པ་བཞིན༔ བསྟན་འགྲོ་བདེ་ལ་འགོད་པར་མཛོད༔ རང་དམ་གཉན་པོ་དཔང་བཙུག་གོ༔ མ་འདའ་བཛྲ་ས་མ་ཡ༔ དེ་ནས་བཟློག་པ་བྱ་བ་ལ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐུ་གསུམ་རྒྱལ་བ་རྒྱ་མཚོ་དང་༔ ཆོས་སྲུང་དམ་ཅན་དབྱིངས་ནས་བཞེངས༔ དད་དམ་གཉན་པོས་ཐུགས་དམ་བསྐུལ༔ མངོན་སྤྱོད་ཕྲིན་ལས་དུས་ལ་བབ༔ ཐོགས་མེད་མཐུ་དང་སྟོབས་ཤུགས་ཕྱུང་༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ལ༔ བསམ་སྦྱོར་ངན་པའི་རྒོལ་བ་ཡི༔ གཟུགས་ཅན་དགྲ་བོ་སྒྲོལ་ཞིང་ཟློག༔ གཟུགས་མེད་གདོན་བགེགས་བསྒྲལ་ཞིང་ཟློག༔ ཕྱི་རྐྱེན་སེམས་ཅན་འཚེ་བ་ཟློག༔ ནང་རྐྱེན་མི་ཡི་ན་ཚ་དང་༔ ཕྱུགས་ཀྱི་གོད་ཁ་ཐམས་ཅད་ཟློག༔ གསང་རྐྱེན་ཉོན་མོངས་འཁྲུལ་འཁོར་ཟློག༔ བྱད་ཁ་རྦོད་གཏོང་ཐམས་ཅད་ཟློག༔ ལྷ་དང་སྲུང་མའི་བཀའ་ཆད་ཟློག༔ ཆོས་སྲིད་ནོར་ལ་བར་ཆད་ཅིང༔ དངོས་གྲུབ་འཕྲོག་དང་རྐུ་འཕྲོག་པའི༔ དགྲ་བགེགས་གནོད་བྱེད་ཐམས་ཅད་ཟློག༔ སྡང་བར་བྱེད་པའི་དགྲ་ལ་ཟློག༔ གནོད་པར་བྱེད་པའི་བགེགས་ལ་ཟློག༔ འཁོར་བ་མྱང་འདས་ཆེན་པོར་ཟློག༔ གཟུང་འཛིན་བདག་མེད་སྟོང་པར་ཟློག༔ སྡུག་བསྔལ་བདེ་བ་ཆེན་པོར་ཟློག༔ སྐྱེ་བ་ནམ་མཁའི་རྡོ་རྗེར་ཟློག༔ རྒ་བ་གཞོན་ནུ་བུམ་སྐུར་ཟློག༔ ན་བ་ཟག་མེད་བདེ་བར་ཟློག༔ འཆི་བ་འོད་གསལ་ཆོས་སྐུར་ཟློག༔ ཐམས་ཅད་དག་མཉམ་ངང་དུ་ཟློག༔ ཨེ་ས་མ་ཡ་བྷྱོ་བྷྱོ༔ བཟློག་བཟློག༔ བསྐྱེད་རིམ་གདིང་ལྡན་རྣལ་འབྱོར་པས༔ འདི་ལྟར་བཟློག་པའི་ལས་བརྩོན་ན༔ ཕྱི་ནང་བར་ཆད་ཀུན་སེལ་ཞིང་༔ དངོས་གྲུབ་བར་ཆད་མེད་པར་འཐོབ༔ བཀའ་སྲུང་དབང་ཕྱུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཨྠིྀ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ནས་གདན་དྲངས་ཏེ་མི་ལོ་སུམ་ཅུ་རྩ་གཅིག་བར་དུ་བཀའ་རྒྱ་བྱས་ཏེ་མཐར་ཆོས་ཀྱི་བདག་པོ་དགེ་ལེགས་དཔལ་བཟང་པོས་ནན་དུ་བསྐུལ་ངོར་གསེར་ཤོད་བླ་མ་རོང་ནས་གཏན་ལ་ཕབ་པའོ།།དགེའོ།།དགེའོ།།དགེའོ།ལེགས་སོ།སརྦ་མངྒ་ལཾ།།།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:43, 4 June 2024

Wylie title TTDL-ZABTER-03-GA-006.pdf
Location bdud 'joms gling pa zab gter
Volume 3, Text 6, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཕགས་མཆོག་ཐུགས་རྗེ་ཆེན་པོའི་བསྐུལ་བཟློག་འཁོར་བ་ཡོངས་སྒྲོལ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༧༡ཟབ་གསང་ཉམས་སུ་ལེན་པའི་ཚེ༔ བསྐུལ་བ་འདི་ཉིད་མང་གནད་ཤེས༔ གསེར་སྐྱེམས་གཏོར་མ་བཤམས་བྱས་ཏེ༔ འདོད་ཡོན་ནམ་མཁའ་མཛོད་དུ་སྤེལ༔ དེ་ནས་བསྐུལ་བའི་རིམ་པ་ལ༔ ཧཱུྃ་ཧྲཱིཿབཞེངས་ཤིག་འཕགས་མཆོག་ཐུགས་རྗེའི་ལྷ༔ ཆོས་ཀྱི་དབྱིངས་ལས་གཟུགས་སྐུར་བཞེངས༔ གང་འདུལ་ཐབས་དང་ཐུགས་རྗེ་ཡིས༔ སྤྲུལ་དང་ཡང་སྤྲུལ་དཔག་མེད་པ༔ འགྱེད་ཅིང་གདུལ་དཀའ་འདུལ་དུ་གསོལ༔ སྒྲུབ་པའི་རྣལ་འབྱོར་མཆེད་ལྕམ་གྱི༔ ནད་གདོན་སྡིག་སྒྲིབ་བག་ཆགས་ཀུན༔ ཡུལ་མེད་ཆེན་པོར་དག་པར་མཛོད༔ ཚེ་བསོད་དཔལ་འབྱོར་ཡོན་ཏན་ཀུན༔ ཡར་ངོའི་ཟླ་ལྟར་འཕེལ་རྒྱས་མཛོད༔ ཁམས་གསུམ་སྲིད་གསུམ་མ་ལུས་པ༔ དབང་དུ་བསྡུས་ཤིང་བྲན་དུ་འཁོལ༔ བསྟན་དང་འགྲོ་ལ་རྒོལ་བ་ཡི༔ གཟུགས་ཡོད་གཟུགས་མེད་དགྲ་དང་བགེགས༔ རྗེས་ཤུལ་མེད་པར་རྡུལ་དུ་རློག༔ ཁྱེད་ཀྱི་བཀའ་སྡོད་སྤྲུལ་པ་ཡི༔ ཡེ་ཤེས་འཇིག་རྟེན་ལྷ་སྲུང་མ༔ ཀུན་ཀྱང་སྐྱེམས་གཏོར་འདི་བཞེས་ལ༔ བསྟན་དང་བསྟན་འཛིན་སྡེ་ཚོགས་སྐྱོངས༔ ཕྲིན་ལས་རབ་འབྱམས་ཡོངས་འགྲུབ་ཅིང་༔ རྫོགས་ལྡན་དུས་ཀྱི་བསྐལ་པ་བཞིན༔ བསྟན་འགྲོ་བདེ་ལ་འགོད་པར་མཛོད༔ རང་དམ་གཉན་པོ་དཔང་བཙུག་གོ༔ མ་འདའ་བཛྲ་ས་མ་ཡ༔ དེ་ནས་བཟློག་པ་བྱ་བ་ལ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐུ་གསུམ་རྒྱལ་བ་རྒྱ་མཚོ་དང་༔ ཆོས་སྲུང་དམ་ཅན་དབྱིངས་ནས་བཞེངས༔ དད་དམ་གཉན་པོས་ཐུགས་དམ་བསྐུལ༔ མངོན་སྤྱོད་ཕྲིན་ལས་དུས་ལ་བབ༔ ཐོགས་མེད་མཐུ་དང་སྟོབས་ཤུགས་ཕྱུང་༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ལ༔ བསམ་སྦྱོར་ངན་པའི་རྒོལ་བ་ཡི༔ གཟུགས་ཅན་དགྲ་བོ་སྒྲོལ་ཞིང་ཟློག༔ གཟུགས་མེད་གདོན་བགེགས་བསྒྲལ་ཞིང་ཟློག༔ ཕྱི་རྐྱེན་སེམས་ཅན་འཚེ་བ་ཟློག༔ ནང་རྐྱེན་མི་ཡི་ན་ཚ་དང་༔ ཕྱུགས་ཀྱི་གོད་ཁ་ཐམས་ཅད་ཟློག༔ གསང་རྐྱེན་ཉོན་མོངས་འཁྲུལ་འཁོར་ཟློག༔ བྱད་ཁ་རྦོད་གཏོང་ཐམས་ཅད་ཟློག༔ ལྷ་དང་སྲུང་མའི་བཀའ་ཆད་ཟློག༔ ཆོས་སྲིད་ནོར་ལ་བར་ཆད་ཅིང༔ དངོས་གྲུབ་འཕྲོག་དང་རྐུ་འཕྲོག་པའི༔ དགྲ་བགེགས་གནོད་བྱེད་ཐམས་ཅད་ཟློག༔ སྡང་བར་བྱེད་པའི་དགྲ་ལ་ཟློག༔ གནོད་པར་བྱེད་པའི་བགེགས་ལ་ཟློག༔ འཁོར་བ་མྱང་འདས་ཆེན་པོར་ཟློག༔ གཟུང་འཛིན་བདག་མེད་སྟོང་པར་ཟློག༔ སྡུག་བསྔལ་བདེ་བ་ཆེན་པོར་ཟློག༔ སྐྱེ་བ་ནམ་མཁའི་རྡོ་རྗེར་ཟློག༔ རྒ་བ་གཞོན་ནུ་བུམ་སྐུར་ཟློག༔ ན་བ་ཟག་མེད་བདེ་བར་ཟློག༔ འཆི་བ་འོད་གསལ་ཆོས་སྐུར་ཟློག༔ ཐམས་ཅད་དག་མཉམ་ངང་དུ་ཟློག༔ ཨེ་ས་མ་ཡ་བྷྱོ་བྷྱོ༔ བཟློག་བཟློག༔ བསྐྱེད་རིམ་གདིང་ལྡན་རྣལ་འབྱོར་པས༔ འདི་ལྟར་བཟློག་པའི་ལས་བརྩོན་ན༔ ཕྱི་ནང་བར་ཆད་ཀུན་སེལ་ཞིང་༔ དངོས་གྲུབ་བར་ཆད་མེད་པར་འཐོབ༔ བཀའ་སྲུང་དབང་ཕྱུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཨྠིྀ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ནས་གདན་དྲངས་ཏེ་མི་ལོ་སུམ་ཅུ་རྩ་གཅིག་བར་དུ་བཀའ་རྒྱ་བྱས་ཏེ་མཐར་ཆོས་ཀྱི་བདག་པོ་དགེ་ལེགས་དཔལ་བཟང་པོས་ནན་དུ་བསྐུལ་ངོར་གསེར་ཤོད་བླ་མ་རོང་ནས་གཏན་ལ་ཕབ་པའོ།།དགེའོ།།དགེའོ།།དགེའོ།ལེགས་སོ།སརྦ་མངྒ་ལཾ།།།།