TTDL-ZABTER-03-GA-033: Difference between revisions
From Dudjom Wiki
TTDL-ZABTER-03-GA-033
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
༠༠༠༠བརྡ་ཡིགཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་གྲུབ་གཉིས་གཏེར་མཛོད་བཞུགས་སོ༔ | {{Text | ||
༠༠༠༠བརྡ་ཡིག༣༣༤ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཉོན་ཅིག་མངའ་བདག་ཆོས་ཀྱི་རྒྱལ༔ བསྐལ་པ་རྩུབ་འགྱུར་དུས་ཀྱི་ཚེ༔ སྙིགས་མ་ལྔ་དང་མི་ཐུབ་ལྔས༔ སེམས་ཅན་བསོད་ནམས་ཉམས་པའི་ཚེ༔ ཆོས་བཞིན་སྤྱོད་པ་ཉིན་སྐར་ཙམ༔ གལ་ཏེ་ལས་དང་བསོད་ནམས་ཀྱིས༔ སྲིད་ཀྱང་བདུད་དང་ནག་ཕྱོགས་ཀྱིས༔ བློ་སྣ་བསྒྱུར་ནས་དམ་སྡོམ་ཉམས༔ དེ་ཕྱིར་བླ་མ་རྡོ་རྗེ་སེམས༔ སྒོམ་སྒྲུབ་མཆོད་བསྐང་བཤགས་པར་འབད༔ ན་རགས་དོང་སྤྲུགས་ཡང་སྙིང་བཟླ༔ དེས་ནི་ཉམས་ཆག་རྟོག་སྒྲིབ་དག༔ ད་ལྟ་མངའ་བདག་ཁྱོད་ལ་གདམས༔ མ་འོངས་ང་ཉིད་ཡང་སྲིད་ཚེ༔ ཟབ་ཆོས་འདི་འདོམས་འབངས་འཁོར་འདྲེན༔ དེ་ཚེ་ཁྱོད་ཀྱང་འདི་དང་འཕྲད༔ འདི་ཡི་ལག་ལེན་རིམ་པ་ནི༔ དཀྱིལ་འཁོར་བཀོད་ལེགས་ཡིད་འོང་ལ༔ སྤྲོས་ན་ཐིག་ཚོན་མཛེས་ལྡན་བྱ༔ མིན་ཀྱང་རས་བྲིས་གཞལ་ཡས་ཁང་༔ སྤྲོས་མེད་ལུགས་སུ་ཚོམ་བུར་བསྟེན༔ ཤིན་ཏུ་སྤྲོས་མེད་སྐུ་གཟུགས་སམ༔ གཏོར་མ་ཙམ་གྱིས་ཆོག་པ་ལ༔ མཆོད་རྫས་འབྱོར་པ་ཆེ་ཆུང་གི༔ དཔག་སྟེ་བཤམས་པ་ཆེད་དུ་བཞག༔ བགེགས་ལ་ཆངས་བུ་མར་མེ་དང་༔ གཏོར་སྐྱུག་འབྲས་ཆན་བཏང་ནས་བསྐྲད༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ཧཱུྃ༔ བླ་མ་སངས་རྒྱས་བླ་མ་ཆོས༔ དེ་བཞིན་བླ་མ་དགེ་འདུན་དཔལ༔ དཔལ་ལྡན་རྡོ་རྗེ་འཆང་དབང་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ དེ་ནས་སེམས་བསྐྱེད་པ་ནི༔ ཧཱུྃ༔ ཁམས་གསུམ་འཁོར་བའི་སེམས་ཅན་ཀུན༔ རྣམ་གྲོལ་ས་ལ་འགོད་པའི་ཕྱིར༔ གསང་ཆེན་ཐབས་ལམ་ལ་བསྟེན་ནས༔ སྒོ་གསུམ་རྡོ་རྗེའི་གྲོང་འཇུག་བྱ༔ དེ་ནས་བགེགས་བསྐྲད་པ་ནི༔ ཧཱུྃ༔ རིག་སྟོང་ཞེ་སྡང་རྡོ་རྗེའི་ངང་༔ ཡེ་ཤེས་སྒྱུ་མའི་འཕྲུལ་རྩལ་གྱིས༔ ཁྲོ་ཚོགས་མཚོན་ཐུན་འཁྲུལ་འཁོར་འགྱེད༔ བདག་ལྟའི་རཱུ་དྲ་དབྱིངས་སུ་བསྐྲད༔ ཅེས་ཧཱུྃ་བཞིའི་སྔགས་བརྗོད་ཐུན་གྱིས་བྲབ༔ དེ་ནས་སྲུང་བའི་འཁོར་ལོ་བསྒོམ་པ་ནི༔ ཧཱུྃ༔ སྣང་བ་བདེ་ཆེན་ཐབས་ཀྱི་དབྱིངས༔ སྟོང་ཉིད་ཤེས་རབ་ཡུམ་གྱི་མཁའ༔ ཐམས་ཅད་དག་མཉམ་ཡེ་སངས་རྒྱས༔ བགེགས་དང་ལོག་འདྲེན་མིང་ཡང་མེད༔ དྷརྨ་དྷ་ཏུ་བཛྲ་རཀྵ་རཀྵ་ཧཱུྃ༔ དེ་ནས་བྱིན་ཆེན་དབབ་པ་ནི༔ ཧཱུྃ༔ སྐྱེ་འགགས་འགྱུར་མེད་སྤྲོས་མཐའ་བྲལ༔ སྐུ་གསུམ་བླ་མས་བྱིན་ཆེན་ཕོབ༔ དོན་དམ་མི་ཤིགས་རྡོ་རྗེའི་སྐུ༔ རྡོ་རྗེ་སེམས་དཔས་དབང་བྱིན་ཕོབ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་ས་མ་ཡ་ཕེཾ་ཕེཾ་ཨ་ཝེ་ཤ་ཡ་ཨཱཿདེ་ནས་མཆོད་པ་བྱིན་བརླབ་ནི༔ ཨོཾ་ཨཱཿཧཱུྃ༔ ཡུལ་དྲུག་འདོད་ཡོན་གཏེར་ཆེན་པོ༔ མི་ཟད་རྒྱན་གྱི་འཁོར་ལོར་ཤར༔ ཕྱི་ནང་གསང་མཆོད་བླ་ན་མེད༔ ཡེ་ཤེས་བདུད་རྩིར་ཡེ་ནས་གནས༔ སརྦ་གྷ་ཎ་པཉྩ་ཨ་མྲྀ་ཏ་ཡེ་སྭཱ་ཧྭཱ༔ དེ་ནས་ལྷ་བསྐྱེད་རིམ་པ་ནིི༔ ཨ༔ འཁོར་འདས་དག་མཉམ་སྟོང་པ་ཉིད༔ ལྷུན་གྲུབ་བདེ་ཆེན་བཀོད་པ་སྣང་༔ ཐུགས་རྗེའི་རང་གཟུགས་ཡི་གེ་ཧཱུྃ༔ འོད་དང་འོད་ཟེར་དྲྭ་བ་ལས༔ སྣང་བ་ཐམས་ཅད་མངོན་དགའི་ཞིང་༔ སྲིད་པ་དག་མཉམ་ཡེ་ཤེས་ལྷ༔ བརྡལ་ཁྱབ་མཚན་ཉིད་རབ་རྫོགས་པའི༔ སྐུ་དང་ཡེ་ཤེས་གཞལ་ཡས་སུ༔ མ་ཆགས་པདྨ་ཟླ་གདན་ལ༔ ཧཱུྃ་ལས་བླ་མ་རྡོ་རྗེ་སེམས༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་པ༔ ཞི་འཛུམ་མཚན་དང་དཔེ་བྱད་རྫོགས༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་བསྣམས༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ རིན་ཆེན་དབུ་རྒྱན་སྙན་ཆ་དང་༔ ཕྲེང་བ་དོ་ཤལ་གདུབ་བུས་བརྒྱན༔ དར་གྱི་སྟོད་གཡོགས་སྨད་དཀྲིས་ཤམ༔ སྐུ་རེག་པང་ཁེབས་ཅོད་པན་སྤྲས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ སྙེམས་མ་དཀར་མོས་གྲི་གུག་དང་༔ གཡོན་པས་བྷནྡྷ་བདུད་རྩི་སྟོབ༔ གཞོན་ཚུལ་ལང་ཚོའི་དཔལ་གྱིས་འཁྱུད༔ འོད་དང་འོད་ཟེར་རབ་ཏུ་འབར༔ སྤྱི་བོར་རིགས་བདག་མི་བསྐྱོད་པ༔ སྔོན་པོ་མཉམ་བཞག་ས་གནོན་ཅན༔ ཤར་དུ་བཅོམ་ལྡན་རྣམ་སྣང་དཀར༔ བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན༔ ལྷོ་རུ་བཅོམ་ལྡན་རིན་འབྱུང་སེར༔ མཆོག་སྦྱིན་མཉམ་བཞག་ཕྱག་རྒྱ་ཅན༔ ནུབ་ཏུ་བཅོམ་ལྡན་སྣང་མཐའ་ཡས༔ དམར་པོ་མཉམ་བཞག་ཕྱག་རྒྱ་ཅན༔ བྱང་དུ་དོན་ཡོད་གྲུབ་པ་ལྗང་༔ སྐྱབས་སྦྱིན་མཉམ་བཞག་ཕྱག་རྒྱ་ཅན༔ ཀུན་ཀྱང་རང་རང་ཡུམ་དང་སྦྱོར༔ ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་བརྒྱན༔ སྒོ་བཞིར་སྒོ་སྐྱོང་ཆེན་མོ་བཞི༔ དཀར་སེར་དམར་ལྗང་འདོར་སྟབས་ཅན༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ གཡོན་རྣམས་སྡིགས་མཛུབ་དཀུ་ལ་བརྟེན༔ རང་རིག་རྡོ་རྗེ་སེམས་དཔའ་ཡི༔ སྐུ་ལ་རྒྱལ་བ་ཞི་ཁྲོ་རྫོགས༔ ཉི་མ་དང་ནི་འོད་ཟེར་བཞིན༔ ཡེ་ཤེས་རོལ་པ་ཆེན་པོའི་རྩལ༔ མ་བཙལ་རྫོགས་ལྡན་རང་བྱུང་ཤར༔ གཟུགས་བརྙན་ཆུ་ཟླ་འཇའ་ཚོན་བཞིན༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ གནས་ལུགས་བདེ་གཤེགས་སྙིང་པོ་ཡི༔ སྐུ་དང་ཡེ་ཤེས་རོལ་པའི་དཔལ༔ ལྷ་དང་ཞིང་ཁམས་རོལ་པ་ཆེ༔ གང་གིས་མོས་ངོར་དེར་དེ་སྣང་༔ ཆོས་ཉིད་ནམ་མཁའ་མཛོད་ཀྱི་ཀློང་༔ ཡེ་བབ་ཆེན་པོའི་ཉིད་དུ་རིག༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་དབྱིངས་དང་ཡེ་ཤེས་པ༔ མངོན་གྱུར་ཆེན་པོར་ལྷུན་གྱིས་གྲུབ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ བརྡལ་ཁྱབ་སྤྲོས་བྲལ་ཆེན་པོ་ནས༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་དཔལ༔ གཤེགས་བྱོན་མེད་དེ་མངོན་གྱུར་དུ༔ དབྱིངས་ནས་བཞེངས་ཤིག་ས་མཱ་ཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ གདོད་ནས་མ་བཅོས་ཆོས་ཀྱི་སྐུ༔ ལྷན་སྐྱེས་ཡེ་ཤེས་བྱང་ཆུབ་སེམས༔ རང་ཞལ་མཇལ་ཞིང་རང་དབང་དུ༔ མི་འགྱུར་བདེ་བ་ཆེན་པོར་བཞུགས༔ བཛྲ་སཏྭ་ས་མ་ཡ་ཛ་ཛ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ ཀུན་ཁྱབ་ཡེ་ཤེས་ཆོས་ཀྱི་སྐུ༔ ཀུན་གཟིགས་ཡེ་ཤེས་ལོངས་སྤྱོད་རྫོགས༔ ཀུན་མཁྱེན་ཡེ་ཤེས་སྤྲུལ་པའི་སྐུ༔ ཀུན་འདུས་དཔལ་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོཿཔྲ་ཏཱིཙྪ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ མཆོད་ཡོན་དང་ནི་ཞབས་བསིལ་དང་༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་ཉེར་སྤྱོད་ཚོགས༔ རྡོ་རྗེ་སེམས་དཔའི་དལ་དུ་འབུལ༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས༔ ཤཔྡ་པྲ་ཏཱིཙྪ་པཱུ་ཛ་ཧོ༔ ཧཱུྃ༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་༔ རོ་མངར་རེག་བྱ་འཇམ་ལ་སོགས༔ འདོད་ཡོན་ལྔ་ཡི་མཆོད་པ་འདི༔ རྡོ་རྗེ་སེམས་དཔའི་དལ་དུ་འབུལ༔ བཛྲ་རཱུ་པ་ནས་སྤཪྴེ་པྲ་ཏཱིཙྪ་པཱུ་ཛ་ཧོ༔ ཧཱུྃ༔ བདུད་རྩི་སྨན་དང་འཁོར་བའི་ཁྲག༔ འདོད་འབྱུང་དཔལ་གྱི་གཏོར་མ་དང་༔ བདེ་ཆེན་སྦྱོར་བའི་རིག་མ་ལྔ༔ བླ་མེད་གསང་ཆེན་མཆོད་པའི་ཚོགས༔ རྡོ་རྗེ་སེམས་དཔའི་ཚོགས་ལ་འབུལ༔ བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་རཀྟ་བ་ལིངྟ་ཛྙཱ་ན་མུ་དྲ་བོ་དྷི་ཙིཏྟ་སརྦ་པཱུ་ཛ་ཧོ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ ཆོས་སྐུ་ནམ་མཁའ་ལྟ་བུ་ལས༔ གཟུགས་སྐུ་འཇའ་ཚོན་ལྟ་བུར་གསལ༔ ཐུགས་རྗེས་གདུལ་བྱ་ཐབས་ཀྱིས་འདུལ༔ རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ལྷུན་གྲུབ་བདེ་བ་ཆེན་པོ་རུ༔ རྒྱུ་དང་འབྲས་བུ་ལམ་སྣང་དང་༔ ཐེག་པའི་ཆོས་རྣམས་ངང་གིས་རྫོགས༔ རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ གནས་ལུགས་བདེ་གཤེགས་སྙིང་པོའི་དབྱིངས༔ ཀ་དག་སྤྲོས་བྲལ་ཀུན་ཁྱབ་བརྡལ༔ རྣམ་ཐར་བརྒྱད་ལྡན་སྟོང་པ་ཉིད༔ མ་བཅོས་ཡེ་གྲོལ་རྫོགས་སངས་རྒྱས༔ དོན་དམ་མི་ཤིགས་རྡོ་རྗེ་ཆེ༔ རྡོ་རྗེ་སེམས་དཔའི་ཐུགས་ལ་བསྟོད༔ དེ་ནས་བཤགས་པ་ནི༔ ཧཱུྃ༔ བླ་མེད་བླ་མ་རིན་པོ་ཆེ༔ སྐུ་དང་ཡེ་ཤེས་རོལ་པའི་དབྱིངས༔ རིགས་ལྔ་གངས་ཆེན་དགོངས་སུ་གསོལ༔ བདག་ནི་མ་རིག་དབང་གྱུར་ཏེ༔ རྩ་བ་ཡན་ལག་དམ་ཉམས་ཀུན༔ མི་འཆབ་མི་སྦེད་མཐོལ་ལོ་བཤགས༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས༔ དེ་ནས་འཛབ་དམིགས་ནི༔ ཧཱུྃ༔ རང་རིག་རྡོ་རྗེ་སེམས་དཔའ་ཡི༔ ཐུགས་ཀར་རྡོ་རྗེ་དཀར་པོའི་ལྟེར༔ ཧཱུྃ་ཡིག་ཉིད་ལ་སྔགས་ཀྱིས་བསྐོར༔ རང་སྒྲས་སྲིད་གསུམ་གཡོ་ཞིང་འདར༔ སྣོད་བཅུད་དཀྱིལ་འཁོར་གསུམ་ལྡན་གྱི༔ རོལ་པ་ཆེན་པོར་རྫོགས་སངས་རྒྱས༔ ཡི་གེ་བརྒྱ་པ་ཅི་མང་དང༔ ཡི་གེ་དྲུག་པ་བཟླ༔ ཡང་སྐབས་སུ་རང་ཉིད་རྡོ་རྗེ་སེམས་དཔར་གསལ་བའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ལས་ཉོན་བག་ཆགས་ཐམས་ཅད་སངས་ཀྱིས་དག་པར་བྱས་ནས་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་རྫོགས་ཀྱི་རོལ་པར་གྱུར་ཏེ་སྔགས་ཡི་གེ་བརྒྱ་པའི་སྒྲ་དབྱངས་སྒྲོགས་པར་བསྒོམ༔ ཡི་གེ་བརྒྱ་པ་བརྗོད༔ སླར་ཡང་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས་ཁམས་གསུམ་གྱི་འཁོར་བ་ཐམས་ཅད་སྐུ་གསུམ་ཡེ་ཤེས་ཀྱི་དབྱིངས་སུ་བཤིགས་ནས་ཁྱབ་གདལ་ཀ་དག་གི་ངང་དུ་འབྱམས་ཀླས་པར་གྱུར༔ ཨོཾ་བཛྲ་སཏྭ་ཧཱུྃ༔ སརྦ་པཱ་པཾ་དུཿཁ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཅི་མང་བཟླས༔ རང་ཉིད་རྡོ་རྗེ་སེམས་དཔའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་འབུལ༔ ཐུགས་དམ་གྱི་རྒྱུད་བསྐུལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བྱིན་དངོས་གྲུབ་ཐམས་ཅད་ཚུར་འདུས་བདག་ལ་ཐིམ༔ ནད་གདོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་ཞི་ཞིང་དག་པར་བྱས༔ ཚེ་བསོད་དཔལ་འབྱོར་མངའ་ཐང་ཡོན་ཏན་ཐམས་ཅད་རྒྱས་པར་བྱས༔ སྣང་སྲིད་འཁོར་འདས་ཐམས་ཅད་དབང་དུ་བསྡུས༔ དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད་རྡུལ་དུ་བརླག་ནས་དྲག་པོའི་ཕྲིན་ལས་ཐམས་ཅན་ཐོགས་པ་མེད་པར་འགྲུབ་པར་བསམ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་སཏྭ་ཨཱཿཞེས་བཟླས་མཐར༔ རང་ཉིད་རྡོ་རྗེ་སེམས་དཔར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཁམས་གསུམ་གྱི་འཁོར་བ་དོང་ནས་སྤྲུགས་ཏེ་སེམས་ཅན་ཐམས་ཅད་ཡེ་ཤེས་ལྷ་ཡི་སྐུར་སངས་རྒྱས་པར་བསམ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས་ཡི་གེ་བརྒྱ་པ་དང་དྲུག་པ་ཅི་མང་བཟླ༔ འདི་ལྟར་བསྐྱེད་རིམ་གནད་ལྡན་པས༔ བསྒྲུབ་ན་དངོས་གྲུབ་མཆོག་ཐོབ་འགྱུར༔ བཀའ་སྲུང་གནོད་སྦྱིན་ཆེན་པོས་སྲུངས༔ དམ་ལས་མ་འདའ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་གཉིས་བར་དུ་བཀའ་རྒྱ་བྱས་མཐར་རང་སློབ་དད་དམ་ལྡན་པ་པདྨ་རྣམ་རྒྱལ་གྱིས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།། | |classification=Tibetan Publications | ||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=03 | |||
|volumeLetter=GA | |||
|textnuminvol=033 | |||
|pdflink=File:TTDL-ZABTER-03-GA-033.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-03-GA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༠༠༠༠བརྡ་ཡིགཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་གྲུབ་གཉིས་གཏེར་མཛོད་བཞུགས་སོ༔ | |||
༠༠༠༠བརྡ་ཡིག༣༣༤ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཉོན་ཅིག་མངའ་བདག་ཆོས་ཀྱི་རྒྱལ༔ བསྐལ་པ་རྩུབ་འགྱུར་དུས་ཀྱི་ཚེ༔ སྙིགས་མ་ལྔ་དང་མི་ཐུབ་ལྔས༔ སེམས་ཅན་བསོད་ནམས་ཉམས་པའི་ཚེ༔ ཆོས་བཞིན་སྤྱོད་པ་ཉིན་སྐར་ཙམ༔ གལ་ཏེ་ལས་དང་བསོད་ནམས་ཀྱིས༔ སྲིད་ཀྱང་བདུད་དང་ནག་ཕྱོགས་ཀྱིས༔ བློ་སྣ་བསྒྱུར་ནས་དམ་སྡོམ་ཉམས༔ དེ་ཕྱིར་བླ་མ་རྡོ་རྗེ་སེམས༔ སྒོམ་སྒྲུབ་མཆོད་བསྐང་བཤགས་པར་འབད༔ ན་རགས་དོང་སྤྲུགས་ཡང་སྙིང་བཟླ༔ དེས་ནི་ཉམས་ཆག་རྟོག་སྒྲིབ་དག༔ ད་ལྟ་མངའ་བདག་ཁྱོད་ལ་གདམས༔ མ་འོངས་ང་ཉིད་ཡང་སྲིད་ཚེ༔ ཟབ་ཆོས་འདི་འདོམས་འབངས་འཁོར་འདྲེན༔ དེ་ཚེ་ཁྱོད་ཀྱང་འདི་དང་འཕྲད༔ འདི་ཡི་ལག་ལེན་རིམ་པ་ནི༔ དཀྱིལ་འཁོར་བཀོད་ལེགས་ཡིད་འོང་ལ༔ སྤྲོས་ན་ཐིག་ཚོན་མཛེས་ལྡན་བྱ༔ མིན་ཀྱང་རས་བྲིས་གཞལ་ཡས་ཁང་༔ སྤྲོས་མེད་ལུགས་སུ་ཚོམ་བུར་བསྟེན༔ ཤིན་ཏུ་སྤྲོས་མེད་སྐུ་གཟུགས་སམ༔ གཏོར་མ་ཙམ་གྱིས་ཆོག་པ་ལ༔ མཆོད་རྫས་འབྱོར་པ་ཆེ་ཆུང་གི༔ དཔག་སྟེ་བཤམས་པ་ཆེད་དུ་བཞག༔ བགེགས་ལ་ཆངས་བུ་མར་མེ་དང་༔ གཏོར་སྐྱུག་འབྲས་ཆན་བཏང་ནས་བསྐྲད༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ཧཱུྃ༔ བླ་མ་སངས་རྒྱས་བླ་མ་ཆོས༔ དེ་བཞིན་བླ་མ་དགེ་འདུན་དཔལ༔ དཔལ་ལྡན་རྡོ་རྗེ་འཆང་དབང་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ དེ་ནས་སེམས་བསྐྱེད་པ་ནི༔ ཧཱུྃ༔ ཁམས་གསུམ་འཁོར་བའི་སེམས་ཅན་ཀུན༔ རྣམ་གྲོལ་ས་ལ་འགོད་པའི་ཕྱིར༔ གསང་ཆེན་ཐབས་ལམ་ལ་བསྟེན་ནས༔ སྒོ་གསུམ་རྡོ་རྗེའི་གྲོང་འཇུག་བྱ༔ དེ་ནས་བགེགས་བསྐྲད་པ་ནི༔ ཧཱུྃ༔ རིག་སྟོང་ཞེ་སྡང་རྡོ་རྗེའི་ངང་༔ ཡེ་ཤེས་སྒྱུ་མའི་འཕྲུལ་རྩལ་གྱིས༔ ཁྲོ་ཚོགས་མཚོན་ཐུན་འཁྲུལ་འཁོར་འགྱེད༔ བདག་ལྟའི་རཱུ་དྲ་དབྱིངས་སུ་བསྐྲད༔ ཅེས་ཧཱུྃ་བཞིའི་སྔགས་བརྗོད་ཐུན་གྱིས་བྲབ༔ དེ་ནས་སྲུང་བའི་འཁོར་ལོ་བསྒོམ་པ་ནི༔ ཧཱུྃ༔ སྣང་བ་བདེ་ཆེན་ཐབས་ཀྱི་དབྱིངས༔ སྟོང་ཉིད་ཤེས་རབ་ཡུམ་གྱི་མཁའ༔ ཐམས་ཅད་དག་མཉམ་ཡེ་སངས་རྒྱས༔ བགེགས་དང་ལོག་འདྲེན་མིང་ཡང་མེད༔ དྷརྨ་དྷ་ཏུ་བཛྲ་རཀྵ་རཀྵ་ཧཱུྃ༔ དེ་ནས་བྱིན་ཆེན་དབབ་པ་ནི༔ ཧཱུྃ༔ སྐྱེ་འགགས་འགྱུར་མེད་སྤྲོས་མཐའ་བྲལ༔ སྐུ་གསུམ་བླ་མས་བྱིན་ཆེན་ཕོབ༔ དོན་དམ་མི་ཤིགས་རྡོ་རྗེའི་སྐུ༔ རྡོ་རྗེ་སེམས་དཔས་དབང་བྱིན་ཕོབ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་ས་མ་ཡ་ཕེཾ་ཕེཾ་ཨ་ཝེ་ཤ་ཡ་ཨཱཿདེ་ནས་མཆོད་པ་བྱིན་བརླབ་ནི༔ ཨོཾ་ཨཱཿཧཱུྃ༔ ཡུལ་དྲུག་འདོད་ཡོན་གཏེར་ཆེན་པོ༔ མི་ཟད་རྒྱན་གྱི་འཁོར་ལོར་ཤར༔ ཕྱི་ནང་གསང་མཆོད་བླ་ན་མེད༔ ཡེ་ཤེས་བདུད་རྩིར་ཡེ་ནས་གནས༔ སརྦ་གྷ་ཎ་པཉྩ་ཨ་མྲྀ་ཏ་ཡེ་སྭཱ་ཧྭཱ༔ དེ་ནས་ལྷ་བསྐྱེད་རིམ་པ་ནིི༔ ཨ༔ འཁོར་འདས་དག་མཉམ་སྟོང་པ་ཉིད༔ ལྷུན་གྲུབ་བདེ་ཆེན་བཀོད་པ་སྣང་༔ ཐུགས་རྗེའི་རང་གཟུགས་ཡི་གེ་ཧཱུྃ༔ འོད་དང་འོད་ཟེར་དྲྭ་བ་ལས༔ སྣང་བ་ཐམས་ཅད་མངོན་དགའི་ཞིང་༔ སྲིད་པ་དག་མཉམ་ཡེ་ཤེས་ལྷ༔ བརྡལ་ཁྱབ་མཚན་ཉིད་རབ་རྫོགས་པའི༔ སྐུ་དང་ཡེ་ཤེས་གཞལ་ཡས་སུ༔ མ་ཆགས་པདྨ་ཟླ་གདན་ལ༔ ཧཱུྃ་ལས་བླ་མ་རྡོ་རྗེ་སེམས༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་པ༔ ཞི་འཛུམ་མཚན་དང་དཔེ་བྱད་རྫོགས༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་བསྣམས༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ རིན་ཆེན་དབུ་རྒྱན་སྙན་ཆ་དང་༔ ཕྲེང་བ་དོ་ཤལ་གདུབ་བུས་བརྒྱན༔ དར་གྱི་སྟོད་གཡོགས་སྨད་དཀྲིས་ཤམ༔ སྐུ་རེག་པང་ཁེབས་ཅོད་པན་སྤྲས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ སྙེམས་མ་དཀར་མོས་གྲི་གུག་དང་༔ གཡོན་པས་བྷནྡྷ་བདུད་རྩི་སྟོབ༔ གཞོན་ཚུལ་ལང་ཚོའི་དཔལ་གྱིས་འཁྱུད༔ འོད་དང་འོད་ཟེར་རབ་ཏུ་འབར༔ སྤྱི་བོར་རིགས་བདག་མི་བསྐྱོད་པ༔ སྔོན་པོ་མཉམ་བཞག་ས་གནོན་ཅན༔ ཤར་དུ་བཅོམ་ལྡན་རྣམ་སྣང་དཀར༔ བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན༔ ལྷོ་རུ་བཅོམ་ལྡན་རིན་འབྱུང་སེར༔ མཆོག་སྦྱིན་མཉམ་བཞག་ཕྱག་རྒྱ་ཅན༔ ནུབ་ཏུ་བཅོམ་ལྡན་སྣང་མཐའ་ཡས༔ དམར་པོ་མཉམ་བཞག་ཕྱག་རྒྱ་ཅན༔ བྱང་དུ་དོན་ཡོད་གྲུབ་པ་ལྗང་༔ སྐྱབས་སྦྱིན་མཉམ་བཞག་ཕྱག་རྒྱ་ཅན༔ ཀུན་ཀྱང་རང་རང་ཡུམ་དང་སྦྱོར༔ ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་བརྒྱན༔ སྒོ་བཞིར་སྒོ་སྐྱོང་ཆེན་མོ་བཞི༔ དཀར་སེར་དམར་ལྗང་འདོར་སྟབས་ཅན༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ གཡོན་རྣམས་སྡིགས་མཛུབ་དཀུ་ལ་བརྟེན༔ རང་རིག་རྡོ་རྗེ་སེམས་དཔའ་ཡི༔ སྐུ་ལ་རྒྱལ་བ་ཞི་ཁྲོ་རྫོགས༔ ཉི་མ་དང་ནི་འོད་ཟེར་བཞིན༔ ཡེ་ཤེས་རོལ་པ་ཆེན་པོའི་རྩལ༔ མ་བཙལ་རྫོགས་ལྡན་རང་བྱུང་ཤར༔ གཟུགས་བརྙན་ཆུ་ཟླ་འཇའ་ཚོན་བཞིན༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ གནས་ལུགས་བདེ་གཤེགས་སྙིང་པོ་ཡི༔ སྐུ་དང་ཡེ་ཤེས་རོལ་པའི་དཔལ༔ ལྷ་དང་ཞིང་ཁམས་རོལ་པ་ཆེ༔ གང་གིས་མོས་ངོར་དེར་དེ་སྣང་༔ ཆོས་ཉིད་ནམ་མཁའ་མཛོད་ཀྱི་ཀློང་༔ ཡེ་བབ་ཆེན་པོའི་ཉིད་དུ་རིག༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་དབྱིངས་དང་ཡེ་ཤེས་པ༔ མངོན་གྱུར་ཆེན་པོར་ལྷུན་གྱིས་གྲུབ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ བརྡལ་ཁྱབ་སྤྲོས་བྲལ་ཆེན་པོ་ནས༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་དཔལ༔ གཤེགས་བྱོན་མེད་དེ་མངོན་གྱུར་དུ༔ དབྱིངས་ནས་བཞེངས་ཤིག་ས་མཱ་ཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ གདོད་ནས་མ་བཅོས་ཆོས་ཀྱི་སྐུ༔ ལྷན་སྐྱེས་ཡེ་ཤེས་བྱང་ཆུབ་སེམས༔ རང་ཞལ་མཇལ་ཞིང་རང་དབང་དུ༔ མི་འགྱུར་བདེ་བ་ཆེན་པོར་བཞུགས༔ བཛྲ་སཏྭ་ས་མ་ཡ་ཛ་ཛ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ ཀུན་ཁྱབ་ཡེ་ཤེས་ཆོས་ཀྱི་སྐུ༔ ཀུན་གཟིགས་ཡེ་ཤེས་ལོངས་སྤྱོད་རྫོགས༔ ཀུན་མཁྱེན་ཡེ་ཤེས་སྤྲུལ་པའི་སྐུ༔ ཀུན་འདུས་དཔལ་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོཿཔྲ་ཏཱིཙྪ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ མཆོད་ཡོན་དང་ནི་ཞབས་བསིལ་དང་༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་ཉེར་སྤྱོད་ཚོགས༔ རྡོ་རྗེ་སེམས་དཔའི་དལ་དུ་འབུལ༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས༔ ཤཔྡ་པྲ་ཏཱིཙྪ་པཱུ་ཛ་ཧོ༔ ཧཱུྃ༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་༔ རོ་མངར་རེག་བྱ་འཇམ་ལ་སོགས༔ འདོད་ཡོན་ལྔ་ཡི་མཆོད་པ་འདི༔ རྡོ་རྗེ་སེམས་དཔའི་དལ་དུ་འབུལ༔ བཛྲ་རཱུ་པ་ནས་སྤཪྴེ་པྲ་ཏཱིཙྪ་པཱུ་ཛ་ཧོ༔ ཧཱུྃ༔ བདུད་རྩི་སྨན་དང་འཁོར་བའི་ཁྲག༔ འདོད་འབྱུང་དཔལ་གྱི་གཏོར་མ་དང་༔ བདེ་ཆེན་སྦྱོར་བའི་རིག་མ་ལྔ༔ བླ་མེད་གསང་ཆེན་མཆོད་པའི་ཚོགས༔ རྡོ་རྗེ་སེམས་དཔའི་ཚོགས་ལ་འབུལ༔ བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་རཀྟ་བ་ལིངྟ་ཛྙཱ་ན་མུ་དྲ་བོ་དྷི་ཙིཏྟ་སརྦ་པཱུ་ཛ་ཧོ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ ཆོས་སྐུ་ནམ་མཁའ་ལྟ་བུ་ལས༔ གཟུགས་སྐུ་འཇའ་ཚོན་ལྟ་བུར་གསལ༔ ཐུགས་རྗེས་གདུལ་བྱ་ཐབས་ཀྱིས་འདུལ༔ རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ལྷུན་གྲུབ་བདེ་བ་ཆེན་པོ་རུ༔ རྒྱུ་དང་འབྲས་བུ་ལམ་སྣང་དང་༔ ཐེག་པའི་ཆོས་རྣམས་ངང་གིས་རྫོགས༔ རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ གནས་ལུགས་བདེ་གཤེགས་སྙིང་པོའི་དབྱིངས༔ ཀ་དག་སྤྲོས་བྲལ་ཀུན་ཁྱབ་བརྡལ༔ རྣམ་ཐར་བརྒྱད་ལྡན་སྟོང་པ་ཉིད༔ མ་བཅོས་ཡེ་གྲོལ་རྫོགས་སངས་རྒྱས༔ དོན་དམ་མི་ཤིགས་རྡོ་རྗེ་ཆེ༔ རྡོ་རྗེ་སེམས་དཔའི་ཐུགས་ལ་བསྟོད༔ དེ་ནས་བཤགས་པ་ནི༔ ཧཱུྃ༔ བླ་མེད་བླ་མ་རིན་པོ་ཆེ༔ སྐུ་དང་ཡེ་ཤེས་རོལ་པའི་དབྱིངས༔ རིགས་ལྔ་གངས་ཆེན་དགོངས་སུ་གསོལ༔ བདག་ནི་མ་རིག་དབང་གྱུར་ཏེ༔ རྩ་བ་ཡན་ལག་དམ་ཉམས་ཀུན༔ མི་འཆབ་མི་སྦེད་མཐོལ་ལོ་བཤགས༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས༔ དེ་ནས་འཛབ་དམིགས་ནི༔ ཧཱུྃ༔ རང་རིག་རྡོ་རྗེ་སེམས་དཔའ་ཡི༔ ཐུགས་ཀར་རྡོ་རྗེ་དཀར་པོའི་ལྟེར༔ ཧཱུྃ་ཡིག་ཉིད་ལ་སྔགས་ཀྱིས་བསྐོར༔ རང་སྒྲས་སྲིད་གསུམ་གཡོ་ཞིང་འདར༔ སྣོད་བཅུད་དཀྱིལ་འཁོར་གསུམ་ལྡན་གྱི༔ རོལ་པ་ཆེན་པོར་རྫོགས་སངས་རྒྱས༔ ཡི་གེ་བརྒྱ་པ་ཅི་མང་དང༔ ཡི་གེ་དྲུག་པ་བཟླ༔ ཡང་སྐབས་སུ་རང་ཉིད་རྡོ་རྗེ་སེམས་དཔར་གསལ་བའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ལས་ཉོན་བག་ཆགས་ཐམས་ཅད་སངས་ཀྱིས་དག་པར་བྱས་ནས་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་རྫོགས་ཀྱི་རོལ་པར་གྱུར་ཏེ་སྔགས་ཡི་གེ་བརྒྱ་པའི་སྒྲ་དབྱངས་སྒྲོགས་པར་བསྒོམ༔ ཡི་གེ་བརྒྱ་པ་བརྗོད༔ སླར་ཡང་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས་ཁམས་གསུམ་གྱི་འཁོར་བ་ཐམས་ཅད་སྐུ་གསུམ་ཡེ་ཤེས་ཀྱི་དབྱིངས་སུ་བཤིགས་ནས་ཁྱབ་གདལ་ཀ་དག་གི་ངང་དུ་འབྱམས་ཀླས་པར་གྱུར༔ ཨོཾ་བཛྲ་སཏྭ་ཧཱུྃ༔ སརྦ་པཱ་པཾ་དུཿཁ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཅི་མང་བཟླས༔ རང་ཉིད་རྡོ་རྗེ་སེམས་དཔའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་འབུལ༔ ཐུགས་དམ་གྱི་རྒྱུད་བསྐུལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བྱིན་དངོས་གྲུབ་ཐམས་ཅད་ཚུར་འདུས་བདག་ལ་ཐིམ༔ ནད་གདོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་ཞི་ཞིང་དག་པར་བྱས༔ ཚེ་བསོད་དཔལ་འབྱོར་མངའ་ཐང་ཡོན་ཏན་ཐམས་ཅད་རྒྱས་པར་བྱས༔ སྣང་སྲིད་འཁོར་འདས་ཐམས་ཅད་དབང་དུ་བསྡུས༔ དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད་རྡུལ་དུ་བརླག་ནས་དྲག་པོའི་ཕྲིན་ལས་ཐམས་ཅན་ཐོགས་པ་མེད་པར་འགྲུབ་པར་བསམ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་སཏྭ་ཨཱཿཞེས་བཟླས་མཐར༔ རང་ཉིད་རྡོ་རྗེ་སེམས་དཔར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཁམས་གསུམ་གྱི་འཁོར་བ་དོང་ནས་སྤྲུགས་ཏེ་སེམས་ཅན་ཐམས་ཅད་ཡེ་ཤེས་ལྷ་ཡི་སྐུར་སངས་རྒྱས་པར་བསམ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས་ཡི་གེ་བརྒྱ་པ་དང་དྲུག་པ་ཅི་མང་བཟླ༔ འདི་ལྟར་བསྐྱེད་རིམ་གནད་ལྡན་པས༔ བསྒྲུབ་ན་དངོས་གྲུབ་མཆོག་ཐོབ་འགྱུར༔ བཀའ་སྲུང་གནོད་སྦྱིན་ཆེན་པོས་སྲུངས༔ དམ་ལས་མ་འདའ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་གཉིས་བར་དུ་བཀའ་རྒྱ་བྱས་མཐར་རང་སློབ་དད་དམ་ལྡན་པ་པདྨ་རྣམ་རྒྱལ་གྱིས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:45, 4 June 2024
| Wylie title | ||
|---|---|---|
| Location | bdud 'joms gling pa zab gter Volume 3, Text 33, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | ||
| More details More details | ||
| Genre | ||