TTDL-ZABTER-07-JA-004: Difference between revisions
From Dudjom Wiki
TTDL-ZABTER-07-JA-004
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
༠༠༠༠བརྡ་ཡིག༡༤༣ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་ཡེ་ཤེས་ཉི་མའི་སྐོར༔ རྣལ་འབྱོར་རྒྱུད་ལ་བརྟེན་ནས་སུ༔ ཞུན་མར་བཅུད་ལེན་འོད་གསལ་སྙིང༔ གུ་ཧྱ༔ དཔལ་ཆེན་རྡོ་རྗེ་ཁྲོ་ལོད་སྐུ་ལ་འདུད༔ ༠༠༠༠བརྡ་ཡིག༡༤༣བདུད་འདུལ་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་དོན་ཆེད་དུ༔ བཅུད་ལེན་འོད་གསལ་སྙིང་པོ་བསྟན༔ རྣལ་འབྱོར་དབེན་ཁྲོད་འགྲིམ་པའི་དུས་སུ་ནི༔ འཚོ་བ་ཆུང་ངུ་ལ་བརྟེན་རླུང་ལ་འཇུག༔ དང་པོ་སྨན་གྱིས་སྡེབ་སྦྱོར་བྱེད་པ་ནི༔ ཨ་རུ་གཙོ་ལ་སེ་འབྲུ་ཤིང་མངར་བློན༔ བཅའ་ལྒ་བུ་རམ་སྦྲང་རྩི་ཀ་ར་བྲན༔ གཙོ་བོའི་ཕྱེད་ཆ་བློན་ལ་སྦྱར་བ་དང་༔ བློན་པོའི་ཕྱེད་ཆ་རེ་རེ་བྲན་ལ་སྦྱར༔ རིལ་བུ་སྲན་མ་ཙམ་རེ་དུས་གསུམ་བཟའ༔ དེ་ཡང་རླུང་ཤས་ཆེ་བ་མ་གཏོགས་པ༔ ཞུན་མར་ཟོས་ན་སྨན་གྱི་དགོས་ཆེད་མེད༔ སྨན་ལ་བརྟེན་ན་ཞུན་མར་ཡང་མི་དགོས༔ རླུང་ཤས་ཆེ་ན་གཉིས་ཀ་བརྟེན་ཀྱང་རུང་༔ སྙིང་སྲན་ཆེ་བ་རླུང་དང་སྨན་ལ་བརྟེན༔ མི་ཐུབ་པ་རྣམས་ཞུན་མར་རླུང་གཉིས་པོ༔ འདི་ལ་གོམས་འདྲིས་བྱེད་པ་རྣམས་ཀྱིས་ནི༔ ནངས་པར་སྔ་ཐོག་ཇ་ཕོར་གང་ཙམ་བཏུང་༔ གོང་ལ་ཟན་རིལ་མཐེ་བོང་ཙམ་བདུན་བཟའ༔ ཇ་ཡང་ཆབ་སྣོད་བདུན་ཙམ་བཏུང་བར་བཤད༔ མུན་དགོང་མཚམས་སུ་ཇ་ནི་གོང་ལྟར་རོ༔ ཟན་ནི་ཆུ་ཚན་འམ་ནི་མར་ཁུ་རུ༔ བཙོས་ཏེ་དྲོད་མ་ཡལ་བར་བཟའ་བར་བྱ༔ གོམས་འདྲིས་སོང་བཞིན་ཟན་གྱི་རིལ་བུ་རྣམས༔ རེ་རེ་བཞིན་ཏུ་ཇེ་ཉུང་འདོད་ཀྱང་བྱ༔ དེ་ལ་དང་པོ་མལ་ནས་ཡར་ལངས་ཏེ༔ སྐྱབས་སེམས་སྔོན་འགྲོས་བླ་མར་དབང་བཞི་བླང་༔ རྩ་རླུང་བྱིན་རླབས་བཅུད་ལེན་སྡོམ་བཟུང་བརྗོད༔ དེ་ནས་རྣམ་སྣང་མཛད་ཀྱི་ཆོས་བདུན་བྱ༔ རང་ཉིད་གསང་བ་ཡེ་ཤེས་མཁའ་འགྲོ་མའི༔ སྐུ་དབུས་རྩ་གསུམ་འཁོར་ལོ་ལྔ་ལྡན་གསལ༔ རླུང་རོ་དགུ་བསལ་སྐྱིལ་བཤིག་ཧ་སྤྲུག་བྱ༔ དེ་ནས་སྙིང་དབུས་པདྨ་གེ་སར་ཁར༔ ཟླ་དཀྱིལ་དབུས་སུ་བཟང་མོའི་སྐུ་བསྒོམ་པའི༔ ཐུགས་ཀར་འཇའ་ཐིག་ཀློང་དུ་རིག་པ་ཨཱཿགསལ་ཏེ་ཡེ་ཤེས་ལྔ་ཡི་རླུང་རྔུབ་སྟེ༔ དྭངས་མ་ཨཱཿལ་ལྷག་མ་ལྟེ་འོག་མནན༔ རླུང་ཁུག་ཐུགས་སྒྲུབ་གསང་བའི་རྒྱ་ཅན་ལྟར༔ དེ་མཐར་འབར་འཛག་དྲོད་ཀྱི་གདམས་ངག་ནི༔ རྩ་མཆོག་རྒྱལ་པོ་ཀུན་དར་མའི༔ མར་སྣར་རྒྱལ་ཀུན་ཡུམ་དངོས་གཏུམ༔ ཡར་སྣར་རིགས་འདུས་ཧཾཿཡིག་དཀར༔ བྱིན་རླབས་ཡེ་ཤེས་རོ་རྐྱང་ལེན༔ མར་སྣའི་ཡུམ་ལ་ཕོག་པ་ཡིས༔ ཤེས་རབ་ཡེ་ཤེས་མེ་འབར་བས༔ འཁོར་ལོ་ལྔ་ལ་རིམ་པར་གཞིལ༔ ཡབ་ཡུམ་རེག་པ་འཕྲོད་ཙམ་ལས༔ བདུད་རྩི་རིམ་འབེབས་ཚོགས་བསགས་ལམ༔ རྡོ་རྗེའི་རྩེར་འཐོན་རྩེ་འདྲེན་ཞིང་༔ མས་དེད་འཁོར་ལོ་ཡར་འདྲེན་འགྲམ༔ དབང་དང་དགའ་བཞི་རིམ་ཐོབ་བསྐྱེད༔ འཛིན་པ་གཞི་ལ་ལྔ་ཐིག་འདུས༔ མས་རིམ་ཚོགས་བསགས་སྒྲིབ་སྦྱངས་ལམ༔ ཡས་རིམ་དབང་དགའ་སྒྲུབ་རྒྱུན་ལམ༔ རྩ་ཁམས་ཡེ་ཤེས་མེས་ཁྱབ་དང་༔ རླུང་གི་ཡང་ཟབ་རླུང་གི་མཆོག༔ མི་འཛིན་འཛིན་པའི་རླུང་བུམ་ཅན༔ རིག་པ་དང་ནི་དབྱེར་མེད་འགྲོགས༔ རྒྱུན་དུ་མ་སྤངས་མི་འདོར་བར༔ རྣལ་འབྱོར་ལམ་གྱི་དམ་པ་ཡིན༔ མངོན་སུམ་རང་ཐོག་མི་ཕོབ་ན༔ ཐབས་ཀྱི་ལམ་ལ་བརྟེན་པས་གྲོལ༔ ལམ་འདིས་རྩ་མདུད་གྲོལ་གྱུར་ནས༔ གྲོལ་མ་ཐག་ཏུ་ས་ལམ་རྫོགས༔ དེས་ན་ཐབས་ཀྱི་ལམ་ཞེས་བྱ༔ ཟས་སྐོམ་རྩ་མི་འགགས་ཙམ་ལས༔ མ་བརྟེན་པས་ནི་རླུང་སེམས་གཉིས༔ གནད་དུ་ཆུན་དེ་མྱུར་བའི་ལམ༔ བཅུད་ལེན་པ་ལ་དོན་བཞི་སྟེ༔ རིལ་བུ་སྣོད་དུ་བཞག་བྱས་ནས༔ རང་གི་འོད་ཀྱིས་རྒྱལ་ཀུན་བསྐུལ༔ རྒྱལ་བའི་ཐུགས་རྗེའི་ལྕགས་ཀྱུ་ཡིས༔ སྣོད་བཅུད་སྣང་སྲིད་འབྱུང་བཞིའི་བཅུད༔ བསྡུས་བསྟིམ་ལུས་ལྷར་ཚོགས་སུ་རོལ༔ རླུང་དང་རིག་པ་དབྱེར་མེད་དོ༔ དེ་ནི་ཕྱི་ཡི་བཅུད་ལེན་ནོ༔ རིག་པ་བཟང་མོའི་ཨཱཿདཀར་ལ༔ ཡེ་ཤེས་ལྔ་ཡི་རླུང་བཅུད་བསྟིམ༔ འདི་ནི་ནང་གི་བཅུད་ལེན་ནོ༔ བདེ་སྟོང་བདུད་རྩི་གཏུམ་མོའི་མེ༔ བྱིན་རླབས་ཡེ་ཤེས་རླུང་གསུམ་གྱིས༔ རྩ་ཁམས་གསང་བའི་དཀྱིལ་འཁོར་མཆོད༔ དབང་དགའ་ལེན་པ་གསང་བ་སྟེ༔ མི་འཛིན་འཛིན་པ་ཆེན་པོའི་རླུང་༔ མི་སྒོམ་སྒོམ་དང་འདྲེས་པ་ནི༔ ཡང་གསང་མཆོག་གི་བཅུད་ལེན་ནོ༔ འཚོ་བ་གཏན་ནས་སྤངས་པ་ན༔ རྩ་ཡི་ལམ་ཆད་ནུས་པ་མེད༔ དེ་ཕྱིར་ཅུང་ཟད་ཙམ་ལ་བརྟེན༔ འཚོ་བ་ཆུང་ངུ་ལ་བརྟེན་ན༔ རླུང་རིག་དབྱེར་མེད་བརྟན་ཐོབ་འགྱུར༔ བརྩོན་འགྲུས་མི་བརྩོན་ངང་ནས་ཆེ༔ འཚོ་བ་ཆེན་པོ་ལ་བརྟེན་ན༔ འདི་ལ་བརྩོན་འདོད་བརྩོན་འགྲུས་ཞན༔ ནུས་པ་མངོན་དུ་གྱུར་ཉིན་མེད༔ ངག་གི་སྨྲ་བརྗོད་མང་བས་ན༔ རྣམ་རྟོག་རག་སྟེ་གནད་དོན་འཆོར༔ དེས་ན་སྨྲ་བ་བཅད་པར་བྱ༔ འདི་ལ་ལམ་རྟགས་ཡོན་ཏན་ནི༔ བསམ་གྱིས་མི་ཁྱབ་མངོན་པར་འབྱུང་༔ ནམ་མཁའི་དབྱིངས་སུ་འཕུར་བ་དང་༔ ས་འོག་ཟང་ཐལ་འཛུལ་ཡང་ནུས༔ སྤྱན་དང་མངོན་ཤེས་ལ་སོགས་པ༔ ཐུན་མོང་ཡོན་ཏན་དཔག་མེད་འབྱུང་༔ དྲི་ཆེན་དྲི་མེད་དྲི་ཆུ་བསུང་༔ དེ་ལ་གཉིས་སུ་འཛིན་པ་དང་༔ མངོན་ཞེན་སྐྱེས་ན་བསླུ་བར་འཆོལ༔ སངས་རྒྱས་དང་ནི་སེམས་ཅན་གཉིས༔ འཛིན་མེད་གཟུང་འཛིན་གཉིས་ཀྱིས་ཁྱད༔ གང་ཡང་ཁྱབ་གདལ་ངང་ལ་བཞག༔ དེས་ནི་གྲོལ་བ་མངོན་འཐོབ་བོ༔ གཟུང་འཛིན་ལ་ནི་མངོན་ཞེན་ཚད༔ ཐམས་ཅད་འཁྲུལ་པའི་དུཿཁར་འཁྱོལ༔ ཐབས་ལམ་ལ་བརྟེན་ངེས་དོན་དུ༔ གྲོལ་བར་གྱུར་པ་ལམ་གྱི་གནད༔ ཟབ་གསང་ཨ་ཏི་ཡོ་གའི་ཀློང་༔ གྲོལ་ན་ཐམས་ཅད་འདི་ལ་གྲོལ༔ འདིར་མ་ལྟོས་པའི་གྲོལ་བ་འགགས༔ རེ་རློམ་དགའ་བྲོད་ང་རྒྱལ་དང་༔ ཁེངས་སེམས་མངོན་ཞེན་མེད་པ་རུ༔ འཁོར་འདས་རིག་པ་རྗེན་པར་རྫོགས༔ སྣང་ཚད་བདག་མེད་ཆོས་སྐུར་རྟོགས༔ འཁྲུལ་རྟོག་ཁྱབ་གདལ་གཞི་རུ་བཤིག༔ འཛིན་འཆིང་འཛིན་མེད་ངང་དུ་བཤིག༔ གཟུང་ཡུལ་སྒྱུ་མ་ཟང་ཐལ་ངང་༔ འཛིན་པ་གཞི་མེད་རྩ་བྲལ་ངང་༔ གང་ཤར་ཤར་གྲོལ་དུས་མཉམ་ངང་༔ ཀློང་ཤར་ཀློང་ཐིམ་ཀློང་གྲོལ་ངང་༔ འགྱུ་དྲན་རང་ཤར་རང་གྲོལ་ངང་༔ རེ་ཡུལ་རང་སེམས་ཆོས་སྐུའི་ངང་༔ དོགས་ཡུལ་རང་རྩལ་རིག་པའི་ངང་༔ མ་ཡེངས་མི་བསྒོམ་ཁྱབ་གདལ་ངང་༔ མ་བཅོས་རིག་པ་རང་ངོར་སངས༔ མ་བསླབ་ཤེས་བྱ་ཀློང་ནས་རྒྱས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་ཡེ་ཤེས་མཚོ་རྒྱལ་ངས༔ ཕ་ཅིག་པདྨའི་བཀའ་བཞིན་དུ༔ སྙིང་གི་ཡང་ཏིག་ཡི་གེར་བྲིས༔ དཔལ་ལྡན་རང་བྱུང་རྒྱལ་མོ་དང་༔ གནོད་སྦྱིན་ཤན་པ་དམར་ནག་དང་༔ ཞིང་སྐྱོང་ཀུན་དགའ་གཞོན་ནུ་སོགས༔ སྔགས་སྲུང་མ་མོ་ཡོངས་ལ་གཉེར༔ ཐུབ་པར་སྲུངས་ཤིག་ས་མ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཟབ་གསང་རྫོགས་པ་ཆེན་པོ་ཀློང་ཡངས་ནམ་མཁའི་རྣལ་འབྱོར་པ།གླིང་པ་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མཐར་ཡང་ངེས་དོན་རྫོགས་པ་ཆེན་པོའི་རྣལ་འབྱོར་མ་ཅིག་སྤྲུལ་སྐུའི་སྲས་ཀྱི་ཐུ་བོ་འགྱུར་མེད་བསྟན་འཛིན་གྱིས་བསྐུལ་ངོར་རཱུ་ཊའི་སྙིང་ལྤགས་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་སྔགས་བཙུན་ཕུན་ཚོགས་བཀྲ་ཤིས་སོ།།།། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=07 | |||
|volumeLetter=JA | |||
|textnuminvol=004 | |||
|pdflink=File:TTDL-ZABTER-07-JA-004.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-07-JA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༠༠༠༠བརྡ་ཡིག༡༤༣ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་ཡེ་ཤེས་ཉི་མའི་སྐོར༔ རྣལ་འབྱོར་རྒྱུད་ལ་བརྟེན་ནས་སུ༔ ཞུན་མར་བཅུད་ལེན་འོད་གསལ་སྙིང༔ གུ་ཧྱ༔ དཔལ་ཆེན་རྡོ་རྗེ་ཁྲོ་ལོད་སྐུ་ལ་འདུད༔ ༠༠༠༠བརྡ་ཡིག༡༤༣བདུད་འདུལ་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་དོན་ཆེད་དུ༔ བཅུད་ལེན་འོད་གསལ་སྙིང་པོ་བསྟན༔ རྣལ་འབྱོར་དབེན་ཁྲོད་འགྲིམ་པའི་དུས་སུ་ནི༔ འཚོ་བ་ཆུང་ངུ་ལ་བརྟེན་རླུང་ལ་འཇུག༔ དང་པོ་སྨན་གྱིས་སྡེབ་སྦྱོར་བྱེད་པ་ནི༔ ཨ་རུ་གཙོ་ལ་སེ་འབྲུ་ཤིང་མངར་བློན༔ བཅའ་ལྒ་བུ་རམ་སྦྲང་རྩི་ཀ་ར་བྲན༔ གཙོ་བོའི་ཕྱེད་ཆ་བློན་ལ་སྦྱར་བ་དང་༔ བློན་པོའི་ཕྱེད་ཆ་རེ་རེ་བྲན་ལ་སྦྱར༔ རིལ་བུ་སྲན་མ་ཙམ་རེ་དུས་གསུམ་བཟའ༔ དེ་ཡང་རླུང་ཤས་ཆེ་བ་མ་གཏོགས་པ༔ ཞུན་མར་ཟོས་ན་སྨན་གྱི་དགོས་ཆེད་མེད༔ སྨན་ལ་བརྟེན་ན་ཞུན་མར་ཡང་མི་དགོས༔ རླུང་ཤས་ཆེ་ན་གཉིས་ཀ་བརྟེན་ཀྱང་རུང་༔ སྙིང་སྲན་ཆེ་བ་རླུང་དང་སྨན་ལ་བརྟེན༔ མི་ཐུབ་པ་རྣམས་ཞུན་མར་རླུང་གཉིས་པོ༔ འདི་ལ་གོམས་འདྲིས་བྱེད་པ་རྣམས་ཀྱིས་ནི༔ ནངས་པར་སྔ་ཐོག་ཇ་ཕོར་གང་ཙམ་བཏུང་༔ གོང་ལ་ཟན་རིལ་མཐེ་བོང་ཙམ་བདུན་བཟའ༔ ཇ་ཡང་ཆབ་སྣོད་བདུན་ཙམ་བཏུང་བར་བཤད༔ མུན་དགོང་མཚམས་སུ་ཇ་ནི་གོང་ལྟར་རོ༔ ཟན་ནི་ཆུ་ཚན་འམ་ནི་མར་ཁུ་རུ༔ བཙོས་ཏེ་དྲོད་མ་ཡལ་བར་བཟའ་བར་བྱ༔ གོམས་འདྲིས་སོང་བཞིན་ཟན་གྱི་རིལ་བུ་རྣམས༔ རེ་རེ་བཞིན་ཏུ་ཇེ་ཉུང་འདོད་ཀྱང་བྱ༔ དེ་ལ་དང་པོ་མལ་ནས་ཡར་ལངས་ཏེ༔ སྐྱབས་སེམས་སྔོན་འགྲོས་བླ་མར་དབང་བཞི་བླང་༔ རྩ་རླུང་བྱིན་རླབས་བཅུད་ལེན་སྡོམ་བཟུང་བརྗོད༔ དེ་ནས་རྣམ་སྣང་མཛད་ཀྱི་ཆོས་བདུན་བྱ༔ རང་ཉིད་གསང་བ་ཡེ་ཤེས་མཁའ་འགྲོ་མའི༔ སྐུ་དབུས་རྩ་གསུམ་འཁོར་ལོ་ལྔ་ལྡན་གསལ༔ རླུང་རོ་དགུ་བསལ་སྐྱིལ་བཤིག་ཧ་སྤྲུག་བྱ༔ དེ་ནས་སྙིང་དབུས་པདྨ་གེ་སར་ཁར༔ ཟླ་དཀྱིལ་དབུས་སུ་བཟང་མོའི་སྐུ་བསྒོམ་པའི༔ ཐུགས་ཀར་འཇའ་ཐིག་ཀློང་དུ་རིག་པ་ཨཱཿགསལ་ཏེ་ཡེ་ཤེས་ལྔ་ཡི་རླུང་རྔུབ་སྟེ༔ དྭངས་མ་ཨཱཿལ་ལྷག་མ་ལྟེ་འོག་མནན༔ རླུང་ཁུག་ཐུགས་སྒྲུབ་གསང་བའི་རྒྱ་ཅན་ལྟར༔ དེ་མཐར་འབར་འཛག་དྲོད་ཀྱི་གདམས་ངག་ནི༔ རྩ་མཆོག་རྒྱལ་པོ་ཀུན་དར་མའི༔ མར་སྣར་རྒྱལ་ཀུན་ཡུམ་དངོས་གཏུམ༔ ཡར་སྣར་རིགས་འདུས་ཧཾཿཡིག་དཀར༔ བྱིན་རླབས་ཡེ་ཤེས་རོ་རྐྱང་ལེན༔ མར་སྣའི་ཡུམ་ལ་ཕོག་པ་ཡིས༔ ཤེས་རབ་ཡེ་ཤེས་མེ་འབར་བས༔ འཁོར་ལོ་ལྔ་ལ་རིམ་པར་གཞིལ༔ ཡབ་ཡུམ་རེག་པ་འཕྲོད་ཙམ་ལས༔ བདུད་རྩི་རིམ་འབེབས་ཚོགས་བསགས་ལམ༔ རྡོ་རྗེའི་རྩེར་འཐོན་རྩེ་འདྲེན་ཞིང་༔ མས་དེད་འཁོར་ལོ་ཡར་འདྲེན་འགྲམ༔ དབང་དང་དགའ་བཞི་རིམ་ཐོབ་བསྐྱེད༔ འཛིན་པ་གཞི་ལ་ལྔ་ཐིག་འདུས༔ མས་རིམ་ཚོགས་བསགས་སྒྲིབ་སྦྱངས་ལམ༔ ཡས་རིམ་དབང་དགའ་སྒྲུབ་རྒྱུན་ལམ༔ རྩ་ཁམས་ཡེ་ཤེས་མེས་ཁྱབ་དང་༔ རླུང་གི་ཡང་ཟབ་རླུང་གི་མཆོག༔ མི་འཛིན་འཛིན་པའི་རླུང་བུམ་ཅན༔ རིག་པ་དང་ནི་དབྱེར་མེད་འགྲོགས༔ རྒྱུན་དུ་མ་སྤངས་མི་འདོར་བར༔ རྣལ་འབྱོར་ལམ་གྱི་དམ་པ་ཡིན༔ མངོན་སུམ་རང་ཐོག་མི་ཕོབ་ན༔ ཐབས་ཀྱི་ལམ་ལ་བརྟེན་པས་གྲོལ༔ ལམ་འདིས་རྩ་མདུད་གྲོལ་གྱུར་ནས༔ གྲོལ་མ་ཐག་ཏུ་ས་ལམ་རྫོགས༔ དེས་ན་ཐབས་ཀྱི་ལམ་ཞེས་བྱ༔ ཟས་སྐོམ་རྩ་མི་འགགས་ཙམ་ལས༔ མ་བརྟེན་པས་ནི་རླུང་སེམས་གཉིས༔ གནད་དུ་ཆུན་དེ་མྱུར་བའི་ལམ༔ བཅུད་ལེན་པ་ལ་དོན་བཞི་སྟེ༔ རིལ་བུ་སྣོད་དུ་བཞག་བྱས་ནས༔ རང་གི་འོད་ཀྱིས་རྒྱལ་ཀུན་བསྐུལ༔ རྒྱལ་བའི་ཐུགས་རྗེའི་ལྕགས་ཀྱུ་ཡིས༔ སྣོད་བཅུད་སྣང་སྲིད་འབྱུང་བཞིའི་བཅུད༔ བསྡུས་བསྟིམ་ལུས་ལྷར་ཚོགས་སུ་རོལ༔ རླུང་དང་རིག་པ་དབྱེར་མེད་དོ༔ དེ་ནི་ཕྱི་ཡི་བཅུད་ལེན་ནོ༔ རིག་པ་བཟང་མོའི་ཨཱཿདཀར་ལ༔ ཡེ་ཤེས་ལྔ་ཡི་རླུང་བཅུད་བསྟིམ༔ འདི་ནི་ནང་གི་བཅུད་ལེན་ནོ༔ བདེ་སྟོང་བདུད་རྩི་གཏུམ་མོའི་མེ༔ བྱིན་རླབས་ཡེ་ཤེས་རླུང་གསུམ་གྱིས༔ རྩ་ཁམས་གསང་བའི་དཀྱིལ་འཁོར་མཆོད༔ དབང་དགའ་ལེན་པ་གསང་བ་སྟེ༔ མི་འཛིན་འཛིན་པ་ཆེན་པོའི་རླུང་༔ མི་སྒོམ་སྒོམ་དང་འདྲེས་པ་ནི༔ ཡང་གསང་མཆོག་གི་བཅུད་ལེན་ནོ༔ འཚོ་བ་གཏན་ནས་སྤངས་པ་ན༔ རྩ་ཡི་ལམ་ཆད་ནུས་པ་མེད༔ དེ་ཕྱིར་ཅུང་ཟད་ཙམ་ལ་བརྟེན༔ འཚོ་བ་ཆུང་ངུ་ལ་བརྟེན་ན༔ རླུང་རིག་དབྱེར་མེད་བརྟན་ཐོབ་འགྱུར༔ བརྩོན་འགྲུས་མི་བརྩོན་ངང་ནས་ཆེ༔ འཚོ་བ་ཆེན་པོ་ལ་བརྟེན་ན༔ འདི་ལ་བརྩོན་འདོད་བརྩོན་འགྲུས་ཞན༔ ནུས་པ་མངོན་དུ་གྱུར་ཉིན་མེད༔ ངག་གི་སྨྲ་བརྗོད་མང་བས་ན༔ རྣམ་རྟོག་རག་སྟེ་གནད་དོན་འཆོར༔ དེས་ན་སྨྲ་བ་བཅད་པར་བྱ༔ འདི་ལ་ལམ་རྟགས་ཡོན་ཏན་ནི༔ བསམ་གྱིས་མི་ཁྱབ་མངོན་པར་འབྱུང་༔ ནམ་མཁའི་དབྱིངས་སུ་འཕུར་བ་དང་༔ ས་འོག་ཟང་ཐལ་འཛུལ་ཡང་ནུས༔ སྤྱན་དང་མངོན་ཤེས་ལ་སོགས་པ༔ ཐུན་མོང་ཡོན་ཏན་དཔག་མེད་འབྱུང་༔ དྲི་ཆེན་དྲི་མེད་དྲི་ཆུ་བསུང་༔ དེ་ལ་གཉིས་སུ་འཛིན་པ་དང་༔ མངོན་ཞེན་སྐྱེས་ན་བསླུ་བར་འཆོལ༔ སངས་རྒྱས་དང་ནི་སེམས་ཅན་གཉིས༔ འཛིན་མེད་གཟུང་འཛིན་གཉིས་ཀྱིས་ཁྱད༔ གང་ཡང་ཁྱབ་གདལ་ངང་ལ་བཞག༔ དེས་ནི་གྲོལ་བ་མངོན་འཐོབ་བོ༔ གཟུང་འཛིན་ལ་ནི་མངོན་ཞེན་ཚད༔ ཐམས་ཅད་འཁྲུལ་པའི་དུཿཁར་འཁྱོལ༔ ཐབས་ལམ་ལ་བརྟེན་ངེས་དོན་དུ༔ གྲོལ་བར་གྱུར་པ་ལམ་གྱི་གནད༔ ཟབ་གསང་ཨ་ཏི་ཡོ་གའི་ཀློང་༔ གྲོལ་ན་ཐམས་ཅད་འདི་ལ་གྲོལ༔ འདིར་མ་ལྟོས་པའི་གྲོལ་བ་འགགས༔ རེ་རློམ་དགའ་བྲོད་ང་རྒྱལ་དང་༔ ཁེངས་སེམས་མངོན་ཞེན་མེད་པ་རུ༔ འཁོར་འདས་རིག་པ་རྗེན་པར་རྫོགས༔ སྣང་ཚད་བདག་མེད་ཆོས་སྐུར་རྟོགས༔ འཁྲུལ་རྟོག་ཁྱབ་གདལ་གཞི་རུ་བཤིག༔ འཛིན་འཆིང་འཛིན་མེད་ངང་དུ་བཤིག༔ གཟུང་ཡུལ་སྒྱུ་མ་ཟང་ཐལ་ངང་༔ འཛིན་པ་གཞི་མེད་རྩ་བྲལ་ངང་༔ གང་ཤར་ཤར་གྲོལ་དུས་མཉམ་ངང་༔ ཀློང་ཤར་ཀློང་ཐིམ་ཀློང་གྲོལ་ངང་༔ འགྱུ་དྲན་རང་ཤར་རང་གྲོལ་ངང་༔ རེ་ཡུལ་རང་སེམས་ཆོས་སྐུའི་ངང་༔ དོགས་ཡུལ་རང་རྩལ་རིག་པའི་ངང་༔ མ་ཡེངས་མི་བསྒོམ་ཁྱབ་གདལ་ངང་༔ མ་བཅོས་རིག་པ་རང་ངོར་སངས༔ མ་བསླབ་ཤེས་བྱ་ཀློང་ནས་རྒྱས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་ཡེ་ཤེས་མཚོ་རྒྱལ་ངས༔ ཕ་ཅིག་པདྨའི་བཀའ་བཞིན་དུ༔ སྙིང་གི་ཡང་ཏིག་ཡི་གེར་བྲིས༔ དཔལ་ལྡན་རང་བྱུང་རྒྱལ་མོ་དང་༔ གནོད་སྦྱིན་ཤན་པ་དམར་ནག་དང་༔ ཞིང་སྐྱོང་ཀུན་དགའ་གཞོན་ནུ་སོགས༔ སྔགས་སྲུང་མ་མོ་ཡོངས་ལ་གཉེར༔ ཐུབ་པར་སྲུངས་ཤིག་ས་མ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཟབ་གསང་རྫོགས་པ་ཆེན་པོ་ཀློང་ཡངས་ནམ་མཁའི་རྣལ་འབྱོར་པ།གླིང་པ་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མཐར་ཡང་ངེས་དོན་རྫོགས་པ་ཆེན་པོའི་རྣལ་འབྱོར་མ་ཅིག་སྤྲུལ་སྐུའི་སྲས་ཀྱི་ཐུ་བོ་འགྱུར་མེད་བསྟན་འཛིན་གྱིས་བསྐུལ་ངོར་རཱུ་ཊའི་སྙིང་ལྤགས་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་སྔགས་བཙུན་ཕུན་ཚོགས་བཀྲ་ཤིས་སོ།།།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:45, 4 June 2024
| Wylie title | ||
|---|---|---|
| Location | bdud 'joms gling pa zab gter Volume 7, Text 4, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | ||
| More details More details | ||
| Genre | ||