TTDL-ZABTER-07-JA-020: Difference between revisions
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
༠༠༠༠བརྡ་ཡིག༢༨༡ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ མཁའ་འགྲོའི་ཐུགས་སྒྲུབ་ཡེ་ཤེས་ཉི་མ་ལས༔ བསྐུལ་བ་རྡོ་རྗེའི་སྒྲ་དབྱངས་བཞུགས་སོ༔ རྡོ་རྗེ་གཤོག་རྒོད་རྩལ་ལ་ཕྱག་འཚལ་ལོ༔ ༠༠༠༠བརྡ་ཡིག༢༨༡བདག་འདྲ་པདྨ་བདུད་འདུལ་དྲག་རྩལ་ངས༔ མ་འོངས་བརྒྱུད་འཛིན་རྣམས་ཀྱི་ཉམས་ལེན་སྐལ༔ བསྐུལ་བ་རྡོ་རྗེ་སྒྲ་དབྱངས་ཞེས་བྱ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ གསེར་སྐྱེམས་དང་ནི་དམར་གཏོར་བཤམས༔ དེ་ལ་རཀྟས་རབ་ཏུ་བྲན༔ ཧཱུྃ་ཧྲཱིཿཞིང་གི་མཆོག་གྱུར་འོག་མིན་ཞིང་༔ ཆོས་དབྱིངས་སྐྱེ་མེད་ཕོ་བྲང་ནས༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ བཞེངས་ཤིག་ཐུགས་དམ་དབྱིངས་ནས་བསྐུལ༔ གནས་ཀྱི་མཆོག་གྱུར་མཁའ་སྤྱོད་གནས༔ གསང་ལམ་བསྣོལ་བའི་དུར་ཁྲོད་ནས༔ ལོངས་སྐུ་གསང་བ་ཡེ་ཤེས་མ༔ བཞེངས་ཤིག་ཐུགས་དམ་དབྱིངས་ནས་བསྐུལ༔ གླིང་གི་མཆོག་གྱུར་རྔ་ཡབ་གླིང་༔ དཔལ་རི་མཁའ་འགྲོའི་འདུ་གླིང་ནས༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མ༔ བཞེངས་ཤིག་ཐུགས་དམ་དབྱིངས་ནས་བསྐུལ༔ མངོན་པར་དགའ་བའི་ཞིང་ཁམས་སུ༔ མེ་ལོང་ཡེ་ཤེས་གཞལ་ཡས་ནས༔ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མ༔ བཞེངས་ཤིག་ཐུགས་དམ་དབྱིངས་ནས་བསྐུལ༔ དཔལ་དང་ལྡན་པའི་ཞིང་ཁམས་སུ༔ མཉམ་ཉིད་ཡེ་ཤེས་གཞལ་ཡས་ནས༔ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མ༔ བཞེངས་ཤིག་ཐུགས་དམ༴བདེ་བ་ཆེན་པོའི་ཞིང་ཁམས་སུ༔ སོར་རྟོག་ཡེ་ཤེས་གཞལ་ཡས་ནས༔ ནུབ་ཕྱོགས་པདྨ་མཁའ་འགྲོ་མ༔ བཞེངས་ཤིག་ཐུགས་དམ༴ལས་རབ་རྫོགས་པའི་ཞིང་ཁམས་སུ༔ བྱ་གྲུབ་ཡེ་ཤེས་གཞལ་ཡས་ནས༔ བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་མ༔ བཞེངས་ཤིག་ཐུགས་དམ༴དཀར་གསལ་འོད་ཐིག་ཟླུམ་འཁྱིལ་དབུས༔ སྙིང་རྗེ་ཚད་མེད་ཞི་བའི་སྐུ༔ ཤར་སྒོར་མཁའ་འགྲོ་ལྕགས་ཀྱུ་མ༔ བཞེངས་ཤིག་ཐུགས་དམ༴སེར་གསལ་འོད་ཐིག་གྲུ་བཞིའི་དབུས༔ བྱམས་པ་ཚད་མེད་རྒྱས་པའི་སྐུ༔ ལྷོ་སྒོར་མཁའ་འགྲོ་ཞགས་པ་མ༔ བཞེངས་ཤིག་ཐུགས་དམ༴དམར་གསལ་འོད་ཐིག་ཟླ་གམ་དབུས༔ དགའ་བ་ཚད་མེད་དབང་གི་སྐུ༔ ནུབ་སྒོར་མཁའ་འགྲོ་ལྕགས་སྒྲོག་མ༔ བཞེངས་ཤིག་ཐུགས་དམ༴ལྗང་གསལ་འོད་ཐིག་གྲུ་གསུམ་དབུས༔ བཏང་སྙོམས་ཚད་མེད་དྲག་པོའི་སྐུ༔ བྱང་སྒོར་མཁའ་འགྲོ་དྲིལ་བུ་མ༔ བཞེངས་ཤིག་ཐུགས་དམ༴ཁྱབ་གདལ་ཆོས་དབྱིངས་མཁའ་འགྲོ་མ༔ ཀུན་ཏུ་བཟང་མོའི་རོལ་པ་ལས༔ མཁའ་སྤྱོད་དུར་ཁྲོད་གནས་ཡུལ་དུ༔ མ་ངེས་གཟུགས་ངོམས་ཆོ་འཕྲུལ་སྟོན༔ འཇིག་རྟེན་འདས་ཀྱང་འཇིག་རྟེན་ཚུལ༔ རབ་འབྱམས་མ་མོ་མཁའ་འགྲོའི་ཚོགས༔ དབྱིངས་ནས་བཞེངས་ཤིག་ཐུགས་དམ་བསྐུལ༔ དོ་ནུབ་བརྣག་པའི་ལས་ལ་བསྐུལ༔ དོ་ནུབ་རྣལ་འབྱོར་དཔུང་ལ་བསྐུལ༔ དོ་ནུབ་གསོད་བྱེད་ཕོ་ཉར་བསྐུལ༔ དོ་ནུབ་རྣོ་བའི་མཚོན་ཆར་བསྐུལ༔ སྙིགས་མའི་སྙིགས་མ་ལྔ་བརྒྱའི་དུས༔ ད་དུས་བསྐལ་པའི་མར་གཤམ་འདིར༔ སྐྱབས་བྲལ་སེམས་ཅན་སུ་ལ་རེ༔ ཐུགས་རྗེས་ཡལ་བར་འདོར་མི་འཚལ༔ ཐུགས་རྗེས་ཡལ་བར་འདོར་བ་ན༔ ཐུགས་བསྐྱེད་རྣམ་དག་གང་ན་བཞུགས༔ མ་གཡེལ་མ་གཡེལ་མཁའ་འགྲོའི་ཚོགས༔ དོ་ནུབ་བུ་ལ་བརྩེ་བས་དགོངས༔ མ་རིག་རྐྱེན་ལས་བྱུང་བ་ཡི༔ བདུད་བཞི་དབྱིངས་སུ་གཅོད་པ་དང་༔ འཁྲུལ་པ་དབྱིངས་སྒྲོལ་ཕྲིན་ལས་མཛོད༔ ཉོན་མོངས་དུག་ལྔ་དུག་གསུམ་དང་༔ ལོག་པར་གང་ལྟ་དབྱིངས་སུ་སྒྲོལ༔ ང་བདག་གཟུང་འཛིན་ཀུན་བསླང་པས༔ བསླུ་བྱེད་བདུད་བགེགས་རྡུལ་དུ་རློག༔ མཐའ་དམག་དུས་འཁྲུགས་ནད་མཚོན་སོགས༔ མི་མཐུན་ཉེ་བར་འཚེ་བ་རྣམས༔ ཐལ་བའི་རྡུལ་དུ་བརླག་པ་དང་༔ རྗེས་ཤུལ་མིང་ཙམ་མེད་པར་མཛོད༔ ཧོཿམ་ཚོགས་ཡེ་ཤེས་མཁའ་འགྲོའི་ཚོགས་རྣམས་ཀྱིས༔ དགྲ་བགེགས་ཀྱི་ཤ་ཁྲག་ལ་རོལ་ཅིག༔ སླར་ཡང་ཐུགས་རྗེས་ཡལ་བར་མི་དོར་བར་འཚལ༔ མ་མ་ཌཱ་ཀི་ནཱི་ས་མ་ཏི་དུས་ལ་བབ་བོ༔ བརྣག་པ་དེ་ཁོ་ནའོ༔ བཛྲ་ས་མ་ཡ༔ སྣང་སྲིད་མཁའ་འགྲོའི་ཚོགས་ཁང་འཁྲིགས༔ དགྲ་བགེགས་ཤ་ཁྲག་ལ་རོལ་ཅིག༔ དགྲ་བགེགས་གང་ལ་གཤེད་དུ་སྤྲུལ༔ མིང་ཙམ་མེད་པར་བརླག་པར་བསམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ཡིས་བརྣག་པའི་ལས་ཀུན་ཐོགས་མེད་འགྲུབ༔ ཕྱི་ནང་བར་ཆད་ཀུན་ཞི་དཔལ་ཡོན་ཐོབ༔ ཚེ་འདིར་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཀློང་ཆེན་ཨ་ཏིའི་རྣལ་འབྱོར་གར་དབང་བདུད་འཇོམས་གླིང་པས་གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་པའོ།།མི་ལོ་གསུམ་དུ་བཀའ་རྒྱས་བཏབ་སྟེ་མཐར་དབེན་གནས་མཁའ་འགྲོའི་འདུ་གླིང་འབྲོས་ཕུག་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཧོར་གྱི་བནྡེ་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།ལེགས་སོ།།ཨྠིྀ།།།། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=07 | |||
|volumeLetter=JA | |||
|textnuminvol=020 | |||
|pdflink=File:TTDL-ZABTER-07-JA-020.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-07-JA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༠༠༠༠བརྡ་ཡིག༢༨༡ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ མཁའ་འགྲོའི་ཐུགས་སྒྲུབ་ཡེ་ཤེས་ཉི་མ་ལས༔ བསྐུལ་བ་རྡོ་རྗེའི་སྒྲ་དབྱངས་བཞུགས་སོ༔ རྡོ་རྗེ་གཤོག་རྒོད་རྩལ་ལ་ཕྱག་འཚལ་ལོ༔ ༠༠༠༠བརྡ་ཡིག༢༨༡བདག་འདྲ་པདྨ་བདུད་འདུལ་དྲག་རྩལ་ངས༔ མ་འོངས་བརྒྱུད་འཛིན་རྣམས་ཀྱི་ཉམས་ལེན་སྐལ༔ བསྐུལ་བ་རྡོ་རྗེ་སྒྲ་དབྱངས་ཞེས་བྱ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ གསེར་སྐྱེམས་དང་ནི་དམར་གཏོར་བཤམས༔ དེ་ལ་རཀྟས་རབ་ཏུ་བྲན༔ ཧཱུྃ་ཧྲཱིཿཞིང་གི་མཆོག་གྱུར་འོག་མིན་ཞིང་༔ ཆོས་དབྱིངས་སྐྱེ་མེད་ཕོ་བྲང་ནས༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ བཞེངས་ཤིག་ཐུགས་དམ་དབྱིངས་ནས་བསྐུལ༔ གནས་ཀྱི་མཆོག་གྱུར་མཁའ་སྤྱོད་གནས༔ གསང་ལམ་བསྣོལ་བའི་དུར་ཁྲོད་ནས༔ ལོངས་སྐུ་གསང་བ་ཡེ་ཤེས་མ༔ བཞེངས་ཤིག་ཐུགས་དམ་དབྱིངས་ནས་བསྐུལ༔ གླིང་གི་མཆོག་གྱུར་རྔ་ཡབ་གླིང་༔ དཔལ་རི་མཁའ་འགྲོའི་འདུ་གླིང་ནས༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མ༔ བཞེངས་ཤིག་ཐུགས་དམ་དབྱིངས་ནས་བསྐུལ༔ མངོན་པར་དགའ་བའི་ཞིང་ཁམས་སུ༔ མེ་ལོང་ཡེ་ཤེས་གཞལ་ཡས་ནས༔ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མ༔ བཞེངས་ཤིག་ཐུགས་དམ་དབྱིངས་ནས་བསྐུལ༔ དཔལ་དང་ལྡན་པའི་ཞིང་ཁམས་སུ༔ མཉམ་ཉིད་ཡེ་ཤེས་གཞལ་ཡས་ནས༔ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མ༔ བཞེངས་ཤིག་ཐུགས་དམ༴བདེ་བ་ཆེན་པོའི་ཞིང་ཁམས་སུ༔ སོར་རྟོག་ཡེ་ཤེས་གཞལ་ཡས་ནས༔ ནུབ་ཕྱོགས་པདྨ་མཁའ་འགྲོ་མ༔ བཞེངས་ཤིག་ཐུགས་དམ༴ལས་རབ་རྫོགས་པའི་ཞིང་ཁམས་སུ༔ བྱ་གྲུབ་ཡེ་ཤེས་གཞལ་ཡས་ནས༔ བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་མ༔ བཞེངས་ཤིག་ཐུགས་དམ༴དཀར་གསལ་འོད་ཐིག་ཟླུམ་འཁྱིལ་དབུས༔ སྙིང་རྗེ་ཚད་མེད་ཞི་བའི་སྐུ༔ ཤར་སྒོར་མཁའ་འགྲོ་ལྕགས་ཀྱུ་མ༔ བཞེངས་ཤིག་ཐུགས་དམ༴སེར་གསལ་འོད་ཐིག་གྲུ་བཞིའི་དབུས༔ བྱམས་པ་ཚད་མེད་རྒྱས་པའི་སྐུ༔ ལྷོ་སྒོར་མཁའ་འགྲོ་ཞགས་པ་མ༔ བཞེངས་ཤིག་ཐུགས་དམ༴དམར་གསལ་འོད་ཐིག་ཟླ་གམ་དབུས༔ དགའ་བ་ཚད་མེད་དབང་གི་སྐུ༔ ནུབ་སྒོར་མཁའ་འགྲོ་ལྕགས་སྒྲོག་མ༔ བཞེངས་ཤིག་ཐུགས་དམ༴ལྗང་གསལ་འོད་ཐིག་གྲུ་གསུམ་དབུས༔ བཏང་སྙོམས་ཚད་མེད་དྲག་པོའི་སྐུ༔ བྱང་སྒོར་མཁའ་འགྲོ་དྲིལ་བུ་མ༔ བཞེངས་ཤིག་ཐུགས་དམ༴ཁྱབ་གདལ་ཆོས་དབྱིངས་མཁའ་འགྲོ་མ༔ ཀུན་ཏུ་བཟང་མོའི་རོལ་པ་ལས༔ མཁའ་སྤྱོད་དུར་ཁྲོད་གནས་ཡུལ་དུ༔ མ་ངེས་གཟུགས་ངོམས་ཆོ་འཕྲུལ་སྟོན༔ འཇིག་རྟེན་འདས་ཀྱང་འཇིག་རྟེན་ཚུལ༔ རབ་འབྱམས་མ་མོ་མཁའ་འགྲོའི་ཚོགས༔ དབྱིངས་ནས་བཞེངས་ཤིག་ཐུགས་དམ་བསྐུལ༔ དོ་ནུབ་བརྣག་པའི་ལས་ལ་བསྐུལ༔ དོ་ནུབ་རྣལ་འབྱོར་དཔུང་ལ་བསྐུལ༔ དོ་ནུབ་གསོད་བྱེད་ཕོ་ཉར་བསྐུལ༔ དོ་ནུབ་རྣོ་བའི་མཚོན་ཆར་བསྐུལ༔ སྙིགས་མའི་སྙིགས་མ་ལྔ་བརྒྱའི་དུས༔ ད་དུས་བསྐལ་པའི་མར་གཤམ་འདིར༔ སྐྱབས་བྲལ་སེམས་ཅན་སུ་ལ་རེ༔ ཐུགས་རྗེས་ཡལ་བར་འདོར་མི་འཚལ༔ ཐུགས་རྗེས་ཡལ་བར་འདོར་བ་ན༔ ཐུགས་བསྐྱེད་རྣམ་དག་གང་ན་བཞུགས༔ མ་གཡེལ་མ་གཡེལ་མཁའ་འགྲོའི་ཚོགས༔ དོ་ནུབ་བུ་ལ་བརྩེ་བས་དགོངས༔ མ་རིག་རྐྱེན་ལས་བྱུང་བ་ཡི༔ བདུད་བཞི་དབྱིངས་སུ་གཅོད་པ་དང་༔ འཁྲུལ་པ་དབྱིངས་སྒྲོལ་ཕྲིན་ལས་མཛོད༔ ཉོན་མོངས་དུག་ལྔ་དུག་གསུམ་དང་༔ ལོག་པར་གང་ལྟ་དབྱིངས་སུ་སྒྲོལ༔ ང་བདག་གཟུང་འཛིན་ཀུན་བསླང་པས༔ བསླུ་བྱེད་བདུད་བགེགས་རྡུལ་དུ་རློག༔ མཐའ་དམག་དུས་འཁྲུགས་ནད་མཚོན་སོགས༔ མི་མཐུན་ཉེ་བར་འཚེ་བ་རྣམས༔ ཐལ་བའི་རྡུལ་དུ་བརླག་པ་དང་༔ རྗེས་ཤུལ་མིང་ཙམ་མེད་པར་མཛོད༔ ཧོཿམ་ཚོགས་ཡེ་ཤེས་མཁའ་འགྲོའི་ཚོགས་རྣམས་ཀྱིས༔ དགྲ་བགེགས་ཀྱི་ཤ་ཁྲག་ལ་རོལ་ཅིག༔ སླར་ཡང་ཐུགས་རྗེས་ཡལ་བར་མི་དོར་བར་འཚལ༔ མ་མ་ཌཱ་ཀི་ནཱི་ས་མ་ཏི་དུས་ལ་བབ་བོ༔ བརྣག་པ་དེ་ཁོ་ནའོ༔ བཛྲ་ས་མ་ཡ༔ སྣང་སྲིད་མཁའ་འགྲོའི་ཚོགས་ཁང་འཁྲིགས༔ དགྲ་བགེགས་ཤ་ཁྲག་ལ་རོལ་ཅིག༔ དགྲ་བགེགས་གང་ལ་གཤེད་དུ་སྤྲུལ༔ མིང་ཙམ་མེད་པར་བརླག་པར་བསམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ཡིས་བརྣག་པའི་ལས་ཀུན་ཐོགས་མེད་འགྲུབ༔ ཕྱི་ནང་བར་ཆད་ཀུན་ཞི་དཔལ་ཡོན་ཐོབ༔ ཚེ་འདིར་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཀློང་ཆེན་ཨ་ཏིའི་རྣལ་འབྱོར་གར་དབང་བདུད་འཇོམས་གླིང་པས་གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་པའོ།།མི་ལོ་གསུམ་དུ་བཀའ་རྒྱས་བཏབ་སྟེ་མཐར་དབེན་གནས་མཁའ་འགྲོའི་འདུ་གླིང་འབྲོས་ཕུག་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཧོར་གྱི་བནྡེ་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།ལེགས་སོ།།ཨྠིྀ།།།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:23, 4 June 2024
{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=07 |volumeLetter=JA |textnuminvol=020 |pdflink=File:TTDL-ZABTER-07-JA-020.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-07-JA }}