TTDL-ZABTER-08-NYA-057: Difference between revisions

From Dudjom Wiki
TTDL-ZABTER-08-NYA-057
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
བརྡ་ཡིག་༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་ཤན་པ་དམར་ནག་གི་བླ་རྡོ་སྲོག་གི་འཁོར་ལོ་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༤༩༩༔ ལྔ་བརྒྱ་དུས་ཀྱི་སྙིགས་མའི་ཚེ༔ པདྨའི་བརྒྱུད་འཛིན་རྣལ་འབྱོར་གྱིས༔ སྲོག་བདག་མི་སྲུན་དམར་པོ་ནི༔ སྒྲུབ་ཚེ་མི་འབྲལ་འགྲོགས་པའི་ཕྱིར༔ བླ་རྡོ་སྲོག་གི་གནད་དུ་ཆེ༔ དེ་ཕྱིར་འདི་ཉིད་གཅེས་པར་ཟུངས༔ ལག་ལེན་འདེབས་པའི་རིམ་པ་ནི༔ རྒྱ་ཤོག་དཀར་པོ་དྲི་བྲལ་ལ༔ མུ་ཁྱུད་བཞི་བསྐོར་ལྟེ་བ་ཁྱོན་ཡང་དབུས༔ གནོད་སྦྱིན་སྐུ་གཟུགས་བསྐྱེད་ཆོག་ཇི་བཞིན་བྲིས༔ ཐུགས་ཀར་ཀྵཿཧཱུྃ་ཧྲཱིཿགསུམ་བྲི་ཞིང་༔ དེའི་ཕྱི་རིམ་མུ་ཁྱུད་དང་པོ་ལ༔ ཨེ་ཧེ་དམའ་རུ་རྩེ་གུ་ཎ་ཧྲཱིཿཏྲི་ཧཱུྃ་ཛཿཨེ་ཧེ་དམའ་རུ་རྩེ་གུ་ཎ་ཧྲཱིཿཏྲི་ས་མ་ཡ་ཨ་ནྲྀཿཨ་ཀཪྴ་ཡ་ཛ་ཛཿསརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ ཞེས་བྲིས༔ མུ་ཁྱུད་གཉིས་པ་ལ༔ འཁོར་ལོ་རྩིབས་བརྒྱད་རྩིབས་རྣམས་སུ༔ ཕྱོགས་བཞིར༔ བཻཿཡཿཙཿདུཿམཚམས་བཞིར༔ རུཿམཿརཿནཿརྩིབས་མཆན་ཕྱོགས་བཞིར༔ ཨཿཡཿམཿདུཿམཚམས་བཞིར༔ རུཿཙཿཤཿནཿདེ་ཡི་ཕྱི་རིམ་མུ་ཁྱུད་གསུམ་པ་ལ༔ ཨེ་ཧེ་དམའ་རུ་རྩེ་གུ་ཎ་ཧྲཱིཿཏྲི་གྷྲཾ་བྷྱོ༔ ཤཾ་ར་བྷྱོ༔ པུ་རུ་ཛ༔ གྷྲིག་ཧ་ལ༔ གྷྲན་ཏ་ཡ༔ གྱིན་ཏ་ཡ་རྦད་སོད༔ པུ་རུ་སྙིང་རྩེ༔ ཨ་པ་ལཾ་མཱ་ར་ཡ་སོད༔ རང་རྒྱུག་སྲོག་ལ་རྒྱུག༔ ཤ་ལ་རྔམས༔ དབུགས་ལ་འུབ༔ ཁྲག་ལ་འཇིབ༔ ཙིག་ཙིག༔ དགྲ་བོའི་སྲོག་ལ་ཡཾ་ཡཾ༔ ཨོཾ་ཙིཏྟ་ཡཀྵ་ཁུག་དུང་དུང་ཤོག༔ ཙིཏྟ་ཁ་ལ་ཡ༔ སྙིང་ལ་བྲེང་བྲེང་དུང་དུང་མི་སྙིང་སྒུལ་སྒུལ་སྭཱ་ཧཱ༔ ཙིཏྟ་ནྲྀ་འགུལ་འགུལ་རྒྱུག་རྒྱུག༔ བྲེང་བྲེང་དུང་དུང་སྭཱ་ཧཱ༔ ཨོཾ་ཧ་རི་ནི་ས་མ་མ་ཁ་ཤི་བཾ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་བཞི་པ་ལ༔ ཨ་ལི་ཀ་ལི་རྟེན་སྙིང་གི་མཐར་འདི༔ ནད་གདོན་འཇིགས་བརྒྱད་དང་སྡུག་བསྔལ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་བསོད་དཔལ་འབྱོར་མངའ་ཐང་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་གྱི་སྐྱེ་འགྲོ་ཕོ་མོ་ཟས་ནོར་འདོད་རྒུའི་དཔལ་ཡོན་ཐམས་ཅད་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ གནོད་བྱེད་དགྲ་བགེགས་ལོག་འདྲེན་ཐམས་ཅད་མཱ་ར་ཡ་ཕཊ༔ དེ་མཐར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ མཚམས་བཞིར་འཁོར་ལོ་ནོར་བུ་བསམ་འཕེལ་དང་༔ དབང་རྒྱལ་ཕ་རོལ་དཔུང་འཇོམས་རྣམས་བྲིས་ནས༔ དེ་མཐར་མེ་ཆུ་རླུང་གི་ར་བས་བསྐོར༔ གཟུགས་ལ་ཅོག་ལ་དམར་པོའི་ཁུ་བས་བྱུག༔ རྫས་ནི་མཚལ་ཆེན་ལི་ཁྲི་ཙན་དན་དང་༔ རིན་ཆེན་སྣ་ལྔ་བཟང་པོ་དྲུག་དང་སྦྱར༔ སྲོག་རྟེན་ཕ་བོང་ལོང་བུ་མ་ཉམས་པར༔ ཀྵཿཧྲཱིཿཧཱུྃ༔ གསུམ་མཚལ་གྱིས་བྲིས་ནས་སུ༔ ཚོན་སྐུད་སྣ་ལྔས་རབ་དཀྲིས་དབུས་སུ་གཞུག༔ དེ་ནས་རབ་གནས་བྱེད་པའི་ཚུལ་འདི་སྟེ༔ དར་དམར་སྟེང་བཞག་ཡི་དམ་ལྷ་ཉིད་ཀྱི༔ བསྒོམ་བཟླས་མཐར་ནི་སྲོག་གི་འཁོར་ལོ་དེ༔ རང་གཞུང་བསྐྱེད་ཆོག་དེ་ཡིས་ལྷར་གསལ་ཞིང་༔ སྤྱན་འདྲེན་ལ་སོགས་ལས་གཞུང་རྫོགས་པའི་མཐར༔ རང་ཉིད་ཡི་དམ་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་གནོད་སྦྱིན་ཆེན་པོ་ཤན་པ་དམར་ནག་སྤྲུལ་འཁོར་བཀའ་སྡོད་དང་བཅས་པ་ཐམས་ཅད་དམ་ཚིག་གི་དབང་གིས་སྤྱན་དྲངས་ནས་ཐིམ་པར་བསམ་ལ༔ ཨེ་ཧེ་དམའ་རུ་རྩེ་གུ་ཎ་ཧྲཱིཿཏྲི་ཧཱུྃ་ཛཿསླར་ཡང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ནས་ཡེ་ཤེས་དང་འཇིག་རྟེན་གྱི་ཕོ་རྒྱུད་མོ་རྒྱུད་བསྟན་སྲུང་གཉན་པོ་ཐམས་ཅད་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་གནོད་སྦྱིན་ཤན་པ་དམར་ནག་གི་རྣམ་པར་སྐད་ཅིག་ཉིད་ལ་སྤྱན་དྲངས་ནས་སྲོག་འཁོར་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་ཏེ་ཁམས་གསུམ་སྲིད་གསུམ་གྱི་བློ་ཡིད་སེམས་གསུམ་ལ་དབང་བསྒྱུར་བའི་དབང་པོར་གྱུར་པར་ཡང་ཡང་བསམ་ལ༔ སྔགས་དེ་ཁྲི་བརྗོད་མཐར༔ དཀོན་མཆོག་གསུམ་དང་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་བྱིན་རླབས་ནུས་སྟོབས་བདེན་པའི་མཐུ་ཡིས་གནོད་སྦྱིན་ཤན་པ་དམར་ནག་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་བླ་རྡོ་སྲོག་འཁོར་འདི་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་ཅིག༔ སྲོག་ཆགས་པར་གྱུར་ཅིག༔ བླ་གནས་པར་གྱུར་ཅིག༔ རབ་ཏུ་གནས་ཤིང་རབ་ཏུ་བརྟན་པར་གྱུར་ཅིག༔ ཅེས་བརྗོད་མཐར་དེ་འགྲུབ་པའི་བདེན་ཚིག་རྣམས་བརྗོད༔ དེ་ནས་སྐུ་མི་བཅག་པར་ལྟེབ་ཅིང་དར་དམར་པོ་ལེ་བརྒན་གྱིས་བསྟུམ་སྟེ་སྒྲུབ་རྟེན་དུ་འཇོག་ཅིང་མི་འབྲལ་བའི་རྟེན་དུ་བཅངས་པས་ཕྲིན་ལས་བསྒྲུབ་ཅིང་བཀའ་ཉན་པར་གདོན་མི་ཟའོ༔ ཨེ་མ༔ མ་འོངས་བསྐལ་པ་སྙིགས་མའི་དུས་མཐའ་རུ༔ པདྨའི་བརྒྱུད་འཛིན་དབུ་འཕང་དམའ་བའི་དུས༔ བཀའ་སྲུང་སྒྲུབ་ཀྱང་སྲོག་འཁོར་གནད་མེད་ན༔ འབྲལ་མེད་གྲོགས་སུ་འཁོར་བར་མི་འགྱུར་གྱི༔ དེ་ཕྱིར་བླ་རྡོ་བཅང་བ་གནད་ཀྱི་མཆོག༔ བཀའ་འདི་གཟའ་བདུད་དུག་གི་སྤུ་གྲིས་སྲུངས༔ དམ་ཉམས་ལྟ་ལོག་སྲོག་ལ་ཧུར་ཐུམ་རྦད༔ དམ་ལྡན་བུ་ལ་འབྲལ་མེད་གྲོགས་མཛོད་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉི་ཤུའི་བར་དུ་བཀའ་རྒྱ་བྱས་ཏེ་མཐར་རིག་འཛིན་ཀུན་བཟང་བདེ་ཆེན་རྡོ་རྗེས་ནན་དུ་བསྐུལ་ངོར་ཟླ་རྒྱལ་རྡོ་རྗེ་འཕན་པོའི་ཉེ་འདབས་སུ་དག་པར་ཕབ་པའོ།།དགེའོ།།དགེའོ།།དགེའོ།།།།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=08
|volumeLetter=NYA
|textnuminvol=057
|pdflink=File:TTDL-ZABTER-08-NYA-057.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-08-NYA
}}
<h1>Tibetan Text</h1>
<onlyinclude>
{{TibP|བརྡ་ཡིག་༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་ཤན་པ་དམར་ནག་གི་བླ་རྡོ་སྲོག་གི་འཁོར་ལོ་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༤༩༩༔ ལྔ་བརྒྱ་དུས་ཀྱི་སྙིགས་མའི་ཚེ༔ པདྨའི་བརྒྱུད་འཛིན་རྣལ་འབྱོར་གྱིས༔ སྲོག་བདག་མི་སྲུན་དམར་པོ་ནི༔ སྒྲུབ་ཚེ་མི་འབྲལ་འགྲོགས་པའི་ཕྱིར༔ བླ་རྡོ་སྲོག་གི་གནད་དུ་ཆེ༔ དེ་ཕྱིར་འདི་ཉིད་གཅེས་པར་ཟུངས༔ ལག་ལེན་འདེབས་པའི་རིམ་པ་ནི༔ རྒྱ་ཤོག་དཀར་པོ་དྲི་བྲལ་ལ༔ མུ་ཁྱུད་བཞི་བསྐོར་ལྟེ་བ་ཁྱོན་ཡང་དབུས༔ གནོད་སྦྱིན་སྐུ་གཟུགས་བསྐྱེད་ཆོག་ཇི་བཞིན་བྲིས༔ ཐུགས་ཀར་ཀྵཿཧཱུྃ་ཧྲཱིཿགསུམ་བྲི་ཞིང་༔ དེའི་ཕྱི་རིམ་མུ་ཁྱུད་དང་པོ་ལ༔ ཨེ་ཧེ་དམའ་རུ་རྩེ་གུ་ཎ་ཧྲཱིཿཏྲི་ཧཱུྃ་ཛཿཨེ་ཧེ་དམའ་རུ་རྩེ་གུ་ཎ་ཧྲཱིཿཏྲི་ས་མ་ཡ་ཨ་ནྲྀཿཨ་ཀཪྴ་ཡ་ཛ་ཛཿསརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ ཞེས་བྲིས༔ མུ་ཁྱུད་གཉིས་པ་ལ༔ འཁོར་ལོ་རྩིབས་བརྒྱད་རྩིབས་རྣམས་སུ༔ ཕྱོགས་བཞིར༔ བཻཿཡཿཙཿདུཿམཚམས་བཞིར༔ རུཿམཿརཿནཿརྩིབས་མཆན་ཕྱོགས་བཞིར༔ ཨཿཡཿམཿདུཿམཚམས་བཞིར༔ རུཿཙཿཤཿནཿདེ་ཡི་ཕྱི་རིམ་མུ་ཁྱུད་གསུམ་པ་ལ༔ ཨེ་ཧེ་དམའ་རུ་རྩེ་གུ་ཎ་ཧྲཱིཿཏྲི་གྷྲཾ་བྷྱོ༔ ཤཾ་ར་བྷྱོ༔ པུ་རུ་ཛ༔ གྷྲིག་ཧ་ལ༔ གྷྲན་ཏ་ཡ༔ གྱིན་ཏ་ཡ་རྦད་སོད༔ པུ་རུ་སྙིང་རྩེ༔ ཨ་པ་ལཾ་མཱ་ར་ཡ་སོད༔ རང་རྒྱུག་སྲོག་ལ་རྒྱུག༔ ཤ་ལ་རྔམས༔ དབུགས་ལ་འུབ༔ ཁྲག་ལ་འཇིབ༔ ཙིག་ཙིག༔ དགྲ་བོའི་སྲོག་ལ་ཡཾ་ཡཾ༔ ཨོཾ་ཙིཏྟ་ཡཀྵ་ཁུག་དུང་དུང་ཤོག༔ ཙིཏྟ་ཁ་ལ་ཡ༔ སྙིང་ལ་བྲེང་བྲེང་དུང་དུང་མི་སྙིང་སྒུལ་སྒུལ་སྭཱ་ཧཱ༔ ཙིཏྟ་ནྲྀ་འགུལ་འགུལ་རྒྱུག་རྒྱུག༔ བྲེང་བྲེང་དུང་དུང་སྭཱ་ཧཱ༔ ཨོཾ་ཧ་རི་ནི་ས་མ་མ་ཁ་ཤི་བཾ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་བཞི་པ་ལ༔ ཨ་ལི་ཀ་ལི་རྟེན་སྙིང་གི་མཐར་འདི༔ ནད་གདོན་འཇིགས་བརྒྱད་དང་སྡུག་བསྔལ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་བསོད་དཔལ་འབྱོར་མངའ་ཐང་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་གྱི་སྐྱེ་འགྲོ་ཕོ་མོ་ཟས་ནོར་འདོད་རྒུའི་དཔལ་ཡོན་ཐམས་ཅད་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ གནོད་བྱེད་དགྲ་བགེགས་ལོག་འདྲེན་ཐམས་ཅད་མཱ་ར་ཡ་ཕཊ༔ དེ་མཐར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ མཚམས་བཞིར་འཁོར་ལོ་ནོར་བུ་བསམ་འཕེལ་དང་༔ དབང་རྒྱལ་ཕ་རོལ་དཔུང་འཇོམས་རྣམས་བྲིས་ནས༔ དེ་མཐར་མེ་ཆུ་རླུང་གི་ར་བས་བསྐོར༔ གཟུགས་ལ་ཅོག་ལ་དམར་པོའི་ཁུ་བས་བྱུག༔ རྫས་ནི་མཚལ་ཆེན་ལི་ཁྲི་ཙན་དན་དང་༔ རིན་ཆེན་སྣ་ལྔ་བཟང་པོ་དྲུག་དང་སྦྱར༔ སྲོག་རྟེན་ཕ་བོང་ལོང་བུ་མ་ཉམས་པར༔ ཀྵཿཧྲཱིཿཧཱུྃ༔ གསུམ་མཚལ་གྱིས་བྲིས་ནས་སུ༔ ཚོན་སྐུད་སྣ་ལྔས་རབ་དཀྲིས་དབུས་སུ་གཞུག༔ དེ་ནས་རབ་གནས་བྱེད་པའི་ཚུལ་འདི་སྟེ༔ དར་དམར་སྟེང་བཞག་ཡི་དམ་ལྷ་ཉིད་ཀྱི༔ བསྒོམ་བཟླས་མཐར་ནི་སྲོག་གི་འཁོར་ལོ་དེ༔ རང་གཞུང་བསྐྱེད་ཆོག་དེ་ཡིས་ལྷར་གསལ་ཞིང་༔ སྤྱན་འདྲེན་ལ་སོགས་ལས་གཞུང་རྫོགས་པའི་མཐར༔ རང་ཉིད་ཡི་དམ་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་གནོད་སྦྱིན་ཆེན་པོ་ཤན་པ་དམར་ནག་སྤྲུལ་འཁོར་བཀའ་སྡོད་དང་བཅས་པ་ཐམས་ཅད་དམ་ཚིག་གི་དབང་གིས་སྤྱན་དྲངས་ནས་ཐིམ་པར་བསམ་ལ༔ ཨེ་ཧེ་དམའ་རུ་རྩེ་གུ་ཎ་ཧྲཱིཿཏྲི་ཧཱུྃ་ཛཿསླར་ཡང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ནས་ཡེ་ཤེས་དང་འཇིག་རྟེན་གྱི་ཕོ་རྒྱུད་མོ་རྒྱུད་བསྟན་སྲུང་གཉན་པོ་ཐམས་ཅད་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་གནོད་སྦྱིན་ཤན་པ་དམར་ནག་གི་རྣམ་པར་སྐད་ཅིག་ཉིད་ལ་སྤྱན་དྲངས་ནས་སྲོག་འཁོར་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་ཏེ་ཁམས་གསུམ་སྲིད་གསུམ་གྱི་བློ་ཡིད་སེམས་གསུམ་ལ་དབང་བསྒྱུར་བའི་དབང་པོར་གྱུར་པར་ཡང་ཡང་བསམ་ལ༔ སྔགས་དེ་ཁྲི་བརྗོད་མཐར༔ དཀོན་མཆོག་གསུམ་དང་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་བྱིན་རླབས་ནུས་སྟོབས་བདེན་པའི་མཐུ་ཡིས་གནོད་སྦྱིན་ཤན་པ་དམར་ནག་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་བླ་རྡོ་སྲོག་འཁོར་འདི་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་ཅིག༔ སྲོག་ཆགས་པར་གྱུར་ཅིག༔ བླ་གནས་པར་གྱུར་ཅིག༔ རབ་ཏུ་གནས་ཤིང་རབ་ཏུ་བརྟན་པར་གྱུར་ཅིག༔ ཅེས་བརྗོད་མཐར་དེ་འགྲུབ་པའི་བདེན་ཚིག་རྣམས་བརྗོད༔ དེ་ནས་སྐུ་མི་བཅག་པར་ལྟེབ་ཅིང་དར་དམར་པོ་ལེ་བརྒན་གྱིས་བསྟུམ་སྟེ་སྒྲུབ་རྟེན་དུ་འཇོག་ཅིང་མི་འབྲལ་བའི་རྟེན་དུ་བཅངས་པས་ཕྲིན་ལས་བསྒྲུབ་ཅིང་བཀའ་ཉན་པར་གདོན་མི་ཟའོ༔ ཨེ་མ༔ མ་འོངས་བསྐལ་པ་སྙིགས་མའི་དུས་མཐའ་རུ༔ པདྨའི་བརྒྱུད་འཛིན་དབུ་འཕང་དམའ་བའི་དུས༔ བཀའ་སྲུང་སྒྲུབ་ཀྱང་སྲོག་འཁོར་གནད་མེད་ན༔ འབྲལ་མེད་གྲོགས་སུ་འཁོར་བར་མི་འགྱུར་གྱི༔ དེ་ཕྱིར་བླ་རྡོ་བཅང་བ་གནད་ཀྱི་མཆོག༔ བཀའ་འདི་གཟའ་བདུད་དུག་གི་སྤུ་གྲིས་སྲུངས༔ དམ་ཉམས་ལྟ་ལོག་སྲོག་ལ་ཧུར་ཐུམ་རྦད༔ དམ་ལྡན་བུ་ལ་འབྲལ་མེད་གྲོགས་མཛོད་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉི་ཤུའི་བར་དུ་བཀའ་རྒྱ་བྱས་ཏེ་མཐར་རིག་འཛིན་ཀུན་བཟང་བདེ་ཆེན་རྡོ་རྗེས་ནན་དུ་བསྐུལ་ངོར་ཟླ་རྒྱལ་རྡོ་རྗེ་འཕན་པོའི་ཉེ་འདབས་སུ་དག་པར་ཕབ་པའོ།།དགེའོ།།དགེའོ།།དགེའོ།།།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:43, 4 June 2024

Wylie title TTDL-ZABTER-08-NYA-057.pdf
Location bdud 'joms gling pa zab gter
Volume 8, Text 57, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
བརྡ་ཡིག་༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་ཤན་པ་དམར་ནག་གི་བླ་རྡོ་སྲོག་གི་འཁོར་ལོ་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༤༩༩༔ ལྔ་བརྒྱ་དུས་ཀྱི་སྙིགས་མའི་ཚེ༔ པདྨའི་བརྒྱུད་འཛིན་རྣལ་འབྱོར་གྱིས༔ སྲོག་བདག་མི་སྲུན་དམར་པོ་ནི༔ སྒྲུབ་ཚེ་མི་འབྲལ་འགྲོགས་པའི་ཕྱིར༔ བླ་རྡོ་སྲོག་གི་གནད་དུ་ཆེ༔ དེ་ཕྱིར་འདི་ཉིད་གཅེས་པར་ཟུངས༔ ལག་ལེན་འདེབས་པའི་རིམ་པ་ནི༔ རྒྱ་ཤོག་དཀར་པོ་དྲི་བྲལ་ལ༔ མུ་ཁྱུད་བཞི་བསྐོར་ལྟེ་བ་ཁྱོན་ཡང་དབུས༔ གནོད་སྦྱིན་སྐུ་གཟུགས་བསྐྱེད་ཆོག་ཇི་བཞིན་བྲིས༔ ཐུགས་ཀར་ཀྵཿཧཱུྃ་ཧྲཱིཿགསུམ་བྲི་ཞིང་༔ དེའི་ཕྱི་རིམ་མུ་ཁྱུད་དང་པོ་ལ༔ ཨེ་ཧེ་དམའ་རུ་རྩེ་གུ་ཎ་ཧྲཱིཿཏྲི་ཧཱུྃ་ཛཿཨེ་ཧེ་དམའ་རུ་རྩེ་གུ་ཎ་ཧྲཱིཿཏྲི་ས་མ་ཡ་ཨ་ནྲྀཿཨ་ཀཪྴ་ཡ་ཛ་ཛཿསརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ ཞེས་བྲིས༔ མུ་ཁྱུད་གཉིས་པ་ལ༔ འཁོར་ལོ་རྩིབས་བརྒྱད་རྩིབས་རྣམས་སུ༔ ཕྱོགས་བཞིར༔ བཻཿཡཿཙཿདུཿམཚམས་བཞིར༔ རུཿམཿརཿནཿརྩིབས་མཆན་ཕྱོགས་བཞིར༔ ཨཿཡཿམཿདུཿམཚམས་བཞིར༔ རུཿཙཿཤཿནཿདེ་ཡི་ཕྱི་རིམ་མུ་ཁྱུད་གསུམ་པ་ལ༔ ཨེ་ཧེ་དམའ་རུ་རྩེ་གུ་ཎ་ཧྲཱིཿཏྲི་གྷྲཾ་བྷྱོ༔ ཤཾ་ར་བྷྱོ༔ པུ་རུ་ཛ༔ གྷྲིག་ཧ་ལ༔ གྷྲན་ཏ་ཡ༔ གྱིན་ཏ་ཡ་རྦད་སོད༔ པུ་རུ་སྙིང་རྩེ༔ ཨ་པ་ལཾ་མཱ་ར་ཡ་སོད༔ རང་རྒྱུག་སྲོག་ལ་རྒྱུག༔ ཤ་ལ་རྔམས༔ དབུགས་ལ་འུབ༔ ཁྲག་ལ་འཇིབ༔ ཙིག་ཙིག༔ དགྲ་བོའི་སྲོག་ལ་ཡཾ་ཡཾ༔ ཨོཾ་ཙིཏྟ་ཡཀྵ་ཁུག་དུང་དུང་ཤོག༔ ཙིཏྟ་ཁ་ལ་ཡ༔ སྙིང་ལ་བྲེང་བྲེང་དུང་དུང་མི་སྙིང་སྒུལ་སྒུལ་སྭཱ་ཧཱ༔ ཙིཏྟ་ནྲྀ་འགུལ་འགུལ་རྒྱུག་རྒྱུག༔ བྲེང་བྲེང་དུང་དུང་སྭཱ་ཧཱ༔ ཨོཾ་ཧ་རི་ནི་ས་མ་མ་ཁ་ཤི་བཾ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་བཞི་པ་ལ༔ ཨ་ལི་ཀ་ལི་རྟེན་སྙིང་གི་མཐར་འདི༔ ནད་གདོན་འཇིགས་བརྒྱད་དང་སྡུག་བསྔལ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་བསོད་དཔལ་འབྱོར་མངའ་ཐང་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་གྱི་སྐྱེ་འགྲོ་ཕོ་མོ་ཟས་ནོར་འདོད་རྒུའི་དཔལ་ཡོན་ཐམས་ཅད་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ གནོད་བྱེད་དགྲ་བགེགས་ལོག་འདྲེན་ཐམས་ཅད་མཱ་ར་ཡ་ཕཊ༔ དེ་མཐར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ མཚམས་བཞིར་འཁོར་ལོ་ནོར་བུ་བསམ་འཕེལ་དང་༔ དབང་རྒྱལ་ཕ་རོལ་དཔུང་འཇོམས་རྣམས་བྲིས་ནས༔ དེ་མཐར་མེ་ཆུ་རླུང་གི་ར་བས་བསྐོར༔ གཟུགས་ལ་ཅོག་ལ་དམར་པོའི་ཁུ་བས་བྱུག༔ རྫས་ནི་མཚལ་ཆེན་ལི་ཁྲི་ཙན་དན་དང་༔ རིན་ཆེན་སྣ་ལྔ་བཟང་པོ་དྲུག་དང་སྦྱར༔ སྲོག་རྟེན་ཕ་བོང་ལོང་བུ་མ་ཉམས་པར༔ ཀྵཿཧྲཱིཿཧཱུྃ༔ གསུམ་མཚལ་གྱིས་བྲིས་ནས་སུ༔ ཚོན་སྐུད་སྣ་ལྔས་རབ་དཀྲིས་དབུས་སུ་གཞུག༔ དེ་ནས་རབ་གནས་བྱེད་པའི་ཚུལ་འདི་སྟེ༔ དར་དམར་སྟེང་བཞག་ཡི་དམ་ལྷ་ཉིད་ཀྱི༔ བསྒོམ་བཟླས་མཐར་ནི་སྲོག་གི་འཁོར་ལོ་དེ༔ རང་གཞུང་བསྐྱེད་ཆོག་དེ་ཡིས་ལྷར་གསལ་ཞིང་༔ སྤྱན་འདྲེན་ལ་སོགས་ལས་གཞུང་རྫོགས་པའི་མཐར༔ རང་ཉིད་ཡི་དམ་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་གནོད་སྦྱིན་ཆེན་པོ་ཤན་པ་དམར་ནག་སྤྲུལ་འཁོར་བཀའ་སྡོད་དང་བཅས་པ་ཐམས་ཅད་དམ་ཚིག་གི་དབང་གིས་སྤྱན་དྲངས་ནས་ཐིམ་པར་བསམ་ལ༔ ཨེ་ཧེ་དམའ་རུ་རྩེ་གུ་ཎ་ཧྲཱིཿཏྲི་ཧཱུྃ་ཛཿསླར་ཡང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ནས་ཡེ་ཤེས་དང་འཇིག་རྟེན་གྱི་ཕོ་རྒྱུད་མོ་རྒྱུད་བསྟན་སྲུང་གཉན་པོ་ཐམས་ཅད་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་གནོད་སྦྱིན་ཤན་པ་དམར་ནག་གི་རྣམ་པར་སྐད་ཅིག་ཉིད་ལ་སྤྱན་དྲངས་ནས་སྲོག་འཁོར་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་ཏེ་ཁམས་གསུམ་སྲིད་གསུམ་གྱི་བློ་ཡིད་སེམས་གསུམ་ལ་དབང་བསྒྱུར་བའི་དབང་པོར་གྱུར་པར་ཡང་ཡང་བསམ་ལ༔ སྔགས་དེ་ཁྲི་བརྗོད་མཐར༔ དཀོན་མཆོག་གསུམ་དང་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་བྱིན་རླབས་ནུས་སྟོབས་བདེན་པའི་མཐུ་ཡིས་གནོད་སྦྱིན་ཤན་པ་དམར་ནག་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་བླ་རྡོ་སྲོག་འཁོར་འདི་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་ཅིག༔ སྲོག་ཆགས་པར་གྱུར་ཅིག༔ བླ་གནས་པར་གྱུར་ཅིག༔ རབ་ཏུ་གནས་ཤིང་རབ་ཏུ་བརྟན་པར་གྱུར་ཅིག༔ ཅེས་བརྗོད་མཐར་དེ་འགྲུབ་པའི་བདེན་ཚིག་རྣམས་བརྗོད༔ དེ་ནས་སྐུ་མི་བཅག་པར་ལྟེབ་ཅིང་དར་དམར་པོ་ལེ་བརྒན་གྱིས་བསྟུམ་སྟེ་སྒྲུབ་རྟེན་དུ་འཇོག་ཅིང་མི་འབྲལ་བའི་རྟེན་དུ་བཅངས་པས་ཕྲིན་ལས་བསྒྲུབ་ཅིང་བཀའ་ཉན་པར་གདོན་མི་ཟའོ༔ ཨེ་མ༔ མ་འོངས་བསྐལ་པ་སྙིགས་མའི་དུས་མཐའ་རུ༔ པདྨའི་བརྒྱུད་འཛིན་དབུ་འཕང་དམའ་བའི་དུས༔ བཀའ་སྲུང་སྒྲུབ་ཀྱང་སྲོག་འཁོར་གནད་མེད་ན༔ འབྲལ་མེད་གྲོགས་སུ་འཁོར་བར་མི་འགྱུར་གྱི༔ དེ་ཕྱིར་བླ་རྡོ་བཅང་བ་གནད་ཀྱི་མཆོག༔ བཀའ་འདི་གཟའ་བདུད་དུག་གི་སྤུ་གྲིས་སྲུངས༔ དམ་ཉམས་ལྟ་ལོག་སྲོག་ལ་ཧུར་ཐུམ་རྦད༔ དམ་ལྡན་བུ་ལ་འབྲལ་མེད་གྲོགས་མཛོད་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉི་ཤུའི་བར་དུ་བཀའ་རྒྱ་བྱས་ཏེ་མཐར་རིག་འཛིན་ཀུན་བཟང་བདེ་ཆེན་རྡོ་རྗེས་ནན་དུ་བསྐུལ་ངོར་ཟླ་རྒྱལ་རྡོ་རྗེ་འཕན་པོའི་ཉེ་འདབས་སུ་དག་པར་ཕབ་པའོ།།དགེའོ།།དགེའོ།།དགེའོ།།།།